ཚེ་རིང་བསམ་གྲུབ།
ཁོ་བོས་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གྲོས་ཚོགས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་གསུངས་པ་དེ་ལ་རྩོམ་ཐུང་ཞིག་བྲིས་པ་ཡིན། དེའི་འཕྲོས་དོན་ལས་བརྩམས་ཏེ་སླར་ཡང་རྩོམ་ཐུང་ཞིག་འབྲི་དགོས་པར་མཐོང་། དེ་ཡང་གྲོས་ཚོགས་ནང་དུ་སྤྱིར་བཏང་གི་གནས་ཚུལ་ཐོག་ལ་སྒེར་གྱི་བསམ་ཚུལ་ལས་བསླངས་ཏེ་བགྲོ་གླེང་དང་གྲོས་ཆོད་ཁག་བཞག་ཆོག་གི་ཡོད། དེ་ནི་བཀུར་འོས་སྤྱི་འཐུས་རྣམ་པར་སྨྲ་བརྗོད་ཀྱི་རང་དབང་ཙམ་མ་ཡིན་པར། མི་མང་ཡོངས་ཀྱིས་ཁོང་རྣམ་པའི་རྣམ་དཔྱོད་དང་། ལྷག་བསམ། མཁྱེན་འཇོན་རྣམས་ལ་ཡིད་ཆེས་དང་རེ་བ་བཅོལ་ཡོད་པ་མཚོན་གྱི་ཡོད། དེ་བཞིན་སྤྱི་འཐུས་རྣམ་པ་ཚོས་ཀྱང་རང་ཉིད་ལ་འོས་འཕེན་མཁན་གྱི་ཆོལ་ཁ་ཆོས་བརྒྱུད་སོ་སོའི་མངོན་འདོད་གང་ཡིན་པ་གསལ་པོ་ཤེས་པ་ཐོག་ནས་ཕྱག་ལས་དང་བཀའ་མོལ་གསུང་ཕྱོགས་ལ་གཟབ་ནན་དགོས་པ་ནི་བཟང་སྤྱོད་ཀྱི་འགན་འཁྲི་ཞིག་ཡིན།།
བསམ་ཚུལ་ནི་བསམ་ཚུལ་རེད། འོན་ཀྱང་གྲོས་ཚོགས་ནང་དུ་སླེབས་པའི་བསམ་ཚུལ་ནི་ལྷག་བསམ་དག་པའི་རྣམ་དཔྱོད་ཅན་གྱི་བསམ་ཚུལ་ཞིག་ལས། བསམ་ཚུལ་དཀྱུས་མ་ཞིག་མིན་པར་ཀུན་གྱིས་རེ་བ་བྱེད་ཀྱི་ཡོད། བསམ་ཚུལ་དེ་ལྟ་བུ་ལ་ལྷག་བསམ་དང་རྣམ་དཔྱོད་ལྡན་པའི་བཀུར་འོས་སྤྱི་འཐུས་གཞན་རྣམས་ཀྱིས་བགྲོ་གླེང་གོ་བསྡུར་སྦས་གསང་མེད་པ་ཞུ་དགོས་པ་ནི་གང་ལ་འབབ་པའི་འོས་འགན་རེད། དེ་ལྟ་བུའི་རྣམ་དཔྱོད་ཅན་གྱི་བསམ་ཚུལ་ནི་རྣམ་དཔྱོད་ལྡན་པའི་སྤྱི་འཐུས་སྒེར་ངོས་ནས་འོངས་དགོས་པ་ལས་ཐབས་གཞན་མེད། དེ་ལྟར་སླེབས་པ་ལ་རང་དབང་དགོས་པ་རེད། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པར་སྒེར་གྱི་དགོངས་ཚུལ་གསུང་ཆོག་པའི་རང་དབང་ནི་ངེས་པར་དགོས།།
འོན་ཀྱང་སྤྱི་འཐུས་ནང་དུ་གྲོས་འཆར་ཞིག་ལ་རྒྱབ་སྐྱོར་ཞུ་དགོས་ན། རྒྱབ་སྐྱོར་ལ་སྤྱི་འཐུས་སྒེར་གྱི་རྒྱབ་སྐྱོར་ཟེར་བ་མི་སྲིད་པ་ཞིག་རེད། དེ་ཡང་། བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་དུ་གྲོས་འཆར་ཞིག་གྲོས་ཆོད་དུ་འགྱུར་དགོས་ན། ཆོལ་ཁ་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་ཀྱི་མཚན་ཐོག་ནས་རྒྱབ་སྐྱོར་ཞུ་དགོས། སྤྱི་འཐུས་གྲོས་ཚོགས་སུ་སྒེར་གྱི་མིང་ཐོག་ནས་ཡིན་ཟེར་ཏེ་གྲོས་འཆར་ལ་རྒྱབ་སྐྱོར་བྱས་ནས་གྲོད་ཆོད་ཆགས་པ་དེ་འདྲ་རང་ཡོད་ཀྱི་མ་རེད། རྒྱུ་མཚན་དེ་དག་གི་ཕྱིར་ན། ལོ་མང་སྔོན་ནས་བོད་མི་བརྒྱ་ཆ་དྲུག་ཅུ་ལྷག་གི་མང་མོས་བྱས་པའི་དབུ་མའི་ལམ་དེ་བཞིན་བོད་གཞུང་གི་སྲིད་བྱུས་ཡིན་པར་སྤྱི་འཐུས་ནས་བགྲོ་གླེང་གྲོས་ཆོད་བཞག་ནས་གཏན་ལ་འཁེལ་བ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད།
སྤྱི་འཐུས་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ལ་སྒེར་ངོས་ནས་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ཟེར་བ་དེ་ཡོང་ཐབས་མེད། གང་ལགས་ཟེར་ན། སྤྱི་འཐུས་ཀྱི་གྲོས་ཆོད་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱེད་དགོས་ན་ངེས་པར་སྤྱི་འཐུས་ཀྱི་མཚན་ཐོག་ཁོ་ནའི་ཐོག་ནས་འགྲོ་དགོས་པ་ཞིག་ཡིན། རྒྱུ་མཚན་ནི་གོང་དུ་སྨོས་ཟིན། དེར་བརྟེན་གྲོས་ཚོགས་ནང་གི་གྲོས་ཆོད་གང་འདྲ་ཞིག་ལའང་རྒྱབ་སྐྱོར་བྱ་དགོས་པའམ། ཡང་ན་ཕྱིར་འཐེན་བྱ་དགོས་ན། སྤྱི་འཐུས་གྱི་མཚན་ཐོག་ལས་སྒེར་གྱི་མིང་ཐོག་ནས་ཡོང་ཤེས་ཐབས་མེད། དེར་བརྟེན་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ན། སྤྱི་འཐུས་ཀྱི་མཚན་ཐོག་ལས་སྒེར་གྱི་མོང་ཐོག་ནས་ཡིན་གསུངས་པ་ནི་རྩ་བ་ཆ་ནས་ནོར་འཁྲུལ་ཆེན་པོ་ཞིག་ཏུ་མཐོང་ངོ་།། །།
