ལྷ་རྩེ་བོད་ཀྱི་དཔེ་མཛོད་ཁང་དུ། འཕགས་ཡུལ་གྱི་སྙན་དངགས་མཁན་ནག་མོ་ཁོལ་གྱིས་བརྩམས་གནང་བའི་ ་་དཔྱིད་ཀྱི་ཕོ་ཉ་་ ཀློག་འདོན་དང་དེས་བོད་ཀྱི་རྩོམ་རིག་སྐོར་ཐེབས་པའི་ཤུགས་རྐྱེན་སྐོར་བགྲོ་གླེང་བྱེད་ཀྱི་ཡོད་པར་དོ་སྣང་བྱུང་། གལ་སྲིད་ང་དེར་ཡོད་ན་དྲི་བ་ཡང་མི་ཉུང་བ་ཞིག་ཁྱེར་ནས་ཡོང་ས་རེད་དེ་ད་ཡིན་ན་དེ་འདྲའི་སྐལ་བས་ཕོངས།
དཔྱིད་ཀྱི་ཕོ་ཉ་དེ་དུས་རབས་ལྔ་བའི་ཡར་མར་གྱི་མི་ཞིག་གི་བྲིས་རྩོམ་་ཡིན་ནའང་ད་ལྟའི་སྐབས་འདིར་ད་རུང་བོད་ཙམ་མིན་པར་རྒྱལ་སྤྱིའི་རྩོམ་རིག་ཐོག་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་དེ་ཧ་ལས་པའི་དོན་ཞིག་རེད།
རྩོམ་རིག་ཅིག་གི་སྒྱུ་རྩལ་ལ་མཚོན་ན་སྐད་ཆའི་སྒྱུ་རྩལ་ནི་སེམས་ལྡན་ཞིག་གི་གཟུགས་པོའི་ནང་གི་ཟུངས་ཁྲག་བཞིན་རྩོམ་གཟུགས་ཧྲིལ་བོའི་ལུས་པོ་གང་སར་ཁྱབ་ཡོད་པ་ཞིག་ཡིན་པས་དེ་ནི་རྩོམ་རིག་གང་ཞིག་ཡིན་ཡང་ཆེས་གནད་འགག་ཅན་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།
ཡིན་ན་ཡང་། རྩོམ་གང་ཞིག་སྐད་གཞན་དུ་བསྒྱུར་བའི་སྐབས་རྩོམ་གཞུང་ལ་འགྱུར་བ་ཐེབས་ཀྱི་མེད་ནའང་ཐོག་མའི་མ་སྐད་དང་མི་འདྲ་བར་སྐད་ཆའི་སྒྱུ་རྩལ་གྱི་ངོ་བོར་འགྱུར་བ་གང་འཚམས་ཤིག་འགྲོ་གི་ཡོད་པ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
དེ་ལྟར་ཡང་། དཔྱིད་ཀྱི་ཕོ་ཉའི་བོད་འགྱུར་དེ་རྩ་བའི་ཆ་ནས་ཚིག་དོན་གང་ཅིའི་ཐད་་གསོན་ཤུགས་ལྡན་ཞིང་གང་བྲིས་པ་དེ་རི་མོ་བཞིན་ཡིད་ལ་འཆར་རྒྱུ་ཡོད་པ། ཡིད་སེམས་དབང་མེད་དུ་གཡོ་འགྲོ་བ་ཞིག་འདུག་པ་དེའང་ལོ་ཆེན་བྱང་ཆུབ་རྩེ་མོ་དང་ཁོང་གི་སློབ་མར་གྱུར་བ་ལོ་ཆེན་ནམ་མཁའ་བཟང་པོ། ད་དུང་ཁ་ཆེའི་པཎཌི་ཏ་སུ་མ་ན་ཤྲྰི་བཅས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལ་ཐུག་པ་ལོས་ཡིན།
དཔྱིད་ཀྱི་ཕོ་ཉར་སྔོན་ཐེངས་མ་འགའ་ཤས་ཤིག་ལ་ཀློག་མྱོང་། བོད་ནང་དུ་ཨ་ལགས་དོར་ཞི་ཚང་དང་གཞན་ཞིག་ནས་དེ་ལ་འགྲེལ་བཤད་བྱས་པ་ཞིག་ཀྱང་མཐོང་མྱོང་། ངས་གོ་བ་ལེན་སྟངས་དང་ཁོང་གཉིས་ཀྱིས་འགྲེལ་བཤད་རྒྱགས་སྟངས་ལ་མི་འདྲ་བ་ཡོད་པ་མ་ཟད་མཚམས་རེར་ཁོང་ནོར་བ་མིན་ནམ་བསམ་བསམ་དེ་འདྲར་ཡང་རེ་ཟུང་ཞིག་ལ་ཐུག
ཉེ་སྔོན་ཞིག་ནས་གློ་བུར་ཞིག་ལ་ཆང་འཐུང་འདོད་སྐྱེས་པ་བཞིན་སྤྲིན་གྱི་ཕོ་ཉ་ཀློག་འདོད་སྐྱེས་ཀྱང་བོད་བཙན་བྱོལ་གྱི་སློབ་དེབ་བརྒྱད་པའི་ནང་བཀོད་པའི་སྤྲིན་གྱི་ཕོ་ཉ་དེ་མ་གཏོགས་ང་ལ་མི་འདུག དེ་ཞིབ་ཚགས་པོས་ཚིག་དོན་རེ་རེ་བྱས་ནས་ཐེངས་གཅིག་ཀློག་པ་ཡིན། ནང་དུ་ཡིག་ནོར་ཡོད་པ་མ་ཟད་དེ་ལ་འགྲེལ་ཞིག་རྒྱག་དགོས་བྱུང་ན་སྣ་འཐེན་ནས་ཁ་ནང་དུ་སླེབས་ན་མ་གཏོགས་ཚིག་དོན་སྔ་ཕྱི་འབྲེལ་མ་ཆགས་པ་འདྲ་བོ། གོ་བ་ལེན་ས་མི་འགྲོ་བ་འདྲ་བོ་དེ་འདྲ་ཡང་གང་འཚམས་ཤིག་འདུག
དེ་ནས་ངས་ཡར་བཙལ་མ་བཙལ་བྱས་ནས་དབྱིན་འགྱུར་མི་འདྲ་བ་གཉིས་རེག་སོང་། ད་ལྟ་དུས་ཚོད་ཞེ་དྲག་མེད་ཀྱང་དེ་ཚོ་གསུམ་ཆ་བསྡུར་ནས་ལྟ་ཀློག་བྱེད་བཞིན་པའི་སྒང་ཡིན། དེ་ཚོ་གསུམ་ཆར་མི་འདྲ་སའི་ཁྱད་པར་མང་པོ་འདུག དབྱིན་འགྱུར་གཅིག་དང་བོད་འགྱུར་ཐོ་ཐུག་ན་གཞན་པ་དེ་ཐོ་མ་ཐུག་པ་འདྲ་བོ། དབྱིན་འགྱུར་གཉིས་ཐོ་ཐུག་ན་བོད་འགྱུར་ཐོ་མ་ཐུག་པ་འདྲ་བོ། རྩ་བའི་ཚིག་འགྲོས་མི་གཅིག་ཀྱང་དོན་གྱི་འབབ་ས་དེ་གཅིག་དགོས་པ་རེད། མཚམས་རེར་འགྱུར་གང་རུང་ཞིག་ནས་མ་རྩོམ་གྱི་གོ་བ་ངོ་མ་ལོན་མེད་པ་འདྲ་བསམ་བསམ་དེ་འདྲ་འདུག འདི་འདྲར་ཐུག་སྐབས་ང་སྔོན་མ་ཆུང་བའི་སྐབས་ཤིག་ལ་སྤྲིན་གྱི་ཕོ་ཉ་རྒྱ་བོད་གཉིས་མཉམ་འབྱར་བྱས་ཡོད་པ་ཞིག་ཡོད་པ་དེའང་དྲན་སོང་། ལྷག་པར་དུ་ཝ་ར་ན་སི་ནས་ཐོན་པའི་ཧིན་བོད་གཉིས་ཀྱི་སྐད་ཡག་པོ་ཡོད་པའི་དྷ་སའི་ངོ་ཤེས་དེ་ཚོ་ཡོད་ན་སྐད་ཆ་འདྲི་ས་ཞིག་དང་ཞིབ་བསྡུར་བྱེད་ས་ཞིག་ཡོད་མོད་བསམས་སོང་། མ་གཞི་སྙན་ངག་བྱས་བསྒྱུར་དགོས་ན་ཚིག་དོན་མ་ལྷག་མ་ཆད་པ་ཞིག་བསྒྱུར་ཁག་པོ་ཡིན་རྒྱུ་རེད། བཙན་པོ་བྱས་བསྒྱུར་བ་ཡིན་ནའང་ཚིག་གི་སྡེབས་སྦྱོར་མ་ལེགས་པ། སྔ་ཕྱི་འབྲེལ་མ་ཆགས་པ་དེ་འདྲ་ཡོང་སྲིད་གི་རེད། ལེགས་སྦྱར་ཡག་པོ་ཤེས་མཁན་ཞིག་ནས་བོད་ཡིག་ནང་ཚིག་ལྷུག་གིས་བསྒྱུར་བ་ཡིན་ན་ཚིག་དོན་མ་ལྷག་མ་ཆད་པ། གོ་བདེ་བོ་ཡག་པོ་ཞིག་ཡོང་གི་རེད་སྙམ་པས་ངོ་ཤེས་མི་ཤེས་ཀྱི་གྲོགས་པོ་སུ་ཞིག་ལ་འབོད་སྐུལ་ཡིན།
ད་འདི་ནས་མར་ངས་སྤྲིན་གྱི་ཕོ་ཉའི་བོད་འགྱུར་ནང་གི་དྭོགས་གཞི་ཆུང་ཆུང་དེ་ཚོ་རེ་རེ་བཞིན་འབྲི་གི་མིན། དུས་ཚོད་མང་པོ་ཞིག་དགོས་ས་རེད། དོན་གཅིག་ཀྱང་སྒྱུར་སྟངས་མ་འདྲ་བ་གཉིས་མཉམ་དུ་བཀོད་འདུག་པ་དེ་འདིར་འབྲི་གི་ཡིན།
ལམ་དུ་ཡོངས་སུ་ངལ་ཚེ་ངོས་ལྡན་ཨ་མ་རྩེགས་པའི་རི་རྩེར་གནས་བྱ་སྟེ།།
ཁྱོད་ཀྱིས་ནགས་ནང་ཤིང་སྐམ་རྣམས་ནི་ཆར་གྱིས་བྲན་པར་བྱས་ནས་ལེགས་པར་མཛོད།།
གང་ཕྱིར་ཆེ་བའི་སྐྱེ་བ་དང་པོར་ལེགས་བྱས་རྒྱུ་མཚན་མཐོང་བའི་གྲོགས་བཟང་ལ།།
དེ་ལྟའི་བྱ་བས་གནས་ཆེད་ཅི་ཡང་གྱུར་ལ་ཕྱིར་ཕྱོགས་ངན་པའི་སྐྱེ་བོའང་འབྱུང་མ་ཡིན།།
ཆེ་བའི་སྐྱེ་བ་ཟེར་བ་དག་ཆ་ནོར་བ་འདྲ། ཆེ་བའི་སྐྱེ་བོ་ཡིན་དགོས་པ་འདུག
འདིའི་རྗེས་མ་དེ།
ཀྭ་ཡེ་ཆུ་འཛིན་ཁྱོད་ནི་ལམ་ལ་ངལ་ཚེ་སྣ་ཚོགས་བརྩེགས་པ་ཞེས་པའི་རི་བོ་ནི།།
ངོས་ལྡན་རྩེ་མོ་ཡངས་ལ་བསྡད་ནས་ཕན་ཚུན་སྔོན་དུ་ཕྱོགས་པའི་བསྙུན་ནི་བྱེད་བཞིན་པས།།
ཁྱོད་ཀྱང་དེ་ཡི་སོས་ཀའི་མེ་ནི་བདུད་རྩིས་ཞི་བྱ་དེ་ཡང་ཕན་པའི་དངོས་པོའི་བརྟན་དུ་འགྱུར།།
ཆེན་པོ་རྣམས་ལ་ཕན་བཏགས་ལན་དུ་འཕྲལ་ལ་འབྲས་བུ་དམ་པས་བརླན་པ་ཉིད།།
འདི་གཉིས་ལ་མ་འདྲ་ས་དུ་མ་ཞིག་ཡོད་ཀྱང་རྩ་བའི་འབབ་ས་གཅིག་པ་རེད།
དབྱིན་སྒྱུར་གཉིས་ཀའི་ནང་འདི་འདྲ་གཉིས་མི་འདུག འདི་གཉིས་ཀྱི་ཚབ་ཤོ་ལོ་ཀ་གཅིག་མ་གཏོགས་མི་འདུག
གཞན་སྤྲིན་གྱི་ཕོ་ཉའི་ནང་དྭོགས་སློང་ག་རེ་ཡོད་ན་འདིར་ཕེབས་དང་ང་ཚོས་བགྲོ་གླེང་མཉམ་པོར་བྱེད། གོ་བ་མཉམ་པོར་ལེན།
ངས་ལོ་ཆེན་བྱང་ཆུབ་རྩེ་མོའི་འགྱུར་མ་དེ་དང་། དཔའ་རིས་དོར་ཞིའི་མཆན་འགྲེལ། ནོར་བྲང་ཨོ་རྒྱན་གྱི་མཆན་འགྲེལ་གསུམ་བསྡུར་ནས་བལྟས་མྱོང་ན་ཡང་ད་ལྟ་བློ་ངོ་ན་ཅང་མི་འདུག གང་ལྟར་ང་ལ་འདིར་དོར་ཞི་ཚང་གི་མཆན་འགྲེལ་དེ་ཡོད།
དོར་ཞི་ཚང་དང་ནོར་བྲང་ཨོ་རྒྱན་གཉིས་ནས་ཏན་ཏན་རྒྱ་འགྱུར་ལ་གཟིགས་ཡོད་རྒྱུ་རེད། དོར་ཞིའི་འགྲེལ་བའི་ནང་གཙོ་བོ་ཁྲོས་པས་ཞེས་པའི་གཙོ་བོ་དང་གནོད་སྦྱིན་གང་ཞིག་ཅེས་པའི་གནོད་སྦྱིན་གཉིས་ལ་ཅི་ལྟར་འགྲེལ་འདུག
དབྱིན་འགྱུར་གཉིས་ཀྱི་ནང་དང་པོ་དེར་གཙོ་བོའམ་རྗེ་བོ་ལྟ་བུར་བྲིས་འདུག གནོད་སྦྱིན་ལ་ཡཀྴ་ཟེར་ནས་བྲིས་འདུག
གཞན་འགྱུར་མ་མིན་པའི་སྤྲིན་གྱི་ཕོ་ཉའི་དབྱིན་ཡིག་གི་ངོ་སྤྲོད་ཅིག་གི་ནང་རྗེ་བོ་ལ་ཀུ་བེ་ར་དང་དེའི་འཁོར་ཡཀྴ་ཞེས་བྲིས་འདུག ཀ་ཡི་འོག་གི་ཤ་ཕྱིར་ལོག་དེ་འབྲི་ཤེས་མ་སོང་།
ངས་གང་ཞིག་ཡིན་པ་མི་དྲན་ཡང་། གནོད་སྦྱིན་ཀུ་བེ་ར་དེ་རྣམ་སྲས་རྟ་བདག་བརྒྱད་ཀྱི་གྲས་ཤིག་ཡིན་པ་ཅིག་ནས་མཐོང་བ་དྲན། ཡཀྴ་གནོད་སྦྱིན་གྱི་རིགས་ཤིག་ཡིན་པ་ཙམ་ཤེས། དེའི་སྐོར་ཁྱེད་ཚོས་མང་ང་ཤེས་རྒྱུ་རེད། དབྱིན་ཡིག་ནང་གནོད་སྦྱིན་ཀུ་བེ་ར་ལས་འཕྲོས་པའི་སྒྲུང་དེ་འདྲ་དང་རྗེ་བོའི་བཀའ་ཆད་ཕོག་པའི་ཡཀྴ་དེར་ཇི་ལྟར་བྱས་ནས་བཀའ་ཕོག་པའི་སྒྲུང་སྙན་པོ་དེ་འདྲ་འདུག ཁྱེད་ཚོར་ཤེས་འདོད་ཡོད་ན་ངས་འདིར་འབྲི་ཆོག
སྤྲིན་གྱི་ཕོ་ཉའི་འགྲེལ་བ་རྣམས་ལས་རཀ་ར་རིན་པོ་ཆེའི་འགྲེལ་བ་དེ་ཡག་པོ་འདུག་བསམ། སྤྲིན་གྱི་ཕོ་ཉའི་བོད་ཀྱི་དཔེར་བརྗོད་ནང་ནས་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཞུ་འཕྲིན་ཕོ་ཉ་དོན་གྲུབ་དེ་ཕུལ་དུ་བྱུང་བ་ཅིག་ཡིན་པའི་ཚོར་སྣང་བྱུང་།
ད་ང་ཡང་སྐྱར་སླེབས་ཡོད། གནོད་སྦྱིན་གྱི་རྒྱལ་པོ་ཀུ་བེ་རའི་སྒྲུང་ཐུང་ངུ་ཞིག་འབྲི། མང་ཙམ་ཤེས་འདོད་ན་ flight path of the cloud messenger ཁ་བྱང་འདིའི་ཐོག་ནས་ཚོལ། གནོད་སྦྱིན་ལ་བཀའ་ཆད་ཕོག་ནས་གཏོང་སའི་ར་མའི་རི་བོ་ Ramgiri ནས་བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་ Alaka or Alakadham བར་གྱི་ས་བཀྲ་ཡང་འདུག ས་ཆ་འདི་ཚོར་ངོས་འཛིན་སྟངས་མ་འདྲ་བ་ཅུང་ཟད་ཡོད་པ་འདྲ།
ལྷ་སྒྲུང་ལྟར་ན། གནོད་སྦྱིན་རིགས་ཀྱི་ཁུངས་ཀུ་བེ་ར་ལ་ཐུག་པར་བཤད་འདུག་པ་དང་། ཀུ་ནི་མདོག་ཉེས་པོ་དང་ཨ་མདོའི་སྐད་དུ་བཤད་ན་རྫབ་རྒན་གྱི་དོན་རེད་འདུག བེ་ར་ནི་གཟུགས་པོའི་དོན་དུ་བཤད། རྐང་པ་གསུམ་དང་ལྡན་ཞིང་སོ་བརྒྱད་ཡོད་པ། མིག་གཡས་པ་དམར་སྨུག་ཡིན་པར་བཤད། ར་མ་ཎའི་རྟོགས་བརྗོད་ནས་ཤེས་ཚུལ་ལྟར་ན། ཀུ་བེ་རའི་ཐོག་མའི་སྡོད་ས་ Lanka སྟེ་ད་ལྟའི་ Srilanka ཡིན་པ་དང་། བྷི་སི་ར་བྷ་དང་ཌེ་བྷ་བྷར་ཎི་གཉིས་ཀྱི་བུ་ཡིན་འདུག མིང་ལ་བྷེ་སི་ར་བྷ་ན་འབོད་པ་དང་། ཁོ་ལྷ་དང་ལྷ་མོ་ཚོའི་ནོར་གྱི་བདག་པོར་བསྐོས་ཡོད་འདུག
དགའ་བྱེད་རྰ་མ་ཎའི་བཙུན་མོ་སི་ཏ་ས་དང་བཅས་པ་ཁྱེར་འགྲོ་མཁན་གདུག་སེམས་ཅན་ར་ཝ་ན་དང་ཁོ་གཉིས་ཕའམ་མ་མི་གཅིག་པའི་སྤུན་མཆེད་ཡིན་ཞིང་། ར་མ་ཎ་དང་ར་ཝ་ན་གཉིས་འཁྲུག་སྐབས་གླིང་ཕྲན་དེ་ནས་གཞི་བཏེགས་ཏེ་རྒྱ་གར་བྱང་ཕྱོགས་ཀྱི་གངས་ཅན་རི་བོའི་ཁོངས་ཨ་ལ་ཁའམ་ཨ་ལ་ཁ་དམ་དུ་གཞི་བཟུང་བ་ཡིན་སྐད། ཨ་ལ་ཁ་དེ་ནི་གནའ་སྔ་མོའི་རྒྱ་གར་གྱི་ཆེས་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་ས་ཆ་ཞིག་ཡིན་པར་བཤད་པ་མ་ཟད་དེ་གའི་བུ་མོ་རྣམས་ཀྱང་མཛེས་མ་དང་གླུ་གར་རྩེད་འཇོར་དགའ་བར་བཤད།
ད་འདི་ནས་མར་སྤྲིན་གྱི་ཕོ་ཉའི་ནང་གི། གནོད་སྦྱིན་གྱི་རྒྱལ་པོ་ཀུ་བེ་རའི་བཀའ་ཆད་ཕོག་སའི་གནོད་སྦྱིན་ལས་ངན་དེའི་ལོ་རྒྱུས་སྙན་པོ་ཞིག་ཡོད་པ་དེའང་དགོད་པར་བྱ། སྤྱིར་གནོད་སྦྱིན་འདི་རིགས་ནི་ས་ཆ་དེར་ཡོད་པའི་གཟུགས་མེད་ཀྱི་སྡེ་ཞིག་ཡིན་པ་དང་། བཀའ་ཆད་ཕོག་སའི་གནོད་སྦྱིན་དེ་ནི་ཨ་ལ་ཁའི་གཟུགས་མེད་གནོད་སྦྱིན་ཚོའི་མེ་ཏོག་ལྡུམ་རྭ་སྲུང་མཁན་དུ་བསྐོས་ཡོད་པར། ཁོས་མཛེས་སྡུག་ཡིད་དབང་འཕྲོག་པའི་བུ་མོ་མཛེས་མ་ཞིག་ལ་གཉེན་སྒྲིགས་པ་དང་། ཉིན་མོའི་ལས་ཀ་ལ་ལྷོད་གཡེང་བྱས་ཏེ་ཡང་སེ་རང་གི་གཏན་གྲོགས་མའི་རྩར་ཡོང་ནས་ཉིན་དཀར་ཡང་འདོད་པའི་དཔལ་ལ་ཁ་མེད་སྣ་མེད་དུ་སྤྱོད་གི་ཡོད་འདག་པར། ཐེངས་གཅིག་མེ་ཏོག་འདེབས་སའི་ཚལ་དུ་གླང་ཆེན་ཡོང་ནས་མེ་ཏོག་གི་སྐྱེལ་ཚལ་ལ་རྐང་བརྫིས་ལག་བརྫིས་ཀྱིས་ཆག་ཆག་ཉིལ་ཉིལ་བཟོས་པ་རེད།
དེ་བས་རྗེ་བོ་ཀུ་བེ་ར་ཁོང་ཁྲོ་ལངས་ནས་བཀའ་ཆད་ལྕི་མོ་ཞིག་བརྩེ་དུང་གིས་སྙིང་ཁ་ཡོངས་སུ་ལྕི་བའི་གནོད་སྦྱིན་གཞོན་ནུ་འདིའི་མགོར་གནམ་རྡོ་མགོ་ལྷུངས་བྱུང་སྟེ་ལོ་གཅིག་ལ་ཐག་རིང་ར་མའི་རི་བོར་སོང་སྤྱོད་པས་གནས་དགོས་པ་བྱུང་འདུག
