འཇིགས་མེད་ནུབ་པ།
དེང་རབས་སྤྱི་ཚོགས་ཁྲོད་དུ། གློག་ཀླད་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་གིན་ཡོད་པ་མ་ཟད་། མི་མང་པོ་ཞིག་གི་ཉིན་རེའི་ལས་དོན་མང་པོ་ཞིག་ཀྱང་གློག་ཀླད་བརྒྱུད་ནས་བྱེད་ཀྱི་ཡོད་ཅིང་། གློག་ཀླད་ནི་སྒེར་གྱི་གནས་ཚུལ་མང་པོ་སྤུང་འཇོག་དང་ཉར་ཚགས་བྱེད་ས་ལྟ་བུ་ཡང་ཆགས་ནསཡོད། དེར་བརྟེན། མི་མང་པོའི་སྒེར་གྱི་གནས་ཚུལ་དང་གསང་བ། ཡིག་ཆ་སོགས་གློག་ཀླད་བརྒྱུད་གཞན་གྱིས་ལྐོག་ལྟ་དང་བརྐུ་འཁྱེར་བྱེད་གི་ཡོད། མི་མང་པོའི་བསམ་ཚུལ་ལ། ཡིག་ཆ་གང་ཞིག་གློག་ཀླད་ཀྱི་གད་སྙིགས་བླུགས་སྣོད་(Recycle bin) ནས་གཙང་བཟོ་བྱས་ཚར་ན། གཙང་མ་བཟོས་ཚར་ཡིན་བསམ་གྱི་ཡོད་པ་རེད། དོན་དངོས་སུ་དེ་འདྲ་རེད་དམ།
ནམ་རྒྱུན་མི་རྣམས་ཀྱིས་གློག་ཀླད་སྟེང་དུ་སོ་སོར་མི་དགོས་བའི་ཡིག་ཆ་དང་འདྲ་པར། བརྙན་ཐུང་སོགས་གང་ཞིག་ཡོད་ན། དང་པོར་ཡིག་ཆའམ་འདྲ་པར་དེ་གད་སྙིགས་བླུགས་སྣོད་ནང་དུ་གཡུགས། དེའི་རྗེས་སུ་གད་སྙིགས་བླུགས་སྣོད་ནང་དུ་ཡིག་ཆ་དེ་བསྐྱར་དུ་གསུབ་གི་ཡོད། མི་མང་པོའི་སེམས་སུ་རིམ་པ་འདི་གཉིས་བརྒྱུད་ཚར་ན། ཡིག་ཆའམ་འདྲ་པར་དེ་དག་གཙང་བཟོ་བྱས་ཚར་བ་ཡིན་བསམ་གྱིན་ཡོད་པ་རེད། འོན་ཀྱང་། དོན་དངོས་སུ། གད་སྙིགས་བླུགས་སྣོད་ནས་གསུབ་པ་ཙམ་གྱིས་དེ་དག་གཙང་བཟོ་ཆགས་མེད།
གལ་སྲིད་ཁྱེད་ཀྱིས་གད་སྙིགས་བླུགས་སྣོད་ནས་བསུབ་ཚར་བའི་ཡིག་ཆ་དེ་གསང་བའི་ཡིག་ཆ་དང་སྒེར་གྱི་གནས་ཚུལ་གལ་ཆེན་རིགས་ཡིན་ཚེ། གཞན་གྱིས་ཁྱེད་ཀྱི་གློག་ཀླད་ཀྱི་སྲ་གཟུགས་ཉར་ཆས་བརྒྱུད་ནས་བསྐྱར་བསྔོགས་བྱེད་ཐུབ་ཀྱི་ཡོད། དེར་བརྟེན། ཡིག་ཆ་དང་འདྲ་པར་སོགས་སོ་སོའི་གློག་ཀླད་སྟེང་ནས་གཙང་བཟོ་བྱེད་ན། སུབ་བྱེད་(Eraser) ཟེར་བའི་མ་ལག་འདི་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེ།
