ངག་དབང་།
༼དུད་འགྲོའི་གཞིས་ཀ༽ཞེས་པ་ནི་རྩོམ་པ་པོ་ཇཱོ་ཇི་ཨོ་ཝི་རལ་ལགས་ཀྱིས་བརྩམས་ཤིང་། ངམ་རིང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ནོར་གླིང་མཐོ་སློབ་འགྲིམས་སྐབས་སུ་ཐོག་མར་སྒྱུར་མགོ་ཚུགས་ཏེ། ཕྱི་ལོ་ ༢༠༠༥ ལོར་བོད་སྒྱུར་གྲུབ་ནས་ཡོངས་འགྲེམས་བྱས་པ་ཞིག་རེད།
སྒྱུང་རྩོམ་འདི་ནི། དུད་འགྲོའི་གཞིས་ཀ་ཞིག་གི་རྣམ་པར་བརྩམས་ཡོད་པ་ཞིག་ཡིན་ནའང་། ཉམ་ཐག་ཞིང་བྲན་མི་དམངས་ཀྱིས་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ངན་པར་འཐབ་རྩོད་དང་། དམར་པོའི་ལྟ་བ་སྤྱི་དང་ཡང་སྒོས་ཨུ་རུ་སུའི་དམར་པོའི་དབང་སྒྱུར་གྱི་བྱས་ཉེས་མཚོན་སྟོན་གནས་སྟངས་མངོན་སྟོན་བྱེད་པ་ཞིག་ཀྱང་ཡིན་པ་འདི། ད་ལྟའི་ང་ཚོས། ང་ཚོའི་གནས་སྟངས་དང་མཚུངས་བསྡུར་གྱི་དཔེ་གཞི་ཡག་པོ་ཞིག་ཀྱང་ཆག་ཡོད་པའི་ཆ་ནས། ལོ་ལྔའི་གོང་ཞིག་ལ་དཔར་འགྲེམས་དང་ད་ལྟ་ཡོངས་སུ་དཔར་འགྲེམས་རྫོགས་ནས་ཡོད་པའི་སྒྱུར་རྩོམ་འདི། ཀློག་མཁན་མང་པོས་ཀློག་དགོས་པ་ཞིག་རེད་ཅེས་ཞུ་འདོད་བྱུང་།
འདི་ལ་ད་དུང་གཅན་ཚ་བ་ལྷ་འབུམ་གྱིས་བསྒྱུར་བའི་འགྱུར་ཞིག་ཀྱང་ཡོད་པ་རེད་ཟེར་བ་གོ་མྱོང་།
སྒྱུར་རྩོམ་དེའི་མ་སྒྲུང་ཨིན་ཡིག་ཐོག་ལ་ཅི་ཟེར། ཁོང་གིས་དེ་ལྟར་སྒྱུར་བ་ལེགས་གསོལ་ཞུ། འུ་ཅག་གི་སྤྱི་ཚོགས་ནང་སྒྱུར་གྱི་ལས་རིགས་ལ་ཞུགས་མཁན་ཉུང་ཉུང་རེད།
དེབ་འདི་སྔ་ལོར་ཨ་རིའི་རླུང་འཕྲིན་ཁང་གི་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ “བྱོལ་སོང་གི་གཞིས་ཀ་”ཞེས་པའི་མིང་ཐོག་ནས་བསྒྱུར་ཟིན་པ་དང་། བོད་ནས་པར་སྐྲུན་བྱས་ཡོད་འདུག་ལགས།
http://en.wikipedia.org/wiki/Animal_Farm