ནམ་མཁའ།
དཔྱིད་ཀྱི་ལྷ་མོས་མངགས་པའི་ཁུ་བྱུག་ཁྱོད།།
འདི་ནས་ལེ་དབར་སྟོང་ཕྲག་མང་པོ་ཡི།།
ཤར་ཕྱོགས་ཧི་མ་ལ་ཡི་རི་རྒྱུད་ན།
གངས་དཀར་རི་བོའི་བསྐོར་བའིརྒྱལ་ཁམས་ཞིག།
སྤྲིན་དཀར་སྐེད་ལ་བཅིངས་བའི་གངས་འདབས་སུ།།
གཤིས་རྒྱུད་བཟང་ལ་ངང་རྒྱུད་རིང་
སྡུག་གི་ཁུར་བོ་སེམས་ལ་བཟུང་ཞོ
གངས་རིའི་རྩེ་ནས་རྟ་བདུན་དབང་པོ
འོད་ཟེར་སྟོང་ལྡན་ཤར་ལ་སྒུགས་
དང་པོ་་གྲོག་རོང་འགྲམ་ལ་སླེབས་
གཡུ་འབྲུག་སྔོན་མོ་འཁྱིལ་བའི་སྒ
སྐྲ་ལོ་གཟེང་ཞིང་འདར་སིགས་བྱེད་
ནམ་མཁའི་མཐོངས་ནས་རྦབ་ཆུས་རྦབ་
དེ་དུས་གླག་རྒོད་ཁྲ་མོའི་གཤོག་
དེ་ནས་གཉའ་ལམ་སྒོ་སྲུང་མདུན་ལམ་
གཤིན་རྗེ་གཤེ་དམར་སྦྲུལ་གྱི་མགོ
གདོང་དམར་སུ་ཞིག་ལམ་དུ་བགྲོད་
སྦྲུལ་ཞགས་དམར་བོ་སྐེ་ལ་སྐོན་
དོན་མེད་བཙོན་ཁྲིམས་དྲན་མེད་རྒྱ
སྲིན་པོའི་ཡུལ་ཡང་འདིའི་ལྷག་མེ
ཉིན་མོ་ཡིབས་ལ་མཚན་མོ་དལ་གྱིས་
སྔོན་མའི་སྐྱེ་ཆེན་སྙིང་གི་རུས་
གངས་ཅན་དཔའ་བོ་མི་ལ་རས་པ་ཡི།།
གནས་འདིར་ཤིང་ལོ་གྱོན་ནས་གཏུ་མོ
སྐུ་ཚེ་གཅིག་ལ་སྒོམ་སྒྲུབ་མཛད་
ལུས་རྟེན་གཅིག་ལ་སྒྲིབས་གཉིས་རྣ
སྐྱ་བོ་་ཐང་ན་ར་ལུག་ཁལ་མ་ཅན།།
གྲོང་སྡེ་ཐ་ཐོར་ཡོད་པ་དིང་རི་ཟེ
དེ་ནས་ཉིན་ལམ་ཕྱེད་ཀྱི་ཐང་ཆེན་
ལོ་ངོ་བརྒྱ་ཕྲག་འགོར་བའི་མཆོད་
དེ་ལ་རྒྱང་རྩེ་དཔལ་མགོན་མཆོད་རྟ
ཕལ་ཆེར་འདོམས་ཚད་སྟོང་གི་གྲོང་
གངས་རིའི་སྐར་ཚོགས་འོད་སྣང་སྦྱི
འོད་དཔག་མེད་ཀྱི་ཞིང་ཁམས་འཕོས་
བལྟ་བའི་མི་ངོམས་བསོད་ནམས་བསགས་
མཁས་གྲུབ་འབྱུང་ནས་བཀྲ་ཤིས་ལྷུ
དེ་ཡང་རྒྱལ་མཆོག་དགེ་འདུན་གྲུབ་
སྲིན་པོ་གདོང་རྨེས་བཏང་བའི་སྲི
གཏོར་བའི་གངས་ལྗོངས་གྲུ་འཛིན་
