གྲིབ་གཟུགས།
རེ་བ་ཞིག་གིས་གངས་འདབས་འབྱོར་སོང་སྐད།།
ཁ་བ་ནག་པོས་འགྲོ་ལམ་བཀག་སོང་སྐད།།
རླུང་རྟ་ཐུར་ལ་བརྒྱུགས་པའི་འཇིག་རྟེན་ནས།།
རྨི་ལམ་མཚོན་པར་རེ་བ་ཟད་སོང་སྐད།།
གཡོ་འཕྲུལ་ཞིག་གིས་མགོ་བོ་སྐོར་སོང་སྐད།།
སྒོར་བརྩེགས་ཤིག་གིས་བྱ་བ་འགྲུབ་སོང་སྐད།།
འཕྲུལ་དང་གཡོ་སྒྱུ་རྒོད་པའི་འཇིག་རྟེན་ནས།།
གཞན་ལ་བློ་གཏད་བྱེད་ས་མེད་སོང་སྐད།།
གཞན་གྱིས་སྒོར་མོའི་སྡུག་སྐད་བསྒྲགས་སོང་སྐད།།
རང་ལ་དགོས་པའང་སྒོར་མོ་ཡིན་སོང་སྐད།།
སྒོར་མོའི་བསླུ་བྲིད་ཐེབས་པའི་འཇིག་རྟེན་ནས།།
མཚན་མོའི་གཉིད་ཀྱི་བདེ་བ་མེད་སོང་སྐད།།
ཕྱི་རྒྱལ་སོན་པའི་མི་གྲངས་བརྩིས་སོང་སྐད།།
གཞན་གྱིས་བྱས་རབས་འཇོན་རབས་གླེང་སོང་སྐད།།
མཐོང་ཆུང་རྣམ་འགྱུར་མོད་པའི་འཇིག་རྟེན་ནས།།
ཉིན་གྲངས་འགའ་ལ་བསྡད་པའང་འགྱོད་སོང་སྐད།།
ཕྱི་ཡི་མཐུན་རྐྱེན་ཡར་རྒྱས་ཡོད་འདུག་སྐད།།
ནང་གི་སེམས་ཀྱི་ལྷིང་འཇགས་ཡལ་འདུག་སྐད།།
འགྱུར་བ་མིག་རྡེབ་ལྟ་བུའི་འཇིག་རྟེན་ནས།།
ཞག་གསུམ་ངལ་ཞིག་གསོས་པའང་དཀའ་སོང་སྐད།།
མགོ་བདེ་ཅན་དེ་གློག་ལས་མྱུར་སོང་སྐད།།
སྐར་ཆ་གཅིག་ནང་རང་དོན་བསྒྲུབས་སོང་སྐད།།
མགོ་གཡོགས་མགོ་སྐོར་ཅན་གྱི་འཇིག་རྟེན་ནས།།
མཁའ་དབུགས་ལྷོད་ཀྱིས་ལེན་སའང་མི་འདུག་སྐད།།
གྲོགས་པོ་རྙིང་པས་ཡ་མེད་བཏང་སོང་སྐད།།
ཕུ་ནུ་སྤུན་ཟླས་མཐོང་ཆུང་བྱས་སོང་སྐད།།
རང་ལ་ནུས་པ་མེད་པའི་འཇིག་རྟེན་ནས།།
མ་བཅོས་འཛུམ་གྱི་བསུས་མ་མི་འདུག་སྐད།།
ལུས་སེམས་སྡུག་ལ་ཐུག་པའི་བར་སྐབས་ན།།
སྐྱབས་མེད་མགོན་མེད་བར་དོར་ལུས་ཡོད་སྐད།།
གཅིག་པུར་ལམ་ལ་ཆས་པའི་རླངས་འཁོར་ནང་།།
མིག་ཆུའི་ཐིག་པ་གང་འཚམ་ཟག་སོང་སྐད།།
ཤ་ཚ་སྙིང་རྗེའི་སྐད་ཆ་མོད་སོང་སྐད།།
སྒོར་རྡོག་འགའ་ལ་ལག་པ་འདར་སོང་སྐད།།
ངོ་འཛུམ་སྤྲེལ་ལད་ཅན་གྱི་འཇིག་རྟེན་ནས།།
སེམས་པ་དམར་པོ་སྟོན་ས་མི་འདུག་སྐད།།
