ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༣ ཉིན་རྒྱ་གར་རྡ་ས་སྨན་རྩིས་ཁང་བཙུགས་ནས་མི་ལོ་༥༢ འཁོར་བའི་དུས་དྲན་མཛད་སྒོའི་ཐོག སྨན་རྩིས་ཁང་གི་དབུ་འཛིན་ལས་ཐོག་ཚེ་རིང་བཀྲ་ཤིས་མཆོག་གིས་བོད་ཀྱི་གསོ་དཔྱད་སྐར་རྩིས་ཀྱི་འཛིན་སྐྱོང་སྤེལ་གསུམ་བྱ་གཞག་ཐད་གསུང་བཤད་གལ་ཆེན་ཞིག་གནང་འདུག་པ་གཤམ་གསལ་ལྟར་(བོད་ཀྱི་དུས་བབ ༢༠༡༣།༣།༢༣)
“དུས་རབས་ཕྱེད་ལྷག་རིང་ངྷ་ས་སྨན་རྩིས་ཁང་གིས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་ཉམ་ཐག་དང་རྒན་འཁོཊ། སློབ་ཕྲུག གྲྭ་བཙུན། གསར་འབྱོར་བ་སོགས་ལ་གང་ཐུབ་ཀྱིས་སྨན་སྦྱིན་གཏོང་བ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཐད་ལོ་རེར་ཆ་སྙོམས་ཧིན་སྒོར་ས་ཡ་ ༤ རེ་འབུལ་བཞིན་ཡོད་པ། བོད་ལུཊ་གསོ་རིག་གི་བཀོལ་སྤྱོད་ཁྱབ་ཁོངས་སྔར་ལས་རྒྱ་སྐྱེད་ཡོང་ཆེད། མ་འོངས་པར་རཱ་ཅི་སི་ཐན་གྱི་ཇར་པུར་(Jaipur)། བྷེ་ཧཱར་པཱ་ཊི་ཎ་(Patna)། ཅན་རྡི་གྷར། གྷོ་ཧཱ་ཊེ་(Guwahati)བཅས་སུ་སྨན་རྩིས་ཁང་གི་ཡན་ལག་རེ་འཛུགས་རྒྱུ། ཨ་རི་གཙོས་ཕྱི་རྒྱལ་ཁག་ཏུའང་གང་ཐུབ་ཀྱིས་སྨན་ཁང་གསར་རྒྱག་དང་། དེ་ལྟར་མི་ཐུབ་སར་སྨན་པ་སྐོར་སྐྱོད་གནང་རྒྱུ། ཉེ་ལམ་སྨན་རྩིས་ཁང་གིས་ཨ་རིའི་འཕྲོད་བསྟེན་ལས་ཁུངས་སུ་བོད་སྨན་ཞིབ་འཇུག་མཐུན་འགྱུར་གནང་བ་བཞིན། དེང་ཕྱིན་ཨ་རིའི་ནང་བོད་སྨན་ཚོང་འགྲེམས་ཀྱི་ཆོག་མཆན་ཐོབ་ཡོད།”
“བར་ལམ་ནས་མང་པོ་ཞིག་ལ་བོད་སྨན་རྒྱ་གར་གཞུང་གིས་ངོས་ལེན་བྱས་འདུག་ཟེར་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་རུང་། དོན་དངོས་ཐོག་རྒྱ་གར་གཞུང་གིས་ཁྲིམས་ཐོག་ཏུ་རྒྱ་གར་གནའ་རབས་གསོ་བ་རིག་པ་ཞེས་པ་ལས་བོད་སྨན་གྱི་ངོ་བོའི་སྟེང་མིང་བཏཊ་མེད་ཅིང་། མིང་དེ་ལྟར་བཏགས་པ་དེའི་ཐོག་ནས་ལ་དྭཊ་དང་འབྲས་ལྗོངས། གར་ཤཱ། སྦེལ་ཏི་སོཊ་བོད་དང་རིག་གཞུང་གཅིག་པའི་རྒྱ་གར་མི་སེར་ཚོར་ཕན་ཐོཊ་ཆེན་པོ་བྱུང་ཡོད་ལ། མ་གཞི་བྱེད་ལས་ཐོག་གསོ་བ་རིག་པ་དེ་བོད་སྨན་ཡིན་པ་ཁས་བླངས་ཚེ། ཐ་སྙད་ཐོག་བོད་དང་བོད་སྨན་གྱི་མིང་མ་བཏཊ་ཀྱང་དགོས་པ་དང་ཉེན་ཁ་ཆེར་མེད་མོད། རྒྱ་གར་གཞུང་གིས་བོད་སྨན་སྡེབ་སྦྱོར་དང་སྨན་རྩ་བསྡུ་རུབ་སོཊ་སྨན་རྩིས་ཁང་གི་ཁྱབ་ཁོིངས་ནས་ཡིན་པར་ངོས་ལེན་གནང་དཀའ་བ་དང་། ལྡི་ལིའི་རྒྱ་གར་འབྲེལ་ཡོད་མགོ་ཁྲིད་ཁག་ཅིག་གིས་གསོ་བ་རིག་པ་དང་བོད་སྨན་ལ་ཁྱད་པར་ཡོད་པའི་ངོས་འཛིན། ཧི་མ་ལ་ཡའི་རི་རྒྱུད་མི་རིཊ་ཚོ་ཡང་༸གོང་ས་མཆོག་ལ་དད་པ་ཡོད་ཀྱང་། སོ་སོ་རྒྱ་གར་མི་སེར་ཡིན་པའི་ཐོག་ནས་བོད་སྨན་དེ་རྒྱ་གར་གནའ་རབས་གསོ་བ་རིག་པར་ཁྲིམས་མཐུན་ངོས་ལེན་གནང་བཅུག་པ་དེས། གསོ་བ་རིག་པའི་མིང་ཐོག་ནས་ཧི་མ་ལ་ཡའི་མི་རིགས་ཚོར་རོཊ་དངུལ་མང་པོ་རག་སྲིད་ཀྱང་། བོད་སྨན་རང་སྟེང་ནས་ངོ་བོ་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད།”
“འདས་པའི་མི་ལོ་ ༥༢ རིང་སྨན་རྩིས་ཁང་གིས་ཧི་མ་ལ་ཡའི་རི་རྒྱུད་མི་རིཊ་ཚོར་སློབ་སྦྱོང་སྤྲོད་རྒྱུ་དང་དགེ་རྒན་གཏོང་བ་སོཊ་རོཊ་རམ་གང་ཐུབ་བྱས་ཀྱང་། དེ་ལས་ལྡོག་སྟེ་ཁོང་ཚོས་རྒྱ་གར་གཞུང་དང་རྒྱལ་སྤྱིའི་ཐོག་འབྲེལ་བ་བྱས་སྐབས་གསོ་བ་རིག་པ་བོད་སྨན་མིན་སྐོར་ཅི་ཐུབ་ཀྱིས་སྒྲུབ་བཞིན་ཡོད་པ་དང་། བྱེད་སྟངས་དེ་ནི་གོ་སྐབས་ཤིག་ཡིན་པ་མ་ཟད་ཉེན་ཁ་ཞིག་ཀྱང་ཆཊ་ཡོད་པ། གོ་སྐབས་ནི་དེ་སྔ་བོད་སྨན་ལ་ཁྲིམས་ཐོག་ནས་ངོས་ལེན་མེད་ཀྱང་། མི་མང་པོ་ཞིག་གིས་ཧ་ཅང་དགའ་མོས་བྱེད་བཞིན་པའི་ཁར་རྒྱ་གར་གཞུང་གིས་ཀྱང་དམིཊ་བསལ་དགག་བྱ་གནང་མེད་ཅིང་། དེང་སྐབས་གསོ་བ་རིག་པ་དང་བོད་སྨན་གཉིས་མ་འདྲ་བའི་སྟེང་ནས་བོད་སྨན་ལ་ཁྲིམས་ཐོག་ཏུ་དམ་དྲག་བྱས་ན། སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོཊ་ལ་དོ་ཕོག་ཕྱིན་ཏེ་འཛིན་སྐྱོང་དཀའ་ངལ་འཕྲད་སྲིད་པ་དང་། གནས་སྟངས་དེའི་འོག་ནས་སྨན་རྩིས་ཁང་ཁྲིམས་ཐོག་ཏུ་འགྲོ་དགོས་སྲིད་པར་མ་ཟད། དཀའ་ངལ་དེ་ཆབ་སྲིད་དཀའ་རྙོག་ཅིག་ཏུ་མི་འགྱུར་བའི་ངེས་པ་མེད་པ། ཉེ་སྔོན་ཁོང་གཞུང་དོན