རྒྱབ་རིའི་ངོས་ན་མི་བརྗེད་མཁར་
ཤར་གྱི་མཆོད་ཁང་བཀྲ་ཤིས་རྣམ་རྒྱ
ཁ་བ་ཅན་གྱིས་དགུང་གི་ཟླ་བ་ཞེས།།
འབོད་པའི་སྐྱེ་ཆེན་དཔའ་བོའི་སྐུ
གངས་རིའི་སྐྱིད་སྡུག་སླད་དུ་སྐྱ
རང་ཉིད་གཅིག་བུས་སྡུག་བསྔལ་ལེན་
སྙིང་གི་རུས་པས་བྲིས་བའི་ཡིག་
སྲིན་པོ་ཁྲོས་སྟེ་མུན་པའི་བཙོན་
ལོ་དགུ་བཅུགས་ཀྱང་ཞུམ་མེད་སྙིང་
གཡུ་ལོ་བཀོད་པའི་ཞིང་གི་དགའ་ཚལ་
སྒྲོལ་ལྗང་དཔལ་མོའི་བདུད་རྩིའི་
སྔོ་ཞིང་དྭངས་བའི་ཡར་འབྲོག་གཡུ་
ཅུང་ཟད་བསྐྱོད་དང་ཆོས་ཀྱི་ཞིང་
གྲུ་འཛིན་དམར་བོའི་ཕོ་བྲང་བརྗི
མཐོང་མ་ཐག་ཏུ་ཡིད་ལ་དཔའ་ངར་རྒྱ
འདོམས་ཚད་བརྒྱ་ཕྲག་མཚམས་ན་ལྷ་
དེ་ལ་གཙུག་ལག་ཁང་དང་ཇོ་ཁང་འབོད།
ཐུབ་པའི་དབང་པོའི་སྐུ་བརྙན་བྱི
གཤིས་བཟང་མི་རིགས་ཞིག་གི་མཆོད་
འདི་གཉིས་སྲོང་བཙན་སྒམ་པོས་བཞེ
བཅོམ་ལྡན་འདས་ཀྱིས་ལུང་གིས་ཟིན་
རི་བོ་དགེ་ལུགས་བསྟན་པའི་འབྱུང་
འབྱུང་བཞིས་མ་འཇིག་བཙན་གྱིས་གཏོ
གཞན་གྱིས་མ་བརྗོད་མིག་ལ་སྣང་བའི
བརྩིགས་ཆག་མང་པོས་སེམས་སུ་རི་མོ
གངས་རིའི་ལྗོངས་ཀྱི་སྣོད་བཅུད་
ཞིབ་ཏུ་བརྗོད་ཚེ་མི་ཚེ་གཅིག་ལ་
རིག་པའི་འབྱུང་གནས་སེ་འབྲས་དགེ་
སྐུ་གསུམ་གཅིག་བསྡུས་ཙོང་ཁ་ཆེན་
མཁས་གྲུབ་གཉིས་ལྡན་དངོས་སློབ་རྣ
འདི་ནས་ངལ་གསོའི་ཚབ་ལ་མཆོད་བཀུ
དེ་ནས་ལེ་དབར་ལྔ་བརྒྱའི་ཤར་ཕྱོ
བཙན་པོའི་གདུང་སྲས་ཙོང་ཁའི་རྒྱ
ཕོ་བྲང་མཁར་ཤུལ་ཟི་ལིང་གྲོང་ཁྱེ
གྲོང་ཁྱེར་དེར་ན་ལྷས་སྦྱིན་མཚོ
སྲིན་པོ་དམར་བོའི་བུ་ཕྲུག་མཐོང་
ཁ་བའི་ལྗོངས་ཞིག་མིན་པར་སྣང་མོ
མདོ་ལས་ལུང་བསྟན་བློ་བཟང་མཚན་
གངས་རིའི་ཡུལ་གྱི་ཉི་ཟླ་རྣམ་གཉི
མདོ་ཁམས་གཡར་མོ་ཐང་གི་མཚོ་ཆེན་
སྨུག་པོ་གདུང་ལ་འཁྲུངས་བའི་བུ་