ད་ལྟ་ཕན་ལ། ང་ཚོས་ཤེས་བ་ལྟར་ན་ཚད་ལྡན་གྱི་སུབ་བྱེད་མ་ལག་གསུམ་ཡོད་ཅིང་། དེ་ཚོ་ནི་ པིས་ཁྲིར་ སྒྲོའུ་ཁྲི་མན་(Perter Gutmann) དང་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་(United States Department of Defense Standard 5220.22-M)ཅན། རྦུ་རུའུ་སུ ཞིས་ནེར་(Bruce Shneier) བཅས་ཡིན། ཕིས་ཁྲིར་ སྒྲོའུ་ཁྲི་མན་(Peter Gutmann)གྱིས་ཡིག་ཆ་གཙང་བཟོའི་མ་ལག་ཚད་ལྡན་ཞིག་བཟོས་ཡོད་ཅིང་དེ་ཡིས་རིམ་པ་སུམ་ཅུ་སོ་ལྔ་བརྒྱུད་ཡིག་ཆ་གཙང་བཟོ་བྱེད་ཀྱི་ཡོད། རྦུ་རུའུ་སུ་ ཞིས་ནེར་(Bruce Shneier)གྱིས་ཀྱང་ཡིག་ཆ་གཙང་བཟོའི་མ་ལག་ཚད་ལྡན་ཞིག་བཟོས་ཡོད་ཅིང་དེ་ཡིས་རིམ་པ་བདུན་བརྒྱུད་ནས་ཡིག་ཆ་གཙང་བཟོ་བྱེད་ཀྱི་ཡོད་ལ་དེའི་ཉེན་སྲུང་གི་ནུས་བ་ཧ་ཅང་ཆེ། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་ཡིག་ཆ་གཙང་བཟོའི་མ་ལག་དེ་ནི་གཙོ་བོ་དམག་མི་དང་གཞུང་འཛིན་སྡེ་ཁག་གི་བེད་སྤྱོད་ལ་དམིགས་པ་ཞིག་ཡིན་ཞིང་། གཙོ་བོ་གསང་རྒྱ་ཅན་གྱི་གནས་ཚུལ་སོགས་གཙང་བཟོའི་ཆེད་དུ་ཡིན།
ཆབ་སྲིད་ཀྱི་གནས་སྟངས་ལྷིང་འཇགས་མིན་པའི་རྒྱལ་ཁབ་དང་དབང་ཆ་གཅིག་སྡུད་ཅན་གྱི་སྲིད་གཞུང་མང་པོའི་འོག་ཏུ། ལས་འགུལ་བ་མང་པོའི་གློག་ཀླད་ལ་གཞུང་གིས་ཞིབ་བཤེར་བྱས་ནས་གསང་བའི་གནས་ཚུལ་མང་པོ་ཕྱི་གྱར་དང་ལས་འགུལ་བ་མང་པོ་དྲག་པོའི་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱེད་ཀྱི་ཡོད། ད་དུང་། མི་སྒེར་བའི་གསང་རྒྱ་ཅན་གྱི་གནས་ཚུལ་མང་པོ་གློག་ཀླད་བརྒྱུད་ཉེན་རྟོག་པ་དང་སྲིད་གཞུང་གི་ལག་པར་ཤོར་གྱི་ཡོད། གནས་སྟངས་འདི་བོད་མི་རྣམས་ལ་ཡང་འཕྲད་ཀྱི་ཡོད་ཅིང་བོད་ནང་གི་བོད་མི་མང་པོ་རྒྱ་ནག་གིས་འཛིན་བཟུང་བྱས་བའི་གྲངས་ཀ་ཡང་ཉུང་ཉུང་མིན། ཁོང་ཚོས་སོ་སོའི་གློག་ཀླད་སྟེང་དུ་ཡོད་པའི་ཡིག་ཆ་དང་འདྲ་པར་གལ་ཆེན་གྱི་རིགས་གད་སྙིགས་བླུགས་སྣོད་ནས་གསུབ་པ་མ་གཏོགས་གཙང་བཟོ་བྱེད་ཀྱི་མེད། དེར་བརྟེན། གོང་དུ་གླེང་བཞིན་པའི་ཉེན་ཁ་འདི་དག་འགོག་ཐབས་ནི། སུབ་བྱེད་ཀྱི་མ་ལག་གློག་ཀླད་ངོས་སུ་ཕབ་ལེན་དང་དེ་བེད་སྤྱོད་གཏོང་རྒྱུ་གཉིས་ཡིན། སུབ་བྱེད་མ་ལག་འདི་ཕབ་ལེན་དང་བེད་སྤྱོད་གཏོང་རྒྱུ་ནི་ཧ་ཅང་ལས་སླ།
གཤམ་དུ་སུབ་བྱེད་མ་ལག་ཕབ་ལེན་བྱེད་སྟངས་ཁ་གསལ་ཞིག་འབྲི། ཁྱེད་ཀྱིས་ཀྱང་དེ་ལ་རྗེས་འདེད་བྱས་ནས་ཕབ་ལེན་བྱེད་རོགས།
ཐོག་མར། འབྲེལ་ཐག་འདི་བརྒྱུད་ནས(http://eraser.heidi.ie/download.php)སུབ་བྱེད་ཀྱི་ནང་འཇུག་མ་ལག་དེ་ཕབ་ལེན་དགོས། ཕབ་ལེན་གྱི་རིམ་པ་རྫོགས་མཚམས། རྟགས་རིས་ཆུང་ཆུང་ཞིག་ཤར་ཡོང་བ་དེའི་སྒང་ལ་བསྣུན་ནས་ནང་འཇུག་བྱོས། ནང་བཅུག་མཁན་པོས་སོར་བཞག་གི་སྒྲིག་བཟོའི་མ་ལག་མཁོ་སྤྲོད་བྱས་ཡོད་པས་དེ་ལ་འགྱུར་བ་དམིགས་བསལ་གཏོང་མི་དགོས
ནང་འཇུག་གི་རིམ་པ་དེ་རྫོགས་རྗེས། སུབ་བྱེད་བེད་སྤྱོད་གཏོང་འགོ་ཚུགས།

ཡང་ན། ཁྱེད་ཀྱི་གློག་ཀླད་སྟེང་གི་རྟགས་རིས་དེར་བསྟུད་མར་ཐེངས་གཉིས་བསྣུན།

དེ་ནས་གཤམ་གྱི་ཤོག་ངོས་འདི་མངོན་ཡོང་གི་རེད།

སུབ་བྱེད་ཀྱི་སྡེབས་ལེགས་པོ་ཡོང་བའི་ཆེད་དུ། སྒྲིག་བཟོའི་(Settings) སྒང་ལ་བསྣུན། འདིའི་འགྲོ་སྟངས་འདི་ནི་ཧ་ཅང་སྟབས་བདེ་ཡིན།

དེ་ནས་གོང་གི་འདྲ་རིས་འདིའི་སྒང་གི། (Integrate Eraser into Windows Explore) ཟེར་བ་འདིའི་སྒང་ལ་རྟགས་རྒྱོབས། དེ་ལྟར་བྱས་ན། སུབ་བྱེད་བེད་སྤྱོད་ཀྱི་རིམ་པ་དེ་ལས་སླ་རུ་གཏོང་ཐུབ། གལ་སྲིད་ཁྱེད་རང་གིས། སུབ་བྱེད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་གཙང་བཟོའི་བྱེད་ཐབས་མ་ལག་ལ་འགྱུར་བ་གཏོང་འདོད་ཚེ། (The Default file erasure method drop down list) ཟེར་བ་དེའི་སྒང་ལ་བསྣུན་དང་། ཁྱེད་རང་ལ་གཙང་བཟོའི་བྱེད་ཐབས་ཀྱི་གདམ་ཁ་གང་མང་རག་གི་རེད།

