ལོག་སྨྲ་ཚར་གཅོད།
དཔྱིད་ཀྱི་དཔལ་ཡོན་བཀྲ་བའི་སོས་ཀ་ཡི་དུས་འདིར།།
བྱང་ཕྱོགས་ཁ་བ་ཅན་གྱི་ཉེ་འདེབས་སུ་བསྐྱོད་ནས།།
འདྲེན་བྱེད་དབང་པོ་ལན་གཅིག་ཡུལ་ཕྱོགས་དེར་འཕོས་པས།།
ཧི་མ་ལ་ཡི་རང་བྱུང་ཉམས་འགྱུར་དེ་མངོན་བྱུང་།།
ཡིད་དགའ་ཆུ་འཛིན་འཇིག་རྟེན་མི་ཡུལ་ལ་འཕོས་འདྲ།།
ཁ་བས་གཡོགས་པའི་ས་འཛིན་རི་བོ་ཡི་བརྗིད་ཉམས།།
དཀར་ཕྲེང་བཀྲ་བའི་ཕྱོགས་མཚམས་གནམ་འདེགས་ཀྱི་ཀ་བ།།
མཐོ་སྒང་བོད་ཁམས་སྲུང་བའི་གངས་རི་ཡི་ར་བ།།
ལན་གཅིག་ཕྱིར་བཞུགས་བོད་འབངས་བསུ་བ་ལ་ཆས་འདྲ།།
ཕྱག་ན་པདྨོར་གདན་ཞུའི་སེར་ཕྲེང་གི་ངང་ཚུལ།།
བཅོས་མིན་རང་བྱུང་ས་མཐོའི་བཀོད་པ་དེ་མཐོང་དུས།།
བདག་གི་རྣམ་ཤེས་ལན་གཅིག་བོད་ཡུལ་དུ་དྲངས་སོང་།།
དྲྭ་བདག་ལགས། དེ་དང་མཉམ་དུ་པར་ཞིག་ཀྱང་ཡོད་པས་འདིའི་ཐོག་སྦྱར་རོགས།
གངས་རིའི་ལྕགས་རིས་བསྐོར་པའི་བོད་ཡུལ་གྱི།
སྐྱེད་ཚལ་རྭ་བར་ཕ་མེས་ཀྱིས་བསྐྲུན་པའི།
རིག་གཞུང་སྐད་ཀྱི་མེ་ཏོག་མ་ཉམས་ན།
གཞི་བྱེས་བོད་མིས་སྲོལ་བཟང་འབྲས་བུར་སྤྱོད།།