ཁོ་ས་དེར་ཕྱིན་པ་ནས་སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི་རིང་གི་སྙིང་སྡུག་མ་དྲན་ཏེ་གཟུགས་པོའི་ཤ་ཟད་ནས་ལག་མགོའི་གསེར་གྱི་གདུབ་ཀོར་ཡང་དཔུང་བའི་བར་དུ་རྒྱུ་བའི་ཚད་ལ་སླེབས། རིང་བོ་མ་འགོར་བར། རྒྱ་གར་གྱི་ཆར་དུས་མགོ་ཚུགས་ཏེ་ཕྱོགས་ཀུན་ཆར་སྤྲིན་ལངས་ཤིང་རི་རྩེ་དང་རི་གཤོངས་རྣམས་སུ་གླང་ཆེན་ཐལ་དཀར་ས་ལ་རོལ་འདྲའི་སྤྲིན་ཚོམ་དུམ་བུ་དུམ་བུར་རྒྱུ་ཞིང་། མདུན་ཏུ་ཀེ་ཏའི་མེ་ཏོག་གིས་འཛུམ་ཞལ་ངོམ་པ་སོགས་ཀྱི་རྐྱེན་བྱས་ནས་མཛའ་མོ་ལ་དྲན་གདུང་ལྷག་ཏུའང་འཕེལ་ཏེ། རང་ཉིད་མ་ཤི་བར་འཇིག་རྟེན་དཀར་ངོགས་འདི་ན་གསོན་ཡོད་པའི་གནས་ཚུལ་དེ་རང་གིོ་མཛའ་མོར་གང་མགྱོགས་སུ་ཤེས་སུ་མ་བཅུག་ན། བྲལ་གདུང་རི་བོ་འདྲ་བའི་ཁུར་གྱིས་ནོན་པའི་ཁེར་རྐྱང་གི་མཛའ་མོ་དེ་མེ་ཏོག་པདྨོའི་ཕྲེང་བ་ས་ལ་ལྷུངས་ན་མགྱོགས་པོར་རྙིད་འགྲོ་བའི་རྗེས་སུ་མི་འགྲོ་བའི་ངེས་པ་མེད་སྙམ་ཏེ། མཐར་དེ་གར་རྒྱུ་བཞིན་པའི་སྤྲིན་པ་དེ་ཕོ་ཉའི་ཚུལ་དུ་མངགས་ཏེ། ལམ་བར་གྱི་རི་བོ་དང་ཆུ་བོ་གྲོང་ཁྱེར་གལ་ཆེན་ཁག ཨ་ལ་ཁར་སླེབས་སླེབས་བར་ཞིབ་བཤད་དང་། དེ་ནས་རང་གི་མཛའ་མོའི་སྐབས་དོན་ཅི་ལྟ་བུར་ཡོད་པ་དང་མོར་བཤད་དགོས་པའི་སྐད་ཆ་སོགས་སྙན་མོའི་ཚིག་གི་དབྱངས་རྟར་དྲངས་ནས་ཀུན་གྱིས་ཡིད་གཡོ་བར་ནུས་པའི་སྙན་རྩོམ་འདི་བྲིས་པ་རེད།
དེ་ཡང་སྤྱིར་བཏང་གི་ཡུལ་ལྗོངས་ཞིབ་འབྲི་ཙམ་མིན་པར་རི་དང་ཆུ་བོ་གྲོང་ཁྱེར། སྐྱེ་དངོས་མེ་ཏོག སྐྱེ་འགྲོ་སེམས་ཅན། རི་དྭགས་བྱ་རིགས་དང་བཅས་པ་ཚང་མ་ལ་སྲོག་དབང་ལྡན་ཞིང་བརྩེ་དུངས་ཀྱིས་འབྲེལ་བསྡད་ཡོད་པ། ལྷག་པར་དུའང་དེ་ཚོ་ཚང་མ་བུ་མོ་མཛེས་མའི་ནུ་མ། སྐྲའི་ལན་བུ། གདོང་གི་སྨིན་མ་གཡོ་སྟངས། ཆགས་པའི་མིག་གིས་ལྟ་སྟངས། གཞོན་ནུ་ཕོ་མོ་འདོད་པའི་དཔལ་ལ་རོལ་ཚུལ་སོགས་ལ་སྦྱར་ནས་བྲིས་ཡོད་པས་ལྷག་ཏུའང་ཡིད་འདྲེན་པའི་ནུས་པ་དང་ལྡན་པ་ཞིག་རེད། ཁོས་གང་ཞིག་བྲིས་ནའང་རང་བྱུང་གི་དངོས་པོ་ཚང་མ་ན་གཞོན་ཕོ་མོ་གཉིས་ནང་བཞིན་བརྩེ་བ་དང་མཛའ་བ་ཞིག་གིས་གཅིག་ལ་གཅིག་གིས་བཅིངས་བསྡད་ཡོད་པའི་སེམས་ཚོར་ཞིག་སྐྱེ་གི་འདུག
མདོར་དེད་ན། ཕལ་ཆེར་ནག་མོ་ཁོལ་ཁོ་རང་གི་མྱོངས་བ་ངོ་མ་དེ་བྲིས་པ་མིན་འགྲོ། འདི་སྒྲུང་ངོ་མ་ཡིན་རྒྱུ་རེད་བསམ་བསམ་ཞིག་ང་ཚོར་སྟེར་བར་བྱེད།
ལྷད་མེད་པའི་བརྩེ་དུངས། འདོད་པའི་གདུང་བ། དྲན་པའི་གདུང་བ། ལམ་བར་གྱི་ས་ཆ་ཚང་མར་ཆ་རྒྱུས་ཡག་པོ་ཞིག་མེད་ན་འདི་འདྲ་ཞིག་སེམས་ལའང་ཇི་ལྟར་འཆར་སྙམ་པ་འདུག ད་དེ་ཡིན། བྲིས་གི་བྲིས་གི་ཅུང་མང་འགྲོ་གི ད་འདི་ནས་རྟ་ཁ་འཐེན་གི་ཡིན།
ད་སོ་མ་བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་སྐུ་ཞབས་པདྨ་འབུམ་ལགས་དང་མཉམ་དུ་ལྷ་རྩེ་དཔེ་མཛོད་ཁང་དུ་ ་་དཔྱིད་ཀྱི་ཕོ་ཉ་་ སྐོར་ཀློག་འདོན་དང་བགྲོ་གླེང་ཅི་བྱས་ལ་ཁ་བརྡ་ཞིག་བྱས་པར། དེ་རིང་གཅན་རང་སད་ཀྱིས་ཀློག་འདོན་བྱས་པའི་ཤོ་ལོ་ཀ་གཅིག་གི་ནང་། ཐང་ཤིང་གི་ཡལ་ག་ཕན་ཚུན་འཐབ་པ་ལས་འཕྲོས་པའི་མེ་སྟག་གིས་འབྲོང་གི་སྤུ་སྲེགས་པ་དེ་འདྲའི་ཤོ་ལོ་ཀ་ཞིག་ཀློག་སོང་། དེ་དབྱིན་འགྱུར་ནང་ཚིག་ཅི་འདྲ་ཞིག་བེད་སྤྱོད་བཏང་འདུག་ཅིག་ལྟོས་ར་ཟེར། ངས། ཨ་དེ་འདྲ་ད་ཡིན་རྒྱུ་མ་རེད། རྒྱ་གར་གྱི་གླང་གོག་གི་འགྱུར་ནོར་བ་མིན་འགྲོ། གནོད་སྦྱིན་སྐོར་གི་ལྷ་སྒྲུང་ནང་། གླང་ཆེན་གྱིས་མེ་ཏོག་བརྫིས་བར་བརྟེན་ཁོ་ལ་བཀའ་ཆད་ཕོག་པས་གླང་ཆེན་ཡོད་པར་བལྟས་ན་གཡག་ཨེ་ཡོད། ད་གང་ཤེས་གླང་ཆེན་དེ་ལྷ་སྒྲུང་གི་ནང་ལ་རེད། ཟེར་ནས་དང་པོ་སྐད་ཆ་ཤོད་གི་ཤོད་གི་བོད་འགྱུར་ནང་བཙལ་ཕྱིན་པར། ཤོ་ལོ་ཀ་ལྔ་བཅུ་ང་ལྔ་བར་འདི་ལྟར་བྲིས་འདུག
་་དེ་ལ་གལ་ཏེ་རླུང་གིས་རབ་བསྐྱོད་ཐང་ཤིང་ལག་པ་ཀུན་ཏུ་འཐབ་པ་ལས་བྱུང་བའི།།
མེ་ཡི་དུགས་དང་མེ་སྟག་དག་གིས་འབྲོང་གི་དགའ་མའི་སྤུ་ཚོགས་མང་པོ་སྲེག་བྱེད་ན།།
ཁྱོད་ཀྱིས་དེ་རྣམས་ཞི་བའི་ཆེད་དུ་ཆུ་འཛིན་སྟོང་ཕྲག་མང་པོའི་ཆར་ནི་བྱ་བར་འོས།།
གང་ཕྱིར་ཆེན་པོ་རྣམ་ཀྱི་ཕུན་ཚོགས་འབྲས་བུ་མང་པོའི་སྡུག་བསྔལ་ཞི་བར་བྱེད་པ་ཉིད།།་་ ཅེས་འདུག
མེ་ཡི་དུགས། ཆེན་པོ་རྣམ་འདི་གཉིས་ནོར་བ་འདྲ།
དེ་ནས་དབྱིན་འགྱུར་ནང་བཙལ་ཕྱིན་པར་དེ་ཡང་གང་འཚམས་ནས་རྙེད་བྱུང་བ་འདིར་ཁོང་གི་གསུང་ལྟར་ཀུན་གྱི་ཆེད་དུ་བཀོད་ན། འདི་ལྟར།
If, born from friction of the deodars,
A scudding fire should prove the mountain’s bane,
singeing the tails of Yaks with fiery stars,
Quench thou the flame with countless streams of rain–
The great have power that they may soothe distress and pain.
འདི་ལྟར་བྲིས་འདུག
བཤད་རྒྱུན་དུ་རྒྱ་ནག་གི་སྙན་ངག་མཁན་གྲགས་ཅན་ལི་པེའི་ཁུངས་དེད་ན་བོད་མི་ཡིན་པ་ལྟར། ནག་མོ་ཁོལ་འདི་ཡང་དང་པོར་བོད་མི་འབྲོག་ཕྲུག་གླེན་ལྐུགས་ཤིག་ཡིན་ན་ཁྲིགས་ཁྲིགས་མེད་གི ས་སྐྱ་ལེགས་བཤད་ཀྱི་རྩ་འགྲེལ་གྱི་སྒྲུང་ཞིག་གི་ནང་ཡང་། ནག་མོ་ཁོལ་འདི་དང་པོར་ཤིང་སྡོང་གི་ཡལ་གའི་ཐོག་རང་ཉིད་ཞོན་བཞིན་དུ་ཡལ་ག་གཅོད་པའི་ལྐུགས་པ་ཞིག་ཡིན་པ་ལ། རྗེས་སུ་དབྱངས་ཅན་མས་ལ་དུ་བྱིན་པའི་སྣང་བ་སྐྱེས་བར་བརྟེན་ནས་ཤེས་རབ་ཀྱི་ཀློང་བརྡོལ་བར་གྲགས་པ་དེ་ལྟར་རེད། ད་བར་ནག་པོ་ཁོལ་གྱི་སྐོར་གསལ་པོ་བྲིས་པ་ཞིག་ཕལ་ཆེར་མེད་ཚོད་རེད་དེ། དྲ་ཐོག་གི་ནག་མོ་ཁོལ་ངོ་སྤྲོད་ཅིག་གི་ནང་ཡང་དང་པོ་ཡིག་རྨོངས་ཤིག་ཡིན་ཚུལ་འདུག
ཨ་ལ་རྩེད་མོ་ཡིན། བོད་མི་ཟེར་བ།
གོང་གསལ་མཆན་ ༥ བ་ནང་གི། འབྲོང་གི་དགའ་མའི་སྤུ་ཚོགས་ཟེར་བ་དེ་ཕལ་ཆེར་འབྲོང་གི་རྔ་མའི་སྤུ་ཚོགས་ཡིན་དགོས་པ་འདུག དབྱིན་འགྱུར་འདིའི་ནང་དུ། tail བྲིས་འདུག་པ་མ་ཟད་དབྱིན་འགྱུར་གཞན་པ་དེའི་ནང་དུའང་དེ་བཞིན་འདུག ཡིན་ནའང་ང་འདིར་ཡོད་པའི་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་སློབ་འབྲིང་སློབ་མའི་རྒྱལ་རབས་ཆོས་འབྱུང་གི་ཁ་གསབ་སློབ་དེབ་དེའི་ནང་ཡིག་ནོར་མང་པོ་འདུག སྐབས་རེར། དོན་དག་ཅི་ཟེར་གི་ཡོད་མེད་མགོ་མི་ཚོས་གི
དོར་ཞི་ཚང་གི་འགྲེལ་བའི་གླེང་གཞིའི་ནང་དུ། དཔྱིད་ལྡན་མའི་ཡབ་རྒྱལ་པོ་ཤུ་ཀ་ལ་ནི་ཝ་ར་ཎ་སིའི་རྒྱལ་པོ་ཡིན་པས། གནོད་སྦྱིན་གྱི་རྗེ་བོ་ཡིན་དོན་མེད་ཀྱང་། གནོད་སྦྱིན་ཞེས་པ་གདུག་རྩུབ་ཤིན་ཏུ་ཆེ་བའི་བྱང་ཕྱོགས་ཀྱི་མི་རིགས་ཤིག་ཡིན་པར་སྣང་བས་མ་ཉེས་ཁ་གཡོགས་ཀྱིས་ཁོ་རང་ཐག་རིང་དུ་བསྐྲད་པའི་རྒྱལ་པོ་གདུག་རྩུབ་ཅན་ལ་གནོད་སྦྱིན་གྱི་རྒྱལ་པོ་ཞེས་བཏགས་པའམ། ཡང་ན་གནོད་སྦྱིན་གྱི་ཡུལ་ནི་གནའ་དུས་ནོར་ལོངས་སྤྱོད་ཤིན་ཏུ་རྒྱས་པའི་ཡུལ་ལྗོངས་ཤིག་གི་མིང་ཡིན་ལ། རྒྱང་འཕུད་དེ་བཏང་བའི་གནོད་སྦྱིན་དེའི་ཁྱིམ་མཐོ་རིས་ཀྱི་དབང་པོའི་གཞུ་དང་འདྲ་བའི་རྟ་བབས་ཞེས་པ་དང་། ཁྱིམ་གྱི་སྐྱེད་ཚལ་གྱི་ལམ་ལ་མརྒད་ཀྱི་རྡོ་ཕྲེང་བསྒྲིགས་ཞེས་པ་དང་། ཞེས་པ་དང་། རྩོམ་པ་པོ་ཁོ་རང་གི་ཡུལ་གྱི་རྒྱལ་པོའི་ཕོ་བྲང་དེ་ཤིན་ཏུ་ལོངས་སྤྱོད་ཆེ་བས་གནོད་སྦྱིན་གྱི་ཡུལ་དང་གནོད་སྦྱིན་གྱི་རྗེ་བོ་ཞེས་བཏགས་པའམ། ཡང་ན་ནག་མོ་ཁོལ་གྱི་སྐྱེས་ཡུལ་བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་ཡིན་པ་དང་། ཁོ་རང་ཡང་གནོད་སྦྱིན་གྱི་རིགས་ཡིན་པས། གནས་ཚུལ་ངོ་མ་བྲིས་པ་ཡང་ཡིན་སྲིད། ཅེས་བྲིས་གནང་འདུག
ནོར་བཅོས།
རྒྱང་འཕུད་དེ། རྒྱང་འཕུད་དུ་་
དོར་ཞིའི་འགྲེལ་བའི་ནང་དུ་ཡང་འབྲོང་གི་དགའ་མའི་སྤུ་ཚོགས་ཞེས་བྲིས་འདུག འདི་ཅི་ཡིན་ནམ།
ཡང་ཁོང་གིས། གནོད་སྦྱིན་ཀུ་བེ་རའི་ཡུལ་ནི་རྒྱ་ནག་གི་སངས་རྒྱས་ཆོས་ལུགས་ཡིག་ཚང་དུ་དེང་སང་གི་ཞིན་ཅང་གི་ས་ཆ་ལ་ངོས་བཟུང་བྱས་ཤིང་། ཞེས་པ་ནས། ཞིན་ཅང་མི་རིགས་ཏམ་བུ་ར་རྡུང་ལེན་བྱེད་པ་སོགས་སྒོ་ཀུན་ནས་དཔྱད་ན་གནོད་སྦྱིན་གྱི་ཡུལ་ངོས་འཛིན་བྱས་པ་བདེན་ཤས་ཆེ་སྙམ་མོ། །ཞེས་ཀྱང་བྲིས་འདུག
ངས་བསམས་ན། འབྲོང་གིས་དུས་རྟག་ཏུ་རང་གི་རྔ་མ་ལ་གཅེས་སྤྲས་ཚད་མེད་བྱེད་པ་དང་། ནམ་ཞིག་རྔ་མ་ཚེར་མར་ཐོགས་ཏེ་འགྲོ་བསྐྱོད་མི་ཐུབ་པའི་དུས་སུ་ཡང་རྔ་མའི་ཆེད་དུ་ས་དེ་རང་དུ་བསྡད་ནས་ལྟོགས་ཤི་ཐེབས་པ་དང་རྔོན་པས་བསད་པ་ཡང་ཉུང་ཉུང་མིན་པར་གྲགས་པས། འབྲོང་གི་དགའ་མ་ཞེས་པ་དེ་འབྲོང་གི་རྔ་མའི་མངོན་བརྗོད་ཅིག་ཡིན་པ་འདྲ། དེ་ལ་དམིགས་ནས་ནང་པའི་ཆོས་གཞུང་དུ། ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུང་དགོས་ཞེས་ཡང་ཡང་བྲིས་འདུག
སྤྲིན་གྱི་ཕོ་ཉའི་སྐོར་ལ་བརྩད་ཞིབ་ཅིག་ཞུས་མྱོང༌། གང་ལག་ཏུ་རག་པ་ནི། སོ་སྟོན་ཡེ་ཤེས་གྲགས་པའི་དམར་མཆན་དང༌། ལྷ་འཇིག་རྟེན་དབང་ཕྱུག༼རིན་སྤུངས་ངག་དབང་འཇིགས་གྲགས༽གི་ནག་མཆན་སོགས་སྔ་རབས་པས་བརྩམས་པའི་འགྲེལ་བ་འདུག་ལ། དུས་ཕྱིས་དོར་ཞི་རིན་པོ་ཆེ་དང༌། ནོར་བྲང་ཨོ་རྒྱན་གཉིས་སོ་སོ་ནས་བརྩམས་པའི་འགྲེལ་བ་གཉིས་ལས་ཕྱི་མ་དེ་འགྲེལ་ལེགས་ཤིང༌། ཕྱིས་ཀྱི་འགྲེལ་བའི་ནང་ནས། རཀར་རིན་པོ་ཆེ་ཐུབ་བསྟབ་ཆོས་དར་མཆོག་གིས་བོད་འགྱུར་གྱི་རྩ་བའི་གཤམ་ལ། རྒྱ་གར་རང་གི་མཁས་པའི་མཛད་པའི་འགྲེལ་བ་བསྒྱུར་བ་༼སྤྲིན་གྱི་ཕོ་ཉའི་འགྲེལ་བ་གློག་ཕྲེང་མ༽ཡི་ནང༌། རྒྱ་གར་སྐད་དུ་ཡོད་པའི་རྩ་བ་དང་བོད་འགྱུར་རྩ་བ་གཉིས་བསྡུར་བ་དང༌། གཞན་ཡང༌། བོད་འགྱུར་རྩ་བ་དང་རྒྱ་གར་གྱི་མཁས་པས་བརྩམས་པའི་འགྲེལ་བ་གཉིས་བསྡུར་ནས་ཚིགས་བཅད་ཁ་ཤས་ཆད་ཅིང༌། ཁ་ཤས་ལྷག་མར་སླེབས་པ་སོགས་གསལ་བཤད་གནང་འདུག དེས་ན། གོང་དུ་མདའ་ཚན་པས་དོགས་སློང་གནང་བ་ལྟར། ང་ཚོས་སྙན་ངག་སྐད་གྲགས་ཅན་འདིར་ཞིབ་འཇུག་དང༌། གླེང་སློང་ལ་ཞུགས་ཏེ། ཚངམས་མཉམ་དུ་སློབ་སྦྱོང་དང་གླེང་མོལ་རེ་གནང་ཐུབ་ན་ཡག་པོ་འདུག་ཅེས་སྙམ་མོ།།
སྤྲིན་གྱི་ཕོ་ཉ་ལས་འཕྲོས་པའི་ཁ་བརྡ་ཞེས་པའི་རྩོམ་འདིའི་མཇུག་ཏུ་བཀོད་པའི་ཤོ་ལོ་ཀ་དེ་གཉིས་ལ་གོ་བ་འབྲེལ་ཆགས་པ་ཞིག་ལེན་རྒྱུར་ཅུང་ཟད་དཀའ་ངལ་མི་འདུག་གམ། བོད་འགྱུར་དང་གཞན་པའི་དབྱིན་འགྱུར་གཉིས་བཅས་བསྡུར་ནས་གོ་བ་བླངས་ན་སྙིང་དོན་འདི་འདྲ་ཞིག་རེད།
ཀྭ་ཡེ་ཆུ་འཛིན། ཁྱེད་རང་ལམ་དུ་ཡོངས་སུ་ངལ་ན་ཨ་མ་བརྩེགས་པ་ Mt Amrakuta རི་བོའི་རྩེ་རུ་གནས་ཏེ་ངལ་བ་བསལ་བྱས་ལ། ཁྱེད་ཀྱི་བདུད་རྩིའི་ཆར་རྒྱུན་གྱིས་དེ་གའི་ནགས་མེའང་ཞི་བར་བྱ། ཕལ་བའི་མི་དཀྱུས་མ་ཞིག་ཡིན་ནའང་དང་པོར་ཕན་འདོགས་མཁན་གྱི་མི་ལ་རྒྱབ་ཀྱིས་ཕྱོགས་མི་སྲིད་ན་སྐྱེས་བུ་དམ་པ་རྣམས་ཀྱིས་ནི་བྱས་ཤེས་དྲིན་དུ་གཟོ་བ་དེ་བས་ཀྱང་བཤད་ཅི་ལ་དགོས་ཏེ་མི་དགོས་སོ། འདི་འདྲ་ཞིག་ཡིན་པ་འདྲ།
དབྱིན་འགྱུར།
Mt Amraskuta will carefully bear you upon its head-you whose showers
extinguished it’s forest fires and who are overcome by fatigue of the road.