གོང་གི་གདམ་ཁ་མང་པོའི་ཁྲོད་ནས། ཁྱེད་ཀྱིས་གཞུང་གིས་ཚད་ལྡན་ལ་ངོས་འཛིན་གནང་བ་གཅིག་འདེམས་པའམ། ཡང་ན་། ཉེན་སྲུང་གི་ནུས་བ་ཆེ་བའི (Schneier 7) འདེམས་ཀྱང་ཆོག དེ་ཚོ་ཚར་བའི་རྗེས་སུ། སྒྲིག་བཟོ་ཉར་ཚགས་(Save Settings) ཟེར་བ་དེའི་སྒང་ལ་བསྣུན་ནས་སུབ་བྱེད་སྒོ་རྒྱོབས། འདི་ནི་ཁྱེད་ཀྱིས་སུབ་བྱེད་ཀྱི་མ་ལག་ཕབ་ལེན་དང་དེའི་སྒྲིག་བཟོ་གཙང་མ་གྲུབ་པའི་མཚམས་དེ་ཡིན།
སྤྱིར་བཏང་ནས། སུབ་བྱེད་ཀྱི་མ་ལག་ལྟེ་བའི་ཁོངས་སུ། ཁྱེད་ཀྱིས་དུས་ཚོད་དང་ཟླ་ཚེས་ངེས་ཅན་འོག་ལས་ཀ་གཏན་འཁེལ་བྱེད་ཐུབ། འདི་ནི་ཁྱེད་ལ་དགོས་མཁོ་ཡོད་སྲིད། ཐོ་གཞུང་གི་ནང་དུ་ང་ཚོས་ཁྱེད་ལ་ཇི་ལྟར་ཡིག་ཆ་གསུབ་ཚུལ་དང་ཇི་ལྟར་གད་སྙིག་བླུགས་སྣོད་ཀྱི་དཀར་ཆག་གསུབ་ཚུལ་སྟོན་ཆོག དཔེར་ན། ཡིག་ཆ་གཅིག་གསུབ་པར། གཅིག་བྱས་ན་དེ་ཡིག་སྣོད་ཅིག་ཡིན་སྲིད། གང་ལྟར། ཁྱེད་ནས་གསུབ་འདོད་པའི་ཡིག་ཆ་དེའི་སྒང་ལ་བསྣུན།
དེའི་རྗེས་སུ། སུབ་བྱེད་ཀྱི་ཐོ་གཞུང་ནས་སུབ་ཟེར་བ་དེ་(Erase)གདམ།

གད་སྙིགས་བླུགས་སྣོད་ཀྱི་དཀར་ཆག་གསུབ་འདོད་ཚེ། དང་པོར་གད་སྙིགས་བླུགས་སྣོད་ཀྱི་རྟགས་རིས་དེའི་སྟེང་ལ་གཡས་བསྣུན་བྱོས།
དེ་ནས། སུབ་བྱེད་ཀྱི་ཐོ་གཞུང་ནས་སུབ་(Erase) ཟེར་བ་དེ་འདོམས།