ཤེས་རབ་འདབ་མ་བཞད་པའི་ཟེའུ་འབྲུ
སྤྱད་པའི་མི་ངོམས་ཡང་ཡང་རོལ་འདོ
ལུས་པོ་ངལ་ཡང་མི་ཚོར་སྙིང་སྟོ
དེ་ལ་ཡོ་རབ་གླིང་གི་འཁྱམས་པོ་ཡི
མི་མཐོང་སེམས་ཀྱི་ཚོར་བ་གཟུགས་
མཚོ་ཆེན་སྔོན་མོའི་ནང་དུ་ཤོང་
ལས་ཀྱིས་བསགས་པའི་སེམས་ཀྱི་རྣམ་
མི་འདོད་ན་ཡང་རང་དབང་ཅི་ཞིག་ཞེ
མགྲིན་པ་བརྣངས་ཞོར་ང་ལ་བསྐུར་སོ
སྐྱེས་དུས་ལྟེ་ཁྲག་འཕོ་སའི་གངས་
མི་འདོད་ལས་ཀྱིས་བསྐྱུར་ནས་འཁྱ
རྒས་དུས་རུས་པ་འཐོར་ས་བྱེད་འདོ
དྲན་པའི་མཆི་མས་བསྐྱིལ་བའི་མཚོ་
ཡ་ཆུང་སེམས་ཀྱིས་མི་ཐེག་ཤོར་ལ་
ཞེས་བའི་སྐྱོ་གཏམ་སྙིང་གི་བུ་མོ
སྙན་གི
ཡག་པོ་ཞིག་བྲིས་འདུག རེ་བ་ལ་ཁ་སང་སྔོན་མའི་དངོས་སྒྲུང་དེའི་མཇུག་གང་མགྱོགས་ཀྱིས་ཕུད་པའི་རེ་བ་ཆེ།
དར་རྩེ་མདོ་ཡི་ཡན་འདབ་དང་།།
རྒྱ་མོ་རྔུལ་ཆུའི་འཁྱོགས་མཚམས་སུ།།
བདེན་པའི་རྔ་སྒྲ་རྡུང་བའི་དཔའ་བོ་ཚོས།།
སྙིང་གི་དབྱུག་པས་རྔ་བོ་ཡང་ཡང་རྡུང་།།
ཞུམ་མེད་མེ་ལྕེ་དགུང་ལ་འཕྱུར་ཤུལ་དུ།།
ལུས་པའི་ཕ་མ་དྭ་ཕྲུག་མང་པོ་ལ།།
མ་སྐྱོ་མ་ངུ་གངས་རིའི་མགོན་པོ་ཡིས།།
ཐུགས་རྗེ་ལྕགས་ཀྱུས་བཟུང་ཡོད་གསུང་།།
གངས་ཅན་བོད་ཀྱི་སྙན་དངས་པ།
ནམ་མཁའ་བློ་གྲོས་ཉི་འོད་ལས།
རྒྱང་རྩེ་མཆོད་རྟེན་གསལ་བ་ན།
ཕྱག་ན་པདྨོ་གཞོན་མཇལ་དྲན།།
སྙན་པོ་བྱུང་།
གོང་གསལ་གྱི་ཚིགས་དེ་ལ་འགྲེལ་བཤད་ཅིག ༡༩༥༡རྣམ་འདྲེན་བླ་མ་མཆོག་གྲོ་མོས་ནས། དབུས་འབྱོན་དུས། དབྱར་ཀ་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་ལྷུན་པོ་ནས། གྲྭ་པ་མང་པོ་རྗེ་བཙུན་བླ་མ་གཞོན་ནུ་མཇལ་བར་བསྐྱོད། བདག་ཅག་ལ་དྭགས་པ་བཞི་ཡང་དེར་སླེབས། བདག་ཅག་གིས་དཔལ་འཁོར་མཆོད་རྟེན་གྱི་བང་རིམ་ན་རྗེ་བཙུན་བླ་མས་མཆོད་རྟེན་གྱི་གནས་གཟིགས་མཛད་བཞིན་པ་མཇལ། དེ་ནས་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་དབང་དང་མངས་ཀྱི་མཇལ་ཀ་ཞུས། གཞུང་ནས་བཀྲ་ཤིས་ལྷུན་པོ་ནས་ཕེབས་པའི་དགེ་འདུན་ལ་མང་ཇ་བཞེས་ཐུག་བསྙེན་བཀུར་ཐོག་གྲྭ་པ་རེར་དངུལ་སྲང་ཉེར་ལྔའི་འགྱེད་སྩལ་པ་བཅས་དྲན་ནོ།།
གྲོ་མོ་རེད། གྲོ་མོས་མ་རེད།
དཔྱིད་ཀྱི་ཕོ་ཉས་དཔྱིད་དཔལ་མ་ངོམ་པར། །
དབྱར་གྱི་ཆར་ཤུགས་འོག་ལ་འབང་པ་དང་། །
སྟོན་ཀའི་འབྲས་ཟད་ལོ་སེར་ལྟ་དགོས་པ། །
དགུན་གྱི་འཁྱག་རོམ་གྲང་ངར་མྱང་སྟངས་འདིས། །
ཕོ་ཉ་ཕལ་པ་ཞིག་ནི་མིན་པ་འདྲ། །
རྒན་ཀརྡོ་བའི་སྙན་རྩོམ་དེ་ཅིག་སྙན་པ་ལ་སྙན་ཚོད་མ་བྱུང།
ཕོ་ཉ་ཕལ་བ་ཞིག་ནི་མིན་པ་ཐག་གིས་ཆོད།།
གངས་ལྗོངས་སྣོད་བཅུད་ཆག་འཇིག་བལྟ་ཞོར་དུ།།
གངས་རིའི་ལོ་རྒྱུས་མདོར་བསྡུས་བཤད་ནས་སོང་།།
དཔྱིད་དཔལ་བཙལ་བའི་ཕོ་ཉ་མིན་པ་ཤེས།།
གངས་རིས་ལྗོངས་སུ་ད་རུང་སྐྱ་ཆད་སྔོ་སྡུག་ཡིན།།
རྒན་འཇམ་དཔལ་སོགས་དྲ་གྲོགས་ཚོ་ཕེབས་པ་དགའ་བསུ་ཞུ། རྒན་འཇམ་དཔལ་ལགས།གྲོ་མོ་དགེ་བཤེས་སམ་གྲོ་མོ་རིན་པོ་ཟེར་བ་དེ་ཨེ་རེད།སྔོན་མ་བོད་ན་ཡོད་དུས་དེའི་ལོ་རྒྱུས་ཐུང་ངུ་ཐོས་མྱོང་ཡོད་པས་དྲི་བ་དྲིས་པ་ཡིན་ལགས།
ནམ་མཁའ་ལེགས། གྲོ་མོ་དགེ་བཞེས་སྐུ་གོང་མ་དེ་བཀྲ་ཤིས་ལྷུན་པོ་ནས་ཕེབས་ཏེ། གྲོ་མོར་གྲུབ་པ་བརྙེས་པས་དད་ལྡན་རྣམས་ཀྱིས་གྲོ་མོ་དགེ་བཤེས་ཞུ། ཁོང་གིས་བཟོས་པའི་རིན་ཆེན་རིལ་བུ་རྩ་ཆེན་པོ་བྱེད་པ་ཐོས། དེའི་ཡང་སྲིད་འབྲས་ལྗོངས་སུ་འཁྲུངས་པ། དབུས་གདན་ས་སེ་ར་ཐེག་ཆེན་གླིང་དུ་བཞུགས་སམ་སྙམ། དེ་ནས་ཨ་རི་རུ་ཕེབས་པ་