པདྨ་ནས།
ལ་ལས་ཟེར་ན་བསྡུས་གྲྭ་སྦྱངས་ན་ཁ་བདེ་བོ་ཆགས་ཀྱི་རེད་ཟེར། ད་ལྟ་བར་དུ་འཛམ་གླིང་རྒྱལ་ཁབ་ཀུན་ལ་གྲགས་པའི་མཁས་པ་དང་ཁ་བདེ་བོ་བགྲངས་ལས་འདས་པ་ཞིག་གིས་རྒྱལ་སྤྱིའི་སྡིངས་འདྲ་མིན་གྱི་ཐོག་ནས་སྐད་གྲགས་བཞག་མྱོང་ཡོད་པ་དེ་ཚོས་བོད་པའི་བསྡུས་གྲྭ་སྦྱང་བའི་ལོ་རྒྱུས་མེད་ལ། བོད་བསྡུས་གྲྭ་ལ་མགོ་དཀར་དཀར་དུ་སྦྱངས་པ་དེ་ཚོ་ཁ་བདེ་བོ་རེད་ཟེར་མཁན་གྱི་འཛམ་གླིང་གི་མཁས་པ་མ་བྱུང་མི་བྱུང་འབྱུང་བར་མི་འགྱུར་བ་ཡིན། ཡང་བསྡུས་གྲྭ་ཟེར་བ་འདི་སངས་རྒྱས་ཆོས་ལུགས་ཤིག་ཡིན་ནམ་སྙམ་ན་དེ་ནི་མ་ཡིན་ཏེ་སངས་རྒྱས་གྱི་བཀའ་དང༌། རྒྱ་གར་མཁས་པས་མཛད་པའི་བསྟན་འགྱུར་ཆེན་མོ་ཟེར་བའི་བཀའ་བསྟན་གླེགས་བམ་སུམ་བརྒྱ་ལྷག་ཅིག་ཡོད་པ་དེར་ལྟོས་དང་བསྡུས་གྲྭ་
ཟེར་རྒྱུ་ཞིག་ཡོད་ནི་མ་རེད། དེས་ན་སློབ་དཔོན་ཕྱ་པ་ཆོས་སེང་སོགས་བོད་ཀྱི་དགེ་བཤེས་འགའ་ཞིག་གིས་ཨ་ནེ་མགོ་སྐོར་དང་ཉི་མ་འགྲོ་བྱེད་ཙམ་ཞིག་གི་ཆེད་དུ་བརྩམ་པའི་ཕྱིན་ཅི་ལོག་གི་རིག་པ་ཤེས་རབ་འཆལ་བར་བྱེད་པ་ཞིག་ཡིན་པར་བཤད་ཡོད། འཇུ་མི་ཕམ་པས་མཛད་པའི་བརྡ་ཤན་འབྱེད་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་རལ་གྲི་ཟེར་བ་ཞིག་འདུག་པ་དེའི་ནང་དུ། བསིལ་ལྡན་འདི་ན་ཆོས་སེང་སོགས། །རིག་པ་རྣོ་བའི་འཕྲུལ་གར་གྱིས། །བློ་གསལ་རྨོངས་སུ་བཅུག་པའི་ངག །ད་ནི་གཞུང་སྨྲ་རྒད་པོས་ཀྱང༌། །རྗེས་བརྗོད་སྨྲ་བས་གཞུང་བཟད་བསླད། །སྨྲ་བ་འདི་འདྲའི་མཁས་རློམ་པ། །མགུ་ཡང་བདག་ཅག་འདི་རྗེས་སུ། །བྲག་ཆ་བཞིན་དུ་མ་ཞུགས་སོ། །ཞེས་བཤད་འདུག་པར་བལྟས་ན་ནང་ཆོས་ལ་ཕན་ཐོག་ཅི་ཡང་ཡོད་ས་མ་རེད། འཇུ་མི་ཕམ་པ་ཁོང་རང་གིས་མཛད་པའི་བསྡུས་ཚན་རྩོད་རིག་སྨྲ་བའི་སྒོ་འབྱེད་ཅེས་པའི་གཞུང་དེ་ཡང་ཕྱིན་ཅི་ལོག་གི་རིགས་པ་བསྡུས་གྲྭའི་རིགས་པ་འདི་འགོག་པའི་ཆེད་དུ་མཛད་པ་རེད་ཟེར་ངས་མི་ཤེས། ཡང་ལ་ལ་ཞིག་གིས་བསྡུས་གྲྭ་འདིས་སངས་