འདི་ནི་ཡིག་ཆ་ཇི་ལྟར་སུབ་བྱེད་ཀྱི་མ་ལག་བེད་སྤྱོད་བཏང་ནས་གཙང་བཟོ་བྱེད་ཚུལ་དེ་ཡིན། སུབ་བྱེད་ཀྱི་མ་ལག་འདི་ཁྱེད་ཀྱི་གློག་ཀླད་སྟེང་ཡོད་ཚེ། གློག་ཀླད་སྟེང་ཡོད་པའི་ཁྱེད་རང་གི་གསང་རྒྱ་ཅན་དང་སྒེར་བའི་གནས་ཚུལ་དེ་ཚོ་གཞན་གྱིས་བསྔོགས་མི་ཐུབ་པ་མ་ཟད། ཁྱེད་ཀྱི་བདེ་འཇགས་ལྡབ་འགའ་ཤས་ཀྱིས་བརྟན་དུ་སོང་ཡོད། ལྷག་པར་དུ། སུབ་བྱེད་ཀྱི་མ་ལག་འདི་ལྷག་པར་དུ་དྲག་པོའི་སྲིད་གཞུང་གི་འོག་ཏུ་ཡོད་པའི་འཐབ་རྩོད་པ་དང་ལས་འགུལ་སྤེལ་མཁན། གནས་ཚུལ་ཕྱི་ལ་གཏོང་མཁན་་ཚོར་དམིགས་བསལ་གྱི་ཕན་ཐོགས་དང་གལ་ཆེ།
(འཇིགས་མེད་ནུབ་པ་ནི། རྩོམ་འབྲི་དང་ཡིག་བསྒྱུར། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)
འདིའི་རིགས་ང་ཚོའི་སྤྱི་ཚོགས་ལ་ཕན་པ་ཆེ། བཀའ་དྲིན་ཆེ།
གལ་ཆེའི་གནད་དོན་ངོ་སྤྲོད་གནད་བར་ཡག་བྱུང་ཟེར་རྒྱུ་ཡིན།
གལ་ཆེའི་གནད་དོན་ངོ་སྤྲོད་གནད་བར་ཡག་བྱུང་ཟེར་རྒྱུ་ཡིན།
ངས་ཀྱང་གད་སྙིགས་ནས་ཡང་བསུབ་བྱས་རྗེས་གཙང་མ་གཙང་རྐྱང་ཡིན་པར་རློམ་ཡོད། ཡ་ཡ་ད་གོ་སོང་།
འདི་བོད་ལ་ཕན་ཐོགས་ཆེ་བའི་ཤེས་བྱ་གལ་ཆེན་དེ་འདྲ་རེད་འདུག་པས་བོད་ནང་གི་བོད་མི་ཚོར་མཁོ་སྤྲོད་གནང་རྒྱུ་ཁ་ཚ་དགོས་གཏུགས་ཆགས་འདུག
འཇིགས་མེད་ནུབ་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་ནས་ངོ་སྤྲོད་བྱས་པ་དང་ལམ་སང་ཕབ་ལེན་བྱས་ཏེ་བེད་སྤྱོད་གཏོང་འགོ་བཙུགས་ཡོད། འདི་བོད་ནང་གི་གཞོན་སྐྱེས་རྣམ་པའི་བེད་སྤྱོད་གཏོང་ཐུབ་ན་དགེ་མཚན་ལྷག་ཏུ་ཆེ། དྲི་ཡ་ཞིག་ལ་འདི་ཁ་པར་རྒྱུད་ལམ་ནས་བེད་སྤྱོད་གཏོང་ཐུབ་ཀི་ཨེ་ཡོད་ན།
གསར་པ་ཕན་ཐོགས་ཅན་བསྲིངས་བར་དགའ་ཡོད། ཐུགས་རྗེ་ཆེ།
གསང་བའི་ཡིག་ཆ་ལས་སོགས་མི་གཞན་གྱི་ལག་རུ་རེག་མི་ཆོག་པའི་རིགས་སོགས་མི་མངོན་པའི་དབྱིངས་སུ་རྒྱས་གདབ་སྟངས་ཡག་པོ་གཅིག་གསུང་འདུག