Even alowly being, remembring an earlier kind deed, does not turn its back
on a friend who has come for refuge; how much less,then, one so lofty?
འགྱུར་གཞན་པ་ཞིག
The Mango peak whose forest fires were laid
by streams of thine, will soothe thy weariness;
In memory of a former service paid,
Even meaner souls spurn not in time of stress
A suppliant friend; a soul so lofty, much the less.
འགྱུར་འདི་ཚོའིནང་མ་འདྲ་ས་ཕྲན་བུ་འདུག་པ་འདི་འདྲ་མང་པོ་མཐོང་རྒྱུ་འདུག གང་འགྲིགས་མིན་གྱི་ཁུངས་ལེགས་སྦྱར་རང་ལ་བཅོལ་བ་ལས་ཐབས་ཅི།
རི་གཅིག་གི་མིང་ལ་འགྱུར་མ་འདྲ་བ་བཞི་འདུག་ག Mongo peak, Mt Amrakuta, བོད་འགྱུར་མ་འདྲ་བ་ཁག་གཉིས་ཀའི་ནང་ཡང་། གཅིག་གི་ནང་ཨ་མ་རྩེགས་པའི་རི་བོ་ཞེས་དང་། རྗེས་མའི་ནང་། སྣ་ཚོགས་བརྩེགས་པའི་རི་བོ། ཡང་དབྱིན་འགྱུར་གཉིས་ཀའི་ནང་ forest fire ཞེས་བྲིས་འདུག་ཀྱང་། བོད་འགྱུར་ནང་། གཅིག་ལ་ནགས་ནང་ཤིང་སྐམ་ཆར་གྱིས་བྲན་ཞེས་དང། རྗེས་མ་དེར་སོས་ཀའི་མེ་ནི་བདུད་རྩིས་ཞི་བྱ་ཞེས་བྲིས་འདུག་ག
འདི་ནི་རག་ར་བཞིན་རྩ་བའི་རྒྱ་གར་གྱི་ཡི་གེའི་ནང་དུ་གང་ཡོད་ལ་གཏུགས་ནས་དོགས་སློང་བྱས་ན་ལེགས།
གཡུང་དྲུང་ལགས། གློག་ཕྲེང་མ་དེ་ངས་ཀྱང་ཚར་གཅིག་བཀླགས་པ་ཡིན་མོད་ཚིག་ཕྲེང་རེ་རེ་བཞིན་དྲན་མི་ཐུབ་ཀི གལ་སྲིད་ཁྱོད་ལ་གློག་ཕྲེང་མ་དེར་ཡོད་ན་དེ་རུ་འབྲོང་གི་དགའ་མ་ཞེས་བྲིས་ཡོད་མེད་གཟིགས་རོགས།
གནོད་སྦྱིན་གཞོན་ནུ་དེར་མ་ཉེས་ཁ་གཡོགས་བྱས་པ་དང་རྒྱང་ཕུད་ལ་བཏང་ཟེར་ན་ཅུང་ཟད་དོན་དང་མ་འཚམས་པའི་སྐད་ཆ་ཞིག་རེད། མ་ཉེས་ཁ་གཡོགས་མིན་པ་གོང་གསལ་ལྷ་སྒྲུང་དེས་ཁུངས་སྐྱེལ་བྱེད་ཐུབ་པ་ཞིག་རེད། ད་རུང་དེ་བས་ཀྱང་ཁུངས་སྐྱེལ་བཙན་པོ་ཞིག་དགོས་ན་ ཤོ་ལོ་ཀ་དང་པོའི་ནང་གི་རང་ཉིད་བག་མེད་དབང་གྱུར་ཟེར་བ་འདི་ལས་ལྷག་ཅིག་མི་དགོས་པ་འདྲ།
ཁྱོད་ལོ་གཅིག་གི་རིང་ལ་བསིལ་གྲིབ་དང་ལྡན་པའི་ལྗོན་པ་བཟང་བོ་ཁོར་མོ་ཡུག་ཏུ་འཁྲིགས་ཤིང་། མཛེས་མ་སི་ཏ་ཁྲུས་ལ་རོལ་མྱོང་བས་བསོད་ནམས་ལྡན་པའི་ཆུ་བོ་ལྷུང་ལྷུང་འབབ་པའི་ར་མའི་རི་བོར་སོང་ལ་སྤྱོད་པས་གནས་ཞེས་སྤྱོད་པ་ལ་གནས་ཤིང་མཆོད་སྦྱིན་བྱས་ནས་སྡོད་དགོས་པ་བསྟན་འདུག དེ་ལྟར་ཡང་ཁོ་རང་མཛའ་མོ་བྲལ་བའི་གདུང་བས་མནར་ཏེ་མཆོད་སྦྱིན་འབྲས་བུ་དང་ལྡན་པ་ཞིག་ཡོང་གི་མེད་པ། མཆོད་སྦྱིན་འབྲས་མེད་བདག་ཅེས་མར་ཙམ་ཞིག་ན་བྲིས་འདུག་ག
གཡང་དྲུང་ཚེ་བརྟན་དང་སྤྲུལ་སྐུ་ཀླུ་སྨྱོན་རྣམ་གཉིས་ལགས ཁྱེད་གཉིས་ལ་རག་ར་རིན་པོ་ཆེའི་འགྲེལ་དང་དོར་ཞིའི་འགྲེལ་གཉིས་ཡོད་ན། ཤོ་ལོ་ཀ་༡༡ པའི་ནང་གི་ ་་མཆོག་ཏུ་རྒྱས་པའི་མེ་ཏོག་དག་གིས་ས་གཞིའི་ཆེད་དུ་གདུགས་དག་བྱས་པར་གྱུར་པ་ཉིད་་ ཟེར་བའི་ནང་གི་མཆོག་ཏུ་རྒྱས་པའི་མེ་ཏོག་དེ་ཅི་ལྟར་འགྲེལ་འདུག ངའི་དབྱིན་འགྱུར་གཅིག་གི་ནང་ mashroom ལ་བསྒྱུར་འདུག གཅིག་གི་ནང་འདིའི་བར་གྱི་ཤོ་ལོ་ཀ་ཁ་ཤས་ཤིག་རྦད་དེ་ཆད་འདུག
རྔ་མ་དགའ་མ་བཞིན་དུ་བརྩི་བའི་གངས་རིའི་གཡག་གི་རྔ་མ་ལ།།
དགའ་མར་བྲལ་བ་འདི་ཡིས་རང་གི་དགའ་བོ་བཞིན་དུ་བརྩི་མཐོང་བྱས།།
གལ་སྲིད་ཐང་ཤིང་ཡལ་གའི་མེ་ཡིས་འབྲོང་གི་དགའ་མ་འཚིག་ཉེ་ན།།
ཀྱེ་ཀྱེ་སྤྲིན་པ་ཆར་ཆེན་ཕབ་ནས་དེ་ཉིད་གཞིལ་བར་གྱིས་ཞེས་བསྐུལ།།
དོར་ཞི་ཚང་གིས། ཁྱོད་ཀྱི་འབྲུག་སྒྲ་སྒྲོགས་པ་དེ་ལ་བརྟེན་ནས་སྐལ་བཟང་རྣ་བ་སྟེ་ས་གཞི་རླན་བཟུང་བས། མེ་ཏོག་དག་གི་འདམ་མ་ཆེ་ཆེར་གྲོལ་ནས་ས་གཞི་ལ་གདུགས་ཆེད་དུ་ཕུབ་པ་བཞིན་དུ་འགྱུར་ཞིང་། ཞེས་བྲིས་འདུག དོར་ཞིའི་འགྲེལ་བ་འདི་༡༩༨༧ལོར་བསང་ཆུ་རྫོང་དུ་དགེ་རྒན་སྐོར་ཞིག་ལ་སློབ་ཁྲིད་བྱེད་དུས་ཀྱི་ཟིན་བྲིས་ཤིག་ཡིན་ལུགས་འདུག་པས་འདོད་པ་ཚིམ་པ་ཞིག་མི་འདུག གལ་སྲིད་ནོར་བྲང་བའི་འགྲེལ་བཤད་དེ་ལག་ཏུ་ཆུད་ན་ཏོག་ཙམ་དགའ་རབ་མེད་འགྲོ་བསམས།
དོར་ཞིའི་རྩ་འགྲེལ་ཤན་སྦྱར་དེབ་ནང་དུ། ལམ་དུ་ཡོངས་སུ་ངལ་བའི་ཚེ་ན་ངོས་ལྡན་ཨ་མྲ་བརྩེགས་པའི་རི་རྩེར་གནས་བྱ་སྟེ། །ཞེས་དང་འགྲེལ་བར། ལམ་དུ་ཡོངས་སུ་ངལ་ཚེ་ངོས་བདེ་བདེ་ཡིན་པའི་ཨ་མྲའི་འབྲས་བུ་སྤུངས་པའི་རི་རྩེར་ངལ་བསོས་ཤིག ཅེས་བྲིས་འདུག་པས། ཤིང་ཏོག་ཨ་མྲ་སྐྱེས་པའི་རི་ཞིག་བསྟན་པ་ནི་ཧ་ཅང་གསལ་ཏེ། དེའི་འོག་ན་ཡོད་པའི་ཚིག་བཞི་དེའི་དང་པོ་དང་གཉིས་པར།
ཁྱོད་ནི་གཡོ་མེད་རྩེ་མོར་གནས་ཚེ་ཨ་མྲའི་ནགས་ཀྱི་འབྲས་བུ་རྒྱས་པར་སྨིན་པ་ནི། །
ཕྱོགས་ཀུན་ཁྱབ་པར་བཀྲམ་པ་དགའ་མའི་རྣམ་མཛེས་ལན་བུ་དག་དང་མཚུངས་པ་བཞིན་དུ་གྱུར། །
ཅེས་པ་ཞིག་འདུག་པས་སོ། །
དེ་དངོས་གནས་འདྲ་བོ་འདུག དབྱིན་འགྱུར་གཞན་པ་དེའི་ནང་ཡང་ mango peak ཞེས་བསྒྱུར་འདུག
ཤོ་ལོ་ཀ ༡༡ ནང། བསྐལ་བ་བཟང་བས་ཐོས་བྱས་ནས་མ་གཏོགས་སྐལ་བཟང་རྣ་བ་ཟེར་བ་ཞིག་མི་འདུག བསྐལ་བཟང་དེ་གཅིག་བྱས་ན་ཡིག་ནོར་ཡིན་སྲིད། སྐལ་བ་བཟང་བས་ཐོས་བྱས་ནས་མིན་འགྲོ།
དོར་དེབ་ནང་དུ།
གང་ཞིག་ཁྱོད་ཀྱིས་འབྲུག་སྒྲ་སྒྲོགས་པ་དེ་ནི་སྐལ་བཟང་རྣ་བས་ཐོས་བྱས་ནས། །ཞེས་འདུག
དགོངས་དག
ཐོས་བྱས་ན། །རེད་འདུག
གོང་བརྗོད་བཞིན་དོར་ཞིས་སྐལ་བཟང་རྣ་བ་ཞེས་པ་ནི་ས་གཞིའི་མིང་གི་མངོན་བརྗོད་དུ་བཀྲལ་འདུག
ཤོ་ལོ་ཀ་༢༢ ཀྱི་འགྲེལ་འདིར་ཅིག་མི་འབྲི་ཡ། དབྱིན་འགྱུར་གཉིས་ཀའི་ནང་མེས་བསྲེགས་ཟེར་བའི་ཚིག་འདི་འདྲ་ཞིག་རྩ་ནས་མི་འདུག ཤོ་ལོ་ཀ་འདི་ཁག་པོ་འདུག དབྱིན་འགྱུར་ཡང་ཡག་པོ་གོ་གི་མི་འདུག དོན་དངོས་སུ་མེ་ཏོག་ཀནྡ་ལི་ཡི་འཚར་སྐྱེད་སྐོར་རྒྱུས་ལོན་མང་ཙམ་བྱེད་དགོས་གི་ཡོད་པ་འདྲ།
དང་པོར་གསར་དུ་ཁ་འབུས་ཤིང་མེ་ཏོག་ཕྱེད་སྒང་ཤུན་གྱིས་བསྒྲིབས་པའི་ཀནྡ་ལི་དམར་པོ་ཁྱོད་ཀྱིས་མཐོང་བར་འགྱུར་ལ། དེ་ནས་འདབ་མ་ལྗང་ཞིང་གེ་སར་དཀར་སེར་སྒང་ཤུན་གྱི་བར་ནས་ལུས་ཕྱེད་བསྟན་པའི་མེ་ཏོག་ཀ་དམ་པ་ཁྱོད་ཀྱིས་མཐོང་བར་འགྱུར། དེ་ནས་ས་སྟོང་དུ་མེ་ཤོར་ནས་འཚིག་བཞིན་པའི་ས་གཞིའི་དྲི་ཞིམ་པོ་དེ་ཁྱོད་ཀྱིས་སྣོམས་ཤིག སྰ་རིགས་ཏེ་རི་དྭགས་ཀྱིས་ཁྱོད་ལ་གང་དུ་ཆར་བ་དལ་བུར་འབེབ་པའི་ལམ་ནི་སྟོན་པར་འགྱུར་རོ། །ཞེས་འདུག
ད་ང་གྲོགས་པོ་ཞིག་གིས་ནང་དུ་མོ་མོ་བཟའ་གི་འགྲོ་དགོས་སོང་། སང་ཉིན་མུ་མཐུད་ཨེ་ཐུབ་བལྟ་ཡ།
ཞིག་གི
ཡ་ཡ། མོག་མོག་མང་པོ་བཟས་ནས་མགོ་མིན་གི་ཧོ་གི་ཐོངས་ང་ཐོངས། ཧོ་ཐོག་ནས་ཤིག་ཚོ་མི་འདུག་ནི་ཟིག་ཟོས། ཨ་མདོ་རྔ་བ་ཕྱོགས་ཤིག་ནས་ཟ་འཐུང་སྐབས་འདི་ལྟར་བཤད་སྐད། མ་རེད། ཞིག་མ་རེད་ཤིག་རེད། ཀུ་རེ་ཡིན།
ཧོ་ནི་ཕོ་བ་སྟེ་གྲོད་ཁོག་གི་དོན། མགོ་མ་གཏོགས་གྲོད་ཁོག་ནང་བཞིན་བཟོས་ཤོག གྲོད་ཁོག་སྒང་ཤིག་སྡོད་མ་ཐུབ་པར་རྦབ་རིལ་ཐེབས་ཐེབས་བར་ཟ། ཟེར་བའི་དོན།
མདའ་ཚན་པ་དང་ཀླུ་སྨྱོན་གཉིས་ལ་ཞུ་བ།
༡ འབྲོང་གི་དགའ་མ་སོགས་ཀྱི་ཐད། གློག་ཕྲེང་མའི་ནང༌། དེཝདརུ་༼ཐང་ཤིང༽ལྗོན་པ་རྣམས་འགྱེད་པ་བཞིན་དུ་བདར་ཏེ་མེ་འབར་བ་ན། དེ་རྣམས་ཀྱི་མེ་ལྕེས་རི་དྭགས་རྣམས་ཀྱི་མཇུག་མ་བསྲེག་པར་ཉེ་བ་ན། ཁྱོད་ཀྱིས་ཆར་རྒྱུན་གྱིས་ཞི་བར་མཛོད་ཅིག །སྐྱེས་བུ་བཟང་པོ་རྣམས་ཀྱི་ལས་སུ་བྱ་བ་ནི། གདུང་བ་ཅན་རྣམས་ཀྱི་གདུང་བ་འཕྲོག་པར་བྱེད་པ་འབའ་ཞིག་ཡིན་ནོ།། ཞེས་འདུག
༢
ཚིགས་བཅད་བཅུ་གཅིག་པ་དེར། གློག་ཕྲེང་མའི་ནང་འདི་འདྲ་ཞིག་བཀོད་དེ་མཆི།
ཁྱོད་ཀྱི་འབྲུག་སྒྲ་སྒྲོགས་པ་དེ་ནི་སྐལ་བཟང་རྣ་བས་ཐོས་བྱས་ནས།།༼འདི་འགྱུར་རྙིང༽
མཆོག་ཏུ་རྒྱས་པའི་མེ་ཏོག་དག་གིས་ས་གཞིའི་ཆེད་དུ་གདུགས་དག་བྱེད་པར་འགྱུར།།
ཁྱོད་ནི་ནམ་མཁའ་དག་ལ་གཤེགས་ཚེ་དགའ་བའི་ཡིད་ཅི་མཚོ་དང་གངས་ཅན་བར་ལ་ནི།།
པདྨའི་རྩ་བ་ལོ་མའི་ལམ་རྒྱགས་ལྡན་པའི་ངང་པའི་རྒྱལ་པོ་རྣམས་ཀྱང་གྲོགས་སུ་འགྱུར།
ཞེས་པའི་ཚིགས་བཅད་འདི་ནི་ཤིན་ཏུ་ནས་སྙན་པ་ཞིག་ཡོད། ཅེས་དང༌། དེ་གཤམ་དུ།
ཁྱོད་ཀྱི་སྤྲིན་སྒྲས་ས་གཞི་ཤཱིལིན་དྷ་རས་༼༡༽ཀུན་ཏུ་འགེགས་གྱུར་ཅིང༌།།
གང་དེ་ཐོས་པས་མ་ཕམ་༼༢༽མཚོ་ཉིད་ཡིད་ལ་བྱེད་པའི་སྐལ་བཟང་ཅན།།
ངང་པའི་རྒྱལ་པོ་པདྨའི་རྩ་བའི་ལམ་རྒྱགས་ལྡན་པ་རྣམས་ཀྱང་མཁའ་ལམ་དུ།།
ཀཻལ་ཤ༼༣༽་རིའི་བར་དུ་ཁྱོད་ལ་ལམ་གྲོགས་ཡང་དག་བྱེད་པར་འགྱུར།།
༼རྩ་ཚིག་ཡོད་པ་ལྟར་ཚིག་སྣ་བསྟུངས༽ཞེས་བཀོད་འདུག
༡ ཤཱིལིན་དྷ་ར། ཆར་དུས་སུ་སྐྱེ་བའི་མེ་ཏོག་གདུགས་དང་འདྲ་བ་འདི་ལ་ཀུཀུརམུཏ། ཞེས་ཀྱང་བཤད་ཅེས་འབྱུང༌།
༢ མནོསརོཝར། རྒྱ་གར་ལ་མིང་འདི་ཉིད་ཤིན་ཏུ་གྲགས་ཆེ་ཞིང༌། འགྱུར་རྙིང་ལ་ཡིད་ཀྱི་མཚོ་ཞེས་དང༌།
༣ ཀཻལཤ་ནི་གངས་རིན་པོ་ཆེ་ཏི་སེའི་མིང་ཡོངས་གྲགས་ཡིན་པ་ལ། ལོ་ཆེན་བྱང་ཆུབ་རྩེ་མོས་གངས་ཅན་ཞེས་གསུངས་ཏེ་མཚོ་མ་ཕམ་དང༌། གངས་ཏི་སེ་མི་མཁྱེན་པ་ག་ལ་ཡིན། ཞེས་བྱུང་ངོ༌།།
ཐུགས་རྗེ་ཆེ་གནང་། གཡུང་དྲུང་ཚེ་བརྟན་ལགས།
རྒྱ་གར་གྱི་མིང་གྲགས་ཆེ་བའི་ཟློས་གར་གྱི་བསྟན་བཅོས་འབྲི་མཁན་དང་སྙན་ཁག་མཁན་ཆེན་པོ་ནག་མོ་ཁོལ་གྱི་སྐོར་དྲ་ཐོག་ཏུ་བཀོད་པ་འགའ་ཤས་ཤིག་འདུག ཕལ་ཆེ་བ་ཞིག་གིས་བྱང་ཕྱོགས་གངས་རིའི་ཁུལ་གྱི་གནོད་སྦྱིན་གྱི་ཡུལ་ཨ་ལ་ཁ་དེ་བ་ཅིག་ལ་ཡིན་པར་ངོས་འཛིན་གྱི་འདུག མཚོ་མནོསརོཝར་དང་ཉེ་བ་ཞེས་བྲིས་པ་ཞིག་དང་། ཆུ་མོ་གངྒའི་འབབ་ཡུལ་ཞེས་བྲིས་པ་དེ་འདྲ་འདུག དེ་ལས་གཅིག་གི་ནང་ནག་མོ་ཁོལ་དེ་ཕྱི་མི་ཞིག་ཡིན་ཚུལ་བྲིས་འདུག There is strong reason to believe that Kalidasa was of foreign origin. His name is unusual, and even the legend suggests that it was adopted.