བཀྲིས་བདེ་ལེགས། མང་གཙོའི་གོ་དོན་གསལ་པོ་ཤེས་པའི་སྒང་ནས་རྒྱུ་མཚན་གྲངས་པའི་འགྲེལ་བརྗོད་གསལ་པོ་གནང་འདུག་པར་ཐུགས་རྗེ་ཆེ། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། བློ་ཕམ་ཞིག་ལ་དྲྭ་ཐོག་ཏུ་ཡུལ་ལུང་དང་ཆོས་ལུགས་སོགས་ལ་ཕྱོགས་ཞེན་ཆེ་བ། ཕྲག་དོག་ཅན། མི་ཤེས་ཤེས་མདོག་བྱེད་མཁན་མང་པོ་ཞིག་གིས་སྐྱོན་བརྗོད་ཞུ་ཡི་འདུག་ན། དེ་དག་ལ་སྙིང་རྗེས་རྩིས་མེད་དུ་བཞག་ནས་ལན་འདེབས་མ་གནང་བ་ཞུ། ངས་བསྐྱར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་སུ་གཏམ་བཤད་གནང་བར་བཀའ་བརྒྱུད་ཡོངས་ཀྱི་འགན་ཁྱེར་དགོས་ན། ཁྱེད་ཀྱིས་ཝ་ཎ་མཐོ་སློབ་མཚན་ཁྱེར་ནས་ཀརྨ་ཆོས་འཕེལ་གྱི་བྱ་བྱེད་ཚང་མ་བཀའ་བརྒྱུད་པ་ལ་གཡོགས་འདུག ཁྱེད་ཀྱིས་རྩོམ་ཉོག་སྤེལ་བ་དེ་ཡང་ཝ་ན་མཐོ་སློབ་ལ་འགན་ཡོད་དམ། དེ་གཉིས་མཚུངས་པའི་ཕྱིར།
མདོ་སྨད་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་རྐུ་མ་རྐུས་བ་དང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གི་ལྐོག་ཟ་རུས་སུངས་ཚབ་ཆེན་གྱི་ནག་ཉེས་ལྟ་བུ་མ་ཡིན་པ་ཀརྨ་ཆོས་འཕེལ་གྱི་བོད་རང་དབང་རང་བཙན་ལ་རྒྱབ་སྐྱོར་བྱས་པ་འདིས་བོད་ཀྱི་བདེན་པའི་ལོ་རྒྱུས་ལ་རྒྱབ་སྐྱོར་བྱས་པ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཤེས་དགོས། གལ་སྲིད་ཁོང་གི་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་འདི་ནག་ཅན་ལ་འཇོག་གི་ཡོད་ན་ལས་རྒྱུ་འབྲས་ཟེར་བ་བརྫུན་མ་རེད་ལ་དྲང་བདེན་ཟེར་བ་རྐྱག་བརྫུན་རེད།
ཁྲིམས་ཤེས་པར་བྱས་ནས་སྐད་ཆ་ཤོད། ཚེ་བསམ་ལགས།
ཚེ་རིང་བསམ་འགྲུབ་ཁོང་གིས་དམིགས་ཡུལ་ཅི་ཞིག་བཟུང་ནས་སྐད་ཆ་འདི་འདྲ་བཤད་གི་ཡོད་མེད་མི་ཤེས་ འོང་ཀྱང་སྐར་མ་ཆོས་འཕེལ་ཁོང་སྐུ་སྒེར་ལ་དོ་ཕོག་འགྲོ་གཞི་གང་མེད་ལ་ དེ་བས་གཞན་པ་སུ་གང་ལའང་ཕོག་ཐུག་དང་གནོད་སྐྱོན་དེ་འདྲ་འགྲོ་གཞི་གཏན་ནས་མེད་ རྒྱུ་མཚན་ནི་ཁོང་ནི་བོད་མི་མང་སྤྱི་མཐུན་ཞིག་ཡིན་་། ་མི་མང་གིས་རེ་བ་དང་ཡིད་ཆེས་བྱས་ནས་འདེམས་་པས་སྤྱི་མཐུན་ཞིག་ཡིན་ ། དེ་འདྲ་ཡིན་པས་ཆ་ནས་བོད་མི་རིགས་ཀྱི་འགན་འཁྲི་ཞིག་ཡོད་ འགན་འཁྲི་དེ་ཡོད་པ་གཞིར་གཟུང་རང་ཉིད་ཀྱིས་ལྷག་བསམ་རྣམ་དག་གིས་ཐོག་ནས་རང་གི་རྣམ་དཔྱོད་ཚད་མཐོ་ཤོས་དེ་བེད་སྤྱོད་བྱེད་དགོས་། ཁོང་གིས་དགོངས་པ་གསལ་བཤད་གནང་བ་དེ་ལ་་བོད་མི་མང་སྤྱི་མཐུན་ལྷན་ཚོགས་ཀྱི་སྒྲིགས་གཞི་དང་མཐུན་ཡོད་ལ་མང་གཙོའི་ཁེ་དབང་དང་ཡང་མཐུན་ཡོད་་། ་མ་ཚད་པས་དོན་དག་ངོ་མ་དེ་ འདི་ནི་བོད་མི་ས་ཡ་མང་པོའི་དགོངས་ཚུལ་ཞིག་རེད་ལ་བོད་མི་ཤི་བོ་རྣམས་ཀྱིས་ཁ་ཆེམས་དང་གསོན་པོ་རྣམས་ཀྱིས་རེ་བའང་རེད་།
ཚེ་རིང་དང་སྤྱང་ཤོག་ཟེར་བ་གཉིས་རྣ་བ་རླགས་ཏེ་ཉོན་ཞིག ་ཁོང་ཝ་ནྭ་མཐོ་སློབ་ཀྱི་ཚབ་ཞུས་ཏེ་དྲྭ་ཐོག་འདིར་ཕེབས་ནས་དཔྱད་བརྗོད་སྤེལ་བ་ཡིན་ན་མཐོ་སློབ་ཁང་གི་འགན་ལོས་ཁུར་དགོས། འོན་ཀྱང་དེ་ལྟར་མ་རེད། སྤྱི་འཐུས་ཚོ་མི་དམངས་དང་ཆོས་བརྒྱུད་སོགས་ཀྱི་ཚབ་ཞུས་ནས་གྲོས་ཚོགས་སུ་ཕེབས་པ་རེད། ལྷག་དོན་དུ་གྲོས་ཚོགས་ནང་ལ་ཆོས་བརྒྱུད་ཀྱི་ཚབ་ཞུ་ཐུབ་ཀྱི་མེད་ན་དུས་ཚོད་གང་འདྲ་ཞིག་ལ་མགྲིན་ཚབ་པ་ཆགས་ཀྱི་རེད།