་ཆེད་ལྡི་ལིའི་རྒྱ་གར་དབུས་ལས་ཁུངས་ཤིག་ཏུ་བསྐྱོིད་སྐབས། རྒྱ་གར་དཔོན་རིཊ་ཞིག་གིས་ལས་ཀ་དེའི་རིཊ་སྨན་རྩིས་ཁང་དང་ཐད་ཀར་འབྲེལ་བ་བྱས་ན་ཏག་ཏག་བསྡད་མེད་པར། ལྡི་ལིའི་སྐུ་ཚབ་དོན་གཅོད་བརྒྱུད་དགོས་པའི་བཀའ་མོལ་གསུངས་བ་བཅས་ཀྱིས་དཀའ་ངལ་འཕྲད་མགོ་བཙུཊ་ཡོད་པ། གསོ་བ་རིག་པ་དང་བོད་སྨན་གཉིས་དོན་གཅིག་མིང་གི་རྣམ་གྲངས་དང་། གསོ་བ་རིག་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གལ་ཆེན་ཞིག་ཆཊ་ཡོད་སྟབས། རྒྱ་གར་གྱི་རོཊ་དངུལ་གང་ཡང་མ་རག་ཀྱང་གསོ་བ་རིག་པ་རྒྱ་གར་གསོ་རིག་ཆ་ཤས་སུ་གྱུར་ན་མི་འགྲིག་པར། བོད་སྨན་རང་གི་ངོ་བོའི་ཐོག་བསྲེས་ལྷད་མེད་པར་སྲུང་སྐྱོབ་བྱས་ཐོག གཞིས་བྱེས་ལྷན་འཛོམས་བྱུང་སྐབས་གཞིས་ལུས་མི་དམངས་ཚོར་རྩིས་སྤྲོད་ཐུབ་རྒྱུ་ཧ་ཅང་གལ་ཆེན་ཡིན།”
“དེ་བཞིན་དེང་སྐབས་བལ་ཡུལ་དང་ལྷ་ས། ཧོང་ཀོང་སོགས་སུ་ངྷ་རམ་ས་ལའི་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་ཡིན་མདོག་གིས་རིན་ཆེན་རིལ་བུ་རྫུན་མ་ཚོང་འགྲེམས་བྱེད་མཁན་ཡོད་པའི་དོགས་པ་ཡོད།”
བཙན་བྱོལ་བོད་མི་ཚོས་སོ་སོའི་སྐད་ཡིག་སྲུང་སྐྱོབ་མི་ཐུབ་པའི་ཁར་བོད་སྨན་གྱི་བདག་དབང་ཡང་གཞན་ལ་ཤོར་སོང་ན། ད་བཙན་བྱོལ་ལ་ཡོང་བའི་དགོས་དོན་ཅི་ཞིག་འགྲུབ་འདུག་གམ།
རྒྱུད་བཞིའི་གཙོས་པའི་ནང་བསྟན་དང་བོད་ཡིག་སོགས་རྒྱ་གར་ནས་བྱུང་བར་ཁས་བླངས་ན་བོད་སྨན་ཀྱང་རྒྱ་གར་གྱི་ཡིན་པར་ངོས་འཛིན་ཞུ་མི་དགོས་སམ། ང་ཚོ་བོད་མི་རྣམས་ནི་རྒྱ་དཀར་ནག་གི་དགེ་ཕྲུག་ཡིན་པས་དགེ་རྒན་གྱིས་ཅི་གསུང་ལ་བཀའ་བརྩི་དང་ལེན་ཞུ་དགོས་ངེས་རེད།
བོད་སྨན་རྒྱ་གར་གྱི་ཨ་ཡོ་བེ་ཏའི་ཁོངས་གཏོགས་ཡིན་པའི་ངེས་ལེན་བྱེད་པའི་ཐོབ་ཐང་སྨན་རྩིས་ཁང་ལ་མེད། སྒེར་ཚོགས་ཤིག་གི་ལྟོ་རྒྱབ་ཆེད་བོད་ཀྱི་ལོ་རྒྱུས་ཀྱི་རིག་གཞུང་བཙོང་བ་ནི་དཔེ་མི་སྲིད་པའི་ཉེས་པ་ཚབས་ཆེད་རེད། གནད་དོན་འདི་འདྲ་ཞིག་བོད་མི་དམངས་ལ་མི་འདྲི་བར་ཐག་གཅོད་བྱེད་པ་ནི་མི་འགྲིག
ངས་ཉིན་ཤས་སྔོན་མ་འོངས་ལུང་གྱི་བསྟན་བཟོ་འདྲ་པོ་ཞིག་ཨོ་རྒྱན་ཉི་མ་ལགས་ལ་གསལ་འདེབས་བྱས་པ་ཡིན། ད་ཉིན་མ་གཅིག་བོད་པ་ཚང་ལ་ཡོད་ཚད་རོང་རྒན་ཚོས་རྒྱ་གར་གྱི་ཡིན་ལབ་གྱི་རེད། དེ་དུས་བན་རྒན་ཁྱེད་ཚོས་འདི་རྣམས་བོན་པོའི་རེད་ཅེས་ལབ་དགོས་ཐུག་ཡོང་ཟེར་བཤད་པ་ཡིན། ད་ལྟོས་དང་བོད་སྨན་ཞེས་པ་ཚན་རིག་དང་མཐུན་པའི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་བོད་ཀྱི་རིག་གནས་རྩ་ཆེ་ཤོས་དེ་རོང་རྒན་རྒྱ་གར་ཚང་གི་ཡིན་ཟེར་ལབ་ཚར་འདུག་བ། དུས་རབས་བདུན་པ་དང་བརྒྱད་པ་ནས་མགོ་བཙུགས་ཏེ་བན་དེ་རྐྱལ་སྟོང་ཚོས་ལྐུགས་པ་ཨུ་ཚུགས་བྱས་ནས་བོད་ཀྱི་ཡོད་ཚད་རྒྱ་གར་གྱི་ཡིན་པར་ཁུངས་མི་བཏུགས་དགུ་བཏུགས་བྱས་པ་རེད། ད་དེའི་འབྲས་བུར་དུས་རབས་ཉེར་གཅིག་འདིར་བོད་ཡུལ་དང་བོད་མི་རྣམས་དོན་གྱི་ཆ་ནས་ཁ་སྟོང་ལག་སྟོང་རིན་ཐང་མེད་པའི་སྤྲང་རྒན་གྱི་ཁྱུ་ཚོགས་ཤིག་བཟོ་མཁན་དེ་བན་དེ་རྐྱལ་སྟོང་བ་ཚོ་རེད་དོ། ད་ཁྱེད་ཚོས་རང་གིས་རང་ལ་འཁང་ར་སྟོན། བྲང་ཁ་བརྡུང། མགོ་ལ་མུར་རྫོག་ཞུས། དབུགས་རིང་འཐེན།ཧུ་ཤུ་རྒྱོབ། ཟས་ལ་བྲོ་བ་མེད་པར་བསྡོད་ཨ། །
bonpo་ལགས།
ངས་ཁྱོད་ལ་སྐད་ཆ་ཞིག་བཤད། སྤྱིའི་ཆ་ནས་བོད་མི་རིགས་ལ་ཡོད་ན་མེད་ན་ལྟོ་གོས་བསྒྲུབ་ཐུབ་པའི་རིག་གཞུང་ཡག་ཤོས་བོད་སྨན་དང་བོད་ཀྱི་གདན་རེད། སུད་སི་ནང་དུ་བོད་སྨན་གྱི་བཟོ་གྲྭ་བཙུགས་ཡོད། མིང་ལ་པདྨ་ཅེས་བཏགས་འདུག དེང་རབས་ཀྱི་ཚན་རིག་དང་མཐུན་པའི་ཐོག་ནས་བོད་སྨན་བཟོ་བཞིན་འདུག་ལ་སྨན་ཚོང་ཁང་ཡོངས་ཀྱི་ནང་དུ་བོད་སྨན་ཉོ་ཡ་འདུག
བོད་པའི་མིས་རང་གི་ལྟོ་གོས་གཞན་བསླབ་ཀྱི་རེད། ནོར་འཁྲུལ་ཆེན་པོ་རེད་འདོད། སུད་སི་ལྟ་བུ་ཡིན་ན་སོ་སོའི་གལ་ཆེན་བའི་རིག་གཞུང་གཞན་ལ་བསླབ་ཀྱི་མ་རེད། འཛམ་གླིང་ན་འགྲན་ཟླ་བྲལ་བའི་དངུལ་ཁང་་Bank གི་རིག་གཞུང་ཡོད་རེད། ཡིན་ནའང་རིག་གནས་མང་པོ་ཞིག་གསང་བ་རེད། གཞན་ལ་བསླབ་ཀྱི་མ་རེད།