རྒྱས་བསྟན་པ་ལ་རྒོལ་བ་འགོག་པའི་ཆེད་དགོས་པ་ཁྱད་པར་ཡོད་ཟེར་ཡང༌། གནའ་དེང་གི་བསྟན་པ་ལ་རྒོལ་བའི་མཁས་པ་སུ་ཞིག་བསྡུས་གྲྭའི་རིགས་པས་ཚར་བཅད་པའི་ལོ་རྒྱུས་མེད་ལ། དེང་སང་ཞོགས་དུང་སོགས་ནང་ཆོས་ལ་རྒོལ་བ་དངོས་སུ་བྱུང་བའི་སྐབས་ཀྱང་བོད་པའི་བསྡུས་གྲྭ་ལ་སྦྱངས་བའི་དགེ་བཤེས་དེ་ཚོས་བསྡུས་གྲྭའི་རིག་པའི་སྒོ་ནས་
ལན་རྣམ་དག་ཅིག་ནམ་ཡང་ཐེབ་མི་སྲིད་པ་མངོན་སུམ་གྱིས་གྲུབ་པ་བཞིན་ནོ། ལ་ལས་བསམ་ན་བསྡུས་གྲྭ་ཤེས་ན་དཔེ་ཆ་སྤུས་དག་པོ་ཤེས་ཀྱི་རེད་སྙམ་ན་རྒྱན་དྲུག་རྗེས་འབྲང་དང་བཅས་པ་ལྟ་བུ་དཔེ་ཆ་སྤུས་དག་པོ་ཤེས་མཁན་དེ་ཚོས་བསྡུས་གྲྭ་སྦྱང་མ་མྱོང་བ་བཞིན་བོད་ཀྱི་མཁས་པ་བགྲངས་ལས་འདས་པ་ཞིག་བྱུང་བ་མང་ཆེ་བས་བསྡུས་གྲྭ་སྦྱངས་མྱོང་མེད། བྱས་ཙང་འདི་ནི་བོད་པའི་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བླག་གཏོང་བའི་ཆེད་ཤེས་རིག་ལས་ཁུངས་ནས་བཞག་པ་ཡིན་ས་རེད། གནའ་དེང་གང་ལ་ཡང་དགོས་མཁོ་སྤུ་
ཙམ་མེད་པར་ཁ་མཚམས་བཅད་དེ་བཤད་ཆོག་འཛམྦུའི་གླིང་གི་མཁས་པ་སུ་ལ་ཡང་བསྡུས་གྲྭའི་སྒོ་ནས་བགྲོ་གླེང་ཙམ་ཡང་བྱེད་མི་ནུས་པའི་རིགས་པ་འདི་ནི་གད་སྙིགས་ནང་དུ་གཡུག་བཞག་ན་ཡག་ཤོས་རེད།
བོད་གཞུང་གི་སློབ་ཕྲུག་འདི་ཚོས་བོད་ཡིག་སྤུས་དག་པོ་ཞིག་འབྲི་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པའི་དཀའ་ངལ་འདི་སེལ་བའི་ཆེད་དུ་སུམ་རྟགས་དག་གསུམ་སྤུས་དག་པོ་ཞིག་སྦྱངས་ཐུབ་ན་དགའ་བ་ལ།
ཁྱོད་ཀྱི་རྩོམ་ཡིག་འདི་ང་ངུ་བཞིན་བཀླགས་པ་ཡིན།
1
ཁྱེད་བདེན་ན་ཐང་། ཀུན་མཁྱེན་པད་མ་དཀར་པོས་དེང་སང་གི་བསྡུས་པའི་རིགས་པ་དབང་བཙན་པར་བྱས་ཏེ་ལུགས་གསར་དུ་འགོད་པ་ནི་བསྟན་པ་གཤིག་པའི་ཏོག་ཙེ་མོ་མའོ་ཞེས་གསུངས་འདུག
ནོར་བཅོས། བཀྲ་ཤིས། ངོ་མའོ།