མ་གཞི་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་གསལ་བཤད་བྱས་པ་ཙམ་ལ་ཧ་ཅང་གི་བྱས་ཉེས་མ་མཐོང་ཀྱང་། ལོ་ངོ་འདི་དག་གི་ཁོས་བྱ་བྱེད་དང་རྒྱབ་ལྗོངས་སོགས་ལ་བལྟས་ན་ད་དུང་ཁོའི་་རྒྱབ་ཏུ་རང་གཞུང་ལ་གཅིག་ཏུ་ཞེ་གནག་པའི་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང་ཁོ་ཡི་ཨབ་ཕྲུག་ཁ་ཤས་ཡོད་ངེས་པས་ང་ཚོས་གཟབ་ནན་གྱིས་བལྟ་རྒྱུ་གལ་ཆེ། དེར་མ་ཟད་ཚེ་རིང་བསམ་འགྲུབ་ཀྱི་རྩོམ་སྔ་མའི་མཆན་གྱི་ནང་དུ། གསེར་འབྲུག་སྡེ་ལྔ་དང་། ཅོ་རི་ཉི་མ་ཟེར་བ་སོགས་ཀྱིས་ཁོ་ལ་ཧ་ཅང་གིས་རྒྱབ་སྐྱོར་གིས་གྲོས་ཚོགས་ནང་དུ་རང་བཙན་གཙང་མ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་བཅོ་ལྔ་ཡོད་ཚུལ་སོགས་ཤུན་ཏུ་རྒྱུས་ཡོད་མདོག་གིས་བཤད་བཞིན་པ་འདི་བོད་མི་སྤྱི་དང་། ལྷག་པར་ང་ཚོ་མདོ་སྟོད་མི་མང་གིས་ཤུན་ཏུ་ནས་གཟབ་གཟབ་བྱ་དགོས་པའི་གནས་ཤིག་ཡིན་པ་ངེས་གལ་ཆེ། གསེར་འབྲུག་སྡེ་ལྔ་དང་ཅོ་རི་ཉི་མ་སོགས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་མི་གཅིག་ཡིན་པ་ཡང་ངེས་གལ་ཆེ་ལ་ཁོ་སླེབས་ནས་ང་ཚོ་མདོ་སྟོད་ཆོལ་ཁའི་ཞེན་ཁོག་ཡོད་མདོག་གིས་ཆོལ་ཁ་ཕན་ ཚུན་དང་། སྒོས་སུ་ང་ཚོའི་ནང་ཁུལ་ལ་གཀྲུགས་ཤིང་བཟོས་པ་ཉུང་ཉུང་གཏན་ནས་མིན། ད་ནི་ང་ཚོ་གཉིད་སད་ན་མགཏོགསཁོ་དང་ཁོ་འདྲ་བ་ལ་གོ་སྐབས་སྤྲད་བསྡད་ན་འཇུག་འབྲས་ཧ་ཅངཚབ་ཆེན་རེད་ལོ།་
ཡ་མ་ཁྱོད་ཁ་བརྡ་མིང་གཞན་ཞིག་ནས་སླེབས་ཡོད་ན་དེར་ཟད། གཞན་འདི་ན་སོ་མ་ཡིན་སྟབས་ཅོ་རི་དང་གསེར་འབྲུག་མི་གཅིག་ལུགས་ཀྱི་མཁས་མདོག་གམ་ལྐུགས་མདོག་བསྟན་སོང་། དོན་ལ་ཅོ་རི་འདི་ཅོ་རི་ཉི་མ་ལས་གཞན་པའི་མིང་འོག་ཏུ་གཏན་ནས་མི་འོངས། གསེར་འབྲུག་ལ་ཁ་བརྡས་ཉེན་བརྡ་བཏང་ཟིན། ཁོ་ནི་གུ་རུ་མཚན་བརྒྱད་རེད། མིང་པོ་ཞིག་གི་འོག་ཏུ་སླེབས་གི་རེད། གཞན་མདོ་སྟོད་ལ་ཞེན་གོག་ཆེ་མདོག་གིས་དཀྲུག་མཁན་ཁྱོད་རེད་དམ་ཅོ་རི་རེད་མཆན་བུས་ཁ་གྲགས་ཡོང་གི་འདུག་ག ད་མང་པོ་མི་ལབ།
ཡ་མ་ཚེ་རིང་ལགས། ཁྱོད་ལ་ཁག་མེད་ཡ། གསེར་འབྲུག་སྡེ་ལྔ་ཟེར་བའི་མིང་ཅན་འདི་དང་ང་ཅོ་རི་གཉིས་ཀྱི་བསམ་ཚུལ་མ་གྲོས་བསམ་པ་གཅིག་མཐུན་ཡིན་པ་འདི་ངེད་གཉིས་ཀྱི་ལས་དབང་ཡིན་གྱི་རེད་བ། མ་གཏོགས་ངེད་གཉིས་གང་ཟག་ཁ་ཁར་སོ་སོར་རེད། ཁྱོད་ལ་ཁག་མེད། ངས་ཀྱང་སྐབས་རེ་ལ་འབྲི་དགོས་བསམས་པ་དེར་གསེར་འབྲུག་སྡེ་ལྔ་ལགས་ཀྱིས་འབྲི་ནས་མཆན་བཏབ་འགྲོ་གི་འདུག སྐབས་མང་པོ་ཞིག་ལ་དེ་འདྲ་བསམ་ཚུལ་མཐུན་པ་ལ་བསམས་བསམས་མང་པོ་བྱུང་། འདི་གནད་དོན་གཅིག་ཡིན། ཁྱོད་རང་གི་འཁྲུལ་སྣང་རེད་མ་གཏོགས་གསེར་འབྲུག་ངེད་གཉིས་མི་གཅིག་མ་རེད།
གཉིས་པ། ཁྱོད་སྙིང་རྗེ། མདོ་སྟོད་མི་དམངས་ཀྱིས་གུས་བཀུར་བྱེད་སའི་སྤྱི་ཟུར་ཨོ་རྒྱུན་སྟོབས་རྒྱལ་མཆོག་ལ་ཁ་གཏོང་གྱི་ཞོག ང་ཚོང་མདོ་སྟོད་མི་དམངས་ཀྱི་སེམས་ལ་རྨ་ཁ་མ་བཟོ་རོགས་བྱོས།
ངས་ནང་དུ་དཀྲུགས་ཤིང་བཟོ་པ་ཉུང་ཉུང་མིན་ན་གསུང་རོགས་བྱོས། གསལ་པོ་དག་པོ་འགྲེལ་བཤད་བརྒྱབ་རོགས་བྱོས། དེ་ནས་རྩོད་ཆོག དེ་མེད་ན་ཁ་བཙུམ།།
བཀའ་བརྒྱུད་པ་ལས་དབུས་གཙང་མི་མང་གི་བསམ་ཚུལ་དང་མཐུན་པ་མི་དགོས་སམ།