གཞན་ལ་རེ་ན་རེ་བའི་མཐེ་བོང་ཞིག།
གཞན་ལ་བསྟུན་ན་ཡལ་མེད་འཛུམ་ཆུང་ཞིག།
གཞན་དང་འགྲོགས་ན་ངོ་གསོའི་གཏམ་སྙན་ཞིག།
གཞན་གྱི་གནས་ནས་བདེ་བ་མེད་སོང་སྐད།།
རེ་བས་གནམ་ལ་བཏེགས་པའི་གྲོགས་པོ་ཡི།།
རླུང་རྟ་ཐུར་ལ་བརྒྱུགས་པའི་མྱོང་བ་འདི།།
རྣ་བའི་བུ་གར་ལན་གཅིག་གཤགས་པ་ན།།
ཚིག་སྦྱོར་ངག་གི་ཕྲེང་བར་སྤེལ་བ་ཙམ།།
༢༣་༣་༢༠༡༣
འབྱོར་ལྡན་ཀླན་པའི་རྒྱུ་ལ་འགྲམ་ཆུ་མ་ལྡང་།།
འབྱོར་མེད་བློ་ལྡན་འཚོ་བར་ཡི་ག་མ་གཅོད།།
རང་ས་རང་གིས་བཟུང་ནས་ལྷོད་ཀྱིས་བཞུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
མགོ་བདེ་གཡོ་འཕྲུལ་ཅན་ལ་བློ་ཁ་མ་གཏོད།།
ཕུ་ནུ་སྤུན་མཆེད་རྣམས་ལ་རེ་བ་མ་ཆེ།།
རང་གི་ཁྱད་ཆོས་རང་གིས་རྟོགས་ནས་བཞུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
སང་གི་རྨི་ལམ་དེ་རིང་གཏོང་གིན་མ་སྡོད།།
ཁ་སང་ལོ་རྒྱུས་དེ་རིང་གླེང་གིན་མ་བཞུགས།།
ཡོད་རྒུའི་ཐབས་ཤེས་དེ་རིང་རྩལ་སྤྲུག་གྱིས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
ཡུན་ཐུང་འཚོ་བའི་ཁྲོད་ནས་སྒོར་མོ་སེམས་ཀྱིན།།
སྒོར་མོ་འཚོལ་བའི་ཁྲོད་ན་མི་ཚེ་འཛད་ཀྱིན།།
མར་ནས་མར་ལ་འགྲོ་བའི་ལ་ཁ་གཡུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
རྒྱུ་མེད་ས་ཕྱོགས་ཤིག་ན་ལམ་འགྲོ་མ་སྒུག།
དོན་མེད་ཡེངས་མ་ལམ་དུ་མི་ཚེ་མ་གྲོན།།
མདོར་ན་མདུན་བསྐྱོད་གོམ་འགྲོས་གྱེན་ལ་ཕྱོགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
ངེས་མེད་ཚེ་ལ་ངེས་པའི་གདེང་ཚོད་མེད་ན།།
དགོས་མེད་སྟོང་བསམ་ཡོད་རྒུའི་རྗེས་མ་བསྙེག།
གཡེལ་མེད་ད་ལྟའི་ལས་འགན་ཁམས་གཙང་སྒྲུབས་དང་།།
རླུང་རྟ་ཐུར་ལ་རྒྱུགས་ཀྱང་ཁྱད་པར་མི་འདུག།
རླུང་རྟའི་ཁ་ཕྱོགས་ཐུར་ནས་ཐུར་དུ་བརྒྱུགས་ཀྱང་།།
རང་གི་ཁ་ཕྱོགས་ནམ་ཡང་གྱེན་དུ་ཕྱོགས་པར།།
རྣམ་ཀུན་གཡོ་མེད་རི་བོའི་ངང་ཚུལ་ཟུངས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
འབྱོར་ལྡན་ཀླན་པའི་རྒྱུ་ལ་འགྲམ་ཆུ་མ་ལྡང་།།
འབྱོར་མེད་བློ་ལྡན་འཚོ་བར་ཡི་ག་མ་གཅོད།།
རང་ས་རང་གིས་བཟུང་ནས་ལྷོད་ཀྱིས་བཞུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
མགོ་བདེ་གཡོ་འཕྲུལ་ཅན་ལ་བློ་ཁ་མ་གཏོད།།
ཕུ་ནུ་སྤུན་མཆེད་རྣམས་ལ་རེ་བ་མ་ཆེ།།
རང་གི་ཁྱད་ཆོས་རང་གིས་རྟོགས་ནས་བཞུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
སང་གི་རྨི་ལམ་དེ་རིང་གཏོང་གིན་མ་སྡོད།།
ཁ་སང་ལོ་རྒྱུས་དེ་རིང་གླེང་གིན་མ་བཞུགས།།
ཡོད་རྒུའི་ཐབས་ཤེས་དེ་རིང་རྩལ་སྤྲུག་གྱིས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
ཡུན་ཐུང་འཚོ་བའི་ཁྲོད་ནས་སྒོར་མོ་སེམས་ཀྱིན།།
སྒོར་མོ་འཚོལ་བའི་ཁྲོད་ན་མི་ཚེ་འཛད་ཀྱིན།།
མར་ནས་མར་ལ་འགྲོ་བའི་ལམ་ཁ་གཡུགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
རྒྱུས་མེད་ས་ཕྱོགས་ཤིག་ན་ལམ་འགྲོ་མ་སྒུག།
དོན་མེད་ཡེངས་མ་ལམ་དུ་མི་ཚེ་མ་གྲོན།།
མདོར་ན་མདུན་བསྐྱོད་གོམ་འགྲོས་གྱེན་ལ་ཕྱོགས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
ངེས་མེད་ཚེ་ལ་ངེས་པའི་གདེང་ཚོད་མེད་ན།།
དགོས་མེད་སྟོང་བསམ་ཡོད་རྒུའི་རྗེས་སུ་མ་བསྙེག།
གཡེལ་མེད་ད་ལྟའི་ལས་འགན་ཁམས་གཙང་སྒྲུབས་དང་།།
རླུང་རྟ་ཐུར་ལ་རྒྱུགས་ཀྱང་ཁྱད་པར་མི་འདུག།
རླུང་རྟའི་ཁ་ཕྱོགས་ཐུར་ནས་ཐུར་དུ་བརྒྱུགས་ཀྱང་།།
རང་གི་ཁ་ཕྱོགས་ནམ་ཡང་གྱེན་དུ་ཕྱོགས་པར།།
རྣམ་ཀུན་གཡོ་མེད་རི་བོའི་ངང་ཚུལ་ཟུངས་དང་།།
རླུང་རྟ་ཐུར་ལ་བརྒྱུགས་ཀྱང་ཁྱད་པར་མི་འདུག།
བདེན་པའི་གནས་ལུགས་ཚིག་གི་བསྟར་ལ་བརྒྱུས་ཤིང་།།
འཚོ་བའི་ཉམས་མྱོང་ངག་གི་ཕྲེང་བར་སྤེལ་བའི།།
ཤར་ཕྱོགས་འོད་ཀྱི་སྣང་བ་གསལ་པོ་དེ་ཡིས།།
བདག་གི་མདུན་གྱི་མུན་པ་བསལ་བར་དགའ་ཡོད།།
འོད་སྣང་ལགས་ཕེབས་པར་དགའ་བསུ་ཞུ།