བོད་པ་མགོ་སྟོང་ཚོས་རང་ལ་ཡོད་པའི་ཆོས་དང་རིག་གཞུང་ཕྱིར་ཚོང་བརྒྱབ་གང་ཐུབ་བྱས། ལོ་ཙ་བ་ཚོས་བོད་ཀྱི་རིག་གཞུང་ཕྱིར་འདྲེན་བྱས། གྱོང་ཆེན་པོ་རེད། ད་ཡིན་ན་་་བོད་ཀྱི་རིག་གཞུང་ཅང་ལྷག་ཡང་མ་སོང་། གཙང་མ་བཟོ་ཚར་སོང་། རྒྱ་གར་བའི་རེད་ལབ་ན་ལབ། རྒྱ་ནག་པའི་རེད་ལབ་ན་ལབ། ལབ་བཅུག་ཞོག
ཕྱི་ནས་རིག་གཞུང་སྣ་གཅིག་ནང་འདྲེན་བྱ་མ་ཐུབ་ན་བོད་རྒྱལ་ཁབ་ཟིན་ཐུབ་ཀི་མ་རེད། བཟོ་རིག་པའི་ཁྱད་ལས་དང་དཔལ་འབྱོར་རིག་པའི་ཁྱད་ལས། མདོ་ན་དེང་རབས་གསར་པའི་རིག་གཞུང་ནང་འདྲེན་བྱ་མ་ཐུབ་ན་སྐྱིད་པོ་མིག་གང་ཡོང་གི་མ་རེད་འདོད་དོ།།
འདི་ཡང་དགོས་དོན་གཙོ་བོ་ཡིན་པ་ལས། མིང་གཙོ་བོ་མིན་ཟེར་བ་འདྲ་པོ་ཆགས་འདུག
བོད་སྨན་བོད་པའི་རེད། རྒྱ་གར་གྱི་རེད་ཟེར་བ་ཙམ་གྱིས་དེར་འགྱུར་མི་འགྲོ། དུས་རབས་བདུན་པ་དང་བརྒྱད་པའི་བོད་པ་བཀའ་དྲིན་ཅན་དེ་དག་རྐྱལ་སྟོང་ཟེར་དུས་བོན་པོ་ཟེར་བ་གདོན་གཟུགས་ཡིན་པ་ར་འཕྲོད་གི་འདུག
སྤྱིར་བོད་པའི་ཡོད་ཚད་ཞང་ཞུང་གི་ཡིན་ཟེར་བ་དང་རོང་རྒན་གི་ཡིན་ཟེར་བ་ཁྱད་པར་ག་རེ་འདུག
བོད་སྨན་བོད་པའི་རེད། རྒྱ་གར་གྱི་རེད་ཟེར་བ་ཙམ་གྱིས་དེར་འགྱུར་མི་འགྲོ། ཧ་ཧ་སྣང་བ་སྐྱིད་པོའི་སྐད་ཆ་འདྲ་བཤད་ནས་དུས་ཚོད་སྐྱོལ་ཨ། རང་གིས་རང་ལ་སེམས་གསོ་འདྲ་བྱོས། མི་ཚོས་ཁྲིམས་ཐོག་ནས་དེབ་སྐྱེལ་བྱས་ཚར་བ་རེད། རྒྱ་གར་གཞུང་གིས་དེ་ལ་ངོས་ལེན་བྱས་ཚར་བ་རེད། བོད་མི་རིགས་ཀྱི་ཡབ་མེས་གོང་མ་རྣམས་ཀྱིས་དཀའ་ལས་བརྒྱབ་པའི་འབྲས་བུ་དེ་རྒྱ་གར་གྱི་ཡིན་པའི་མིང་ཅན་དུ་གྱུར་སོང་བ་རེད། ག་དུས་ཡིན་པ་ཡིན་ནའང་རྒྱ་གར་དང་རྒྱ་གར་ལབ་ལབ་ཉིད་ཀྱིས་དེ་འདྲ་མ་གཏོགས་ཡོང་རྒྱུ་་ག་རེ་ཡོད། ད་ཁ་ནང་དུ་མཛུབ་མོ་བཅུག་ནས་བསྡོད་ཨ། །
གོང་གི་གསར་གནས་དེར་འདི་ལྟར་བྲིས་འདུག། ༼ཧི་མ་ལ་ཡའི་རི་རྒྱུད་མི་རིཊ་ཚོ་ཡང་༸གོང་ས་མཆོག་ལ་དད་པ་ཡོད་ཀྱང་།སོ་སོ་རྒྱ་གར་མི་སེར་ཡིན་པའི་ཐོག་ནས་བོད་སྨན་དེ་རྒྱ་གར་གནའ་རབས་གསོ་བ་རིག་པར་ཁྲིམས་མཐུན་ངོས་ལེན་གནང་བཅུག་པ་དེས། གསོ་བ་རིག་པའི་མིང་ཐོག་ནས་ཧི་མ་ལ་ཡའི་མི་རིགས་ཚོར་རོཊ་དངུལ་མང་པོ་རག་སྲིད་ཀྱང་། བོད་སྨན་རང་སྟེང་ནས་ངོ་བོ་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད༽དཀའ་ངལ་ཆེན་པོ་འཕྲད་ས་དེ་སུ་རེད་དམ་བོད་པ་རེད་དམ་རྒྱ་གར་བ་ཚོ་རེད། བསམ་བློ་ཐོངས། དུམ་མཚན་འདི་ཡག་པོ་བྱས་ནས་ཀློག་ཅིག། ཁྱོད་མེ་ཏོག་དཀར་པོ་ཟེར་བ་དམ་སྲིད་འདྲེ་ལུང་སྐྱག་རྡོ་གསོལ་གསོལ་མཆོད་མཆོད་བྱེད་མཁན་གྱི་བསྟན་བཤིགས་དམ་ཉམས་དེའི་བརྒྱུད་འཛིན་པ་ཞིག་ཡིན་པར་ཤེས་ཡོད། །
བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞང་ཞུང་དང་རྒྱ་གར་གཉིས་ཀྱི་དབྱེ་མཚམས་ཙམ་ཡང་འབྱེད་མི་ཤེས་དུས་ངས་བན་དེ་རྐྱལ་སྟོང་ཟེར་ལབ་དགོས་པའི་རྒྱུ་མཚན་གཅིག་དེ་ལ་ཐུག་ཡོད། །
འཛམ་བུའི་གླིང་ན་རྫུན་གྱི་ཡིག་ཆ་མང་ཤོས་ཀྱི་བདག་པོ་བོན་པོ་ཚོས། ཁ་སང་ཞིག་ལ་སྤྲུལ་སྐུ་རིག་འཛིན་རྒོད་ལྡེམ་ཡང་བོན་པོ་རེད་ཟེར་སོང་།
ད་ངས་དངོས་གནས་ཤེས་འདོད་པ་ནི་བོན་པོ་ཚོ་ལ་ག་རེ་དགོས་ཟེར་གི་ཡོད་རེད། ཡང་ན་བོད་ཀྱི་ནང་ཆོས་དེ་དོན་ལ་བོན་རེད། ཡིན་ནའང་བོན་མི་ཟེར་བར་ནང་ཆོས་ཟེར་བ་མི་འགྲིག་ཟེར་རམ།
ཡང་ཏའི་ཝན་ལ་བོད་བརྒྱུད་ནང་བསྟན་གྱི་བགྲོ་གླེང་ལ་བོན་པོ་མིན་འདུག་པར་ངུ་སྐད་ཞེ་པུ་འདོན་སོང་། བོད་བརྒྱུད་ནང་བསྟན་གྱི་བགྲོ་གླེང་ལ་ནང་པ་མ་གཏོགས་ཕྱི་པ་སྐད་དགོས་དོན་ག་རེ་ཡོད། ན་ཉིན་བལ་ཡུལ་དུ་བོན་པོའི་རྒྱལ་སྤྱིའི་བགྲོ་གླེང་ལ་བོན་པོ་མ་གཏོགས་ནང་པ་མིན་འདུག་པ། དེར་སུས་ཀྱང་ངུ་སྐད་རྒྱབ་མ་སོང་། ངས་ཀྱང་རྗེས་སུ་ཡི་རངས་ཞུས་ཡིན། ཡང་བོད་ཀྱི་ཚོགས་པ་ཆེ་ཤོས་སྤྱི་འཐུས་ལྷན་ཁང་ལ་ནི་བོན་པོ་སོགས་ཚང་མ་ལ་རྐུབ་སྟེགས་འདུག ཡིན་ནའང་ཁ་ཆེ་དང་། ཨི་ཤུ། ཧིན་དུ་སོགས་ལ་རྐུབ་སྟེགས་མེད་པར་བློ་ཕམ་འདུག
ད་བོན་པོ་ཚོ་དོན་མེད་སྡུག་སྐད་མ་འདོན་རོགས།
ནང་པས་ཡོད་ཚད་རྒྱ་གར་བའི་རེད་མི་ཟེར་ཀྱང་། རྫུན་རྐྱལ་བོན་པོས་ཡོད་ཚད་ཞང་ཞུང་གི་རེད་ཟེར་གི་འདུག་ག