གནོད་སྦྱིན་གྱི་ཡུལ་གང་ལ་ངོས་འཛིན་མིན་ཐད་ཁ་སང་ཀླུ་སྨྱོན་གྱིས་བྲིས་པ་དེ་ལས་གཞན་ཁྱེད་ཚོར་བཤད་རྒྱུ་འདྲ་མེད་དམ། ངའི་སེམས་ན་རབ་རིབ་རྨི་ལམ་འདྲ་རེ་འདུག་ཀྱང་ཁྱེད་ཚོ་ཆོས་ལ་མཁས་པ་ཚོའི་མདུན་ནས་སྤྱི་བརྟོལ་བྱེད་མ་སྤྲོ། ཤམ་བྷ་ལའི་ལམ་ཡིག་ཅིག་གམ་གང་ཡིན་གསལ་ཆ་མི་འདུག གནོད་སྦྱིན་གྱི་ཡུལ། མིའམ་ཅི་ཡུལ་དེ་ཚོ་པང་བསྒྲིགས་ནས་བཤད་ཕྱིན་པ་ཞིག་གི་ནང་བོད་ཀྱི་ལྷོ་རྒྱུད་ཀྱི་ས་མཚམས་དེ་བ་ཞིག་ལ་ཁེལ་ཡོད་པ་འདྲ་ཞིག་འདུག ཡང་དཔྱད་རྩོམ་ཞིག་ཡིན་ནམ་ཅིག་གི་ནང་ཀུ་ལུ་དེ་བ་ཞིག་ལ་ངོས་བཟུང་ཡོད་པ་ཞིག་ཀྱང་དྲན། གསལ་བོ་མེད། འདི་འདྲ་ནི་མཁས་པའི་མདུན་སར་གླེང་མི་འོས་པ་འདྲ་ཞིག་འདུག་ཀྱང་ཁྱེད་ཚོར་དྲན་སྐུལ་དང་གསལ་འདེབས་ཁོ་ནའི་ཆེད་ཡིན།
འབྲི་དགོས་བསམ་པ་གཅིག་བརྗེད་འདུག
ནག་མོ་ཁོལ་གྱི་སྐོར་ལྟ་ན། kalidasa གི་མིང་ཐོག་ནས་ཚོལ་དང་རྙེད།
སྤྲིན་གྱི་ཕོ་ཉའི་དབྱིན་འགྱུར་ལྟ་ན། cloud messenger ལ་ལྟོས་དང་རྙེད། ཁོང་གི་བརྩམས་དཔེ་གཞན་པ་ཚོའང་དེ་བརྒྱུད་དེ་ཚོལ་དང་རྙེད་སྲིད།
ཨ་རོ། འབྲོག་རྒན་མགོན་ཕྱག།
ངས་བལྟས་ན། ཁྱོ་འདི་དེ་ནས་སྡོད་ནི་ཅན་པོ་མ་རེད། ས་ར་མཐོ་སློབ་དང་ལྦར་རཱ་ནཱ་སི་གཉིས་ཀྱི་གང་རུང་ཞིག་ལ་རྩོམ་རིག་གི་སློབ་དཔོན་ལ་སོང་ན་དགའ་གི།
ས་ར་མཐོ་སློབ་དང་ལྦར་རཱ་ནཱ་སི་གཉིས་ཀ་རྩོམ་རིག་དགེ་རྒན་གྱི་མུ་གེ་བྱུང་ནས་ཡོད་ཟེར་གི། དེ་རུ་ཡོད་པའི་ངེད་ཀྱི་གྲོགས་པོ་རྩོམ་རིག་ལ་དགའ་བ་ཚོས་གསུངས་གི
གཏན་འཇགས་རྩོམ་རིག་སློབ་དཔོན་བྱེད་མ་ཐུབ་རུང༌། ཁྱེད་ཀྱི་གུང་གསེང་གི་སྐབས་ཤིག་དང་བསྟུན་ནས༌། རྒྱ་གར་ལ་ཐེངས་གཅིག་ཕེབས་ནས་ཟླ་ངོ་གཅིག་གཉིས་ཤིག་གི་རིང་ལ་རྩོམ་རིག་གི་སློབ་དཔོན་གནང་ཐུབ་པ་ཡིན་ཕན་ཐོགས་ཆེན་པོ་ཡོད་ཀྱི་རེད་བསམ་གི འདི་ཀུ་རེ་མིན།
སྐུ་ཞབས་གཡུང་དྲུང་ཚེ་བརྟན་ལགས།
དཔྱིད་ཀྱི་ཕོ་ཉའི་ཤོ་ལོ་ཀ་ ༢༢ པ། དང་པོར་ཀནྡ་ལི་ཡི་མེ་ཏོག་ཁ་འབུས་རྣམས་ནི་ཞེས་པའི་ཤོ་ལོ་ཀ་དེའི་རག་ར་རིན་པོ་ཆེའི་འགྲེལ་ཆ་ཚང་འདིར་ཅིག་མི་འབྲི་ཡ། ཨ་དྲིན་ཆེན་དགའ་ལྡན་ནོ།
དབྱིན་ཡིག་ལ་བལྟས་ན། ཀླུ་སྨྱོན་ལགས་ཀྱིས་འདིར་བྲིས་པའི་ཨ་ལགས་དོར་ཞི་ཚང་གི་འགྲེལ་བ་རྒྱབ་ཡོད་པ་ལྟ་བུའི་དེ་འདྲ་སྟབས་བདེ་བོ་དང་ལས་སླ་པོ་ཞིག་མིན་པ་འདྲ་བོ་འདུག འདིའི་སྐབས་དབྱིན་འགྱུར་གཉིས་རྩ་བའི་ཆ་ནས་ཐོ་ཐུག་གི བོད་འགྱུར་ཐོ་མི་ཐུག་གི འབྲོག་དགོན་རྣམས་སུ་མེས་བསྲེགས་ཟེར་བ་དེ་འདྲ་ཞིག་རྩ་ནས་མི་འདུག ད་རུང་མེ་ཏོག་དེ་གཉིས་ཀྱང་དང་པོ་འདི་མཐོང་། དེ་ནས་དེ་མཐོང་ལྟ་བུ་དེ་འདྲ་སྟབས་བདེ་ཞིག་མ་རེད།
ཨ་རོ། རིག་འབྱུང་།
ང་རྩོམ་རིག་གི་སྐོར་ལ་ཨྃ་ཀྲི་ཀྲི་ཞིག་ར་ཤེས་ནི་ཟིག་མིན། རྒྱ་གར་ནང་གནས་སྐབས་ཀྱི་རྩོམ་རིག་དགེ་རྒན་དེ་འདྲ་དགོས་ན། ཧྥ་རན་སི་ན་བོད་ཀྱི་སྙན་ངག་པ་གྲགས་ཆེན་ལྗང་བུ་བཞུགས་ཡོད་པ་རེད། ཁྱེད་ཚོས་གདན་དྲངས་ཐུབ་མི་ཐུབ་མི་ཤེས་མ་གཏོགས།
ལྗང་བུ་ཡོན་ཏན་ཆེན་པོ་རེད་ཅེས་ཁ་པར་བརྒྱུད་རྩོམ་རིག་དཔྱད་བརྗོད་པ་རྒན་པ་ཞིག་གི་ཁ་ནས་གོ རྩོམ་རིག་སྐོར་ལ་ད་བར་ལྗང་བུ་འདྲ་བར་ཐུག་མ་མྱོང་ཟེར་ནས་ད་ལྟ་རྩོམ་རིག་སྐོར་ལ་འབུམ་རམས་པ་འདོན་བཞིན་པ་ཞིག་གི་ཁ་ནས་གོ གཞན་པ་དྷ་སའི་དགེ་རྒན་ཟུར་བ་ཞིག་གིས་ཀྱང་ལྗང་བུས་ཧྥ་རན་སིའི་རྩོམ་པ་པོ་དང་རྩོམ་རིག་སྐོར་ལ་བཤད་རྒྱུ་ལོས་ཡོད་དེ་མཉམ་པོར་ཕྱིན་པ་ཡིན་ན་རྩོམ་པ་པོ་གྲགས་ཆེན་དེ་འདྲའི་སྡོད་ཁང་ཚུན་ཆད་ཅིག་རེད། མིག་རེད་ཟེར་ནས་ངོས་འཛིན་རྒྱུ་དང་བཤད་རྒྱུ་མང་པོ་འདུག་ཟེར།
ངས་ཤེས་པའི་ཁོང་ཡང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་བཤད་དགོས་ན། དེང་རབས་རྩོམ་རིག་བཤད་དགོས་ན། དེ་ནས་རྒྱ་ནག་གི་རྩོམ་རིག ཕྱི་རྒྱལ་གྱི་རྩོམ་རིག་གང་ལ་ཡང་ལྟ་རྒྱ་ཆེན་པོ་ཡོད་པ་རེད།
དེ་མིན་ཁོ་བོད་ཆོལ་ཁ་གསུམ་གྱི་ས་ཁོངས་འདིར་སོང་དང་འདིར་མ་སོང་ཟེར་བ་ཞིག་ཕལ་ཆེར་ཡོད་པ་མ་རེད། མི་སྣ་གྲགས་ཆེན་ཡང་མང་པོ་ཞིག་ལ་ཐུག་ནས་བཅར་འདྲི་བྱས་ཡོད་པ་རེད། མི་དེ་འདྲ་ལ་ཐུག་འདོད་ཀྱི་ཧམ་པ་འདྲ་ཞིག་ལངས་གི་འདུག་སྟེ་ཐུག་ཐུབ་པ་མི་འདུག ང་ཁོང་ལ་མ་ཐུག་པར་ལོ་ཉི་ཤུ་ཡིན།
ད་ཐེངས་ཕ་རེ་སི་ལ་ཕྱིན་སྐབས་ཧྥ་རན་སིའི་ཁོ་ལྷོ་ཕྱོགས་ག་ཤེད་ཅིག་ལ་འདུག ཕ་རེ་སི་ལ་ང་ཐུག་གི་ཡོང་གི་ཡིན་ཟེར་ནས་ངས་ཀྱང་སྐོམ་གདུང་ཞིག་དང་མཉམ་ཁོང་ལ་སྒུག་བསྡད་པ་ཡིན་ཏེ། ཡོང་རྒྱུའི་ཞོགས་པ་དེར་རི་ལི་རྗེས་མ་ཟིན་པར་ཡོང་ཐུབ་མ་སོང་། དེ་ནས་ཐུག་ཐུབ་མ་སོང་།
ངེད་གཉིས་ཕ་ཡུལ་གཅིག་པ་རེད། ཉེ་འབྲེལ་ཡང་ཉེ་བོ་དེ་འདྲ་རེད། ཡིན་ན་ཡང་། ངས་ཁོ་ལ་ངོ་བསྟོད་བྱེད་དགོས་པ་དེ་འདྲ་མེད། ཁོ་ཡར་འཇོག་དགོས་པ་དེ་འདྲའང་མེད། ཁོ་རང་རང་གི་ཡོན་ཏན་གྱིས་བཀྱག་བསྡད་ཡོད་པ་རེད། ཁོ་བཟང་ན་ངན་ན་བོད་ཀྱི་སྙན་ངག་པ་གྲགས་ཆེན་ཙམ་མིན་པར་བོད་ཀྱི་རྩོམ་རིག་གསར་བ་གསར་བཏོད་བྱེད་མཁན་གྱི་དཔུང་སྡེའི་གྲས་ཀྱང་ཡིན་པས་འདིར་ངོ་སྤྲོད་ཐུང་ཙམ་བྱས་པ་ཡིན།
རྩོམ་རིག་དགེ་རྒན་དགོས་ན་ཁོང་གི་རྩར་རྒྱུགས། ངས་རང་ཉིད་ཀློག་པ་པོ་ཞིག་གི་ངོས་ནས་རང་གི་དགའ་སྐྱོའི་ཚོར་བ་གཅིག་པོ་བཤད་བསྡད་ཡོད་པ་རེད། གཞུང་ལུགས་ཀྱི་རྒྱབ་ལྗོངས་དེ་འདྲ་གང་ཡང་ཡོད་པ་མ་རེད། ལག་སྟོང་མཆན་དང་ཅན་སྟོང་རུམ་ཡིན། དེ་ཙམ་གྱིས།
ངས་ཀྱང་ཀུ་རེ་མིན།
མགོན་ཕྱག་ལགས།
རེད་རེད། ཁྱེད་རང་ནས་དགའ་སྐྱོའི་ཚོར་བ་གཅིག་པོ་ཤོད་པ་མ་གཏོགས་གཞུང་ལུགས་ཀྱི་རྒྱབ་ལྗོངས་དེ་འདྲ་མཁྱེན་མཁན་མིན་ལབ་པ་ཡིན་ཙང༌།
ངེད་ལ་ཡང་དམིགས་བསལ་ཞུ་རྒྱུ་མི་འདུག ངེད་རང་སྒེར་ངོས་ནས་ཁྱེད་ཀྱིས་གཞུང་ལུགས་ཀྱི་རྒྱབ་ལྗོངས་དེ་འདྲ་ཡང་མཁྱེན་གྱི་ཡོད་རེད་བསམ་སོང༌།
ངེད་ལ་ཚོར་སྣང་དེ་ཡོང་ས་ནི། ཁྱེད་ཀྱིས་བེ་རི་འཇིགས་མེད་ཀྱི་རྩོམ་ཡིག་དེ་ཚོར་བཏབས་པའི་མཆན་བུ་དེ་དག་ཡིན།
གཞན། ངེད་རང་སྒེར་ལ་ནི་རྩོམ་ཡིག་གི་དགེ་རྒན་འདྲ་བོ་དང་བོད་ཡིག་གི་དགེ་རྒན་དེ་འདྲ་མི་དགོས། ངེད་ཀྱི་སྦྱངས་བྱ་ཡང་བོད་ཡིག་མིན།
གལ་སྲིད། རྗེས་མ་ཞིག་ལ་དེང་རབས་རིག་གནས་ཀྱི་ཁོ་ལག་ཡོངས་སུ་རྫོགས་མཁན་ལྟ་བུ་ཞིག་ཆགས་སོང་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་ཚེ་ཏན་ཞབས་དྲུང་སོགས་ཀྱི་སྔོན་གྱི་བོད་རིགས་མཁས་པ་ཚོའི་ནང་ནས་བོད་ཡིག་གི་དགེ་རྒན་ཞིག་བཙལ་ཨེ་ཐུབ་བལྟ་གི་ཡིན། རང་མོས་སྙན་ངག་འབྲི་མཁན་ལྗང་བུ་ལྟ་བུ་ཞིག་ཡོང་ན། ཚུར་ལ་འཁྲིད་རྒྱུ་དང་ཕར་ལ་བསླབ་རྒྱུ་གཉིས་ཀ་ཡོད་ཀྱི་ཡོད། ཨ་ལ་ཀུ་རེ་ཡིན། བོད་ཡིག་ཤེས་མཁན་ཚོར་གུས་ཞབས་མེད་པ་བྱས་སོང༌།
འདི་ནས་ལྗང་བུ་ལགས་ཀྱི་སྐོར་ནས་ཐུང་ཐུང་ཞིག་ཞུ་འདོད་བྱུང༌།
ངེད་རང་སྒེར་ངོས་ནས་ལྗང་བུ་ཟེར་བའི་མིང་འདི་གོ་བའི་དུས་ཚོད་ནི་ཕལ་ཆེར་ངེད་རང་བྲག་དམར་སློབ་ཆུང་ལོ་རིམ་ལྔ་བ་ཡིན་པའི་སྐབས་རེད།
ཉིན་ཞིག་སློབ་འབྲིང་དུ་ཡོད་པའི་ངེད་ཀྱི་ཕུ་བོ་དེས་ལྫང་བུའི་ལྷུག་རྩོམ་དེབ་ཟེར་བ་ཞིག་འཁྱེར་ནས་བསླེབས་སོང༌། དེ་དུས་ནས་ངེད་རང་རྩོམ་ཀློག་ལ་དབྱིངས་ལྟ་བུ་ཞིག་སླེབས་ཚར་འདུག
ལུ་གུའི་རྩེད་འཇོ་ཟེར་བའི་བྱིས་བའི་རྩོམ་དེབ་དེ་ཚོ་དེ་དུས་ནས་ཀློག་གིན་ཡོད། ལྗང་བུ་ལགས་ཀྱི་དེབ་དེའི་ཁ་ཕྱེས་བ་དང་དུས་བཞི་ཟེར་བའི་རྩོམ་དེ་མིག་ལ་མངོན།
དགའ་སྣང་ཞིག་དང་མཉམ་དུ་ཐེངས་གཅིག་བཀླགས་པ་ཡིན། ཕལ་ཆེར་གོ་བ་ལོན་མ་སོང༌། བཙན་བྱོལ་དུ་སླེབས་རྗེས། སློབ་གྲའི་དཔེ་མཛོད་ནས་ལྷུག་རྩོམ་དེབ་དེ་ལག་ལ་རེག་སོང༌། དེ་དུས་ཞིབ་ཚགས་པོས་ཐེངས་འགར་བཀླགས་པ་ཡིན། ཚིག་སྦྱོར་སྤེལ་སྟངས་དེ་ཧ་ཅང་ནས་ཡིད་འཕྲོག་པ་ཞིག་འདུག གཞན། ནང་དོན་སོགས་ཀྱི་ཆ་ནས་དེ་འདྲ་ཞིག་རེད།
གལ་སྲིད་དེ་རིང་སང་ཉིན་བསྐྱར་དུ་ལྷུག་རྩོམ་དེབ་དེ་ཀློག་དགོས་བྱུང་ན། ཕལ་ཆེར་ངལ་གསོའི་ཚུལ་དུ་ཀློག་རྒྱུ་མ་གཏོགས་གཞན་དེའི་ནང་ན་ལེན་རྒྱུ་ཞིག་མེད་ལབ་ཀྱང་ཧམ་པ་མིན།
འོན་ཀྱང༌། ད་ཕན་ངེད་ཀྱིས་བཀླགས་མྱོང་བའི་ཁོང་གི་རྩོམ་དེབ་ཚོའི་ནང་ནས་ལྷུག་རྩོམ་དེབ་དེ་དྲག་ཤོས་ལྟ་བུ་ཞིག་རེད།
གཞན། རང་མོས་སྙན་ངག་གི་དེབ་གཉིས་འདུག དེབ་དང་པོ་དེ་མི་གོ་གི་ཟེར་མཁན་མང་པོ་བྱུང་བ་རེད། གཉིས་པ་དེ་གོ་མི་གོ་གི་སྐད་ཆ་ཅང་གོ་རྒྱུ་མི་འདུག
འོན་ཀྱང༌། རང་མོས་སྙན་ངག་གི་དེབ་ཕྲེང་གཉིས་པ་དེའི་མཇུག་བྱང་དུ། ལྗང་བུ་ལགས་ཀྱིས་ཁོང་གིས་བདམས་པའི་འཚོ་སྡོད་ཀྱི་ལག་རྩལ་དེ་ནོར་བ་ཡིན་པའི་གནོང་འགྱོད་ལྟ་བུ་ཞིག་ཀྱང་བྱས་འདུག འོན་ཀྱང༌། ལས་གང་ཞིག་ལ་འཇུས་ཚར་བའི་རྗེས་སུ་དེ་མི་གཏོང་བ་ནི་ཕོ་སྐྱེས་དར་མའི་རང་གཤིས་ཡིན་ལབ་ནས་གླེན་བཤད་ཞིག་ཀྱང་ཞོར་ལ་བྱས་འདུག
དེ་ནས། ཁོང་གིས་དངོས་ཡོད་སྒྱུ་འཕྲུལ་རང་ལུགས་ཡིན་ཟེར་ནས༌། སོག་རུས་ལས་མཆེད་པའི་རྣམ་ཤེས་སོགས་བརྩམས་སྒྲུང་ཁ་ཤས་བྲིས་བ་རེད་ལ་དེ་དག་ལ་བོད་ནང་དུ་ཅུང་སྐད་གྲགས་ཀྱང་ཆགས་པ་རེད། སོག་རུས་ལས་མཆེད་པའི་རྣམ་ཤེས་དེའི་རྒྱབ་ན་སོག་པོའིཞེན་ཁོག་གི་ཚོར་བ་ཞིག་ཀྱང་མངོན་ཡོད་པ་རེད། སོག་པོ་ཡིན་ཟེར་མཁན་སོག་པོའི་སྐད་ཡིག་མི་ཤེས་མཁན་རྨ་ལྷོ་སོག་རྫོང་གི་་མི་མང་བརྒྱ་ཆའི་དགུ་བཅུ་རེད། རྨ་ལྷོ་སོག་རྫོང་གི་སྐོར་ནས་ཐུང་ཐུང་ཞིག་རྗེས་ལ་ཞུ་གི་ཡིན།
ལྗང་བུ་ལགས་ནས་གཞུང་ལུགས་ཀྱི་རྒྱབ་རྩ་འདྲ་བོ་ཞིག་གཞི་ལ་བཞག་ནས་བརྩམས་པ་ཞིག་ད་ཕན་ངེད་ཀྱིས་ནི་མཐོང་མ་སོང་ལ་གོ་ཡང་མ་སོང༌། ཡོད་ན་ནི།
ཕལ་ཆེར་ས་ཁར་ཐོན་ཡོང་གི་རེད་མ་གཏོགས་ས་འོག་ནས་ལྷག་བསྡད་ཀྱི་མ་རེད་བསམ་གི་ མ་རེད་དམ། གཞན། ལྗང་བུ་ལགས་གཙོས་བའི་ཁོང་གི་སྤུན་མཆེད་ཚོས་གཙོ་སྒྲིག་གནང་བཞིན་པའི་ད་ལྟ་བ་ཟེར་བའི་དུས་དེབ་དེ་ཡག་པོ་འདུག གང་ལྟར་ལྗང་བུ་ལགས་རང་མོས་སྙན་ངག་འབྲི་མཁན་རྒན་པ་ཞིག་རེད། ངེད་ཀྱིས་ཚད་འདི་འདྲ་ཞིག་ལ་རྒྱག་གི་ཡོད།
གཞན། ལྗང་བུ་ལགས་བླ་མ་ནང་བཞིན་བཀུར་མཁན་ཡང་བོད་ནང་ན་ཡོད་རེད། དེ་ཚོ་མང་ཆེ་བ་རང་མོས་སྙན་ངག་འབྲི་མཁན་གྱི་གཞོན་སྐྱེས་ཚོ་རེད།
བོད་ནང་གི་ཤེས་ཡོན་པ་རྒན་པ་ཚོར། ལྗང་བུ་ལགས་སྙན་ངག་པ་གྲགས་ཅན་རེད་ལབ་ན༌། ཕལ་ཆེར་ཁོང་དགོད་བྱེད་ཀྱི་རེད། ད་དུང་མཁས་པ་འདྲ་བོ་རེད་ལབ་ན།
བགད་མོ་གཏིང་ནས་དགོད་ཀྱི་རེད། རྒྱུ་མཚན། ངེད་རང་སྒེར་ངོས་ནས། བོད་ནང་གི་ཤེས་ཡོན་པ་རྒན་པ་ཁ་ཤས་ལ་་འདིའི་སྐོར་ནས་གླེང་མོལ་བྱུང༌།
དེ་ནས་ལྗང་བུའི་མི་གཞིའི་སྐོར་ནས་ཅུང་གླེང་གི་ཡིན།
ལྗང་བུ་ལགས་ཀྱིས་བོད་ཁམས་ཡོང་ལ་ཞལ་འདེབས་ཤིག་བསྡུས་བ་རེད། ཞལ་འདེབས་བསྡུས་ཚར་བའི་རྗེས་སུ་གོ་རྒྱུ་གྲགས་རྒྱུ་མེད་པ་ཆགས་རེད།
ཁོང་གི་སློབ་གྲོགས་མང་པོས་ཞལ་འདེབས་བསྡུ་རོགས་བྱས་བ་རེད། ཞལ་འདེབས་བསྡུས་ཚར་བའི་རྗེས་སུ་གོ་རྒྱུ་གྲགས་རྒྱུ་མེད་པ་ཚགས་ཙང༌།
ཁོང་གི་སློབ་གྲོགས་མང་པོར་བློ་ཕམ་བྱུང་ཡོད་པ་མ་ཟད་ཁོང་དང་གྲོགས་པའི་འབྲེལ་བ་བཅད་པ་ཡང་མང་པོ་ཡོད་པ་རེད། སྔར་ཁོང་དང་གྲོགས་པོ་ཡིན་པ་དང་དེང་སང་འབྲེལ་བ་མེད་པ་མང་ཆེ་བ་མདོ་སྨད་ཟི་ལིང་དང་པེ་ཅིང་སོགས་ན་ལས་དོན་གཉེར་མཁན་གྱི་ཤེས་ཡོན་པ་རྐྱང་རེད།
རྗེས་སུ༌། འབྲོང་གི་ཤི་རྐྱེན་ཟེར་བའི་ཁོང་གི་རང་མོས་སྙན་ངག་དེ་ཞལ་འདེབས་དེ་ལམ་ལ་མ་སོང་བའི་རྒྱུ་རྐྱེན་གྱི་སྐོར་ནས་རེད་ཟེར་བའི་གསར་འགྱུར་ཞིག་ཀྱང་གང་སར་ཁྱབ་པ་རེད། རྒྱ་སྒོར་སྟོང་ཕྲག་འགའི་ཚབ་རང་མོས་སྙན་ངག་གཅིག་གིས་བྱེད་ཐུབ་ན༌། དེས་ཡན་ན་སྐྱིད་ཅིག་གང་ན་ཡོད།
ཨོ༌། དེ་ནས་སྐུ་ཉིད་ཀྱིས། ལྗང་བུ་ལགས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག རྒྱ་ནག་གི་རྩོམ་རིག ཕྱི་རྒྱལ་གྱི་རྩོམ་རིག་སོགས་ལ་ལྟ་རྒྱ་ཆེན་པོ་རེད་གསུངས་འདུག
སྐུ་མཁྱེན༌། བལྟ་རྒྱ་ཆེན་པོ་ཡིན་པའི་ཁུངས་སྐྱེལ་གྱི་ཆེད་དུ། ཁོང་ནས་བརྩམས་གནང་བའི་རྩོམ་ཐེར་གཅིག་ཀློག་པ་པོ་ཚོའི་མདུན་ལ་འཇོག་རོགས
གཞན་གོ་སོང་དང་ཐོས་སོང༌། ཟེར་གི། ཉེ་འབྲེལ་ཡིན་སོགས་ཀྱི་སྐད་ཆ་དེ་བསྐྱར་དུ་ངའི་མདུན་ལ་འཁྱེར་མ་ཡོང༌། གནས་སྐབས་ལ་དེ་ཙམ་ཡིན།
དོ་དགོང་ང་ཅུང་ཙམ་ར་བཟི་འདུག
མདའ་ཚན་པ་ལགས།
གློག་ཕྲེང་མའི་ནང༌།
དང་པོར་ཀནྡལ་ཡི་མེ་ཏོག སོགས་ནི། ཀྭ་ཡེ་ཆུ་འཛིན། རི་དྭགས་སཱརཾ་ག་དང་ཤྭ་བ་དང་གླང་པོའི་ཚོགས་ཀྱི༼འདི་ཀྱིས་ཡིན་དགོས་འདུག་སྙམ།༽ཕྱེད་ཙམ་ཁ་འབུས་པའི་ཀདམྦའི་མེ་ཏོག་ལྗང་ཞིང་དཀར་བ་ལ་ལྟ་ཞིང༌། ཆུ་བོའི་ངོགས་སུ་གསར་དུ་སྐྱེས་པའི་ཀནྡལཱི་*ཟའ་བཞིན་དུ་འབྲོག་དགོན་པའི་ས་ཡི་དྲི་ཞིམ་དང་ལྡན་པའི་ཆར་འབེབ་པ་ཁྱོད་ལ་དེ་དག་གིས་ལམ་སྟོན་པར་འགྱུར་རོ།།
*ཀནྡལཱི་ནི། ནགས་ཀྱི་སྡོང་བུ་ཞིག* ཅེས་འདུག
གཡུང་དྲུང་ཚེ་བརྟན་ལགས་ཐུགས་རྗེ་ཆེ། རག་རའི་གློག་ཕྲེང་མས་ང་ལྷག་ཏུ་འཐོམས་བཅུག་སོང་། ཤྭ་བ་དང་གླང་བོ་ཟེར་བ་འདི་འདྲ་བོད་ཡིག་ནང་མི་འདུག དབྱིན་ཡིག་ནང་ཡང་མི་འདུག
རག་རའི་རེ་འདོད་བཞིན་བྱས་ན་བོད་ཡིག་འབྲི་སྟངས་ཕྱེད་ཀ་ལེགས་སྦྱར་ནང་བཞིན་འབྲི་དགོས་ཀྱི་ཡོད་བསམས་སོང་། དེ་ལུགས་ཀྱི་བརྡ་དག་ཅིག་རག་ར་ལོ་གཞོན་ཡིན་དུས་བརྩམས་ཚུལ་ཞིག་དགེ་ཆོས་ཀྱི་རབ་བྱེད་ནང་ཡོད།
རིག་འབྱུང་ལགས། ཁྱེད་རང་གི་མཆན་འདི་ངས་དེ་རིང་བར་དུ་མཐོང་མི་འདུག ང་རང་གི་མཆན་ཞིག་རེད་བསམས་སོང་། ཁྱེད་རང་གིས་བཤད་པ་ལྟར་ལྗང་བུའི་རྩོམ་མི་གོ་གི་ཟེར་མཁན་མང་པོ་ཡོད་པ་རེད། ཁོ་རང་གི་རྩོམ་སྔོན་མ་ཚོ་དེ་འདྲའི་གོ་དཀའ་མོ་མ་རེད། ངའིདྲན་པ་ལྟར་ན་དང་པོ་ཁོས་ཚགས་པར་ཅིག་གི་ནང་གླུ་ཞིག་བཀོད་པ་ཡིན་བསམ་སོང་། དེའི་རྗེས་ལ་ཀ་རྩོམ་ཞིག་བྲིས་པ་མིན་འགྲོ། རང་མོས་སྙན་ངག་དང་པོ་དེ་རྩྭ་ཐང་གི་མགྱོགས་བྲིས་ཟེར་བ་དེ་ཡིན་བསམས་སོང་། དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དང་གཉིས་སྔ་ཕྱི་བྱས་ནས་ཡོང་བ་རེད། ཁོའི་རྩོམ་སྔོན་མ་ཚོ་དཔེ་སྙན་པོ་ཡོད་པ་རེད། དོན་འགྲུབ་རྒྱལ་གྱི་སྙན་ངག་འབྲི་སྟངས་དང་གཉིས་རྦད་དེ་ལོགས་ཀ་རེད། གང་ལྟ་ཁོང་སྙན་ངག་གསར་བ་གསར་བཏོད་བྱེད་མཁན་གྱི་གྲས་རེད། བོད་ནང་དངོས་ཡོད་སྒྱུ་འཕྲུལ་གྱི་རྩོམ་གྱི་གསར་བཏོད་པ་ད་ཕལ་ཆེར་ལྗང་བུ་མིན་འགྲོ།
ཁོ་སྔོན་མ་བོད་ཀྱི་ས་ཆ་གང་སར་འགྲོ་གི་ཡིན་ལབ་ནས་ཞལ་འདེབས་སྤྲད་མཁན་དེ་འདྲ་གང་འཚམས་བྱུང་ཡོད་པ་འདྲ། དེ་ནས་ཆ་རྐྱེན་སོགས་ཀྱིས་འདང་མ་འདང་བྱས་འགྲོ་ཐུབ་མི་འདུག་ཀྱང་། རྗེས་སུ་གོ་སྐབས་བཙལ་ནས་བོད་ས་སྟོད་སྨད་བར་གསུམ་ཚང་མར་ཕྱིན་འདུག ཟིན་བྲིས་ཀྱི་བྲིས་དེབ་ཆེན་པོ་འགའ་ཤས་ཤིག་ཡོད་ཟེར།
ད་ལྟ་ད་རུང་སྙན་ངག་འབྲི་གི་ཡོད་པ་འདྲ། གཙོ་བོ་གློག་བརྙན་བཟོ་གི་ཡོད་པ་རེད་ཟེར། སྔགས་པ་ཟེར་བ་ཞིག དེ་ནས་མཚོ་སྔོན་མིན་ནམ་ཅིག་བཟོས་པ་རེད་ཟེར། ངའོ་ངོ་ཤེས་ཤིག་ནས་བཤད་ན། ཁོ་རང་གིས་བཟོས་པའི་གློག་བརྙན་ལ་བལྟས་ནས་ཁོ་རང་ངུ་གི་འདུག་ཟེར།
ད་སང་ཉིན་ཁྱེད་ཚོར་ཉན་འདོད་ཡོད་ན་ངས་སྒྲུང་ཤིག་བཤད། སྔོན་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ནས་ལྗང་བ་མཐར་ཕྱིན་པའི་ལོར། ཁོས་མོ་བཏབ་ནས་ང་དང་ཚེ་རིང་དོན་འགྲུབ་གཞན་ངེད་ཚོ་རོགས་པ་ཁ་ཤས་ཤིག་ཤིང་ཏོག་བརྐུ་བར་ཕྱིན་པའི་སྒྲུང་ཞིག་བཤད།
ཨ་རོ། མགོན་ཕྱག
ེད་ལྗང་བུའི་སྐོར་ནས་མི་བཤད། ཁྱེད་ལ་མཚོན་ན། ཁོང་སྙན་ངག་པ་གྲགས་ཅན་དང་མཁས་པ་དེ་འདྲ་རེད།
ངེད་ལ་མཚོན་ན། རང་མོས་སྙན་ངག་འབྲི་མཁན་རྒན་པ་ཞིག་རེད། འདི་འུ་གཉིས་ཀྱི་ལྟ་ཚུལ་མི་མཐུན་ས་རེད།
ཁོང་ནས་བཟོས་བའི་གློག་བརྙན་རྗེས་མ་དེའི་མིང་ལ་མཚོ་སྔོན་མ་རེད། མཚོ་སྔོན་པོ་རེད།
གཞན། ཞལ་འདེབས་ཀྱི་སྐད་ཆ་དེ་ཚོའི་རིགས་བསྐྱར་དུ་གླེང་གི་མིན། ཁ་སང་དགོང་མོ་ང་རང་ཅུང་ཙམ་ར་བཟི་ནས་བཤད་དགོས་རྒྱུ་མི་དགོས་རྒྱུ་གཉིས་ཀ་བཤད་པ་རེད།
ལྗང་བུའི་མི་སྒེར་གྱི་སྐོར་ཁྱེད་རང་ལ་གསལ་ཆ་ང་ལས་ཆེ་ཁོ་ཐག་རེད།
ཁོང་ནི་ཁྱེད་ཀྱི་ཉེ་འབྲེལ་རེད། སློབ་གྲོགས་རེད། སྐྱེས་ཡུལ་གཅིག་གི་མི་ཡང་རེད། ངེད་རང་ནི་རྨ་ལྷོ་སོག་རྫོང་ནས་འཚར་ལོངས་བྱུང་མྱོང་མཁན་ཞིག་རེད་མ་གཏོགས་དེ་ཚོའི་སྐོར་མང་པོ་མི་ཤེས། ཤེས་ན་ཡང་དེ་ཙམ་རེད། ད་དེ་ཚོ་ཕར་ལ་གཡུག་ཞོག དེ་ལས་ཁྱེད་ཀྱིས་སྒྲུང་དེ་བཤད་དང་ཉན་གི་ཡིན།
ཨ་རོ་རིག་འབྱུང་མཁས་མི་མཁས་དེ་ལྟ་ཚུལ་ཅང་ཡིན་རྒྱུ་མ་རེད། མི་མི་མཁས་པ་ཞིག་གིས་བལྟས་ན་མཁས་པར་མཐོང་བ་དེ་མཁས་པ་ཞིག་གིས་བལྟས་ན་མཁས་པ་མིན་པར་མཐོང་བ་དེ་འདྲ་རེད། ད་བར་ལྗང་བུ་མཁས་པ་རེད་ཟེར་མཁན་དེ་འདྲ་གཅིག་ཀྱང་གོ་མ་མྱོང་། ཡོན་ཏན་ཆེན་པོ་རེད་ཟེར་མཁན་དེ་པད་མ་འབུམ་རེད། རྩོམ་རིག་སྐོར་ཁོ་ཧ་ལས་པ་རེད་ཟེར་མཁན་དེ་ལོན་ཊོན་གྱི་བླ་མ་སྐྱབས་རེད། ངས་ཁོ་མཁས་མི་མཁས་མི་ཤེས། མ་ཐུག་ག་ལོ་མང་པོ་ཕྱིན་སོང་། ངས་ཁོ་རྒྱལ་སྤྱིའི་རྩོམ་རིག རྒྱ་ནག་གི་རྩོམ་རིག བོད་ཀྱི་གནང་དེང་གི་རྩོམ་རིག་ལ་ལྟ་རྒྱ་ཐོས་རྒྱ་ཆེན་པོ་རེད་བཤད་ཡོད། གཞན་མཁས་པ་ཞིག་གིས་བལྟས་ན་དེ་འདྲ་ཡིན་རྒྱུ་མ་རེད། འདི་གོང་གསལ་གྱི་ངའི་སྐད་ཆ་དེ་ཚོར་གསལ་བཤད་ཙམ་ཡིན། རྗེས་མའི་ནང་སྒྲུང་འབྲི།
རེད་རེད། སྙན་ངག་ལ་དབྱིངས་ཡོད་མཁན་ཞིག་གི་སེམས་ན་སྙན་ངག་འབྲི་མཁན་རྒན་པ་དེ་ཚོར་རིན་ཐང་དམིགས་བསལ་ཞིག་ཡོད་རྒྱུ་རེད།
ལོ་རྒྱུས་ལ་དབྱིངས་ཡོད་ཚོའི་སེམས་ན་ལོ་རྒྱུས་འབྲི་མཁན་རྒན་པ་དེ་ཚོར་རིན་ཐང་དམིགས་བསལ་ཞིག་ཡོད་རྒྱུ་རེད།
འོ་ན། ཁྱེད་རང་སྒེར་ལ། ལྗང་བུ་ལགས་རྒྱལ་སྤྱིའི་རྩོམ་རིག་དང་རྒྱ་ནག་གི་རྩོམ་རིག བོད་ཀྱི་གནའ་དེང་རྩོམ་རིག་བཅས་ལ་བལྟ་རྒྱ་མཐོང་རྒྱ་ཆེན་པོ་ཡོད་པའི་ཁུངས་སྐྱེལ་ཅི་ཡོད།
ཁོང་ནས་བརྩམས་གནང་བ་ཞིག་སྟོན་རྒྱུ་ཡོད་དམ། ཡང་ན་ཁོང་ནས་བོད་རིགས་པའི་ཞིབ་འཇུག་ཚོགས་འདུ་སོགས་སུ་སྙན་སྒྲོན་བྱས་བ་ཞིག་སྒྲ་ཐག་ན་ཡོད་དམ།
འདི་ཁྱེད་རང་སྒེར་གྱི་རྨོངས་འཆར་འདྲ་བོ་ཞིག་ཡིན་ནམ། འདིའི་ཁུངས་སྐྱེལ་གྱི་ཆེད་དུ་ཁྱེད་རང་ལ་རྩོམ་ཐེར་གཅིག་ཀློག་པ་པོ་ཚོའི་མདུན་ལ་འཇོག་རྒྱུ་ཡོད་ན་དགའ་བསུ་ཡོད། དེ་མིན་དམིགས་བསལ་ཞུ་རྒྱུ་མེད།
ལོ་ཚིགས་ཏག་ཏག་ཅིག་མི་དྲན་གི ༡༩༨༠ བར་དེ་བ་ཅིག་མིན་འགྲོ ལྗང་བུ་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པ་རེད། ད་ལྟ་བོད་ནང་དཔེ་ཆ་འབྲི་བཞིན་པའི་རྡོ་རྗེ་རྒྱལ་དང་ཁོ་ཚོ་སློབ་གྲོགས་རེད། ལྗང་བུ་དང་ཁོ་གཉིས་འཛིན་གྲྭའི་ནང་ཡག་ཤོས་རེད་ཟེར། དེ་ནས་མཐར་ཕྱིན་ཏེ་སློབ་གྲྭ་ཕྱིར་འཚོགས་རན་མ་རན་ཞིག་རེད། ངེད་ཚོའི་རྫོང་གི་སློབ་མ་རྡོག་མ་ཁ་ཤས་ཤིག་ཡོད་པ་དེ་ཚོ་ཚང་མ་སློབ་གྲྭར་འབྱོར་ཡོད་ཀྱང་སློབ་མ་གཞན་རྣམས་ད་རུང་འབྱོར་མེད་པ་འདྲ་ཞིག་འདུག དེ་བས་ངེད་ཚོ་ཚང་མ་ཁང་པ་གཅིག་གི་ནང་ཉལ་བ་ཡིན། ལྗང་བུ་སློབ་མཐར་ཕྱིན་ཟིན་པ་རེད། དེའི་སྐབས་ཅིའི་ཕྱིར་ཡོང་བ་མི་དྲན་ཡང་ངེད་ཚོ་མཉམ་པོ་ཡོད། རྩོམ་པ་པོ་ཚེ་རིང་དོན་འགྲུབ་ཀྱང་ཡོད་པ་རེད། ཁོས་དེ་དུས་ནས་བརྩམས་སྒྲུང་དེ་འདྲ་འབྲི་གི་འདུག ཁོ་འཛིན་གྲྭའི་ནང་ཞེ་དྲག་ཡག་པོ་ཡོད་པ་མ་རེད།
ཆར་བ་བབས་པའི་དགོང་མོ་ཞིག་ངེད་ཚོས་གྲོས་བྱས་ནས་ཆང་བ་ལི་རྐུ་གི་འགྲོ་ལབ་པ་ཡིན། སུ་ཡིན་མ་ཤེས་གཅིག་གིས་དགེ་རྒན་ཁྲིན་ཆིན་གྱི་སྒོ་ཁ་ན་ཆང་བ་ལིའི་ཤིང་སྡོང་ཞིག་ཡོད་པ་རེད། དེ་འགྲོ་ཟེར། གཞན་ཞིག་གིས་སློབ་གྲྭའི་ར་སྐོར་ནང་ན་ཡོད་པའི་ཤིང་ཏོག་གི་ར་ནང་ང་མཆོངས་དགོས་ཟེར།
དེ་ནས་ལྗང་བུ་ཉལ་ས་ནང་ནས་ཡར་དགྱེ་ཙམ་བྱས་ནས་ཁྱེད་ཚོ་རྐུ་བྱེད་གི་འགྲོ་ན་ངས་མོ་རྒྱག་དགོས་ཟེར། མོ་ཇི་ལྟར་བརྒྱབས་མིན་མི་དྲན་ཡང་། ཁོས་སློབ་གྲྭའི་ཤིང་ར་ནང་ང་མཆོངས་ན་མོ་ཡག་པོ་འདུག་ཟེར། དེ་ནས་ང་དང་ཚེ་རིང་དོན་འགྲུབ ལུ་གུ སྐལ་ཁོ་དང་ངེད་ཚོ་བཞི་སློབ་གྲྭའི་ཤིང་ར་ནང་ང་མཆོངས་གི་ཕྱིན་པ་ཡིན།
ངེད་གྱང་རྩ་དེད་ནས་ཕར་འགྲོ་སྐབས་ཆར་ལྭ་གོན་ཞིང་ལག་ལ་གློག་དཀར་བཟུང་བ་གཉིས་ངེད་ཚོའི་མདུན་ཕྱོགས་ནས་ཚུར་ཡོང་སྟེ་ཕར་རྒྱབ་ཕྱོགས་སུ་ཕྱིན་སོང་། ཨ་ཁུ་འབྲོག་རྡང་ཚོས་དེ་གཉིས་ཤིང་ར་སྲུང་མཁན་ཡིན་མིན་ལ་དྭོགས་པ་ཙམ་ཡང་ཟ་མ་སོང་།