ཚེ་རིང་བསམ་གྲུབ་ལགས་ནས་རྩོམ་ཡིག་ཡག་པོ་དྲིས་འདུག འོན་ཀྱང་ངས་བལྟས་ན་གནད་དོན་འགའ་ཞིག་ད་དུང་གསལ་པོ་བྱུང་མིན་འདུག་སྙམ། ཐོག་མར་སྤྱི་འཐུས་སྒེར་གྱི་བསམ་ཚུལ་དེ་བཀའ་བརྒྱུད་པ་ཡོངས་རྫོགས་ཀྱི་དགོངས་པ་མཚོན་དགོས་མིན་དེ་ཁྱེད་ཀྱི་རྩོམ་དང་པོ་དེའི་བརྗོད་གཞི་རེད། ད་ལན་ཁྱེད་ཀྱིས་བརྗོད་དོན་གཙོ་བོ་ནི་སྤྱི་འཐུས་ཀྱི་མཚན་ཐོག་ལས་སྒེར་གྱིས་ངོས་ནས་གྲོས་ཆར་ཕྱིར་འཐེན་བྱེད་ཐབས་བྲལ་བ་དེ་གསུངས་པ་རེད། སྔ་ཕྱི་གཉིས་ཀྱི་རྩོམ་ལ་གཞིགས་ན་ཁྱེད་ཀྱི་བསམ་ཚུལ་ཀྱང་རིམ་པས་འགྱུར་བ་བྱུང་བ་ཐེ་ཚོམ་མིན་འདུག
རྩོམ་དང་པོའི་སྐོར་ལ་ངས་བྱས་ན། བཀའ་བརྒྱུད་པ་འོས་འཕེན་མཁན་ཚོས་འོས་མ་བསླུགས་ད་ལྟའི་སྤྱི་འཐུས་དེའི་ལངས་ཕྱོགས་ཇི་མ་ཇི་བཞིན་མཁྱེན་རྟོགས་ཡོད་རྒྱུ་རེད་ལ་ཡོད་དགོས་ངེས་ཀྱང་རེད། བཀའ་བརྒྱུད་པ་འོས་འཕེན་མཁན་ཚོས་ཀྱང་རང་གི་འདོད་པ་ཇི་མ་ཇི་བཞིན་བཤད་པའི་ཁས་ལེན་ཡང་མེད་ལ་དེ་ལྟར་བྱེད་དགོས་པའི་ཁྱབ་པ་ཡང་མ་བྱུང་། དེ་ལས་ངས་བསམ་པར་བཀའ་རྒྱུད་པ་འོས་འཕེན་མཁན་ཚོས་ད་ལྟའི་གང་ཟག་ལ་རང་ནུས་རྣམ་དཔྱོད་ཀྱི་ཐོག་ནས་བསམ་ཚུལ་དང་ཐག་གཅོད་བྱེད་རྒྱུའི་ཁེ་དབང་ཆ་ཚང་སྤྲད་པ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་མོས་མཐུན་མེད་ན་ཐེངས་རྗེས་མར་འོས་མ་འཕེན་ན་འགྲིག་གི་རེད།
རྩོམ་གཉིས་པའི་སྐོར་ལ་ཞུས་ན། ད་ལྟའི་སྤྱི་འཐུས་ནས་དེ་སྔ་གཞུང་འབྲེལ་གྲོས་འཆར་དབུ་མའི་ལམ་དང་འབྲེལ་བ་རྣམས་ལ་རྒྱབ་སྐྱོར་ཕྱིར་འཐེན་ཡིན་གསུངས་པ་དེར་དཔྱད་པ་ཞིག་བྱས་ན། འདས་པའི་གཞུང་འབྲེལ་གྲོས་འཆར་ལབ་སྐབས་ད་ལྟའི་སྤྱི་འཐུས་དེ་དེ་སྔ་དབུས་གཙང་གི་སྤྱི་འཐུས་ཤིག་ཡིན་པས། བཀའ་བརྒྱུད་པའི་བསམ་ཚུལ་ལས་དབུས་གཙང་མི་མང་གི་བསལ་ཚུལ་མཚོན་དགོས་པས་ཁྱེད་ཀྱི་ཐོག་མའི་རྩོམ་འདི་འགོ་བརྗོད་དེ་ནོར་བ་མ་རེད་དམ།
སྐབས་འདིར་ད་ལྟའི་སྤྱི་འཐུས་ནས་བསམ་ཚུལ་དེ་ལྟར་སྟོན་པ་ནི་གཙོ་བོ་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་ཕྱིན་པ་ལ་བརྟེན་ནས་གསུངས་པ་ཞིག་རེད་མ་གཏོགས། ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་ཆེན་པོ་འདི་འདྲ་ཕྱིན་མེད་ན་ད་ལྟའི་བསམ་ཚུལ་དེ་ཡོང་ཐབས་མེད།
གྲོས་ཚོགས་ནས་སྒེར་གྱི་བསམ་ཚུལ་ཡིན་གསུངས་པ་ལས་གྲོས་ཆོད་འདོན་ནས་དེ་སྔའི་གྲོས་འཆར་ལ་རྒྱབ་སྐྱོར་མེད་སྐོར་གསུངས་མ་སོང་བསམས། གང་ཟག་རང་ཉིད་བོད་མི་མེ་སེར་ཞིག་གི་ཆ་ནས་སྒེར་གྱི་བསམ་ཚུལ་ཞུ་རྒྱུ་གོ་སྐབས་ལོས་ཡོད་ལ། ལྷག་པར་ཡུན་རིང་གཞུང་གི་སྲི་ཞུ་བ་ཞིག་ཡིན་པས་ཆ་ནས་རང་གི་ཉམས་མྱོང་དང་རྣམ་དཔྱོད་ཀྱི་ཐོག་ནས་བསམ་ཚུལ་ལོས་ཀྱང་བཤད་ཆོག
གོང་གསལ་དོན་ཚན་ཁག་ལ་བརྟེན་ནས་ཁྱེད་ནས་བསམ་ཚུལ་ཡག་པོ་གསུངས་འདུག་ཀྱང་ད་དུང་གནད་དོན་གནད་འགག་མང་པོ་དང་འབྲེལ་ཡོད་པར་བརྟེན་དཔྱད་གཞི་ཁུལ་དུ་བཞག་རྒྱུ་ལས་ཉིད་ལྟར་མཐའ་བསྡོམས་གང་ཡང་ཞུ་ཡག་མེད།
༼སྤྱི་འཐུས་གང་ཟག་སྒེར་ཞེས་སྤྱད་པ་ལས་དོ་བདག་གི་མིང་མ་གླེང་པ་ནི་ང་ཚོས་བསམ་ཚུལ་རྣམས་སྐབས་མང་པོར་གང་ཟག་གི་དབང་བསྒྱུར་དུ་སོང་ནས་གང་ཟག་དེའི་འཆད་པའི་ཆོས་ལ་བསམ་ཚུལ་མི་གླེང་བ་དེས་ཕྱིར་ཡིན།༽
ཏིང་ཞོ་ཕེང་གིས་རང་བཙན་མ་ཡིན་པའི་སྐད་ཆ་གང་ཡིན་བཤད་ཆོག་ཟེར་བ་དེས་བོད་རང་བཙན་ལ་གོང་ཚད་ཆེན་པོ་ཞིག་སྤྲད་བཞིན་ཡོད་པ་མ་ཡིན་ནམ། གྲ་གྲོགས་ཚོ་སྨྲ་བརྗོད་རང་དབང་ལ་ཕེབས་པར་ཞུ།