ཡ་དེ་འདྲ་ཡིན་ན་ཁྱེད་ཚོའི་་་་་Buddhist Culture་་་་་་་ཟེར་བ་དེ་ཅི་རེད། Buddhist གི་ཁུངས་ངོ་མ་དེ་རྒྱ་གར་ལ་ཐུག་འགྲོ་ཡི་ཡོད་པ་ཨེ་ཤེས། རྐྱལ་སྟོང་ལགས། །
སྔ་མའི་ནང་མ་ལངས་གོང་ནས། རྒོལ་བའི་ཉི་མ་ཤར་འཚར་སོང་ཟེར་བ་ཅིས་མི་བདེན། ཡང་བན་བོན་གཡུལ་ར་སྒྲིག་བཞིན་གདའ། ངོ་མ་སྐྱོ་བ་ལ། བན་བོན་མི་རིགས་གཅིག་ལ་ཆོས་ལུགས་མི་འདྲ་བས་འདིས་སུ་ལ་གནོད། བན་བོན་གཉིས་ཀའི་བདག་པོ་ནི་བོད་མི་རིགས་འདི་ཉག་གཅིག་ཡིན་པས། བོད་མིའི་རྣམ་དཔྱོད་འདི་བན་བོན་གྱི་བདག་པོ་ཡིན་ལགས། ད་ཅིའི་ཕྱིར་མི་འཆམ།
ཁྱོད་ཀྱིས་སྤྱི་འཐུས་དང་ཚོགས་འདུ་དང་བགྲོ་གླེང་སོགས་མང་པོ་ཞིག་འདིར་གླེང་འདུག། ད་ཉ་དང་ཉུང་མ་བསྲེས་མ་ཡོང་།
འདིར་བོད་ཀྱི་ཆོས་དང་རིག་གཞུང་རྣམས་རྒྱ་གར་གྱི་ཡིན་མིན་སྐོར་ནས་སྐད་ཆ་ཤོད་ཀྱི། །
འདྲེ ཉལ་ནས་སྡོད་དུས་ཕཊ་ཀྱིས་དཀྲོགས་མཁན་སུ་ཡིན་ཤེས་པར་གྱིས་ཨ། བོན་པོ་ཚོ་བོད་ལ་ཞེན་ཁོག་ཁོ་ཚོ་ལས་ཆེ་བ་མེད་པའི་མངོན་རློམ་འདུག་མོད། དོན་ལ་བོད་ལ་ཞང་ཞུང་ཡིན་ན་ཅིག་གི་རིག་གཞུང་ལས་མཐོང་མི་འདོད་པ་དང་། མཐོང་མི་ནུས་པའི་གུ་དོག་སྡེ་ཞིག་རེད་འདུག ཡིན་ནའང་ཁྱད་ཆོས་གཅིག་རང་འདུག་པ་ནི། མི་རབས་ནས་མི་རབས་བར་རྐུ་རྩོམ་བྱེད་རྒྱུ་དང་དེ་ལ་བདག་པོ་རྒྱག་མཁས་པོ་དེ་རེད། གཞན་བོན་གྱི་གྲུབ་མཐའ་ནི་བྱེ་མའི་མཆོད་རྟེན་རང་རེད། ད་ལ་སྐུ་དཀར་གསོལ་བའི་བོན་པོའི་སྙིང་སྟོབས་ནི་ཧ་ལས་པ་རེད།
Bonpo ལགས་མེ་དཀར་ཟེར་བ་ཕྱི་མེ་དཀར་ལ་ནང་སོལ་ནག་གི་སྡོང་པོ་དེ་ལ་ཡ་མ་བྱས་ན་ལེགས་མི་འདི་ཡི་ཁ་ནས་ཤེས་བྱ་ཡོན་ཏན་གང་ཡང་ཐོབ་རྒྱུ་མེད་པར་མ་ཟད་ཉོན་མོངས་དུག་ལྔའི་ཁ་རླངས་གནམ་ལ་གཏོར་མཁན་གཏེ་བ་ཞིག་རེད། ཁོ་ལ་ཡོན་ཏན་རིག་གནས་གང་ཡང་མི་འདུག རྣ་རྒྱབ་ཀྱི་དྲི་ཞོན་བཞིན་དུ་དོར་རྐྱང་གྱིས། རྒྱ་དཀར་ནག་གི་དགེ་ཕྲུག་ཚོས་རང་གི་ཡོད་ཚད་ཐམས་ཅད་རྒྱ་དཀར་ནག་གི་དགེ་རྒན་ལ་ཕུལ་དུ་ཆུག་རྗེས་སུ་ཁ་སྟོང་ལག་སྟོང་ཆགས་དུས་གཞི་ནས་ཧ་གོ་གི་རེད། ད་སྨན་རྩིས་ཕུལ་ཟིན། བོན་ནས་རྐུས་པའི་ཆོ་ག་ཕྱག་ལེན་ལས་སོགས་ཐེག་ཆེན་གྱི་བོན་ཐམས་ཅད་རྐུས་པར་བརྟེན། མི་ཚོས་བོད་བླ་མའི་ཆོས་ལུགས་ཞེས་དམའ་འབེབས་བྱས་ཡོད། ད་བོན་གྱི་སྨན་རྩིས་དེ་ཚོ་འང་རྒྱ་གར་ལ་ཕུལ་སོང། ཉིན་གཅིག་སྒྱུ་མ་ཕུ་འདེད་བྱེད་པའི་དུས་ཤིག་གཏན་གཏན་ཤར་གྱི་རེད།
བསམ་ཤེས། བན་བོན་མི་རིགས་གཅིག་ཟེར་ན་ཅི་རེད། བོད་ཀྱི་བན་བོན་མི་རིགས་གཅིག་རེད་མོད། སྤྱིར་ཡིན་མི་སྲིད། ཟོབ་བཤད་མ་འོང་ཨ།
ང་ལ་ཡོན་ཏན་མེད་པ་ཤིན་ཏུ་བདེན།
ཡིན་ནའང་དོན་མེད་བརྙས་བཅོས བྱས་ན་ཁ་བཙུམ་སྡོད་གི་མེད།
ཀུ་ཅོ་མ་སྒྲོག
གྲོགས་པ་ཚོས་གསན་ཨ། ངས་ཤེས་ཚོད་ལ་བོད་སྨན་གསོ་བ་རིག་པའི་མིང་ཐོག་ནས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པ་དེ། བོད་སྨན་དང་ངོ་བོ་རྦད་དེ་མ་འདྲ་བ་ཞིག་དང་འབྲེལ་བ་མེད་པ་ཞིག་གི་ཐོག་ནས་དེབ་སྐྱེལ་བྱས་ཡོད་པ་རེད། དེ་ཡིན་དུས། ང་ཚོས་ད་དུང་བོད་སྨན་ལ་བོད་སྨན་ཡིན་ལབ་ནས་ཨུ་ཚུགས་ཐོག་ཕྱིན་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་གསུངས་ཀྱི་ཡོད། དེར་ཚང་མ་བསམ་བློ་ཐོངས། བོད་སྨན་གསོ་བ་རིག་པའི་མིང་ཐོག་ཏུ་དེབ་སྐྱེད་བྱས་པ་དེ་ལོ་གཉིས་གོང་ཙམ་རེད། སྐབས་དེར་ད་ལྟའི་སྨན་རྩིས་ཁང་གི་འགན་འཛིན་འདི་ཡོང་ཡོད་པ་མ་རེད། ད་ལྟའི་འགན་འཛིན་ནས་ཨ་རི་ནས་ཆེད་དུ་༸གོང་ས་མཆོག་གི་བཀའ་འབྲེལ་ལྟར་ཕེབས་པ་ཞིག་རེད། དེ་ཚང་མས་ཤེས་དགོས་པ་རེད།
གསོ་བ་རིག་པ་དེ་གནའ་རབས་རྒྱ་གར་གྱི་གསོ་བ་རིག་པ་ཞེས་པ་ལས་བོད་སྨན་དང་འབྲེལ་བ་གང་ཡང་ཡོད་པ་མ་རེད། མིང་གི་ཆ་ནས་འབྲེལ་བ་ཡོད་པ་མ་རེད་ལ། དོན་གྱི་ཆ་ནས་ཀྱང་འབྲེལ་བ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་གནད་འགག་ཅིག་རེད། དེ་ཡིན་དུས་ད་ལྟའི་འགན་འཛིན་མཆོག་གིས་བོད་སྨན་ནི་བོད་སྨན་རང་ཡིན་པ་ལས་རྒྱ་གར་གསོ་རིག་མིན་པའི་བཀའ་མོལ་གནང་གི་ཡོད་པ་རེད། འབད་བརྩོན་གནང་གི་ཡོད་པ་རེད། འདི་སྒེར་གྱི་བསམ་ཚུལ་ཙམ་ཡིན།