དེ་ནས་ཕར་ཙམ་ཕྱིན་ཏེ་གྱང་དམའ་ས་ཞིག་ནས་ནང་ལ་མཆོངས་པ་ཡིན། མཆོངས་ནས་ཤིང་ཏོག་བཏོགས་ལོང་མ་བྱུང་བར་སུ་ཞིག་གིས་ཕྱི་ལོགས་ནས་སྐད་རྒྱབ་ཏེ་གློག་བཞུ་སྤར་ནས་ཚུར་ཡོང་གི་འདུག ངེད་ཚོ་ཡང་མགྱོགས་པོར་ཁ་འཐོར་ནས་རང་རང་གི་ས་རུ་ཡིབ་ཏུ་ཕྱིན། ང་མར་ཕྱོགས་གཞུང་ལམ་ཕྱོགས་ཀྱི་གྱང་མཐོན་པོ་དེའི་རྩ་དེད་ནས་བྲོས་ཕྱིན་ཏེ་ཤིང་སྡོང་ཞིག་གི་རྩེར་འཛེགས། དེ་ནས་ཤིང་སྡོང་གི་ཡལ་འདབ་གྱང་ཁ་ནས་ཕྱི་རུ་བརྒྱངས་བསྡད་ཡོད་པ་ཞིག་ལ་འཇུས་ཏེ་ཕྱི་ལོགས་སུ་ལས་སླ་པོར་ཐར་སོང་།
ང་ནང་ལ་ཡོང་བ་ཡིན། གཞན་སུ་གང་ཡང་སླེབས་མི་འདུག ངས་གནས་ཚུལ་ཚང་མ་ལྗང་བུར་བཤད་རྗེས། ཁོས་ཁྱེད་རང་མར་ཅིག་ལྟ་གི་ཕྱིན་ར་ཟེར། ང་ནག་ཁུང་ནང་ནས་མར་ཕྱིན་སྐབས་མི་ཅིག་ནག་ཡོར་ཡོར་ཡར་ཡོང་གི་འདུག འཁྲིས་ལ་སླེབས་དང་སྐལ་ཁོ་ཡིན་པ་ཧ་གོ་སོང་། དེ་ནས་ངེད་གཉིས་ཕྱིར་ཡོང་། ཁོ་གྱང་མཐོན་པོའི་ཁ་ནས་ཕྱིར་མཆོངས་ཏེ་ལག་པའི་མཐེ་བོང་གཅིག་སྔོན་པོ་ཆགས་འདུག ཁོས་ཀྱང་རོགས་གཉིས་ཀྱི་སྐོར་གང་ཡང་ཤེས་མི་འདུག
དེ་ནས་ངེད་ཚོ་གང་འཚམས་བསྡད་པ་དང་ཚེ་པ་སླེབས་སོང་། ངེད་གཉིས་བཟུང་སོང་། ང་ཁྱེད་གཉིས་ཁྲིད་ཤོག་ཟེར་ནས་བཏང་སོང་ཟེར། དེ་ལྟར་མཐར་ངེད་ཚོ་ཚང་མ་འཇུས་པ་རེད།
རྗེས་ནས་ངས་ཁྱེད་ཚོ་འབྲོ་མ་ཐུབ་པས་ང་ཚོ་ཚང་མ་འཇུས་པ་རེད་ལབ་པ་ཡིན། ཚེ་པས་ང་ཚུར་ཕྱོགས་ཀྱི་གྱང་རྩ་ནས་མཆོངས་ཆོག་ཆོག་བྱས་བསྡད་པ་ཡིན། དེ་ནས་ཁོ་ཚོས་ལུ་གུ་འཇུས་ནས་ལུ་གུས་ངུ་སྐད་ཅིག་རྒྱབ་སོང་བས་ང་ལམ་སང་གདོང་ལ་བུད་པ་ཡིན་ཟེར། ངས་ཚུར་ཕྱོགས་ཀྱི་གྱང་ཁ་ཚང་མར་ཚེར་མ་བཞག་ཡོད་པས་ཁྱོད་ཅི་ལྟར་མཆོངས་ཐུབ་ལད་པར། ཁོས་ཨོ་དེ་ངས་རྐང་ཐོས་གཅིག་རྒྱབ་ནས་གཡུགས་ཆོག་གི་རེད་ཟེར། དོན་དངོས་སུ་གྱང་ཁའི་ཚེར་མ་དེ་ཚོ་ཕར་གཡུགས་རྒྱུ་ལས་སླ་པོ་ཡོད་པ་མ་རེད། གྱང་ཁ་ལ་འདམ་བག་གིས་ཞལ་བ་བྱས་པའི་ནང་ཚེར་མ་བཙུགས་ནས་མཁྲེགས་པོ་ཆགས་ཡོད་པ་རེད། ལྗང་བུའི་མོ་ཡིས་མ་རིག་པར་ངེད་ཚོ་འཛིན་བྱུང་བའི་སྒྲུང་འདི་ནས་མཇུག་བསྡུ་གི་ཡིན། ལྗང་བུ་དང་ཚེ་རིང་དོན་འགྲུབ་གཉིས་ཀྱི་སྐོར་ཤེས་འདོད་ཅན་ཚོར་ཆུ་ཐིགས་གཅིག་གི་ཁ་སྣོན་ཡིན།
ལྟ་རྒྱ་ཐོས་རྒྱ་ཆེ་བའི་ཁུངས་སྐྱེལ་དེ་ང་རང་བཞག་ན་འགྲིགས། ངས་ཁོ་ཤེས།
འདི་འབྲི་གི་འབྲི་གི་རྩོམ་རིག་པ་ཞིག་ལ་ཁ་བརྡ་བྱེད་གི་ཡོད། མི་དེའང་དྲ་གནས་འདིའི་ཐོག་སླེབས་ནས་རྩོམ་རིག་གི་སྐོར་གླེང་གི་འདུག ལྗང་བུ་ལྟ་རྒྱ་ཐོས་རྒྱ་ཆེ་མིན་ཁོའི་རྩོམ་ལ་བལྟས་ནའང་ཡག་པོ་ཤེས་གི་རེད་ཟེར་གི་འདུག ངས་ཁོ་ལ་ལྗང་བུའི་རྩོམ་ཁག་པོ་ཡོད་པའི་སྐོར་བཤད་པར། ཁོས་ཁྱེད་རང་གིས་ནུབ་ཕྱོགས་པའི་ཤེར་རྟོགས་རིག་པ་དང་རྩོམ་འགྲོས་ཡག་པོ་ཞིག་ཤེས་པ་ཡིན་ན་ལས་སླ་རུ་འགྲོ་གི་རེད་ཟེར། ཁོས་ལྗང་བུའི་སྙན་ངག་ཀློག་གི་ཀློག་གི་འགྲེལ་བཤད་མང་པོ་ཞིག་བརྒྱབས་སོང་།
ལྗང་བུས་སོག་མོ་བཏབ་ཡིན་རྒྱུ་རེད། ཉམས་ལེན་དང་ཡིད་ཆེས་ཡག་པོ་མེད་ན་སོག་མོ་དེས་ཀྱང་ཅང་མི་རིག་ཡ། དགོང་མོ་དེར་ཁྱོད་ཚོ་ཚང་མ་སོག་མོ་ལས་མཆེད་པའི་རྣམ་ཤེས་མགོ་འཁོར་ཏག་ཏག་ཏུ་གྱུར་སོང་བ་རེད། ང་ཡང་ཆུང་དུས་སློབ་གྲྭ་ན་ཡོད་ནས་ཉལ་གྲོགས་རྒན་པ་ཚོས་བཙན་ཚུགས་བྱས་ནས་ནམ་གུང་ཞོག་ཁོག་བརྐུ་བར་མངགས་པ་རེད། ང་རང་ཆུང་ཤོས་ཡིན་པས་ཁོ་ཚོར་སྐྲག་གི་ཡོད། ཁོ་ཚོས་ང་གཅིག་པོ་མངགས་པ་རེད། སློབ་གྲྭའི་རྒྱབ་ལོགས་ན་ས་དོང་གཏིང་རིང་ཞིག་ཡོད་པའི་ནང་དུ་ཞོག་ཁོག་བླུགས་ཡོད་པ་རེད། དེ་དུས་དགུན་ཁ་རེད། ཕལ་ཆེར་ཞོག་ཁོག་མི་འཁངས་པའི་ཆེད་དུ་ཡིན་པ་འདྲ། ང་རང་མུན་ནག་ཁྲོད་ཀྱི་ས་དོང་འཇིགས་སུ་རུང་བ་དེའི་ནང་དུ་འཛུལ་མ་ཐུབ་ནས་སྐར་མ་འགའ་ལ་བསྡད། དེ་ནས་ཉལ་གྲོགས་ཚོའི་གདུག་རྩུབ་ཆེ་བའི་ངོ་གདོང་དང་སྐད་གདངས་ཡིད་ངོར་ཤར་ནས་མི་འགྲོ་ཐབས་མེད་བྱུང་། སྙིང་ཁ་ནས་ཐོན་ཏེ་ཤི་གྲབས་བྱས། རྗེས་མ་ཞིག་ལ་ཡང་ཁོ་ཚོས་ཇ་ཁང་གི་སྒེའུ་ཁུང་ཤེལ་སྒོ་བཅག་པའི་ཤུལ་ནས་ཁྱོད་ཆུང་ཆུང་རེད་ཐར་གི་རེད་ཟེར་ནས་ང་འབུད་རྒྱག་དང་བཅས་ནང་ལ་བརྫངས་ཏེ་ཅོང་རྡོག་དང་མར་ལེབ་བརྐུ་རུ་བཅུག་པ་དང་། ཕྱི་ཉིན་སློབ་གྲྭ་ཡོངས་རྫོགས་འཚོགས་ནས་ངེད་ཅག་ལ་དགེ་རྒན་གྱིས་སྨྱུག་མ་རིང་བོ་ཞིག་བྲབས། ང་རང་དེ་དུས་གསུམ་བཟང་སློབ་མའི་གྲས་སུ་ཡོད་པས་ཉི་མ་དེ་ངོ་ཚ་བོ་ཞེ་དྲགས་བྱུང་། ཉིན་ཞིག་ཉལ་གྲོགས་ཤིག་གིས་ངའི་གཉའ་ནས་འཇུས་ཏེ་ངོ་གདོང་ལྕགས་ཐབ་ཀྱི་གྲུ་ཟུར་དུ་བརྡབས་ནས་ཁྲག་རྫོགས་མེད་ཅིག་ཐོན་ཅིང་དེའི་རྨ་ཤུལ་ད་དུང་གདོང་ན་ལུས་ཡོད། ཡང་དགུང་གཞུང་ཁ་བ་ཆེན་པོ་བབས་ཡོད་པའི་ཉིན་ཞིག་ཉལ་གྲོགས་ཤིག་རྒན་པ་ཞིག་གིས་ང་རང་རྐང་རྗེན་ལ་ལག་ཏུ་ཧ་ཡང་གི་དེམ་ཞིག་བཞག་ནས་སློབ་གྲྭའི་ཕྱི་རོལ་ན་ཡོད་པའི་ཆུ་ཁར་འཐུང་ཆུ་ལེན་དུ་མངགས་པ་སོགས་བྱས་པས། མཐའ་མར་འུ་ཐུག་ནས་ནང་ལ་བྲོས་ཕྱིན་པ་ཡིན། འོན་ཀྱང་རྗེས་སུ་དགེ་རྒན་གཉིས་ངེད་ཚང་ལ་ཡོང་ནས་ཁྱོད་ཚང་གི་ཞི་ལི་སློབ་སྦྱོང་ལ་བཟང་གི་བཟང་རབས་ལུང་བ་གང་བཤད་ནས་ཡང་སྐྱར་སློབ་གྲྭ་ཁྲིད་སོང་། གང་ལྟར་ངས་སློབ་གྲྭ་དེ་ནས་ཁང་རོགས་རྒན་པ་ཚོའི་རྩ་ནས་ཅིག་མྱངས་སོང་ལ། རང་ལོ་དགུ་ནས་བཅུ་གཉིས་བར་དུ་བོད་ཡིག་འབྲི་ཀློག་ལ་ཐོགས་པ་མེད་པ་ཞིག་དང་སུམ་ཅུ་བ་ཆ་ཚང་ཞིག་སློབ་པའི་གོ་སྐབས་བཟང་པོ་ཞིག་ཀྱང་ཐོབ་བྱུང་། སྐབས་དེ་དུས་ནས་བཟུང་སྟེ་གླིང་གེ་སར་གྱི་སྒྲུང་སྣ་ཚོགས་དང་ཆུ་ངོགས་གཏམ་རྒྱུད་ཀློག་རྒྱུའི་མགོ་ཡང་བཙུགས་པ་ཡིན།
གང་ལྟར་ཆེ་རུ་འཚར་ནས་ལྗང་བུ་ངའི་སྙན་ངག་དང་བརྩམས་སྒྲུང་གཉིས་ཀའི་ཐད་ནས་མིག་དཔེ་བལྟ་ས་ཡིན། གཡའ་ཤིང་གི་ལོ་མ་དང་བསིལ་ལྡན་གྲོང་ཚོའི་གཏམ་རྒྱུད་དག་གིས་ངོ་མ་ང་ལ་འཛད་མཐའ་མེད་པའི་སྟོབས་ཤུགས་ཤིག་སྦྱིན་བྱུང་བས། ངས་ད་ལྟ་ཡང་ཁོང་ལ་བཀའ་དྲིན་ཆེ་ཞུ་དགོས། ཡིན་ན་ཡང་རྗེས་སུ་ལྗང་བུས་ཁོང་གི་ལྷུག་རྩོམ་དེབ་ཅིག་ལྷ་ས་ནས་ང་ལ་བསྐུར་འདུག་པ་བཀླགས་པས་ཅང་གོ་མ་ཐུབ་པར་མགོ་རྙོག་པོ་ཞིག་ཀྱང་བྱུང་།
ཀླུ་སྨྱོན་ཁྱེད་རང་གི་སྒྲུང་དེས་ང་དགོད་ཤོར་བཅུག་སོང་། མཚམས་རེར་ང་ཚོས་ཆེ་རེས་ཆེ་ཚད་འབྲི་རོགས་བར་དུ་ཉིན་རེའི་འཚོ་བ་དང་འབྲེལ་བའི་དོན་དག་ཕལ་བ་རེ་བྲིས་ན་དེའང་རིན་ཐང་ཁྱོན་ནས་མེད་པ་དེ་འདྲ་མ་རེད་སྙམ། ཁྱོད་ཆི་འདྲ་འདྲའི་ཁང་རོགས་གདོན་ན་འདྲ་ཏག་ཏག་ཡོད་ཟིག ཁྱོད་ཀྱིས་ཆུང་དུས་ནས་སུམ་རྟགས་དག་གསུམ་སྦྱངས་ཐུབ་པ་དེས་ཁྱོད་གཞུང་ཆེན་པོར་འཇུག་པར་ཕན་ཆེན་པོ་ཐོགས་ཡོད་རྒྱུ་རེད།
གྲྭ་བ་ཚོས་དང་པོ་འབྲི་ཀློག་དང་སུམ་རྟགས་དག་གསུམ་ཡག་པོ་ཞིག་སྦྱངས། དེ་ནས་བསྡུས་ར་སྦྱངས་པ་ཡིན་ན་ད་དངོས་གནས་ལྟད་མོ་ཞིག་ཡོད་རྒྱུ་རེད་འདོད།
ཁྱོད་ཆུང་དུས་ནས་སུམ་རྟགས་དག་གསུམ་སྦྱངས་ཡོད་མཁན་གྱི་གྲྭ་བ་ཞིག་རེད་མོད། ཁྱེད་རང་སུམ་རྟགས་སྦྱངས་མ་མྱོང་མཁན་གྱི་བསྡུས་ར་བ་ཞིག་ལ་བསྡུར་ན་མ་འདྲ་བའི་ཁྱད་པར་ག་རེ་འདུག ཁྱེད་རང་གི་ཉམས་མྱོང་ལ་སྦྱར་ནས་ཅིག་གསུངས་ར།
འ་འ་ད་གོང་གི་ལོ་ལོན་ཚོའི་ཉི་མ་བསྡོས་ནས་མ་ནི་ཁང་གོ་སྒོ་འགྲམ་ན་ཁ་བརྡ་བྱེད་པ་འདི་རྣམས་སྤྲིན་གྱི་ཕོ་ཉ་དང་ཤིན་ཏུ་འབྲེལ་ཆེ་གི མུ་མཐུད་དུ་ནག་མོ་འཁོལ་གྱི་སྤྲིན་གྱི་ཕོ་ཉ་ལ་འདི་ལྟར་མ་ནི་ཁང་གི་སྒོ་འགྲམ་ནས་ཁ་བརྡ་བྱོས་འ།
ངས་བསམ་ན་བཙན་བྱོལ་བའི་ཁྲོད་ན་སྤྲིན་གྱི་ཕོ་ཉའི་ཚིག་འགྲོས་ལེགས་པར་ཐོན་པ་རཀ་ར་རིན་པོ་ཆེ་སྨྲོས་མེད་རེད། དེ་ནས་ཤུགས་ལྡན་པ་དགའ་ཤར་མཛེ་སྨད་དེ་རེད། དེ་ནས་གཞོན་སྐྱེས་ཚོས་གྲས་ནས་རྡ་ས་ན་སོག་པོ་མདའ་ཚན་ནས་ཡིན་པ་ནག་རི་ཅིག་འདུག ཕལ་ཆེར་དེའི་མིང་ལ་མགོན་པོ་དོན་འགྲུབ་ཡིན་ན་ཅིག་ཟེར་གི་ཡོད་ས་ཡོད། དེ་རེད། དེ་ནས་རྔ་བ་ཚེ་རྒྱམ་འདི་ལེགས་པོ་འདུག་ཀྱང་། ཕྱག་ལས་དབང་གིས་མི་ཁོམས། དེ་ནས་ད་སྤྲིན་གྱི་ཕོ་ཉའི་ཚིག་འགྲོས་ཐོན་པ་ཅང་མཐོང་མ་སོང་།
མགོན་པོ་ཕྱག་གཉིས་འདི་ངོ་ནས་དེའི་སྐོར་ལ་དྲི་གི་ཡོད་ན། ངས་ཡང་ཅིག་བཤད། བསྡུས་ར་དང་སུམ་རྟགས་གཉིས་ལས་ངས་བསམ་ན་བསྡུས་ར་སྔོན་ལ་སྦྱང་དགོས་བསམ། བསྡུས་ར་དེ་རིག་ལམ་གཅིག་བུ་སྦྱང་བྱེད་མ་རེད། དེ་ཚིག་རྣམས་ཁ་ནང་ནས་ཆུ་བཞུར་བཞུར་བྱེད་ཐུབ་པའི་ནུས་པ་སྦྱང་དགོས། ཐོག་མར་སྦྱང་སྐབས་ཞིབ་ཅ་མ་ཐོན་པར་བསྡུས་ར་རྩད་ན་རྩོད་པ་མང་པོ་སེམས་ལ་ཤར། དེ་ནས་ཁ་ནང་ལ་རང་བཞིན་གྱིས་མང་པོ་གོམས་འགྲོ་གི་རེད། གང་ལྟར་བསྡུས་རའི་རིགས་པ་དང་། སྙན་ངག་རྩོམ་པ་གཉིས་ལོ་ཆུང་སྐབས་ལ་གོམས་དགོས་སེམས། ལོ་ཆུང་སྐབས་ལ་སྦྱང་བ་དེས་ཁ་སེམས་གཉིས་ལ་རང་བཞིན་འབད་མེད་ལྷུན་འགྲུབ་དུ་ཡོང་བའི་དགེ་མཚན་ཡོད། འོན་ཀྱང་སུམ་རྟགས་ནི་རྗེས་ནས་སྦྱང་ན་ཡང་མ་རུང་བ་མེད། གལ་ཏེ་འདིའི་དོགས་པ་ཅིག་ཡོད་པ་ནི། གལ་ཏེ་སུམ་རྟགས་དག་གསུམ་མ་སྦྱང་ན་བསྡུས་ར་དང་སྙན་ངག་གང་ལ་ཡང་གོ་ལོག་རྐྱང་རྐྱང་ཆགས་རྒྱུ་རེད་བསམ་ན། དེ་ཡང་ཤིན་དུ་བདེན། བསྡུས་ར་དང་སྙན་ངག་འདི་ཐོག་མར་སྦྱང་སྐབས་གོ་ལོག་གོ་ན་བྱང་གོམས་ལ་ཤིན་ཏུ་ཕན་ལ། གོ་ལོག་གོ་ན་ཚིག་དང་དོན་གཉིས་ཀ་སེམས་ན་ཁྱེར་མཚར་དེ་འདྲ་ཤར་གི་རེད། དེ་ནས་དེ་ལ་སྤྲོ་སྣང་དང་ལྷག་པར་དོ་སྣང་སླེབས་ཀྱི་རེད། འོན་ཀྱང་ཁ་ནང་ལ་བྱང་ནས་ལྷུང་ལྷུང་བཞུར་འོང་བའི་སྐབས་སུ་དེ་ནས་སུམ་རྟགས་དག་གསུམ་སྦྱང་ནས། རང་གིས་ཚིག་དང་དོན་ལ་དྲས་ཀ་བརྒྱབ་དགོས་པ་རེད། ཞིབ་ཆ་བཟོ་དགོས་པ་རེད།
གལ་ཏེ་སུམ་རྟགས་ཐོག་མར་སྦྱང་ཟིན་པ་ཡིན་ན་དེ་ལྟར་ཡོང་ཐུབ་གྱི་མ་རེད། དང་པོ་ནས་རྕོད་པ་དེ་ཆོ་མེད་པ་འདྲ་བོ་མཐོང་ནས་དེ་ནི་ཉི་མ་འཁྱོལ་ཐབས་འདྲ་བོ་དྲན་ནས་བསྡད་ཀྱི་རེད། དེ་ན་ཁ་སེམས་གཉིས་ཀ་ལ་བྱང་གོམས་ཐེབས་ཐུབ་ཀྱི་མ་རེད། ཊ་ཏི་རིན་ཆེན་དོན་འགྲུབ་འདི་རིག་སྡིབ་ཅིག་ཡིན་པའི་རྣམ་ཐར་འདུག འོན་ཀྱང་འཛིན་གྲྭ་མཛོད་ལ་སླེབས་པའི་རྗེས་ལ་དེ་ནས་དམིགས་བསལ་གྱིས་བསམ་བློ་ཅིག་ཤར་བ་རེད་ཟེར། དེ་ནས་རིག་པ་ཀློང་རྡོལ་ལྟ་བུར་གྱུར་བ་རེད་ཟེར། སུམ་རྟགས་ཀྱང་དེས་རྗེས་སུ་སྦྱང་བ་རེད་ཟེར།
སྤྲིན་གྱི་ཕོ་ཉ་ལ་ར་མ་ཎའི་རྟོགས་བརྗོད་ཀྱིས་ཤུགས་རྐྱེན་ཐེབས་པར་བཤད། བོད་རྩོམ་ཞིག་གི་ནང་སྤྲིན་གྱི་ཕོ་ཉས་ཤུགས་རྐྱེན་ཐེབས་པ་ཕོ་ཉ་གཞོན་ནུ་དོན་གྲུབ་རེད། ཡིན་ན་ཡང་། དེ་གཉིས་རྩོམ་འགྲོས་རྦད་དེ་ལོགས་ཀ་རེད། ཨ་ལགས་དོར་ཞི་ཚང་གི་དཔྱིད་ཀྱི་བདག་མོ་ལྷ་ལས་བབས་ཞེས་པའི་རྩོམ་དེ་ལ་དཔྱིད་ཀྱི་ཕོ་ཉའི་ཉམས་ཞེ་དྲག་ཡོད་པ་རེད་བསམས།