ཐོས་པ་དགའ་ལགས།
རྩོམ་ཐུང་གཉིས་ཀྱི་ཁྱད་པར་ནི་ལྟ་ཕྱོགས་མ་འདྲ་བ་ནས་བལྟས་ཏེ་བྲིས་པ་ཞིག་ཡིན། འོན་ཀྱང་དོན་ལ་འགལ་བ་མེད།
དང་པོ་བསམ་ཚུལ་ཡིན་ཞེས་གསུངས་ན་སུའི་བསམ་ཚུལ་ཡིན་ནམ། བཀའ་བརྒྱུད་སྤྱི་འཐུས་ཤིག་གི་བསམ་ཚུལ་ཡིན་ནམ་ཡང་ན་སྒེར་གྱི་བསམ་ཚུལ་ཡིན་ནམ་ཞེས་གླེང་བསླངས་ཡོད།
རྩམ་ཐུང་གཉིས་པ་དེའི་ནང་། རྒྱབ་སྐྱོར་ཕྱིར་ཐེན་བྱས་པ་ཞེས་པ་དེའི་ཐོག་གཙོ་བོ་བྱས་ཏེ་བྲིས་པ་ཞིག་ཡིན། གྲོས་ཚོགས་ནང་དུ་རྒྱབ་སྐྱོར་ཞུས་དང་མ་ཞུས་ཀྱི་ཐོག་ནས་གྲོས་ཆོད་ཆགས་དང་མ་ཆགས་དེ་ནི་སྤྱི་འཐུས་ཀྱི་ཕྱག་ཏུ་ཡོད་དགོས་པ་ལས། སྒེར་གྱི་ལག་ཏུ་མེད། དེ་གནད་འགགས་ཆེན་པོ་ཡིན་པར་སྙམ། དེའི་ཕྱིར་རྒྱབ་སྐྱོར་ཕྱིར་འཐེན་གནང་མཁན་ནི་སྐུ་ངོ་ཀརྨ་ཆོས་འཕེལ་ལགས་ཙམ་མ་ཡིན་པར་གྲོས་ཚོགས་ཀྱི་ཚོགས་རའི་ནང་དུ་ཚོགས་ཞུགས་གནང་མཁན་གྱི་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཡིན། ད་བབས་ས་གང་དུ་འབབ་ཀྱི་འདུག་གཟིགས་དང་། བཀའ་རྒྱུད་པ་ཡོངས་དང་འབྲེལ་བ་ཆགས་ཀྱི་འདུག་མི་འདུག་ཡག་པོ་བྱས་ཏེ་གཟིགས་དང་།
ད་རྗེས་མའི་སྤྱི་འཐུས་འོས་འདེམས་སྐབས་དབུ་མ་དང་རང་བཙན་སོ་སོ་བྱས་ཏེ་འོས་ལངས། དེར་རང་མོས་ཀྱིས་འདེམས་དགོས་འདུག ཅིའི་ཕྱིར་ན་ད་ལྟ་སྤྱི་འཐུས་ཡིན་ན་མི་འདོད་བཞིན་དུ་དབུ་མའི་ལམ་ལ་གནས་དགོས་པ་འདྲ་པོ་འདུག དེ་ནས་དགེ་ལུགས་སྤྱི་འཐུས་གཉིས་ལ་དབུ་རང་གི་ཕྱོགས་ལ་འཐོབ་གི་འདུག་ལྟ་ཆོག་པ་རེད། དེ་ནས་བལྟད་མོ་ཡོད། ང་ཡང་སྤྱི་འཐུས་ཀྱི་འོས་ལ་ལངས་དགོས་འདུག ང་ནི་དབུ་མའི་ལམ་པའི་ཕྱོགས་ནས་ལང་གི་ཡིན། ཡིན་ནའང་༧གོང་ས་མཆོག་གི་དབུ་མའི་ལམ་ལས་ཟམ་གདོང་བླ་མའི་དབུ་མའི་ལམ་མིན་ཏ།
ད་ནས་བཟུང་། སྤྱི་སྒེར་སུ་ཡིན་ཀྱང་བོད་རང་བཙན་གྱི་སྐོར་དྲིལ་བསྒྲག་བྱ་ན་སྲོག་ཁྲིམས་ཕོག དེའི་དཔོན་པོ་ནི་ཤར་ཁུག་དང་། ཚེ་བསམ་གཉིས་བསྐོས་ཟིན།
དེང་སྐབས་དབུ་དང་རང་བཙན་སྐོར་ལ་བསམ་ཚུལ་བཤོད་རྒྱུ་ཚང་མས་དོ་སྣང་ཆེན་པོ་གནང་བཞིན་པ་ནི་ཡར་རྒྱས་དང་རང་དབང་གི་རྣམ་པ་མིན་ན་གང་ཡིན། རེད་དེ་རྒྱ་གཞུང་གི་ཁྱོད་ཚོ་རང་བཙན་དགོས་སམ་རྒྱ་བོད་མཉམ་གནས་དགོས་ཟེར་ན་ང་ཚོ་རྒྱ་བོད་མཉམ་གནས་ལམ་དབུ་མ་དགོས་ལབ་རྒྱུ་རེད། གང་ཡིན་ཞེ་ན་རང་བཙན་ཐོབ་ན་སྔར་ལྟར་ཆོས་ལུགས་དང་ཆོལ་ཁའི་རྙོག་ཁྲ་ཁོ་ནས་བོད་པའི་རང་མགོ་ཐོན་རྒྱུ་དཀའ་མོ་རེད། ད་ལྟའི་ཆབ་སྲིད་དཀའ་ངལ་སེལ་ནས་གཞིས་བྱེས་མཉམ་འཛོམ་ཡོང་ཆེད་ལ་ཐབས་ལམ་རང་བཙན་གཙང་མའི་ལྟ་གྲུབ་ཀྱིས་ཞི་དྲག་གང་འོས་ལས་འགུལ་སྤེལ་རྒྱུ་ཡག་ཤོས་སུ་མཐོང་། རྒྱ་མི་དཀའ་ལས་ཆེ་ཙམ་མ་བཟོས་ན་འགྱུར་བ་གཏོང་མཁན་དེ་འདྲ་མིན་པ་ཤེས་བཞིན་དུ་ད་དུང་དབུ་མ་ཡིན་ལོག་བཅུག་རོགས་ཟེར་བ་ནི་ལོག་བཅུག་རྒྱུ་དཀའ་མོ་རེད། དེ་བས་ཐབས་ལམ་རང་བཙན་གཙང་མ་རྩོད་ནས་འབྲས་བུ་དབུ་མ་ལ་རེ་བ་བྱེད་དགོས།
གོང་དུ་དབུ་མ་ཞེས་བཅོས་རོགས། ལར་ནི་དབུ་རང་བར་ལ་ང་ཚོ་དང་ཁྱོད་ཚོའོ་རྩོད་པ་རྩ་བ་དགོས་ཡ་མེད། དམིགས་ཡུལ་ནི་བོད་མི་རིགས་རིག་གཞུང་བཅས་པའི་བདེན་རེད། བོད་མི་རིགས་ལ་མིང་དོན་མཚུངས་པའི་བདེ་སྐྱིད་བསྐྲུན་པའི་དོན་དུ་ཕྱོགས་གཅིག་གིས་ཐབས་ལམ་དམིགས་སུ་བཀར་ནས་བཤད་པ་དང་། ཕྱོགས་གཅིག་གིས་འབྲས་བུ་དམིགས་སུ་བཀར་ནས་བཤད་ཞིན་ཡོད། དཔེར་ན་མི་ཚང་གཅིག་གི་ནང་མིས། ཁ་ཤས་ཀྱི་ཁ་ལག་བཟོ་སྟངས་བཤད། ཁ་ཤས་ཀྱི་ཁ་ལག་ཟ་སྟངས་བཤད་པ་ལྟ་བུ་རེད། བཟོ་སྟངས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་ནང་མི་རྡོག་རྩ་གཅིག་སྒྲིལ་གྱིས་བཟོས་པ་ཡིན་ན། ཁ་ལག་ཞིམ་པོ་ཞིག་རྒོད་སྒྲ་དང་བཅས་རོལ་རྒྱུ་ངེས་པ་རེད། འོན་ཀྱང་བོད་པའི་ནང་མིའི་ནང་ལ་སྟོབས་ཆེ་བས་ཆུང་བ་བྱམས་སྐྱོང་མི་བྱེད་པར་མགོ་སྣོན་བྱེད་རྒྱུར་དགའ་བས་ཁ་ལག་སྟངས་འཛིན་བྱེད་མཁན་གཉེར་པ་ངར་པོ་ཞིག་ངེས་པར་དགོས་པས་རྒྱ་རྒན་འོག་སྡད་རྒྱུ་རང་ཡག་ཤོས་མ་རེད་དམ།