ན། ཨ་རིའི་འབྱོར་ལྡན་ཞིག་གི་ཁང་པ་བཅས་ས་གཞི་རྒྱ་ཆེ་བ་ཞིག་ཕུལ་ཡོད་པ་ཐོས། དེའི་སྔོན་དུ་བདག་གིས་ལན་གཅིག་ལོ་སུམ་ཅུ་སོ་གྲངས་སྔོན་དུ་མཇལ། དེ་ནས་སྐུ་གཤེགས་པའི་སྐུ་སྐྱེས་སྤྲུལ་སྐུ་དེ་ག་ན་ཡོད་མི་ཤེས་ཀྱང་། གྲོ་མོའི་དག་ཆ་ལེགས་པར་ཞུས་དག་མཛད་པ་པོ་མེ་ཏོག་དཀར་པོ་མཆོག་ལ་བཀའ་དྲིན་ལེགས་གསོལ་ཞུ་བར་མཇལ་བར་སྨོན་ནོ། །
གྲོ་མོ་དགེ་བཤེས་ནི་ཕ་འོང་ཁ་བའི་སློབ་མ་ཡིན་པར་མ་ཟད། གྲོ་མོར་ཡོད་པའི་བོན་པོ་དང་རྙིང་མ་བ་རྣམས་དགེ་ལུགས་སུ་བསྒྱུར་ཅིང། རྒྱ་མོ་དངུལ་ཆུའི་རྒྱུད་དང་ཁྱུང་པོ་སོགས་སུ་བོན་རྙིང་གཉིས་དགེ་ལུགས་སུ་བསྒྱུར་མཁན་གཙོ་བོ་རེད། གྲུབ་པ་བརྙེས་མིན་མི་ཤེས། དེང་སང་རྙིང་མ་བ་རྣམས་ཀྱིས་དེ་ཚོའི་ལོ་རྒྱུས་གོ་ཚོད་མིན་འདུག གྷུ་རུའི་སྐུ་འདྲ་སྐས་ཀྱི་ཐེམ་སྐས་ཀྱི་འོག་ཏུ་བཅུག་པ་རེད་ཟེར་བདེན་མིན་མི་ཤེས།
རྒན་འཇམ་དཔལ་ལགས་ཐུགས་རྗེ་ཆེ།ཞལ་ལན་གནང་བ་།ཕྲན་ཆུང་དུས་བོད་ནང་ཐོས་པ་ཡང་དེ་ལྟར་རེད།རིན་ཆེན་རིལ་བུ་བཟོས་པ་དེ་འདྲ་དང་བརྒྱུད་ཐོས་པ་ཡིན།དེ་ནི་བདེན་པ་ཡིན་པ་འདྲ་བས་རྒན་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།གང་ལྟར་རྒྱུན་རིང་ཞིག་ལ་དྲ་ཐོག་ནས་མཇལ་མ་སོང་བས་ད་ཐེངས་མཇལ་བས་དགའ་བ་རབ་ཏུ་འཕེལ།
གྲོ་མོ་དགེ་བཤེས་ཤུགས་ལྡན་བསྟེན་མཁན་ཨང་ཀི་དང་པོ་རེད། ༡༩༥༩ སྔོན་གྲོ་མོ་དུང་དཀར་དགོན་དུ་༧གོང་ས་མཆོག་གིས་ཀྱང་ཤུགས་ལྡན་ནས་ལུང་ལེན། དེའི་ཡང་སྲིད་འབྲས་ལྗོངས་སུ་སྐྱེས་པ་དེ་༧གོང་ས་མཆོག་ལ་བཅར་དུས་ཤུགས་ལྡན་སྐོར་ནས་བཀའ་སློབ་སྩལ་པ་མན་ཇུ་ཊི་ལའི་སྲང་ལམ་གྱི་བརྙན་འཁོར་ཚོང་ཁང་བསྟན་གི་འདུག གུ་རུའི་སྐུ་ས་འོག་ལ་སྦས་པའི་སྐད་ཆ་ཅང་མ་ཐོས།