བོན་གྱི་གྲུབ་མཐའ་ནི་བྱེ་མའི་མཆོད་རྟེན་ཡིན་ན་བན་གྱི་གྲུབ་མཐའ་ནི་ལ་ཁའི་དར་ལྕོག་ཡིན་པའི་ཁྱབ། རླུང་པོས་ག་བ་ཁྱེར་ཁྱེར་རེད། འོན་ཀྱང་་་ཡིན་ནའང་དོན་མེད་བརྙས་བཅོས་བྱས་ན་ཁ་བཙུམ་སྡོད་གི་མེད་་་་ཟེར་འདུག་པས། བསམ་བློ་ཡག་པོ་ཐོངས་བརྙས་བཅོས་ངོ་མ་བྱེད་མཁན་དེ་རྒྱ་གར་རེད། བོད་ཀྱི་བན་དེ་དང་བོན་པོ་གཉིས་ཀ་ལ་བརྙས་བཅོས་བྱས་པ་རེད། བོད་ཀྱི་སྨན་རྩིས་ཁོ་ཚོའི་ཡིན་ཟེར་ན་ལོ་རྒྱུས་དོན་དང་མཐུན་པ་ཞིག་རྩ་བ་ཉིད་ནས་མ་རེད་དོ། བོན་པོས་བན་དེ་ལ་བརྙས་བཅོས་བྱེད་ཟེར་བ་ནི་ཡིན་པ་མི་སྲིད་པའི་ཤེས་བྱ་རེད། དེ་ནི་བོད་པས་རྒྱ་མི་ལ་བརྙས་བཅོས་བྱེད་ཀྱི་འདུག་ཟེར་བ་དང་གཅིག་པ་མ་རེད་དམ། བོད་པ་ཚོས་རྒྱ་གར་ལ་ཆེ་མཐོང་ལུགས་དང་མཐུན་པ་དུས་རབས་བདུན་པ་དང་བརྒྱད་པ་ནས་བྱས་ཡོད་པ་རེད། བཀའ་འགྱུར་དང་བསྟན་འགྱུར་གྱི་གསུང་རབ་དེ་ཚོའི་དབུར་་་རྒྱ་གར་སྐད་དུ་་་ཟེར་ནས་གསེར་དང་དངུལ་གྱི་ཡི་གེར་བྲིས་ཡོད་པ་རེད། དེ་མཆོད་པའི་རྟེན་དང་བཀུར་བའི་ཞིང་དུ་བཞག་ནས་ནངས་ནུབ་དུས་གསུམ་ལ་གསོལ་བ་དང་སྨོན་ལམ་རྒྱག་ས་བྱེད་ཀྱི་ཡོད་པ་རེད། ཀུན་དགའ་ར་བའི་ནང་དུ་གཤགས་ནས་གསེར་དངུལ་གྱི་མཆོད་མེ་ལ་འབྲི་མར་གྱི་མར་ཁུས་ལྟམས་ནས་མཆོད་པ་འབུལ་ས་བྱེད་ཀྱི་ཡོད་རེད། བོད་ཕྲུག་ལོ་ཆུང་རིག་པ་རྩེ་ཕུད་དུ་གྱུར་བ་རྣམས་ལ་་་རྒྱ་གར་སྐད་དུ་་་ཟེར་བའི་དཔེ་ཆ་དེ་ཞལ་ཕྱེས་ནས་སློབ་ཁྲིད་ཀྱི་བཀའ་བ་དང་དུ་ལེན་སྲོལ་ཡོད་པ་རེད། རྒྱ་གར་ནས་བསྒྱུར་ཡོང་བ་ཡིན་ཟེར་བའི་དཔེ་ཆ་ཡོད་དོ་ཅོག་ལ་རྒྱ་གར་དུས་ནམ་ཡང་མི་བརྗེད་པའི་དྲན་རྟེན་དུ། རྒྱ་གར་ལ་ཆེ་མཐོང་དང་བཀའ་དྲིན་མཚོན་བྱེད་ཀྱི་ལོ་རྒྱུས་གསེར་ཡིག་དང་དངུལ་ཡིག་གིས་་་རྒྱ་གར་སྐད་དུ་་་་ཟེར་བྲིས་ཡོད་པ་རེད། ད་བོད་པས་རྒྱ་གར་ཚང་ལ་འདི་ཙམ་གྱིས་ཁྲིམས་མཐུན་དང་ལུགས་མཐུན་གྱིས་གུས་ཞབས་བྱས་ཡོད་པ་ཡིན་ནའང། དེ་ལ་དེང་སང་རྒྱ་གར་ཚང་གིས་tibetan་་་བོད་པ་་་ཟེར་བའི་ཚིག་འབྲུ་འདི་བོད་པའི་རྒྱུ་ནོར་ལོངས་སྤྱོད་ལ་བེད་སྤྱོད་བྱེད་ཆོག་གི་མ་རེད། ཁོ་ཚོས་ངོས་ལེན་གནང་འདོད་མེད་ཟེར་ན་མིས་ཁྱི་སྐད་བརྒྱབ་པ་མ་རེད་དམ། དངོས་གནས་བསམ་བློ་ཡོད་པའི་མི་ཞིག་གི་ལས་ཀ་ཞིག་རེད་དམ། བོད་པས་རྒྱ་གར་གྱི་ཡིན་པར་གྲགས་པའི་གསུང་རབ་རྣམས་གསེར་ཡིག་དང་དངུལ་ཡིག་ལ་བྲིས་ནས་གསོལ་བ་དང་སྨོན་ལམ་འདེབས་ས་བྱེད་ཀྱི་ཡོད་པ་ཡིན་ནའང་། དེ་ལ་རྒྱ་གར་ཚང་གིས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་བོད་རང་ལུགས་ཀྱི་སྲོལ་རྒྱུན་སྨན་རྩིས་འདི་ལ་་་་བོད་ཀྱི་སྨན་རྩིས་་་་ལབ་ཆོག་གི་མ་རེད། རྒྱ་གར་གྱི་ཅིག་ཅིག་རེད་ཉོག་ཉོག་རེད་ཟེར་ནས་བོད་པའི་མིང་རྩ་མེད་དུ་གཏོང་གི་ཡོད་པ་ཡིན་ན། ད་དངོས་གནས་ཏག་ཏག་བསྡད་མ་སོང་ད་གྲོགས་པོ་ཚོ། །
རིག་གཞུང་དང་ལོ་ཚིག་གི་ཐད་རྒྱ་གར་ལས་རྒྱ་ནག་ཅུང་ཟད་བདེན་པ་ཡོད། བོད་སྨན་ལ་མཚོན་ན། རྒྱ་ནག་ཏུ་ཀྲུང་གོའི་བོད་སྨན་ཞེས་བཀོལ་སྤྱོད་བྱེད་གནང་གི་ཡོད་མོད། ཀྲུང་གོ་ཟེར་དོན་ད་ལྟའི་རྒྱལ་ཁབ་ཀྱི་ངོས་ནས་བཤད་པས་རེད། རིག་གཞུང་གི་ངོས་ནས་ཐ་དད་དུ་ཁས་ལེན་བྱས་ཡོད། དེ་བཞིན་སྤྱིར་བོད་སྨན་ཀྲུང་དབྱི་སྟེ་རྒྱ་ནག་ལུགས་ཀྱི་སྨན་གཞུང་གི་འོག་ཏུ་ཐོ་བཀོད་ཡོད་མོད། དེ་ཡང་ཆབ་སྲིད་ཀྱི་དབང་བསྒྱུར་ལས། དོན་དངོས་སུ་བོད་སྨན་ནི་བོད་མི་རིགས་ཀྱི་རིག་གཞུང་སྒེར་གྱི་ཁྱད་ཆོས་ཡོད་པ་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གཞུང་གི་ཆ་ཤས་ཞིག་ཡིན། ཞེས་བོད་མི་རིགས་ཀྱི་རིག་གནས་ཡིན་པ་གསལ་བོར་བཀོད་ཡོད། དེ་བཞིན་རྒྱ་གླིང་ཡང་བོད་ཀྱི་རོལ་ཆ་ཡིན་པ་དང། རྟ་སྟེང་སྒང་ལིའང་གནའ་བོའི་དུས་སུ་བོད་ནས་རྒྱ་ནག་ཏུ་དར་བ། གྲི་ལ་མཚོན་ན་རྒྱ་གྲི་དང་བོད་གྲི། རྔ་ལ་རྒྱ་རྔ་དང་བོད་རྔ་། རྩིས་ལ་རྒྱ་རྩིས་དང་བོད་རྩིས། གར་ལ་རྒྱ་འཆམ་དང་བོད་འཆམ། གླུ་ལ་རྒྱ་གཞས་དང་བོད་གཞས། ཆོས་ལུགས་ལ་བོད་བརྒྱུད་དང་རྒྱ་བརྒྱུད་ཆོས་ལུགས། སོགས་གསལ་བོར་བཀོད་ཡོད། ། ཀོ་རི་ཡ་ལ་མཚོན་ན་སྲན་ཐུད་ཐོག་མ་གསར་བཟོ་ཁོང་ཚོས་བྱས་པར་འདོད། དེ་ལ་ད་བར་རྒྱུ་ནོར་དཀའ་ངལ་འཛེམས་མེད་ཀྱིས་རྩོད་བཞིན་ཡོད། དེ་བཞིན། བྱ་ངང་དཀར་ཐོག་མར་ཁོང་ཚོའི་ལྷ་བྱ་ཡིན་པའི་འབྲི་སྲོལ་དང་། བུ་རམ་ཤིང་པའི་གདུང་རྒྱུད། ལོ་ཙིའི་མི་རྒྱུད་སོགས་ལ་འབྲེལ་བ་ཡོད་མེད་ཐད་སུས་ཀྱང་སུ་ལ་དག་མི་སྟེར་བར་རྩོད་པ་བྱེད་གནང་གི་ཡོད། ང་ཚོའི་ཡང་རིག་གཞུང་ཆ་ཕྲ་བ་ཞིག་ཡིན་ཀྱང་བདེན་པ་ཡོད་ས་ནས་རྩོད་ལེན་མཐར་འཁྱོལ་བ་བྱེད་དགོས། མི་དང་དུད་འགྲོའི་ཁྱད་པར་ནི་རྣམ་རིག་ཡོད་མེད་རེད་ཟེར། དེ་བཞིན་མི་རིགས་ཤི་གསོན་ཀྱི་ཁྱད་པར་རིག་གཞུང་གནས་མིན་ལ་ཐུག