མངའ་རིས་འཕྲིན་ལས་ལགས་ནས། དབུ་རང་གཉིས་ཀྱི་རྩ་བའི་དམིགས་ཡུལ་གང་ཡིན་སྐོར་ལ་གོ་བདེའི་དཔེ་མཚོན་ཡག་པོ་ཞིག་གསུངས་གནང་སོང་། ཐུགས་རྗེ་ཆེ།
མ་རྩོམ་འབྲི་མཁན་ཚེ་རིང་བསམ་གྲུབ་ལགས་ནས་དབུ་མའི་ལམ་གྱི་གྲོས་ཆོད་གཏན་འབེབ་བྱས་པ་དེ་མང་མོས་ཐོག་ནས་བྱས་པ་འདྲ་བོ་ཞིག་གསུངས་འདུག དེ་སྔོན་དབུ་ལམ་གཏན་འབེབ་བྱས་སྐབས་ཕལ་ཆེར་གྲོས་ཚོགས་སྤྱི་མོས་ཐོག་ཏུ་སོང་ཡོད་སྣང་ཡོད་དྲན། འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ད་ལན་ཀརྨ་ཆོས་འཕེལ་མི་གཅིག་གིས་དབུ་ལམ་རྒྱབ་བསྐྱོར་བྱས་པར་ཕྱིར་འཐེན་གནང་ནའང་ད་དུང་དབུ་ལམ་མང་མོས་ཐོག་སྡོད་ཀྱིན་ཡོད་པ་རེད།
ཡང་འདིའི་སྐབས་གྲོས་ཆོད་སྐོར་མང་པོ་ཞིག་གསུངས་འདུག སྤྱི་འཐུས་ཞིག་གིས་གྲོས་ཆོད་གྲོས་འཆར་འདོན་པ་དང་བསམ་ཚུལ་གླེང་བ་གཉིས་ལ་དཔེ་གནམ་སའི་ཁྱད་པར་ཡོད་པ་རེད། དེ་ལྟར་རྒྱུ་བའི་ལམ་ཀའང་སོ་སོར་ཡོད་པ་རེད། ངས་ཉ་ཉུང་མ་བསྲེ་ཞེས་རྩོམ་སྔོན་མ་ནང་དུ་ཞུས་པ་ཡིན་ལ་ད་དུང་དེ་ལྟར་ཡིན།
བསྟན་འཛིན་རྒྱལ་པོ་ལགས།
ང་ལ་ནི་དབུ་མ་ཡིན་ནའང་འགྲིག་གི་འདུག རང་བཙན་ཡིན་ནའང་འགྲིག་གི་འདུག འོན་ཀྱང་བཙན་བྱོལ་བོད་གཞུང་སྤྱི་འཐུས་ལྷན་ཚོགས་དེ་ཉག་གེ་ཉོག་གེ་ཆགས་ན་དེ་ཁྱོན་ནས་འགྲིག་གི་མི་འདུག
སྤྱི་འཐུས་ཀྱི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱབ་སྐྱོར་བྱས་ནས་ཕྱིར་འཐེན་བྱེད་མཁན་སུ་ཡིན་ནའང་ངོ་བོའི་ཆ་ནས་སྤྱི་འཐུས་ཡིན་དགོས། གནད་དོན་དེ་ཡང་བཤད་བསྐྱར་བཤད་བྱས་ཡོད། ངོ་བོའི་ཆ་ནས་སྤྱི་འཐུས་ཡིན་པའི་ཕྱིར་ན། མཚོན་བྱ་འོས་མིའི་མངོན་འདོད་མཚོན་མཁན་ཡིན་པ་དེས་གྲུབ། དེས་ན་བཀའ་བརྒྱུད་པས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པར་ཐལ་བའི་སྐྱོན་ཆེན་པོ་ཐོག་ཏུ་བབས་ཡོད་པས། དེ་ལ་ད་བར་སྐྱོན་སྤོང་ཐུབ་མཁན་སུ་ཡང་མི་འདུག གཏམ་གྱི་རྡོག་བསྒྲིལ་ན་འདི་ཡིན། དོན་གྱི་སྙིང་པོ་འདི་ཡིན།
ཁོ་བོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་མ་དགའ་བའམ། རང་བཙན་ལ་དགག་པ་རྒྱག་རྒྱུའི་ཆེད་དུ་བྲིས་པ་མིན། བོད་གཞུང་གི་ལངས་ཕྱོགས་དབུ་མ་ཡིན་ནའང་འདྲ། རང་བཙན་ཡིན་ནའང་འདྲ། གང་ལྟར་སྤྱི་འཐུས་ལྷན་ཚོགས་ནི་ངེས་པར་ཡོད་དགོས། ཚང་མས་མང་གཙོ་ཉིད་གདམས་ཁ་བྱས་པ་ལ་མཐུན་པའི་ཕྱིར། དེས་ན་སྤྱི་འཐུས་ལྷན་ཚོགས་དེ་ཟང་ངེ་ཟིང་ངེ། ཉག་གེ་ཉོག་གེ་ཞིག་ཡོད་ན། ནང་བཀྲི་མི་ཤིས་ན། ཕྱི་དོན་མི་གྲུབ། ཟེར་བ་དེ་ཡོང་རྒྱུ་ཡིན་པ་ལས་གཞན་གང་ཡང་མེད།