གྲོ་མོ་དགེ་བཤེས་ཀྱིས་བོན་རྙིང་གཉིས་ལ་སྡུག་པོ་བཏང་རབས་བཤད་ན་དམར་སྲུང་དམག་དེ་ཚོ་ཨོའོ་ཙམ་རེད།
ང་ནི་ཁུ་ནུ་བླ་མ་མཆོག་དང་རྒྱ་གར་གྱི་སློབ་དཔོན་འགའི་རྗེས་སུ་འབྲངས་ནས་ཆོས་ལུགས་ཡོངས་ལ་དག་སྣང་སྦྱོང་བ་ལ་འབད། འདིར་རྙིང་མ་པ་འཆི་མེད་རིག་འཛིན་རིན་པོ་ཆེས་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭར་བཤད་པ་བྱས་པ་དངོས་སུ་ཐོས་པ་ཞིག་དགོད་པར་བྱ་སྟེ། “ཁོ་བོ་བོད་དུ་ཕ་བོང་ཁ་རིན་པོ་ཆེ་མཇལ་དུ་སླེབས། གཟིམ་ཆུང་གི་མཆོད་གཤམས་ན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱང་བཞུགས་ཡོད་པ་དངོས་སུ་མཇལ།”ཞེས་བཤད་སོང་། འདི་ལྟར་བཤད་པ་ལ་དགོས་པ་ཞིག་ཡོད་པར་བསམས་སོ།།
བན་དེ་པ་ལེགས། བཀའ་འདྲི་ཞུ་རྒྱུ། བོན་པོའི་རྟོགས་ལྡན་ཚུལ་ཁྲིམས་རྣམ་དག་གིས་མཛད་པའི་དམུ་རིའི་དཀར་ཆག་གི་ཕྱག་དཔེ་བཞུགས་ཡོད་མེད་དང་། དམུ་གཤེན་གདུང་རབས་སྐོར་གྱི་ཕྱག་དཔེ་ཞལ་གསལ་བཞུགས་སམ། གཏེར་སྟོན་གུ་རུ་རྣོན་རྩེ་དང་། ཨ་ཡ་བོན་པོ་ལྷ་འབུམ་གཉིས་ལ་བོན་ལུགས་སུ་ལོ་རྒྱུས་རྒྱས་པ་བཞུགས་སམ། དབོན་གསེས་ཁྱུང་ཐོགས་དང་རིག་འཛིན་རྒོད་ལྡེམ་གང་ཟག་གཅིག་ཡིན་པའི་ཁུངས་བོན་ལ་བཞུགས་སམ།
དྲི་མེད་ལགས་ད་ལྟ་དེ་ཙམ་དུས་ཚོད་རང་མི་འདུག་སྟེ་བཀའ་ལན་ཕུལ་ཆོག
དཔོན་གསས་ཁྱུང་རྒོད་རྩལ་ནི་བོན་པོ་ཡིན་ཅིང་་་་ཁོང་ཕྱི་ལོ་་༡༡༨༥ལོར་འཁྲུངས། ཾོང་གི་མཚན་འགྱུར་ལ་རིག་འཛིན་རྒོད་ལྡེམ་དང། རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ། དབྱིལ་སྟོན་དཔོན་གསས་ཁྱུང་རྒོད་རྩལ། དཔོན་གསས་ཁྱུང་ཐོགས་རྩལ་ཞེས