གཤམ་གྱི་རྩོམ་ཤོ་ལོ་ཀ་འདི་གཉིས་ལ་སྤྲིན་གྱི་ཕོ་ཉའི་ཉམས་འདུག་གམ།
བྲལ་གདུང་།
རྩོམ་པ་པོ། ་མབགསུཡེཡགལསདན
ལག་ཟུང་འགྲམ་པ་ལ་བརྟེན་ཤུགས་རིང་ནར་མོས་སྐྲ་འདབས་བསྐྱོད།།
ཀེམ་ཀེམ་གཡོ་མཁས་ཁྲ་ཆུང་མིག་ལས་མཆི་མའི་རྒྱུན་ལ་ཟད་མཐའ་བྲལ།།
སྒྲ་སྐད་ཕྲ་མོས་སྐྱོ་གླུ་འཐེན་པ་ཀུན་གྱི་སྙིང་ལ་ནད་དུ་ཆེ།།
བྲལ་གདུང་ཁུར་ལྕིའི་དགའ་མ་དག་ལ་སུ་ཡིས་སྤྲོ་བ་བསྲིང་པར་ནུས།།
གཉིས་གཉིས་རྩེན་པའི་གྲོགས་དག་མཐོང་ན་སྡུག་བསྔལ་ཕུང་པོ་བརྩེགས་མར་འཕེལ།།
དྲིན་ལྡན་ཕ་མའི་ཞི་འཇམ་སེམས་གསོ་སྙིང་ལ་ཚེར་མའི་རེག་བྱ་ཉིད།།
བློས་ཐུབ་གྲོགས་ཀྱི་ཀུ་རེའི་ཚིག་ཀྱང་རྣ་བ་བསུན་པའི་རྒྱུ་རུ་ཟད།།
ཁྱོ་དང་བྲལ་བའི་མཛའ་མོ་རྣམས་ཀྱི་སྐྱོ་གདུང་ཕ་མཐའ་དཔོག་པར་དཀའ།།
ཁྱོད་ལའང་རྒྱུ་མཚན་འདུག
མགོན་ཕྱག་ལགས་བདེ་མོ་ཡིན་ན། རཀ་རའི་སྤྲིན་གྱི་ཕོ་ཉའི་འགྲེལ་བ་གློག་ཕྲེང་མ་ཟེར་བ་དེ་རཀ་རས་བརྩམས་ནི་ཞིག་མ་རེད། རྒྱ་གར་གྱི་མཁས་བ་ཞིག་གིས་བྲིས་པའི་སྤྲིན་གྱི་ཕོ་ཉའི་འགྲེལ་བ་གློག་ཕྲེང་མ་ཟེར་བ་དེ་བསྒྱུར་བ་ཞིག་རེད། འདི་ཤེས་རྟོགས་ཙམ་གྱི་ཆེད་ཡིན།
ཨོ་ཡ། ང་རོ་ལགས་ཐུགས་རྗེ་ཆེ། གློག་ཕྲེང་མ་དེ་གང་ནས་རེག་གི་རེད། སྤྲིན་གྱི་ཕོ་ཉའི་འགྱུར་འདི་ཚོ་ཐོ་རྩ་ནས་ཐུག་གི་མི་འདུག གོང་གི་གློག་ཕྲེང་མའི་ནང་གི་ཤྭ་བ་དང་གླང་པོ་ཟེར་བ་དེ་དབྱིན་བོད་གཉིས་ཀའི་ནང་མི་འདུག བོད་འགྱུར་ནང་གི་མེས་བསྲེགས་ཟེར་བ་དེ་དབྱིན་འགྱུར་ནང་མི་འདུག
ཚིག་བཅད་དང་པོ་དགེ་རྒན་བཀའ་དྲིན་ཅན་ཚང་གི་རེད། ཁོང་གི་མཚན་ལ་ཕོ་ཉ་ཞུ་གི་ཡོད། སྤྱིར་ཁོང་གི་གཤིས་རྒྱུད་དང་སྦྱར་ན་ཕོ་ཉ་ཟེར་བའི་མིང་འདི་མི་འབྱོར་ནི་ཞིག་ཡིན། ཨ་ལ་རྩེ་མོ་ཡིན།
སྤྲིན་གྱི་ཕོ་ཉའི་ཉམས་ཡོད་མེད་མི་ཤེས། འོན་ཀྱང་སྤྲིན་གྱི་ཕོ་ཉ་དང་བསྡུར་ན་གོ་བདེ་གི་ཀློག་བདེ་གི ཚིག་འགྲོས་དང་དང་ལྷོད་མཉམ་གི ད་དུང་བོད་དྲི་ཁ་གི
གོང་གི་ཟླ་མེད་ཀྱི་བྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སྐོར་ལ་སྔོན་མར་ཡོངས་འཛིན་རིན་པོ་ཆེ་ཚང་གིས་ང་ལ་བྲ་ཏིའི་སུམ་རྟགས་སློབ་གནང་སྐབས་འདི་འདྲ་ཞིག་གསུང་མྱོང་། “དང་པོར་བྲ་ཏི་འདི་བ་རིགས་ལྡིབ་ཅིག་རེད། རྗེས་མར་སེ་རའི་རི་ལྡེབས་སུ་ཡོད་པའི་རྗེའི་སྒྲུབ་ཕུག་ཅིག་ཏུ་ཟླ་བ་འགའི་རིང་ལ་འཇམ་དབྱངས་དཀར་པོ་བསྒྲུབས་པ་རེད། མཚན་ཞིག་རྨི་ལམ་ནང་དུ་ནམ་མཁའ་ནས་ཨྰ་ཡིག་དཀར་པོ་ཞིག་འཁོར་འཁོར་བའི་མཐའ་མར་ཁོང་རང་གི་སྙིང་གར་ཐིམ་པ་ཞིག་རྨིས་པ་རེད། ཕྱི་ཉིན་ཞོགས་པར་གཉིད་ལས་སད་དུས་རིགས་པ་སྔར་ལས་དྭངས་ཤིང་ཁ་ནང་ལ་ཡང་དྲི་མ་ཞིམ་པོ་འདྲ་ཞིག་བྲོ་བ་རེད། དེ་ནས་ཉིན་འགའི་རྗེས་སུ་ཕྱིར་སེ་རར་ལོག་ནས་ཆོས་གྲྭ་རུ་རྟགས་གསལ་གཏོང་སྐབས་སྔར་དང་མི་འདྲ་བར་རིགས་ལམ་ཡ་མཚན་པ་དུ་མ་ཞིག་རང་བརྡོལ་དུ་བྱུང་བས། འཛིན་གྲོགས་ཚོས་རིན་ཆེན་དོན་གྲུབ་ཀྱིས་ཡ་གིའི་སྒྲུབ་ཕུག་ནས་བསྡད་དེ་རྟགས་གསལ་གསར་བ་འགའ་བསྒྲིགས་པ་རེད། ཡ་མཚན་རྒྱུ་ཅང་ཡོད་པ་མ་རེད་ལབ་པ་རེད། ཡིན་ན་ཡང་ཁོང་གི་རིགས་པ་ནི་སྔར་ལས་ཇེ་གསལ་དང་ཇེ་ཟབ་ཏུ་སོང་ནས་མཐར་འགྲན་ཟླ་མེད་པའི་དགེ་བཤེས་ཤིག་བྱུང་བ་རེད། “
མགོན་ཕྱག་གི་ཚེ་སྦ་དང་ལྗང་བུ། ལུ་གུ་བཅས་ཀྱི་སྒྲུང་དེ་ཚོ་གོ་ཡོང་དུས། ཁ་ལག་གཉིས་ལ་ཟ་འཕྲུག་མི་ལངས་ཀི་ན་དཀོན་མཆོག་གསུམ། ཁྱོད་ཀྱི་སྒྲུང་གི་ནང་གི་ཁྲིན་ཆིན་རྔ་མོང་དང་། ཁྲིན་ཆིན་སྐེ་དམར། ཁྲིན་ཆིན་འགྲམ་དམར། ཁྲིན་ཆིན་སྒ་རིང་སོགས་ཁོང་ལ་རྨ་ལྷོ་དགེ་ཐོན་སློབ་གྲྭའི་སློབ་མ་ཚོས་མཚང་མིང་སྣ་ཚོགས་ཤིག་བཏགས་ཡོད་པ་དེས་ཉིན་མ་གཅིག་ང་ཅིག་ཐུབ་སོང་ནི་ད་རུང་ཡང་མི་བརྗེད་ཀི ང་ནི་ཕལ་ཆེར་ཁྱོད་ཚོ་ལས་ལོ་དྲུག་ཙམ་གྱི་རྗེས་སུ་སློབ་གྲྭ་དེ་འགྲིམས་པའི་སློབ་མ་ཞིག་ཡིན་ལ། ལོ་རབས་བརྒྱད་ཅུའི་སྟོད་དུ་རྨ་ལྷོ་སོག་རྫོང་དུ་རྩོམ་རིག་གི་དགའ་ཕྱོགས་དེ་ཇི་ལྟར་འཕེལ་སྟངས་ཀྱི་སྐོར་ལ་ཚེ་རིང་དོན་གྲུབ་དང་ལྗང་བུ་གཉིས་ལ་གདོང་ཐུག་ནས་སྐད་ཆ་ཞིག་འདྲི་འདོད་ཧ་ཅང་ཆེ་གི ཆུང་དུས་ལྗང་བུའི་ཆག་སྒོ་ཟེར་བའི་སྦྲང་ཆར་ཐོག་གི་སྒྲུང་རྩོམ་དེའི་བར་བཅུག་རི་མོ་མཐོང་དུས་དེ་ནི་དམེ་ཤུལ་ལུང་ཁོག་གི་དཀྱོགས་ཤིག་ཡོད་པ་དེ་ལ་འཁྲུལ་ནས་སེམས་པ་སྐྱོ་སྐྱོ་བྱས་མྱོང་བ་སོགས། ཁོང་གིས་སྒྲུང་རྩོམ་ལ་མ་གཞོལ་བ་དེ་ལ་ད་དུང་ཡང་ཨ་ཁ་ཁ་བསམ་ཀི ད་ལོ་དབྱར་ཁར་པཱ་རིས་སིར་པད་མ་ཚེ་བརྟན་གྱི་ལྷིང་འཇགས་ཀྱི་མ་ནི་རྡེའུ་འབུམ་དང་དྲི་མེད་ཀུན་ལྡན་འཚོལ་བ་ཞེས་པའི་གློག་བརྙན་གཉིས་དང་མཉམ་དུ། ལྗང་བུའི་ཁོ་ཁོ་ནོར་རམ་མཚོ་སྔོན་པོ་ཟེར་བ་དེར་ལྟ་བའི་སྐལ་བ་ལྡན་བྱུང་། མཚོ་སྔོན་པོ་ཟེར་བ་དེར་བལྟས་རྗེས་མགོན་པོ་ཕྱག་གཉིས་ཀྱིས་བཤད་པ་ལྟར། ལྗང་བུའི་མིག་ཁར་མཆི་མ་འཁྱིལ་གི་ཟེར་བ་དེའི་རྒྱབ་ལྗོངས་མཐོང་ནས་རྩོམ་པ་པོ་ཁོང་ལ་བརྩེ་འདང་དང་བརྩི་བཀུར་དེ་བས་ཀྱང་ཇེ་ཆེར་གྱུར་སོང་། དོ་དགུང་དུས་ཚོད་མེད་པས་མགོན་ཕྱག་ལ་ཁོང་གི་ཆང་རོགས་ཚོའི་སྐོར་གྱི་ཁ་བརྡ་བྱེད་མི་ཐུབ་པ་འདི་ཅི་འདྲའི་ཕངས་པ་ལ། ༢༠༠༥ ལོར་ཀ་ཐུ་མན་ཏུའུ་ལ་འགྲོ་སྐབས་ཞིག་ལ། མགོན་ཕྱག་གི་ལུའུ་ལུའུ་ཅན་ཁྲ་ཀྲན་ཟེར་བའི་ངག་སྒྲུང་དེའི་ནང་གི་མི་སྣ་འབྲུག་ལྷར་ཐུག་ནས་ཧ་ལས་པའི་སྐྱིད་པོ་བྱུང་ལ། སྒྲུང་དེ་དྲ་གྲོགས་ཚོར་ཉན་རྒྱུའི་སྐལ་བ་ལྡན་ཚེ། ཧོ་ལིས་ཝོའུ་ཌིའི་གློག་བརྙན་དེ་ཚོ་ཅང་ཅང་ར་མ་རེད། ཞོར་དུ་ཞུ་རྒྱུ་ཞིག་ལ་ཟླ་བ་ཚེ་རིང་ལ་ཀླུ་སྨྱོན་གྱི་སྒྲུང་སྙན་པོ་དེ་འདྲ་བཤད་རྒྱུ་འདུག་ན་ཀླུ་སྨྱོན་ཁྱོད་མ་རྔམ་དང་ང་ཚོས་ཟླ་བ་ཚེ་རིང་ལ་སྒྲུང་དེ་དག་བཤད་རྒྱུའི་རེ་སྐུལ་ཞུ་ངེས་ཡིན།
ངས་ཀྱང་ཚིག་གཉིས་ཞུ་ན་འདོད། ཐོག་མར་སྤྲིན་གྱི་ཕོ་ཉའི་སྐོར་ལས་འཕྲོས་ཏེ་བཤད་ན། སྤྲིན་གྱི་ཕོ་ཉ་བོད་ཡིག་ལ་བསྒྱུར་ནས་བཟུང༌། འགྱུར་ཡང་ཁ་ཤས་ཤིག་ཐོན་ཡོད་པ་ཁྱེད་ཅག་གིས་གླེང་ཚར་འདུག ངེད་ཀྱི་གྲོགས་པོ་ཞིག་གིས་ཀྱང་རཀ་རའི་སྤྲིན་གྱི་ཕོ་ཉའི་འགྲེལ་བ་དང༌། རྒན་དོར་ཞི་རིན་པོ་ཆེའི་སྤྲིན་གྱི་ཕོ་ཉའི་མཆན་འགྲེལ་སོགས་ལ་བསྐྱར་ཞིབ་ཀྱིས་མཆན་འགྲེལ་གསར་བ་ཞིག་བྲིས་ཡོད། ད་ལྟ་ཞིབ་འདང་རེ་བརྒྱབས་
ན་ཁོང་གིས་ཀྱང་དབྱིན་འགྱུར་མར་ལྟ་བསྡུར་གྱིས་ཚིག་ཕྲེང་རེ་རེ་དང་ནང་དོན་རེ་རེ་བྱས་ཏེ་འགྲེལ་མེད་སྟབས། ཞིབ་ཚགས་པོ་ཞིག་དང་གྲལ་དག་པོ་ཞིག་ཡོང་མེད་ནའང༌། ཁོང་གི་འགྱུར་དེར་སྙན་ངག་གི་ཉམས་དང་འགྱུར་བ་རྨད་དུ་བྱུང་བ་ཞིག་ཡོད་དྲན། གང་ལྟར། ངེད་ཀྱིས་འགྱུར་དེ་ཚོར་བམ་ྋཐྲྤཀློག་རེ་བྱས་པ་ཙམ་ལས་མགོན་པོ་ཕྱག་གཉིས་པ་ནང་བཞིན་གྱིས་ཞིབ་བསྡུར་བྱ་རྒྱུ་ཡིད་ལ་མ་དྲན། ཡིད་ལ་དྲན་པའི་དབང་དུ་བཏང་ནའང་དེ་ཚོ་རེ་རེ་བཞིན་བསྡུར་བའི་ཡོན་ཏན་ག་ལ་ཡོད། ཁྱེད་ཅག་གིས་གསུངས་པ་ནང་བཞིན། འགྱུར་ཡིག་དེ་ཚོ་མི་འདྲ་ས་ཏན་ཏན་ཡོད་ཀྱི་ཡོད། འགྱུར་མི་འདྲ་བ་དེ་ཚོ་གཅིག་མཚུངས་མིན་པ་ཤེས་པ་དེ་ཡང་གཙོ་བོ་གཙོ་བོ་དེ་དབྱིན་ཡིག་ཤེས་པ་དེས་དྲིན་རེད་སྙམ། སྔོན་ཆད་འདྲ་བོ་ཡིན་ན། བོད་ཀྱི་ལོ་ཙཱ་བ་ཞིག་གིས་གང་ཞིག་བསྒྱུར་ནའང་དེ་ཡིན་ཤག་གཅིག་པུ་བྱས་ཡོད་པ་ལས་དོགས་སློང་སྙིང་སྟོབས་འདྲ་བོ་བྱས་མེད་པ་དེ་ཡང་མདོར་དེད་ན། མང་མང་གིས་སྐད་ཡིག་གཅིག་ལས་གཉིས་རེ་གསུམ་རེ་མཁྱེན་གི་མེད་པས་རེད། དེང་སང་སྔོན་ཆད་ཀྱི་འགྱུར་དེ་ཚོར་ཞིབ་བསྡུར་བྱེད་མཁན་རེ་ཟུང་བྱུང་དང་འབྱུང་གིན་ཡོད་པ་དེ་ལ་དངོས་གནས་དགའ་བསུ་ཡོད།
གཞན་སྤྲིན་གྱི་ཕོ་ཉའི་རྩོམ་གཤིས་ཀྱི་སྐོར་ནས་གླེང་ན། སྤྲིན་གྱི་ཕོ་ཉར་བརྗོད་བྱའི་ཟ་དང་ཟུར་ནས་རཱ་མ་ཎིའི་རྟོགས་བརྗོད་ཀྱི་ཤུགས་རྐྱེན་ཐེབས་ཡོད་ཀྱི་རེད། རྒྱལ་པོ་རཱ་མ་ཎིར་མ་ཧཱ་བྷ་ར་ཏའི་ཤུགས་རྐྱེན་ཐེབས་པ་བཞིན། ཡིན་ན་ཡང་སྤྲིན་གྱི་ཕོ་ཉ་དང་རཱ་མ་ཎའི་རྟོགས་བརྗོད་གཉིས་ཀྱི་རྩོམ་སྟངས་ལོགས་ཀ་རེད། ཞང་ཞུང་ཆོས་དབང་དང༌། དོན་གྲུབ་རྒྱལ། བསྟན་འཛིན་རྒྱ་མཚོ་སོགས་ཀྱི་འགྱུར་དེ་ཚོ་བྋཐྲྤཀླགས་པ་ཡིན། ངས་བལྟས་ན་རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་ཀྱི་མགོ་མཇུག་བར་གསུམ་ཀུན་ཏུ་འཇིགས་རུང་གི་ཉམས་རྩལ་དུ་བཏོན་འདུག སྤྲིན་གྱི་ཕོ་ཉའི་རྩོམ་གཤིས་ནི་འཇིགས་རུང་གི་ཉམས་དེ་འདྲ་མེད་པར་རྩོམ་ཁ་འཇམ་པོ་ཞིག་རེད། སྤྱིར་རྒྱ་གར་གྱི་ཤར་ལྷོའི་བར་ལ་སྙན་ངག་འབྲི་སྟངས་གཉིས་བྱུང་ཡོད་བ་དེ་ཡང་གཙོ་གཙོ་བོ་དེ་ཤར་ལྷོ་གཉིས་བར་འགྲིམ་འགྲུལ་སྟབས་མ་བདེ་བའི་རྐྱེན་པས་ཡུལ་འདི་གཉིས་བར་ལ་གཅིག་གཅིག་ལ་འབྲེལ་བ་བྱུང་མ་ཐུབ་པ་དང༌། དེ་བཞིན་ཡུལ་གོམས་གཤིས་ལུགས་སོགས་ཀྱང་མ་གཅིག་པའི་སྟབས་ཀྱིས་སྙན་ངག་འབྲི་སྟངས་གཉིས་བྱུང་བ་རེད་ཅེས་རྒྱ་གར་ཆོས་འབྱུང་གི་ནང་དུ་ཡོད་པ་ཞོར་འཕྲོས་ཡིན། དེ་རིང་ཡང་སྐྱར་སྙན་ངག་མང་པོ་ཞིག་ལ་རོབ་ཙམ་རོབ་ཙམ་བལྟས་པ་ཡིན། རྟག་ངུའི་རྟོགས་བརྗོད་ཀྱི་ནང་དུའང་སྤྲིན་གྱི་ཕོ་ཉའི་ཤུགས་རྐྱེན་ཡོད་པར་དོགས་ནས་བསྐྱར་དུ་མཇལ་བ་ཡིན། དེ་ནས་རྒྱལ་དབང་ལྔ་བ། རྫ་དཔལ་སྤྲུལ། སྒེའུ་སྟེང་བློ་བཟང་དཔལ་ལྡན། དགེ་འདུན་ཆོས་འཕེལ་སོགས་ཀྱི་སྙན་ངག་ཅི་ལྟར་བྋཐྲྤཀླགས་ནའང༌། བོད་ཀྱི་སྙན་ངག་ལ་རཱ་མ་ཎིའི་རྟོགས་བརྗོད་ཀྱི་ཤན་ཞུགས་ཡོད་པ་ལས། སྤྲིན་གྱི་ཕོ་ཉའི་ཤུགས་རྐྱེན་ཐེབས་པ་མང་པོ་མི་འདུག ངས་བསམས་ན་རཀ་
ར་རིན་པོ་ཆེའི་བྲིས་པའི་སྙན་ངག་དེ་ཚོར་དངོས་གནས་སྤྲིན་གྱི་ཕོ་ཉའི་བྲོ་བ་འདུག གཞན་དེ་ཙམ་དེ་ཙམ་རེད།
འདིར་ཁྱེད་ཅག་གིས་ལྗང་བུ་དང་ཁོང་གི་སྙན་ངག་སྐོར་གླེང་གི་འདུག ངེད་གཉིས་ཀྱིས་ཨ་རག་མཉམ་འཐུང་གིས་སྐད་ཆ་སྐྱིད་པོ་རེ་བཤད་ནས་ནམ་ལངས་བཅུག་པ་ཐེངས་ཁ་ཤས་བྱུང༌། ངེད་རང་ཁོང་དང་ཁོང་གི་སྙན་ངག་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་པའི་ངོས་ནས། དུས་ཚོད་ཀྱིས་ལྕོགས་ན་སྐད་ཆ་གསར་བ་རེ་བཤད་ན་འདོད་གི དོ་དགོང་ངོས་རང་ལ་དུས་ཚོད་མེད། ད་ནི་གཡོག་ལས་བྱེད་བཞིན་པའི་སྒང་ཡིན།