ཚེ་རིང་བསམ་གྲུབ་ལགས་ཡག་པོ་གསུང་འདུག་ང་ཡང་དེ་ལྟར་འདོད། རེད་དེ་ང་ཚོའི་གནས་ཚང་ནི་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དཔེ་བལྟ་ས་དེ་རེད། རྒྱ་གར་གྲོས་ཚོགས་ཚོགས་སྟངས་གཟིགས་དང་ང་ཚོའི་གྲོས་ཚོགས་ཉག་གེ་ཉོག་གེ་མང་བ་གཅིག་རྩ་བ་ནས་ཆགས་མེད། རྒྱ་གར་གྲོས་ཚོགས་ཚོགས་མི་སོ་སོས་བསམ་ཚུལ་བཤད་ནས་རྗུབ་ཀྱག་ཡར་རྒྱབ་ཞུ་རེས་བཏང་སྡད་པ་ལས། གྲོས་ཚོགས་མ་ཚོགས་སྔོན་ལ་མངའ་སྡེ་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་དེ་ཡར་གྲོས་ཚོགས་ནང་གླེང་སྡད་པ་དཀོན་པོ་རེད། གང་འཐུས་མི་ཞིག་ཡིན་པའི་ཆ་ནས་གྲོས་ཚོགས་ནང་ག་རི་བཤད་ཀྱང་ཐོབ་ཐང་ཡོད་སྡད་པ་དང་དེ་ལ་གྲོས་ཚོགས་ནས་སྤྱི་སྒེར་བསམ་ཚུལ་བཤད་ཆོག་པ་འདི་དང་མི་ཆོག་པ་འདི་རེད་ཅེད་སོ་སོར་ཕྱེས་སྡད་པ་དང་གཏམ་བརྗོད་ལ་ཚོད་འཛིན་བྱེད་པའི་ལམ་ལུགས་ད་བར་བྱུང་མྱོང་མེད། བྱས་ཙང་ད་ལྟའི་རྙོག་གླེང་འདི་མཚན་ཉིད་ལྡན་པའི་མང་གཙོ་མིན་པ་ར་སྤྲོད་གསལ་པོ་བྱས་ཡོད པ་དང་། དེ་ནི་འོས་འདེམས་སྐབས་ཆབ་སྲིད་ལྟ་གྲུབ་གཞན་པ་འཛུལ་མི་ཆོག་པ། བོད་པའི་དབུ་ཁྲིད་ཡིན་ཚེ་ཡིན་གཅིག་དབུ་མ་པ་ཡིན་དགོས་པ་དེས་བྱས་པ་རེད། དེང་སང་མང་མོས་དང་མང་མོས་ཟེར་བ་ནི་བཟོས་ཞག་པ་ལས་དོན་ངོ་མ་ག་ལ་གནས། དཔེར་ན་ད་ལྟ་བར་བཀའ་བློན་རྣམ་པ་གཙོས་པའི་གཞུང་གི་ལས་བྱེད་ཆེ་ཕྲ་རྣམ་པ་ཚང་མ་གཞོན་ནུའི་ཚོགས་མི་མ་བྱས་པ་ཕལ་ཆེར་མེད་པ་འདྲ་བོ་རེད། དེ་འདྲ་སོང་ཙང་རྒྱ་གཞུང་གི་བསམ་བློའི་སློབ་གསོ་གཏོང་བ་ལྟར་དབུ་མའི་ལས་འགུལ་ཁང་ཟེར་བའི་དུས་རྒྱུན་དབུ་མའི་ཕན་ཡོན་དང་། དབུ་མ་ཁས་མ་བླང་པའི་ཉེས་མིག་སོགས་བཤད་མཁན་ལས་ཁུངས་བཙུག་དགོས་པའང་དེ་ཡིན། དེ་མིན་ད་བར་གཞུང་གི་ལྟ་གྲུབ་དབུ་མ་ཡིན་བཞིན་པ་ལ་དབུ་མ་འགྲེལ་བཤད་རྒྱག་མཁན་ཚོགས་པ་ཟུར་དུ་དགོས་པ་མེད། གཞོན་ནུའི་གཞུང་འཛིན་ན་རང་བཙན་ལྟ་གྲུབ་བཤད་མཁན་ཟུར་དུ་ལས་ཁུངས་བཙུག་ནས་མི་མང་ལ་རང་བཙན་ལྟ་གྲུབ་ཀྱི་ཕན་ཡོན་བཤད་དགོས་ཡ་རྩ་བ་ནས་མེད། གང་ཡིན་ཞེ་ན་མི་མང་གི་མངོན་འདོད་ཡིན་པས་སོ།།
ཚེ་རིང་བསམ་གྲུབ་ལགས། ཁྱེད་ཀྱིས་མཚོན་བྱ་མཚོན་བྱེད་ཀྱི་རྟགས་གསལ་འདྲ་བོ་ཞིག་བཏང་གནང་སོང་། ངས་དེ་ལ་འགོ་མཚུངས་ཞིག་ཞུ་རྒྱུ་ཡིན། ད་འོ་ན། བཀའ་རྒྱུད་པས་དབུ་མའི་ལམ་ལ་རྒྱབ་བསྐྱོར་སྔོན་ཞུས་ལྟར་ད་དུང་ཡང་འགྱུར་བ་མེད་པ་ཡིན་ཏེ། བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་ནང་ལམ་དབུ་མར་རྒྱབ་བསྐྱོར་ཕྱིར་འཐེན་མ་བྱས་པ་དེས། “སྤྱི་འཐུས་ཀྱི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱབ་སྐྱོར་བྱས་ནས་ཕྱིར་འཐེན་བྱེད་མཁན་སུ་ཡིན་ནའང་ངོ་བོའི་ཆ་ནས་སྤྱི་འཐུས་ཡིན་དགོས།” “ངོ་བོའི་ཆ་ནས་སྤྱི་འཐུས་ཡིན་པའི་ཕྱིར་ན། མཚོན་བྱ་འོས་མིའི་མངོན་འདོད་མཚོན་མཁན་ཡིན་པ་དེས་གྲུབ། དེས་ན་བཀའ་བརྒྱུད་པས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པར་ཐལ་བའི་སྐྱོན་ཆེན་པོ་ནམ་ཡང་མགོ་ཐོག་ཏུ་མི་བབས་པས་སོ།” ཟེར་ན་གང་འདྲ་འདུག ཧཧཧ།
རྟགས་བསལ་དོན་ཐོག་ཏུ་བབས། བཀུར་འོས་བཀའ་བརྒྱུད་སྤྱི་འཐུས་གཞན་དེས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་མ་བྱས་ཀྱི་བཀའ་མོལ་གང་ཡང་མ་གསུངས་པས་བཏང་སྙོམས། འོན་ཀྱང་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ལ་ཉེས་པ་གོང་སྨྲོས་ཡོད་པ་ཁྱེད་ཀྱི་རིགས་པ་སྒོ་མཚུངས་བཀོད་པ་དེས་གྲུབ། ད་གང་དུ་སླེབས་སོང་། ཡང་སྐྱོན་བབས་ས་དེ་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱི་དབུ་ཐོག་ཏུ་བབས་ཞེས་བཤད་ཡོད་པ་ལས་བཀའ་བརྒྱུད་པའི་ཐོག་ལ་བབས་ཞེས་བྲིས་མེད། གོང་གི་མཆན་ལ་སླར་ཡང་གཟིགས་རྟོག་ཡོད་པ་ཞུ།