་པ་སོགས་མང། རྙིང་མ་བས་བོན་པོ་དྲག་རྩལ་དང། གསང་མཚན་དུ་རྡོར་རྗེ་འབར་ཞེས་བརྗོད། ཁོང་གིས་རྙིང་མའི་ཕུར་པ་ལས་སོགས་ཀྱི་ཆོས་སྐོར་དང་རུས་སྦལ་ནག་པོའི་སེར་སྲུང་སོགས་གཏེར་ནས་བཏོན་ཅིང། རྙིང་མའི་གཏེར་སྟོན་བརྒྱ་རྩའི་གྲལ་དུའང་ཀོང་སྤྲུལ་གྱིས་བཞག་ཡོད་འདུག
གུ་རུ་རྣོན་རྩེ་ནི་ཕྱི་ལོ་་༡༡༣༦ ལོར་འཁྲུངས་ཤིང་ཁོང་གིས་གཙང་སྟོད་རྟ་ནག་དུང་ཕོར་ནས་མ་རྒྱུད་ཐུགས་རྗེ་ཉི་མའི་བོན་སྐོར་སོགས་གཏེར་ལས་དྲངས། རྙིང་མས་ཁོང་གི་མཚན་ལ་བོན་པོ་ལྷ་འབུམ་ཞེས་བརྗོད་ཅིང་་ཾཁོང་གིས་གཙང་རྟ་ནག་ནས་ཆོས་བོན་སྨན་རྩིས་སོགས་གཏེར་ལས་དྲངས་པར་བཤད་ཅིང་་གཏེར་སྟོན་བརྒྱ་རྩའི་གྲལ་དུ་ཀོང་སྤྲུལ་པས་བཞག་གནང་ཡོད། དེ་དག་གི་ལོ་རྒྱུས་བཞུགས་ཤིང་རྙིང་མ་པས་བཤད་པ་དང་བོན་པོས་བཤད་པ་གཉིས་མི་གཅིག་ཡིན་པ་བོན་གྱི་བསྟན་འབྱུང་དང་རྒ་རབས་ལོ་རྒྱུས་ཕལ་ཆེ་བ་ནས་གསལ་ཡོད། དམུ་གཤེན་གྱི་གདུང་རབས་ནི་་་སྤྲུལ་པའི་སྐུ་མཆོག་གཏེར་སྟོན་བརྒྱ་རྩའི་གཙོ་བོ་སྤྲལ་སྐུ་གཤེན་ཆེན་ཀླུ་དགའི་རྣམ་ཐར་དང་གཞན་ཡང་བོན་གྱི་བསྟན་འབྱུང་ལོ་རྒྱུས་ཕལ་མོ་ཆེ་ནས་གསལ་ཡོད་འདུག
རྟོགས་ལྡན་ཚུལ་ཁྲིམས་རྣམ་དག་གིས་མཛད་པའི་དམུ་རིའི་དཀར་ཆག་ཟེར་བ་ཞིག་ཡོད་པ་དྲན་གྱི་མི་འདུག་་་སྤྱིར་དམུ་རི་སྨུག་པོ་ཟེར་བའི་རི་དེ་ཀོང་པོ་བོན་རིར་ཡོད་ཅིང་ཀོང་པོ་བོན་རིའི་དཀར་ཆག་སོགས་ཀྱི་ནང་དུ་དེ་ལྟར་ཡང་སེ་བཤད་ཀྱི་འདུག
འོན་ཀྱང་ད་ལྟ་ངོས་རང་ཕྱི་ལོགས་ཤིག་ཏུ་ཡོད་པས་དཔེ་ཆའི་མཐུན་རྐྱེན་མེད་ཙང་ཁྱེད་ཀྱི་དྲི་བར་གསལ་ཁ་ཞིག་ཞུ་ཐུབ་མ་སོང་རྗེས་སུ་ནང་དུ་འབྱོར་མཚམས་དྲིས་ལན་ཁག་ལ་གསལ་ཁ་དགོས་ཚེ་ཞུ་ཆོག་ཞུ།