གོང་གི་མཆན་ཨང་༥༩ བ་འདི་ནི་ར་ཤི་ཡའི་ཡི་གེ་འེ་རེད། མཆན་འདེབས་མཁན་དེའི་མིང་ལ་ནས་ཟེར་འདུག དེ་མིན་བོད་ཡིག་གཅིག་ལ་མི་འདུག
གོང་གི་ཟླ་འོད་ལ། ཟླ་བ་ཚེ་རིང་ངོ་ཤེས་ཀྱི་ཡོད་ན་ངས་འཚམ་འདྲི་ཞིག་བྱེད་ཀི་ཟེར་རོགས། ཨོ་ད་རུང་གཅིག་ཡོད། ཨ་ཁུ་འོད་ཟེར་གྲོངས་སོང་ཟིག མ་ཎི་ཆ་རེ་འདོན་རོགས་ཀྱང་ཟེར་རོགས། ནང་དོན་ཁོས་ཤེས་འགྲོ
གོང་གསལ་གྱི་ལྗང་བུ་སློབ་མཐར་ཕྱིན་ལོ་ནོར་བ་འདྲ། ༡༩༨༡ གི་བར་ཞིག་མིན་འགྲོ་བསམ།
ལྗང་བུ་ངེད་ཚོའི་རྗོང་ཐོག་གི་མི་རིགས་སློབ་འབྲིང་ལ་བྱ་བ་བགོས་ནས་རྫས་འགྱུར་གྱི་དགེ་རྒན་བྱས་པ་རེད། ལོ་ཚིགས་མི་ཤེས་ཀྱང་ངེད་ཚོའི་རྫོང་ན་ཡོད་དུས་རི་སྐྱེས་མེ་ཏོག་ཟེར་བའི་དུས་དེབ་ཅིག་བཏོན་པ་རེད། དང་པོ་དུས་དེབ་ཀྱི་མིང་ལ་སྤང་རྒྱན་མེ་ཏོག་འདོགས་རྒྱུ་བྱས་པ་རེད་ཟེར། ཨ་ལགས་ཤིང་བཟའ་ཚང་གིས་སྤྲང་ལ་རོང་སྐད་དུ་སྤང་ཟེར་བ་རེད། དེ་སྒྲ་ཡག་པོ་མི་འདུག་འདྲ་ཞིག་གསུངས་པས་རྗེས་སུ་མིང་རི་སྐྱེས་མེ་ཏོག་བཏགས་འདུག དེའི་ནང་ཨ་ལགས་ཤིང་བཟའ་ཚང་གི་སྙནངག་ཅིག་བཀོད་ཡོད་པ་རེད། ད་རུང་ཆབ་བྲག་ཕོ་ཉ་དམའ་འབྲིང་མཐར་ཕྱིན་ནས་ཉིན་མཐར་དགེ་རྒན་བྱས་བསྡད་ཡོད་པ་རེད། ཁོས་དགའ་གཏམ་ཟེར་བ་ཞིག་བྲིས་པ་རེད། གཞན་རྩོམ་ག་རེ་དེའི་ནང་བཀོད་ཡོད་མེད་མི་དྲན་གི དུས་དེབ་དེས་རྨ་ལྷོ་སོག་རྫོང་ལ་རྩོམ་འབྲི་བའི་ཨ་གསར་འཕེལ་བཅུག་མེད་འགྲོ དེ་ལ་བརྟེན་ནས་རིམ་པས་ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆབ་བྲག་སྟག་ལོ། ད་ལྟ་ངེད་ཚོའི་རྫོང་དཔོན་ཡིན་པ། གཞན་པས་ཞི་མོ་ཞན་ཀྲང་ཟེར་བ་སྔོན་ཐོན་དུ་བརྩི་བའི་ཆབ་བྲག་དཀོན་མཆོག་སྐྱབས། ཆབ་བྲག་ཡོན་ཏན་རྒྱ་མཚོ། གཡུ་སྒང་མེ་ཏོག་སྤུན་གཉིས། ཆབ་བྲག་ཕོ་ཉ། ཆབ་བྲག་དཔལ་ལྡན་རྒྱ་མཚོ། ཉི་ཟླ་སྨྱོན་པ། ད་ལྟའི་སྙན་ངག་པ་མདའ་བཙན་པོ་སོགསརིམ་པར་བྱུང་བ་རེད།
ལྗང་བུ་རྫས་འགྱུར་དགེ་རྒན་ཡིན་པའི་སྐབས་ཤིག་ལ་པེ་ཅིང་ལ་ཟབ་སྦྱོང་དུ་ཕྱིན་པ་རེད། དེའི་སྐབས་དེར་དོན་གྲུབ་རྒྱལ་པེ་ཅིང་ན་ཡོད་པས་ཁོ་གཉིས་གྲོགས་པོ་ཆགས་འདུག རྗེས་སུ་ལྗང་བུ་ནུབ་བྱང་མི་རིགས་སློབ་གྲྭར་འགྲོ་གི་ཡོད་པའི་སྐབས་སུ་དེ་གར་ཡོད་པའི་ངེད་ཚོའི་སློབ་མ་ཚོས་གཙོ་བྱས་ནས་མཐིང་ཟླ་ཟེར་བའི་དུས་དེབ་ཅིག་བཏོན་པ་རེད། ད་ལྟ་ཁོས་མ་འོངས་པ་ཟེར་བའི་དུས་དེབ་ཅིག་འདོན་གི་འདུག ཁོ་གང་ལ་སོང་ན་དུས་དེབ་ཅིག་ཕལ་ཆེརརྗེས་སུ་འབྲང་ནས་འགྲོ་དགོས་གི་ཡོད་པ་འདྲ། དེ་ཙམ་ཡིན།
ཆབ་བྲག་དཀོན་མཆོག་སྐྱབས་འདི་སྒྲུང་རྩོམ་པ་ངར་བ་ཞིག་རེད། ཡིན་ན་ཡང་མང་པོ་བྲིས་མ་སོང་། ཆབ་བྲག་ཡོན་ཏན་རྒྱ་མཚོས་ཆབ་བྲག་ལ་ལྟ་སྐོར་དུ་ཕྱིན་པའི་ལྷུག་རྩོམ་ཞིག་བྲིས་ཡོད་བསམས། གཡུ་སྒང་མེ་ཏོག་གིས་ཟླ་ཟེར་སྟེང་འགའ་བྲིས་རྗེས་གྲགས་འགུལ་མེད་སོང་། ཉི་ཟླའི་དེབ་ཆུང་དེར་གཞན་མི་འདྲ་བའི་ཁྱད་ཆོས་ཤིག་མཐོང་སོང་། མདུན་ཤོག་གི་རི་མོ་ཡང་བསམ་གཞིག་ཅན་ཞིག་འདུག གཞན་མ་ངེས།
ཨ་མྱེས་ཆབ་བྲག་གི་སྨུག་ལོང་ཁྲོད་དུ།
མི་བུ་སྒལ་ཚིགས་ཅན་སྐོར་ཞིག་རང་ས་ནས་སྐྱེས་ཤིང་གཞན་ས་ནས་རྒས་སོང་།
གོང་གི་ཚིག་རྐང་གཉིས་ཀྱིས་ཆབ་བྲག་པ་ཡོན་ཏན་གྱི་ཕྱོགས་ནས་རང་མགོ་ཐོན་པ་གང་མང་ཞིག་གི་མི་ཚེ་གཞན་ཡུལ་དུ་ཟད་བཞིན་པར་སྐྱོ་ཡུས་ཐེངས་ཤིག་བཏོན་པ་ལགས།
གོ་ཐོས་ལ་སྔོན་ཆད་དཀའ་སྡུག་གི་ལོ་ཟླའི་ནང་དུ་ཡང་ལྗང་བུ་ཚང་གི་སྤུན་མཆེད་ཁྲོད་དུ་སློབ་གྲྭ་ཆེན་མོ་བ་དགུ་ཡོད་ཟེར། བདེན་མིན་མ་ངེས།
ཆབ་བྲག་ལ་ལྟ་སྐོར་ཕྱིན་པ་དེ་ཆབ་བྲག་སྟག་ལོས་བྲིས་པ་རེད། ཆབ་བྲག་སྟག་ལོ་ལྗང་བུའི་ཨ་ཅེའི་མག་པ་རེད། ཆབ་བྲག་ཡོན་ཏན་རྒྱ་མཚོ་ལྗང་བུའི་སྤུན་མཆེད་ཆེ་བ་རེད། ཉི་ཟླ་ལྗང་བུའི་སྤུན་མཆེད་ཆུང་བ་རེད། དེ་མིན་ཧྰུྃ་ཆེན་གཟི་འབར་རྩལ་མིང་ངོ་མ་ཧོང་ཆི་ཟེར་བ་ཞིག་བོད་རིག་པའི་ཚོགས་འདུར་ཡོང་བཞིན་པ་དེའང་ལྗང་བུའི་སྤུན་ཆུང་ཞིག་རེད། ཁོ་ཚོའི་སྤུན་མཆེད་ཚོའི་ནང་རྩོམ་པ་པོ་ཁ་ཤས་ཤིག་ཡོད་པ་རེད། ཧོང་ཆི། བུའུ་ཆི། གི་མེན་སོགས་རིམ་པ་ལྟར་དར་དམར། སྐར་ལྔའི་དར་དམར། གསར་བརྗེ་སོགས་ཀྱི་མིང་ཅན་གསུམ་ཡོད་པ་འདིའང་ཞོར་འཕྲོས་ཡིན། དེའི་ནང་ཧྰུྃ་ཆེན་གྱིས་ཕས་གནང་བའི་མིང་དེ་འཕོང་ཕྱིས་ཀྱི་རྡོ་བཞིན་གཡུགས་འདུག
སྤུན་མཆེད་དགུ་ཡོད་པ་རེད། དེའི་ནང་གི་ལོ་ཆུང་ཤོས་དེ་སློབ་ཆེན་ལ་སོང་ཡོད་མེད་མི་ཤེས། ཆབ་བྲག་སྟག་ལོ་སྟེ་མགོན་པོ་སྐྱབས་ཀྱི་སྐྱེས་དམན་ཨ་ཅེ་ཚེ་པོའུ་-ཚེ་རིང་འཚོ་དང་གི་མེད་གཉིས་སློབ་གྲྭ་ཆེན་མོར་ཕྱིན་མེད་བསམ་སོང་།
གསལ་བཤད་གནང་བ་ཐུགས་རྗེ་ཆེ། ངའི་ལས་གྲོགས་དཀོན་མཆོག་ལ་ལྗང་བུའི་ཁྱིམ་རྒྱུད་དང་འབྲེལ་བའི་ཁ་བརྡ་རེ་བྱེད་མྱོང་ཡང་མང་ཆེ་བ་ད་ལྟ་ཡིད་ངོ་ན་མི་འདུག ཧྰུྃ་ཆེན་མཚོ་སྔོན་བོད་ཡིག་ཚགས་པར་དང་ད་ལྟ་བ་གཉིས་ཀྱི་རྩོམ་སྒྲིག་པ་ཡིན་པ་ཙམ་ཞིག་ཤེས། ང་ལ་དཀོན་མཆོག་གིས་བྱིན་པའི་ལྗང་བུའི་འདྲ་པར་ཞིག་ཡོད། དེ་དུས་ཁོས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྩོམ་སྒྲིག་པ་བྱེད་ཀྱིན་ཡོད་དམ་སྙམ།
ལྗང་བུས་བཀྲ་ཤིས་ཟླ་བའི་ མི་རང་དབང་ཅན་འཆི་མེད་ བསྒྱུར་པ་དང་། དེ་རྗེས་ བོད་ལྗོངས། རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས་ བསྒྱུར་པ་སོགས་ཀྱིས་རིམ་བཞིན་བཀྲ་ཟླའི་སྒྱུ་འཕྲུལ་རིང་ལུགས་ཀྱི་ལམ་བུ་དེར་ཞུགས་མགོ་བརྩམས་པ་ཡིན་བསམས་སོང་། སྒྲུང་རྩོམ་གཉིས་པ་འདི་ཡང་ལྗང་བུས་བསྒྱུར་པ་ཡིན་བསམས་སོང་།
ཁོ་ཚོ་སློབ་གྲྭ་ཆེན་མོར་འགྲོ་དུས་དཀའ་སྡུག་གི་སྐབས་མ་རེད། ཁོ་ཚོའི་ཨ་ཕ་ཨ་ཀ་ཐུབ་བསྟན་དང་པོ་ནས་རྒྱ་མིའི་ལས་བྱེད་ཆགས། ངེད་ཚོའི་རྫོང་གི་རྫོང་དཔོན་ཡང་བྱས་པ་རེད། དེ་འདྲ་བྱས་ནས་སློབ་སྦྱོང་གི་རིན་ཐང་ཤེས་གི་ཡོད་པ་རེད། ཁོ་རང་གིས་ཅང་མི་ཤེས་པས་ཀྱང་ཡིན་ན་ཐང་། དང་པོ་ཁོས་རྒྱ་ཡིག་མི་ཤེས་པས་ཚོགས་འདུ་དེ་འདྲར་གཏམ་བཤད་དེ་འདྲ་བྱེད་དགོས་ན་ཕེན་ཡིན་གྱིས་བྲིས་ནས་མར་ཀློག་གི་ཡོད་པ་རེད་དེ་འདྲ་གོ་མྱོང་།
ངེད་ཚོའི་དེ་ནས་སྔོན་མ་ཡིན་ན་དམའ་འབྲིང་སློབ་མཐར་ཕྱིན་ན་བྱ་བ་བགོ་གི་ཡོད་པ་རེད། མར་སློབ་གྲྭ་འགྲོ་མཁན་ཞེ་དྲག་ཡོད་པ་མ་རེད། ཨ་ཀ་ཐུབ་བསྟན་གྱིས་རང་གི་ཉེ་ས་ཚོར་ཡང་བྱིས་པ་སློབ་གྲྭ་ཐོངས་ཟེར་ནས་བསླབ་བྱ་རྒྱག་གི་ཡོད་པས་ང་དང་ངའི་ཕ་སྤུན་གྱི་བུ་སྤུན་གོང་གསལ་སྒྲུང་ནང་གི་ལུ་གུ་དང་ངེད་གཉིས་ཀྱང་མར་མཐོ་འབྲིང་ལ་ཕྱིན་པ་རེད། དེ་མིན་ལམསང་བྱ་བ་ཞིག་འཇུ་གི་ཡོད་པ་རེད།
མྰ་ཡོན་དང་བཀྲ་ཤིས་ཟླ་བ་གཉིས་ཀྱི་རྩོམ་གྱིས་ཁོའི་དངོས་ཡོད་སྒྱུ་འཕྲུལ་གྱི་རྩོམ་ལ་ལ་ཤུགས་རྐྱེན་ཐེབས་ཡོད་རྒྱུ་རེད།
མ་ཡོན་ཟེར་བ་འདི་ཁྱོད་ཀྱིས་ལྕེ་དྲེགས་སྟོན་དང་ཡང་ན་སྟོང་བ་སྟོང་ཉིད་རེད་ཅེས་པ་དེ་འབྲི་མཁན་མ་ཡིན་ནམ།
མ་ཡོན་གྱི་སྐོར་ལྗང་བུས་ཡང་སེ་གླེང་གི་ཡོད། ངས་མ་ཡོན་གྱི་སྐོར་ཞེ་དྲག་མི་ཤེས། སྔོན་པད་མ་ཚེ་རིང་གིས་ལྗང་བུའི་དངོས་ཡོད་སྒྱུ་འཕྲུལ་གྱི་རྩོམ་དང་གང་ལས་བྱུང་བའི་ཤུགས་རྐྱེན་སོགས་ཀྱི་སྐོར་བཤད་སྐབས་མ་ཡོན་དང་བཀྲ་ཤིས་ཟྠ་བའི་རྩོམ་གྱི་སྐོར་ནས་གླེང་བསླངས་སོང་བསམས། ཨ་མྱེས་རྨ་ཆེན་གྱིས་བསྡུས་པའི་རྩོམ་རིག་འཚོགས་འདུའི་སྐབས།
མགོན་ཕྱག་འདིས་རྨ་ལྷོ་སོག་རྗོང་ངམ་ཧི་ནན་ཞན་གྱི་སྐོར་བཤད་བཤད་ནས། ངའི་ཆུང་དུས་ཀྱི་མི་ཚེའི་སྐོར་དྲན་བཅུག་སོང༌།
རྩ་ཐང་གི་འབྲོག་ཕྲུག་སྣབས་ལུག་ཚོ་དང་མཉམ་དུ་བྲག་དམར་སློབ་ཆུང་ནང་གི་མི་ཚེ་དྲན་བཅུག་སོང༌། ངའི་ཕ་རྒན་གྱི་མི་ཚེའི་བརྒྱུད་རིམ་དྲན་བཅུག་སོང༌།
ངའི་ཕུ་བོ་གཉིས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དྲན་བཅུག་སོང༌། ཨོ། ད་མདའ་བཙན་པོའམ་ཚེ་རིང་བཀྲ་ཤིས་སོགས་ལ་རང་མོས་སྙན་ངག་འདྲ་བོ་བྲིས་ནས་མི་ཚེ་མ་སྐྱེལ་ལབ༌།
དེ་ལས། ཁོ་དེ་རིང་སང་ཉིན་གསེར་ལུང་ན་དགེ་རྒན་རེད། དགེ་རྒན་ཡིན་པའི་སྐབས་སུ་དུས་ཚོད་སྟོང་པ་དེ་ཚོ་རང་མོས་སྙན་ངག་གི་སྒང་ལ་གཏོང་རྒྱུའི་ཚབ་ལ་བོད་རིགས་མཁས་པ་རྒན་པ་ཚོའི་གསུང་རྩོམ་གྱི་སྒང་ལ་གཏོང་ཐུབ་ན༌། རྗེས་མ་ཏན་ཏན་དེས་ཕན་ཐོགས་ཡོང་གི་རེད་ལ་རྨ་ལྷོ་སོག་རྗོང་འདྲ་བོ་ནས་མཁས་པ་ཡང་བྱེད་ཐུབ་ཀྱི་རེད།
ཁྱེད་རང་རྒན་པ་རེད་བ། བསམ་ཚུལ་རེ་ཕ་ཡུལ་ལ་བསྐུར་དང་ཉན་མདོག་ཁ་བོ་རེད། དེ་མིན་རྗེས་མ་རང་མོས་སྙན་ངག་འདྲ་བོ་ཞིག་བྲིས་ནས་མི་ཚེ་རྒས་ན་དེ་ཙམ་ཞིག་རེད་ད།
ངེད་ཀྱིས་ནི་ཕུ་བོ་རྒན་པ་དེར་ལབ་རྒྱུ་བྱུང༌། མདའ་བཙན་པོ་དང་ཁོང་གཉིས་འཛིན་གྲ་གཅིག་གི་སློབ་གྲོགས་དང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲ་ནས་ཀྱང་མཉམ་དུ་ཐོན་པ་རེད།
གྲོགས་པོ་ཡང་འདང་ཅན་དེ་འདྲ་རེད། ཁོང་གཉིས་ཀས་རང་མོས་སྙན་ངག་ཡང་མཉམ་དུ་བྲིས་བ་རེད། འོན་ཀྱང༌། ངེད་ཀྱི་ཕུ་བོས་མཚམས་བཞག་འདུག
ངས་མདའ་བཙན་པོ་ངོ་ཁོ་རང་མི་ཤེས། རྩོམ་དེ་འདྲ་མཐོང་སོང་། ཁོ་མདའ་ཚན་ནས་རེད་ཟེར་ནས་གོ གཞན་མི་ཤེས།
ཁྱོད་ཀྱི་ཕ་རྒན་སུ་རེད། གཅིག་བྱས་ན་ངས་ངོ་ཤེས་གི་རེད། ངས་སྔོན་བྲག་དམར་སློབ་གྲྭར་དགེ་རྒན་བྱེད་མྱོང་།
ངེད་ཀྱི་ཕ་རྒན་ཉིན་མཐའ་ན་ཡོད་དུས་ཆབ་བྲག་ལྷ་མོ་སྐྱབས་དང་དགེ་གྲོགས་རེད།
དེའི་རྗེས་སུ་བྲག་དམར་ལ་ཡོང་ནས་རྒས་ཡོལ་མ་ཕྱིན་བར་དུ་དེར་བཞུགས་པ་རེད།
ངེད་ཀྱི་སློབ་ཆུང་ལོ་རིམ་དང་པོ་ནས་ལྔ་བ་དབར་གྱི་བོད་ཡིག་དགེ་རྒན་ཡང་ངེད་ཀྱི་ཕ་རྒན་ཡིན།
ཨོ། ཁྱེད་ཚོས་གཅིག་གིས་གཅིག་ལ་ངོ་ཤེས་ན་ཐང༌།
བྲག་དམར་སློབ་ཆུང་དུ་རྒས་ཡོལ་མ་ཕྱིན་བར་དུ་དགེ་རྒན་གྱི་ཕྱག་ལས་གནང་ནས་བཞུགས་པ་རེད།
ཕྲན་གྱིས་འགྱུར་འགའ་ཤས་ལ་བལྟས་པ་ཡིན། དེ་ལས་དོར་ཞིའི་འགྲེལ་བ་དེ་གཙོ་བོ་རྒྱ་ཡིག་དང་བསྡུར་ནས་བལྟས་ཡོད་པ་རྟོགས་ཐུབ། དེ་མིན་ནོར་བྲང་གི་དེ་བོད་འགྱུར་ལ་གཏུགས་འདུག་བ་འདྲ། གང་ལྟར་སྙན་ངག་འདི་གནའ་སྔ་མོ་ནས་རྒྱལ་ཁབ་མང་པོར་འགྱུར་བའི་སྙན་ངག་སྐད་སྒྲ་ཡོད་པ་ཞིག་རེད་ལ། དོན་སྙིང་ཡང་ལྡན་པ་ཞིག་རེད། སྟབས་ལེགས་ན་ཟུར་དུ་སྙན་ངག་འདི་བཀླགས་པའི་མྱོང་ཚོར་ཞིག་འགོད་ངེས་ཡིན་པས་དྲ་གྲོགས་ཚོས་ཀློག་རོགས་གནང་།
ཁྱེད་ཚོ་ཚང་མར་ཐུགས་རྗེ་ཆེ།