ལྐོག་འགྱུར་མུན་པ་སེལ་བའི་བློ་གྲོས་ཀྱི།།
ཟླ་བའི་ཅོད་པན་འཛིན་པའི་ཚངས་སྲས་མིན།།
འོན་ཀྱང་ཕྱོགས་རིས་ཆང་གིས་མ་བཟི་བར།།
མཐོང་ཐོས་གཏམ་ལ་ལྷད་ངན་བཏབ་དོན་མེད།།
ཚེ་རིང་བསམ་གྲུབ་ལགས་ཀྱིས་ཡང་སྙིང་གང་ཟག་ལ་དམིགས་ཏེ་སྐྱོན་བརྗོད་བྱེད་པ་ནི་ཁྱེད་ཀྱི་མཐའ་མའི་མཆན་དེ་ལས་རྟོགས་ཐུབ། དེ་བས་ན་ངས་སྔ་ས་ན་གང་ཟག་མཚན་མི་བོས་དོན་དེ་ཡིན། ད་འོ་ན། ཀིར་རྟི་སྒྲོལ་དཀར་ལྷ་མོས་སྤྱི་རྒྱུ་ཟས་པ་ར་སྤྲོད་བྱུང་ནས་ད་དུང་མུ་མཐུད་སྤྱི་འཐུས་སུ་བསྡད་པ་དེ་མདོ་སྨད་པ་ཡོངས་ཀྱི་འདོད་པ་ཨེ་མཚོན། ལ་སོགས་པའི་རྙོག་སླེང་གི་དཔེ་བརྗོད་རིམ་པ་ཡོད་པས་འདིར་མི་བརྗོད།
ངས་བལྟས་ན་སྤྱི་འཐུས་སྒེར་ནས་དེ་སྔའི་གྲོས་ཆོད་ལ་ངོས་ལེན་མེད་ཅེས་པ་དེ་ཚོགས་གཙོ་གསལ་བཤད་ལས་དེ་ལྟར་འགྲོ་ཐབས་པ་གསུངས་ཚར་སོང་བས་ཁྱེད་ཀྱིས་བསྐྱར་བཤད་ཡང་བཤད་དོན་དངོས་གང་ཟག་སྒེར་ལ་ལྟོས་ཀུ་ཅོ་འདོན་གྱི་འདུག སྤྱི་འཐུས་སྒེར་ནས་ཀྱང་དེ་སྔའི་གྲོས་ཆོད་ཁག་ལ་འགྱུར་བ་འགྲོ་ཐབས་མེད་པ་ཤེས་བཞིན་དུ་དེ་ལྟར་བརྗོད་པ་ནི་དབུ་མའི་ལམ་ལ་སྤྱི་མོས་ད་ནས་མེད་སྐོར་ཤོད་ཀྱི་ཡོད་པ་ལས་མང་མོས་ཡོད་པ་ནི་ཚང་མས་ཤེས་གསལ་རེད།
ཁྱེད་ཀྱི་བཤད་པ་ལྟར་བྱས་ན། མ་འོངས་སྤྱི་འཐུས་ཤིག་གི་སྒེར་གྱི་བསམ་ཚུལ་བཤད་འདོད་ན་རང་གི་ཁོངས་ག་ནས་ཡིན་པ་མི་མང་ཡོངས་བསྐོང་ནས་སྐད་ཆ་དྲི་དགོས་པ་འདྲ། དེ་འདྲ་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ནང་དུའང་ཁྱེད་ཀྱི་མཐོང་ཐོས་ཨེ་བྱུང་། ད་ནས་མཆན་མི་བཏབས། ཁྱེད་ཀྱི་རང་འདོད་གང་དྲན་གསུངས་ནས་གསུངས།
མེ་ཏོག་དཀར་ལགས། ཁྱོད་བལ་པོའི་མི་སེར་ཞིག་བོད་མའི་སྤྱི་འཐུས་ལོང་ཡ་རྙི་ལམ་མ་གཏོང་ཤིས།
ཚེ་བསམ་ལགས་ཁྱེད་ཀྱི་དམིགས་ཡུལ་ངོ་མ་དེ་གང་ཡིན་མི་ཤེས་མོད། ་་གོང་ནས་གསལ་བཤད་ཐུང་ཙམ་ཞུས་ཟིན་ལྟར་དཀུར་འོས་སྤྱི་མཐུས་ཀརྨ་ཆོས་འཕེལ་ཁོང་གི་དགོངས་ཚུལ་དེ་ནི་བོད་མི་མང་ཀྱི་དགོངས་ཚུལ་ཡིན་། འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཞལ་ཆེམ་དང་ ད་ལྟར་གསོན་པ་རྣམས་ཀྱིས་རེ་བའང་ཡིན་་། དེས་ན་སྒེར་གྱི་བསམ་ཚུལ་ཡིན་དང་སྤྱི་མཐུས་ཤིག་གི་དགོངས་ཚུལ་ཡིན་ ད་དུང་དེ་སྔོན་སྤྱི་མོས་ལམ་ནས་དབུ་མའི་ལམ་ལ་རྒྱབ་བསྐྱོར་བྱས་པ་དེ་ཕྱིར་མཐེན་བྱ་ཆོག་དང་མི་ཆོག་ཁྱེད་ཀྱིས་མ་གོ་འདོད་འདོད་དང་མ་ཤེས་ཉམས་ཉམས་བྱེད་ནས་སྤྱི་ཚོགས་ནང་ལ་དཀྲུགས་ཤིང་བསླང་བའི་རིགས་དེ་དག་མ་གསུངས་ན་ཡག་གི་རེད་་ངས་ཡིད་ཆེས་བྱས་པ་ནོར་མེད་ན་སྒེར་གྱི་དགོངས་ཚུལ་ཡིན་མིན་དང། ་སྤྱི་མཐུས་ཤིག་དགོངས་ཚུལ་ཡིན་མིན་ཁྱེད་ཀྱིས་གསལ་པོར་མཁྱེན་གི་ཡོད་ཀྱི་རེད་སྙམ ཁོང་གི་དགོངས་ཚུལ་དེ་གྲོས་ཚོགས་ཀྱི་ལམ་སྟོན་དང་དགོངས་གཞི་མ་འགལ་བའི་ཐོག་ནས་་སྤྱི་མཐུས་ཤིག་གི་དགོངས་ཚུལ་གསལ་བཤད་བྱེད་ཆོག་པས་སྒྲིགས་གཞིའི་འོག་ནས་ཁུར་ཡོང་བ་ཞིག་རེད་ དེ་དང་མཉམ་དུ་དེ་སྔ་བར་དུ་ཁོང་གིས་དབུ་མའི་ལམ་ལ་རྒྱབ་བསྐྱོར་བྱས་པ་དེ་ཕྱིར་འཐེན་བྱེད་དང་མདུན་བསྐྱོད་བྱེད་དེའང་ཁོང་གི་འགན་དབང་རེད་ དེའི་སྔོན་དབུ་མའི་ལམ་ལ་སྤྱི་མོས་ཐོག་ནས་རྒྱབ་བསྐྱོར་བྱས་དུས་སྐབས་དེ་དུས་རྒྱབ་བསྐྱོར་ཡོད་ཟེར་བ་ལས་དུས་ནམ་ཡང་འགྱུར་བ་མེད་ཕྱིར་འཐེན་བྱ་གི་མིན་ཟེར་ནས་ལག་པ་གནམ་ལ་བརྐྱངས་པ་ཞིག་མིན་་དོན་དེ་ཁྱེད་ཀྱིས་མཁྱེན་རྟོགས་ཡོད་རྒྱུ་རེད་། ་