རིག་གཞུང་མེད་པར་གྱུར་ཚེ་མི་རིགས་དེ་ཡང་གཞན་དུ་ལས་སླ་བོར་འགྱུར་འགྲོ་ངེས། ངས་ནམ་རྒྱུན་རང་ཉིད་ཤཱཀྱའི་ཆོས་ལུགས་ལ་སྐྱབས་སུ་འགྲོ་མཁན་ཞིག་ཡིན་པས་དད་པ་དེ་ལ་བྱེད། བོད་མིའི་ཁྲག་རྒྱུན་ཞིག་ཡོད་པས་རིག་གཞུང་བོན་ལ་གཏུག་དགོས་ཞེས་ལན་གཅིག་མིན་པར་བཤད་དོན་ཡང་དེ་ལྟར་ལགས། ཏུན་ཧོང་གི་ཡིག་རྙིང་། ཐང་ཡིག་གསར་རྙིང་། ལྡེའུ་ཆོས་འབྱུང་། སྦ་བཞེད། བཀའ་ཐང་སོགས་ཡིག་ཆ་གང་ལ་བལྟས་ཀྱང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་བོན་ལས་བྱུང་བ་སྙོན་དུ་མེད། དེའང་ཤ་ཞེན་དང་ཚོར་བའི་རྗེས་སུ་མི་འབྲངས་བར་བདེན་པའི་ཡིག་ཆ་མདུན་དུ་བཀྲམ་ནས་དཔྱད་པ་ཞིབ་ཏུ་གནང་དགོས་པར་སེམས། ཏུན་ཧོང་གནའ་ཡིག་གི་གསོ་རིག་དང་རྒྱ་གར་གྱི་དེའི་སྐབས་སུ་བྱུང་བའི་གསོ་རིག་སོགས་ཀྱང་བསྡུར་དགོས་པར་སེམས།
༢༣༽ bonpo སྐད་ཆ་དེ་དོན་སྙིང་ལྡན་པ་ཞིག་བྲིས་འདུག སེམས་འགུལ་ཐེབས་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲི་མེད་ལགས་ཁྱེད་ཀྱིས་ཁ་སྔོན་ངོས་ལ་དཉརི་བ་དྲིས་པ་དེའི་ལ་་ཞིག་ཕུལ་ཡིད་གཟིགས་པའི་རེ་བ་ཡོད།
དྲི་མེད་ལྷག་བསམ་ལགས། །
སྐུ་ཉིད་ཀྱིས་་་དེའང་ཤ་ཞེན་དང་ཚོར་བའི་རྗེས་སུ་མི་འབྲངས་བར་བདེན་པའི་ཡིག་ཆ་མདུན་དུ་བཀྲམ་ནས་དཔྱད་པ་ཞིབ་ཏུ་གནང་དགོས་པར་སེམས་་་་་ཅེས་པའི་གསུང་བདེན་པ་དེ་སེམས་ལ་ལེགས་པར་བཞག་ཡོད་ཞུ། །
བན་དེ་པ་ལགས་ཀྱི་དྲིས་ལན་དེ་གང་དུ་བཀོད་ཡོད་མཇལ་མ་སོང་། ཞལ་གསལ་ཐུགས་ལ་བཏགས་པར་འཚལ།
བོན་པོ་ལགས། ཐུགས་རྗེ་ཆེ། ཕྲན་གྱི་རྨོངས་བློར་ཤར་བ་ལྷག་བསམ་ཡིན་པའི་ཁུལ་ཡིན་མོད། མ་ཤེས་པ་དང་། མི་འགྲིགས་པ། སྤྱི་སྒེར་ཀུན་ལ་དབུ་ཕོག་ཞབས་རེག་གང་མང་ཡོད་ངེས་པས། ནམ་ཡིན་ཡང་སྙིགས་འདོར་བཅུད་ལེན་དང་། སློབ་སྟོན་གནང་བའི་རེ་བ་ཡོད། སྐུ་ཚེ་རིང་།
༼ཡིག་ཆ་གང་ལ་བལྟས་ཀྱང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་བོན་ལས་བྱུང་བ་སྙོན་དུ་མེད༽་ན་བོད་རང་གི་རིག་གཞུང་གཏན་ནས་མེད་དམ། བོན་པོས་ཟེར་ན་ཡོད་ཚད་ཞང་ཞུང་གི་རེད་ཟེར། ངེད་ནང་པས་ནི་ཡོད་ཚད་རྒྱ་གར་ནས་བྱུང་བར་མ་བཤད། ད་གང་ལྟར་་་་་་
གྲོགས་དྲི་མེད་ལགས་དགོངས་དག་དས་ཁྱེད་ལ་ཕུལ་བའི་དྲིས་ལན་དེ་གང་ན་ཡོད་མེད་རྙེད་མ་བྱུང། གང་ལྟར་ངས་ཉེ་ཆར་ཁྱེད་རང་གིས་དྲི་བ་གནང་བའི་འཇུག་རང་དུ་བྲིས་ཡིན་འོན་ཀྱང་ཁྱེད་ཉིན་ཤས་རིང་མ་ཕེབས་པར་བརྟེན་ད་ལྟ་ང་ཡི་དྲིས་ལན་དེ་རྩོམ་གང་གི་ནང་དུ་བཀོད་མིན་དྲན་མ་སོང།
བོན་པོ་ཡོད་པ་དེ་སྒྲུང་དང་། ལྡེའུ། བོན་གསུམ་རེད། སྒྲུང་ནི་ལྷ་སྒྲུང་སྟེ་དེང་སང་སྒྲུང་རྩོམ་པ་ཚོས་བྲིས་པ་ལས་ཆེས་ཐལ་དྲགས་པ་ཤེས་བྱ་ལ་མེད་པ་རྐྱང་རྐྱང་དང་། ལྡེའུ་ནི་ཁེད་དེ་ལུག་མ་མ་གཅིག་ལ་མ་དགུ་ཡོད། མ་དགུ་མ་ཤེས་གྲོང་དགུ་འགྲིམས་ཟེར་བ་སོགས་དང་། བོན་ནི་ཕྱ་གཡང་འགུག་པ་དང་། ཡུལ་ལྷ་གཞི་བདག་ལ་དམར་མཆོད་འབུལ་བ་འདི་དག་རེད། དེ་ལས་གཞན་པའི་བོན་ལ་དེང་སང་ཡོད་པ་ཚང་མ་ནང་ཆོས་ལས་དཔེ་བཤུས་པའོ། །མ་ཡིན་ན་ན་སྔོན་གྱི་ལོ་རྒྱུས་ཁུར་ཤོག