དེས་གློག་ཀླད་བེད་སྤྱོད་བྱེད་པ་དང་བེད་སྤྱད་པའི་རྗེས་གསང་བའི་རིགས་གཙང་མ་མ་བཟོས་ན་ཉེན་ཁ་ཤིན་ཏུ་ཆེ། ང་ལ་དེའི་སྐོར་རྒྱུས་མངའ་ཆེ་བར་མ་ཟད་མི་གཞན་གྱི་གསང་བ་ཁག་རེ་ཟུང་ཡང་རྐུ་མྱོངས། སྔོན་མ་དྲ་གྲོགས་མེ་ཏོག་ལགས་ཐོག་མར་དྲ་རྒྱར་མཐོང་དུས་་་་ངས་ཁོང་བུ་མོ་ཡིན་ནམ་སྙམས་ཏེ་དོགས་པ་སྐྱེས་བྱུང་དེ་རྗེས་ངས་ཁོང་གི་གློད་ཀླད་ལ་དཔྱད་པ་བྱེད་དུའ་ཁོང་བུ་མ་མ་རེད་ཞག་་མ་ཟད་ཁོང་གིས་delete བྱས་པའི་བུ་མོ་དམར་ཧྲེང་གི་གློག་བརྙན་ལྟས་པ་ཁག་ཏག་ཏག་ངས་མཐོང་བྱུང་མ་ཟད་་་ང་ལ་དགག་ཡིག་བྲིས་པ་དག་ཀྱང་མཐོང་བྱུང་་་་གྲོགའ་མེ་ཏོག་ལགའ་དགོངས་པ་མི་འགལ་བ་གནང་རོགས་་་་དེ་རིང་ནི་་་ཕྱི་ཟླ་བཞི་བའི་ཚེས་གཅིག་གི་ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་ཟིན་པ་ལ་སྐར་ཆ་གཅིག་ལས་མེད་པའི་དུས་སུ་བྲིས་སོ་་་
ད་དཔེ་བསགས་སོང་། བན་དེ་བས་ངའི་སྐོར་ཚང་མ་ཤེས་འདུག འོ་འོ།
བན་དེ་བས་ལྐུགས་རྟགས་ཏོག་ཙམ་བསྟན་སོང་། བུ་མོ་དམར་ཧྲེང་མའི་པར་བལྟས་པས་བུ་མོ་མིན་པར་ཇི ལྟར་འགྱུར། ང་lesbein རེད་ད། ཁྱོད་རང་གི་སྲིང་མོ་མཛེས་མ་འདྲ་ཡོད་ན་ང་ལ་ངོ་སྤྲོད་བྱོས་དང་།
སེམས་བཟང་ཕན་ཐོགས་ཅན་ཞིག་རེད་འདུག
གསང་བ་སུབ་སྤྱད་འདི་ཕབ་ལེན་སྐབས་གསང་བའི་འགྲོན་པོ་མ་བོས་བ་དེ་འདྲ་གསང་སྟབས་ཀྱིས་ལྐོག་འཛུལ་མཉམ་ཞུགས་ཡོད་མེད་ལ་ཁ་གསལ་འདྲ་ཡོད་དམ།
བོད་མིའི་བདེ་འཇགས་དང་ཤེས་བྱ་རིན་མེད་དུ་འབུལ་བ་སོགས་ཀྱི་སྐོར་ལ་ཡར་བསམ་བཟུང་བར་ཁ་བྲོ་ཞུ་བ་ཡིན།
མེ་དཀར་ལགས་ང་ལ་དྷ་རམ་མམ་དྷར་མ་གྲོགས་མོ་ཞིག་ཡོད་མཛེས་མ་ཡིན་པའི་ཁུལ་རེད་འབྲུག་མོ་མང
པོས་འཕྲག་དོག་ལང་ས་ཞིག་རེད་བྱས་ཙང་མཛེས་མ་ཡོད་ཁོ་ཐག་རེད། ཁྱེ་རད་ལ་མོ་ཡི་པར་སྐུར་དགོས་ན་སྐུར་ཆོག་དེ་མིན་ཕུལ་ཐུབ་ས་མ་རེད།
ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལས་གང་འདྲ་བྱས་ནས་བསུབ་དགོས་རེད་?
པར་གི་ག་རེ་བྱ་དགོས་རེད། ནུས་ན་ངོ་མ་སྤྲོད་ཤོག དེ་མིན་དགོས་སོ།། ཨ་ལ་ལ་་་་་་ཀུ་རེ