ཁུར་རྒྱུ་མེད་པ། ལོ་ལྔ་བརྒྱའི་གོང་གི་བོན་གྱི་ལོ་རྒྱུས་རྩ་ཚང་རྩ་བ་ནས་ཡོད་མ་རེད། ཞང་ཞུང་གི་ཡི་གེ་ར་མགོ་རྟ་མགོ་འགའ་ཞིག་དང་། རྫ་ཆག་མགོ་མེད་མཇུག་མེད་འགའ་ཞིག་ཀློ་པའི་བཅའ་ལག་དང་མཚུངས་པ་ཁ་ཅིག་ལས་མེད་པ། གུ་རུ་རིན་པོ་ཆེས་བོན་པོ་རྣམས་ཀྱི་འདོད་པ་བསྐང་བའི་ཆེད་དུ་ཕྱ་གཡང་འགུགས་པ་དང་། རི་བསང་བྱ་བའི་སྲོལ་དེ་ནང་ཆོས་ཀྱིས་བཀབ་ཏེ་བཞག་པ་རེད། སྨན་རྒྱ་གར་ལས་བསྒྱུར་བ་དང་། རྩིས་རྒྱ་ནག་ལས་བསྒྱུར་བ་རེད། ཡིན་ན་བདག་པོ་བོད་པ་ལས་གཞན་པ་དེང་སང་འཛམ་བུ་གླིང་ལ་བཞག་རྒྱུ་ཁག་པོ་རེད། དེང་སང་སུ་བདག་པོ་ཐུབ་ཡོད་ན་དེའི་རིག་གཞུང་རེད། རྒྱ་གར་གྱིས་བོད་སྨན་ཆ་ཚང་ཤེས་ཀྱི་མེད་ན་རྒྱ་གར་གཞུང་གིས་བདག་པོ་མི་ཐུབ་པ་དེ་ཕར་བལྟས་ཚུར་གཟིགས་རེད། དེ་ཕྱིར་བོད་ཀྱི་རིག་གཞུང་དུ་གྱུར་ཟིན་པ་རེད། མེས་དབོན་རྣམ་གསུམ་མ་བྱོན་པའི་གོང་དུ་བོད་ལ་རྩ་ཚང་བའི་རིག་གནས་ཤིག་མེད་པ་ཕར་བལྟས་ཚུར་གཟིགས་རེད། སྐབས་དེ་དུས་ནས་ཕུན་སུམ་ཚོགས་པའི་རིག་གཞུང་ཞིག་ཡོད་སྲིད་ན་ཆོས་རྒྱལ་དག་གིས་རང་གི་རིག་གཞུང་རྩ་མེད་ཀྱིས་གཞན་གྱི་རིག་གཞུང་ནང་འདྲེན་བྱ་ག་ལ་སྲིད། ཁོང་རྣམ་པ་རྒྱུ་མཚན་ཤེས་མཁན་དང་། བོད་མི་རིགས་ཀྱི་བདེ་སྡུག་ལ་བསམ་བློ་བཏང་མཁན་ཞིག་ལས། ཡོད་ཚད་དཔེ་བཤུས་བཞིན་ད་དུང་མིན་ནོ་ཞེས་གླེན་པ་ཨུ་ཚུགས་ཅན་དང་། ཁྲམ་པ་འཐེན་འཁྱེར་ཅན་དེ་འདྲ་ག་ལ་ཡིན། མ་འོངས་པ་བོད་ཀྱི་རིག་གཞུང་ལ་གཏད་སོ་མེད་པ་དེ་བོན་པོ་དང་། དེང་སང་ཀླད་མེད་གཞོན་ནུ་ཚོས་བྱ་ངེས་སོ། །གང་ཡིན་ཞེ་ན་བོན་པོ་ཚོས་ལོ་རྒྱུས་རྫུན་མ་མང་པོ་བཟོ་བཞིན་པ་དང་། ཀླད་མེད་ཚོས་རང་གི་རིག་གཞུང་གི་རིན་ཐང་མི་རྟོགས་བཞིན་རིག་གཞུང་ལ་སྐྱོན་འདོགས་པ་དང་། བསྐུར་བཞིན་པ་འདི་དག་གིས་མཚོན་ནུས་སོ། །རིག་གཞུང་ཞིག་དར་རྒུད་འགྲོ་མི་འགྲོ་ཟེར་བ་དེ། དེ་ལ་དོ་སྣང་དང་། གཅེས་སྤྲས་ཡོད་མེད་ལ་རག་ལས་པ་ལས། རྒྱུ་མཚན་ཡོད་མེད་དང་། རིགས་པ་དང་ལྡན་མིན་ཞིག་མ་རེད། དེང་སང་ཀླད་གསར་འདི་ཚོར་སྒོར་མོ་འབྲེལ་བའི་རིག་གཞུང་ཞིག་ལས་གཞན་མི་མཁོ་བ་ཡང་ཚང་མས་མཐོང་བཞིན་པ་འདི་དག་རེད།
ཨོ་ཉི་ཁྱོད་རང་སྡུག་སྐད་ཁྱི་སྐད་རྒྱོབ་ལ་དགུ་ལུང་དགུ་ཕྱིན་ནས་དྲིལ་སྒྲོགས་གྱིས་ཁྱོད་རང་གི་ཆོག་ཤེས་ཀྱི་དེབ་ནང་བཞིན་ཡིན་ནའང་ཉན་མཁན་ཡོད་པ་མ་རེད། ལུང་དང་རིགས་པ་ནི་མེད། ལོ་རྒྱུས་ནི་མི་ཤེས། རང་སྡུག་རང་གིས་ཉོས་པ་རེད། སྙིང་ནད་ཀྱིས་ཤི་ནའང་སྡུག་རྒྱོང་རེད། རིག་པ་ཅན་པ་དང་རྒྱུ་མཚན་ཅན་ནོ་དག་གིས་ནི་ལོ་རྒྱུས་འབྲི་བཞིན་འདུག་ཕྲག་དོག་ལང་ན་སྡུག་རྒྱོང་དམར་པོ་གྱིས།
རྨོངས་པ་བདག་ལྟ་བུ་ཡིན་ན་བོན་གྱི་གསུང་རབ་ཡོད་ཚད་ནི་རྣ་ཐོས་ཙམ་ལས་མཇལ་ཡང་མ་མྱོང་བས་འདི་ལྟ་བུའོ་ཞེས་ཁ་ཚོན་གཅོད་ག་ལ་ནུས། ངས་གང་མཐོང་བ་ཤཱཀྱའི་ནང་ཆོས་ཀྱི་གཞུང་དུ་གསལ་བའི་བོན་གྱི་སྐོར་རེད། དེ་དག་ཕལ་ཆེར་དགག་ཕྱོགས་ནས་བསྟན་ཡོད་མོད། བོནལ་གཞུང་ལུགས་ཆ་ཚང་ཞིག་གཏན་ནས་མེད་ཅེས་ཡིག་རྙིང་གང་དུའང་མ་འཁོད་པར་མ་ཟད་བོན་གྱི་སྐོར་ཅི་རིགས་པ་བཤད་ཡོད། དཔེར་ན་སྔ་འགྱུར་གྱི་གཏེར་སྟོན་ཉི་་ཟླ་གཉིས་ཞེས་གྲགས་པའི་ཡ་གྱལ་ཉང་ཉི་་མ་འོད་ཟེར་གྱིས་བཏོན་པའི་བཀའ་ཐང་སྡེ་ལྔ་ལས། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། བོན་གྱི་མཛོད་མིག་སུམ་བརྒྱ་དྲུག་ཅུ། ཡང་། ཐེག་པ་རིམ་པ་དགུ། ཕྱྭ་གཤེན་འཇུག་སྒོ་ལྟོ་རིགས་སུམ་བརྒྱ་དྲུག་ཅུ་་དང་། དཔྱད་རིགས་བརྒྱད་ཁྲི་བཞི་སྟོང་འཇུག་པའི་སྒོ། སྣང་གཤེན་གྱེར་སྒོ་བཞི་ནས་འཇུག ཡང་། འཕྲུལ་གཤེན་རྫུ་འཕྲུལ་ཆེན་པོ་བཅུ་གསུམ་དང་། ཐབས་ཆེན་དྲུག་གིས་སྦས་གསས་རྔམ་སྒོམ་པ། སྲིད་གཤེན་ཤི་ཐབས་སུམ་བརྒྱ་དྲུག་ཅུ། ལ་སོགས་པ་སྡེ་ཚན་མང་པོ་ཞིག་གསུང་ཡོད་པར་བལྟས་ན་ཤིན་ཏུ་རྒྱས་པའི་གཞུང་ལུགས་ཆ་ཚང་བ་ཞིག་ལོས་ཡོད་སྙམ།། ཡང་ཨོ་རྒྱན་གླིང་པའི་་བཀའ་ཐང་ཤེར་བྲག་མར། བོན་གྱི་ཐེག་དགུ་ཆོས་སྐྱི་ཐེག་དགུ་གཉིསཿ ལོ་ཙཱ་རྣམས་ལ་དགག་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེཚོམཿ ཟེར་བ་སོགས་འདྲ་ས་མང་ལ། མི་འདྲ་ས་ཡང་མང་པོ་ཡོད་པས་རྩོད་པ་བྱུང་བ་མིན་ནམ་སྙམ། བོན་ཞང་ཞུང་ནས་བོད་དུ་བསྒྱུར་ཚུལ་འདི་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། གཅིག་བྱས་ན་སྐད་ཅིག་ཐ་དད་དང་།ཡང་ན་ཐུ་མི་སམྦྷོ་ཊས་མཛད་པའི་བརྡ་སྤྲོད་དང་ཁྱད་པར་ཡོད་པས་བསྒྱུར་བ་ཡང་ཡིན་སྲིད། དཔེར་ན་བན་དེའི་བཀའ་འགྱུར་དུའང་སྐད་གསར་བཅད་ཀྱིས་བསྒྱུར་ཅིང་གཏན་པ་ཕབ་པའོ། །ཟེར་བ་ལྟ་བུ་རེད། རིག་གཞུང་ཕྱུག་པོ་ཡོད་པས་གཞན་གྱི་རིག་གཞུང་ནང་འདྲེན་མི་དགོས་པ་མེད་དེ། རྒྱ་ནག་ཏུའང་རིག་གཞུང་ཕྱུག་པོ་ཡོད་ཀྱང་རྒྱ་གར་གྱི་ཆོས་དང་རིག་གཞུང་དུ་མ་ནང་འདྲེན་བྱས་པ་ལྟ་བུ་རྒྱལ་ཁབ་ཁབ་མང་པོར་ཡོད། ད་ལྟ་ཡང་ཀླད་གསར་པ་རྣམས་ཀྱིས་དངུལ་བཟོ་མི་ཐུབ་པའི་ཆོས་དང་རིག་གནས་ཀྱིས་ཕན་པ་མེད་པར་འདོད་པ་བཞིན་ནོ། ། སྨན་ལ་མཚོན་ན་ཏུན་ཧོང་ཡིག་རྙིང་དུ་གསལ་བ་ལྟར་བོད་ལ་གནའ་བོའི་དུས་ནས་མེ་བཙའ་གཏར་བཅོས་སོགས་ཡོད་པར་ངེས་། དེ་བཞིན་གསོ་རིག་འབུམ་བཞི་དང་། ཕྱོགས་ཀྱི་མཁས་པ་མི་དགུ་སོགས་ཀྱི་གསུང་བ་ཡང་ཡོད།རྩིས་ནི་བོད་ལ་ལུགས་སྲོལ་གསུམ་ཡོད་པའི། དུས་འཁོར་ལུགས། རྒྱ་ནག་ལུགས། བོན་ལུགས་འབྱུང་རྩིས་སོགས་དུ་མ་ཡོད་ཚུལ་བཻ་དཀར་རང་དུ་གསལ། ས་དཔྱད་ལ། རྒྱ་དཀར་ནག་བོན་པོ་སུམ་པ་བཅས་པའི་ལུགས་ཡོད་ཚུལ་ཀརྨ་ཆགས་མེད་གྱིས་གསུང་། མཁན་སློབ་ཆོས་གསུམ་དང་ལོ་པཎ་བཀའ་དྲིན་ཅན་རྣམ་ཀྱིས་བསྒྱུར་བའི་ཤཱཀྱའི་ནང་ཆོས་དང་། འཕགས་ཡུལ་གྱི་སྒྲ་གཞུང་། གསོ་དཔྱད་ཡན་ལག་བརྒྱད་པ་སོགས་ཕུལ་དུ་བྱུང་བའི་རིག་གནས་ཀྱི་ཤུལ་བཞག་ཡོད་པའང་དགའ་གུས་ཡི་རང་བྱ་བའི་གནས་སོ། །དེས་ན་སོ་སོའིའོ་ལེགས་པའི་ཆ་གཙིགས་སུ་འཛིན་པ་དང་། གཞན་གྱི་གཞུང་ལུགས་ཀྱི་ལེགས་ཆ་ཅི་ཡོད་ཅི་ནུས་སུ་ལེན་པ་དང་གུས་པར་བྱ་བ་རང་རེའི་མི་རབས་འདིའི་ལས་འགན་གལ་པོ་ཆེ་མིན་ནམ་བསམ།།
བཅོས། སྐད་ཡིག་ཐ་དད། ཡིག་ནོར་མང་པོ་ཤོར་འདུག དགོངས་དག་ཞུ། རིག་གཞུང་གི་རྣམ་བཞག་དང་། འདུ་ཤེས། སྲུང་སྐྱོབས་བྱེད་ཚུལ་སོགས་ལའང་དགོངས་པ་བཞེས་དགོས་པར་སེམས།
ད་ལྟ་ངས་རོབ་ཙམ་བཀཉལགས་པ་ཡིན། བོན་པོ་ཚང་གསུངས་ཡག་དེ་བདེན་པ་བཟོ་འདྲ་ཡོད། དེང་སང་ཁ་ཤས་ཤིག་བོད་རྒྱུད་བང་བསྟན་ལ་རྒྱ་གར་གྱི་ནང་ཆོས་རེད་ཟེར་ཕྱི་ཆོས་ཚོགས་ལ་བསྒྲགས་ཀྱིས་ཡོད། དོན་ཐོབ་དབྱེ་གསལ་མ་ཤེས་པ་རྟགས་རེད། རྒྱ་ཆོས་དེ་བོད་ལ་བསྒྱུར་ཟིན་ཚར་དུས་བླ་མ་རྒྱུད་པ་དང་ཆོས་རྒྱུད་ཆེན་པོ་ཐམས་ཅད་བོད་ནས་བྱུང་ནས་ད་བར་བོད་རྒྱུད་ནང་བསྟན་གསུངས་ངགོས་ཡག་རེད། གང་ལྟར་ང་ཚོ་ངོ་རྒྱ་ལ་འབྲེལ་ཟབ་བྱས་ན་བཟང་་
གཡུང་དྲུང་བོན་་་ནི་་་བོད་ཀྱི་ནང་བསྟན་་་ཡིན། །
དམ་པའི་ཆོས་་་ནི་་་བོད་བརྒྱུད་ནང་བསྟན་་་ཟེར། །
ཨ་ཙཱ་ར་ཡིས་་་མགོ་གཉིས་་་འཁྲབ་ས་མེད། །
ཧ་ཤཱང་ལགས་ལའང་བདེ་མོ་འཇོག་རོགས་གནོངས། །
བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་གྱི་ཨཱཡུརྦེད་གཉིས་རྣམ་པ་ཐམས་ཅད་དུ་གཅིག་པ་ཡིན་ནམ་ཐ་དད་ཡིན་དེ་སྐོར་ལ་རྒྱ་གར་གཞུང་གི་བརྟག་དཔྱད་དང་བགྲོ་གླེང་མང་པོ་བྱས་འབྲས་སུ་དེ་གཉིས་ལ་དོན་གྱི་ཆ་མང་པོ་ཞིག་མཐུན་པར་ཡོད་ནའང་མི་མཐུན་པའི་ཆའང་མང་དག་ཅིག་ཡོད་པའི་རྒྱུ་མཚན་གྱི་སྲ
མི་མང་པོ་གཅིག་གིས་གནས་ཚུལ་གསལ་པོ་མ་རྟོགས་པའི་ཐོག་ནས་འགའ་ཞིག་ལ་བོད་ཀྱི་གསོ་བ་རིག་པ་རྒྱ་གར་ལ་ཤོར་ཚར་བ་རེད་བསམ་ནས་ལ་ཞེན་གྱིས་སེམས་འཚབ་དང་ཡང་འགའ་ཤས་ཀྱི་སྒོ་སྐབས་དེ་དང་བསྟུན་ནས་སྨན་རྩིས་ཁང་དང་སྨན་པ་རྣམས་ལ་ཁ་རྡུངས་གཏོང་གི་འདུག། ཁྱེད་རྣམས་སེམས་ཁྲལ་གནང་དགོས་མ་རེད་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་བདག་དབང་གང་གི་ཐད་ནས་ཀྱང་སྨན་རྩིས་ཁང་དང་ང་ཚོ་སྨན་པ་ཚོས་ཆུ་གློད་ཀྱི་མ་རེད། རྒྱ་གར་ནང་ཁྲིམ་མཐུན་གྱིས་གསོ་བ་རིག་པ་ལག་ལེན་རྒྱ་ཁྱབ་ཡོང་ཆེད་རྒྱ་གར་ནང་ཁྲིམ་ཐོག་ལག་ལེན་མཆོག་པའི་རྒྱ་གར་རང་ནང་དར་བའི་སྲོལ་རྒྱུན་སྨན་གྱི་སྡེ་ཚན་( Ayush Department)ནང་ཁྲིམ་ཐོག་དེབ་སྐྱེལ་བྱས་ནས་ཁྲིམ་ཐོག་ངོས་ལེན་ཐོབ་པ་ཞིག་ལས་བོད་ཀྱི་གསོ་བ་རིགས་པ་རྒྱ་གར་ལ་གཙོང་བ་དང་རྒྱ་གར་སྲོལ་རྒྱུན་སྨན་གཞུང་ཨ་ཡུར་ཝེ་སྡེ་ནང་ཁོངས་འཛུལ་བ་ཞིག་གཏན་ནས་མ་རེད། ཆབ་སྲིད་ཀྱིས་དགོས་དབང་གཅིག་གིས་གསོ་བ་རིག་པའི་འགོ་བརྗོད་དུ་བོད་བཀོད་ཐབས་མེད་པ་དངོས་ཡོད་གནས་ཚུལ་རེད།
འོན་ཀྱང་གསོ་བ་རིག་པ་ཞེས་དོན་བསྒྱུར་མ་བྱས་ན་བོད་ཀྱི་གསོ་བ་རིག་པ་ཡིན་པས་ཁྱབ་དང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་པའི་སྐབས་རྒྱབ་ལྗོངས་ལོ་རྒྱུས་དབྱིན་ཡིག་ནང་བཀོད་དགོས་སྟབས་དབྱིན་ཡིག་ནང་( Tibetan Medicine ) ཞེས་བཀོད་ཡོད།