རང་རེ་བོད་ལ་ཐུན་མིན་གྱི་རིགས་གཞུང་ཁ་ཤས་ངོས་འཛིན་ས་ཡོད་པ་དེ་ནི། བསྡུས་གྲྭ་འདི་དང་། རྩོད་ཚུལ་ལ། དམ་བཅའ་བ་མར་བཞུགས། རྟགས་བསལ་བ་ཡར་གཞེངས་ནས་འཕགས་འཆང་དང་བཅས་ནས་རྩོད་རྒྱུ་ཡོད་པ་འདི་རེད། ངས་འཇུ་མི་ཕམ་རིན་པོ་ཆེ་ལ་དགག་པ་ཞུ་བགྱི་མིན། ཁོང་བསམ་གྱིས་མི་ཁྱབ་པའི་ཉེ་བའི་དུས་རབ་ཀྱི་བླ་མ་ཞིག་རེད། ཡིན་ནའང། བསྡུས་གྲྭ་འདི་ཁ་ལྕེ་བདེ་བའི་ཆེད་ཁོ་ནར་མ་རེད། འདི་རིག་ལམ་དང་། ཤེས་རབ་ཡར་རྒྱས་བྱེད་པའི་ལག་ཆ་བཟང་ཤོས་ཞིག་རེད། ཡིན་དང་མ་ཡིན་བསྡུས་གྲྭ་བྱང་ཆུབ་ཅིང་། གཞུང་ཆེན་དག་ལ་གོ་རྟོགས་རྒྱ་ཆེན་ཡོད་མཁན་ཞིག་དང་། བསྡུས་གྲྭ་མི་ཤེས་མཁན་གཞུང་ལ་གོ་རྟོགས་རྒྱ་ཆེན་ཡོད་པ་གཉིས། བགྲོ་གླེང་ཞིག་མཛད་དང་། གཞུང་ལུགས་གནད་དོན་གསལ་ཁ་སྟོན་ཚུལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་རེད། རིག་པ་རྣོ་རེད། འོ་ན་གཞུང་ལུགས་ཟབ་ཅིང་རྒྱ་བའི་གོ་དོན་རྟོགས་དགོས་ན། བསྡུས་གྲྭ་མ་ཤེས་ཐབས་མེད་རེད་པས་ཟེར་ན། དེ་ཡང་མ་རེད། རྒྱ་གར་གྱི་མཁས་པ་སུས་ཀྱང་བསྡུས་གྲྭ་སྦྱང་རྒྱུ་མ་བྱུང་བ་རེད་ཀྱང་དེ་རྣམས་ཀྱིས། ཟབ་ཅིང་རྒྱ་ཆེ་བའི་གནད་རྣམས་མ་རྟོགས་པ་སྨྲ་བར་མི་ནུས།
སྤྱིར་དེང་དུས་ཆོས་བརྒྱུད་ཁ་ཤས་ཀྱིས་རང་རང་སོ་སོས་བསྡུས་གྲྭ་མ་མཁྱེན་པའི་རྒྱུ་མཚན་གྱིས། བསྡུས་གྲྭ་དེ་ནང་ཆོས་ཀྱི་གྲལ་ནས་ཀྱང་ཕུད་བརྩིས་འདྲ་ཡང་། དཔལ་ལྡན་ཕྱོགས་ཀྱི་གླང་པོས། ཚད་མ་ཀུན་བཏུས་བརྩམས་ཟིན་སྐབས་དེ་དོན་མ་རྟོགས་ནས། རྒྱ་གར་གྱི་མཁས་པ་མང་པོས། ཚད་མ་ཀུན་བཏུས་ལ། ལོག་རྟོགས་ཀུན་བཏུས་དང་། སློབ་དཔོན་ལ་མུན་པའི་གླང་པོ་ཟེར་བའི་མིང་འདོགས་མཛད་པ་དང་ཁྱད་པར་གང་ཡང་མ་མཐོང་ངོ།
རིག་པའི་རལ་གྲིས་ཉི་མ་མི་འགྲོ་བ་ཡིན་འགྲོ བསྡུས་གྲྭ་མི་ཤེས་མཁན་དང་ཤེས་མཁན་གཉིས་
བགྲོ་གླེང་ཞིག་བྱས་ན་གོ་བ་ཆེན་ཆུང་དང་ཁ་གསལ་མི་གསལ་ཡོད་མདོག་བཤད་པ་དེ་ཡིན་རྒྱུ་
མ་རེད་དཔེར་ན། བསྡུས་གྲྭ་མི་ཤེས་པའི་ཨོ་བྷ་མ་དང་བསྡུས་གྲྭ་ཤེས་པའི་ཟམ་གདོང་བླ་མ་
གཉིས་དེ་རིང་ཆབ་སྲིད་བགྲོ་གླེང་ཞིག་བྱས་ན་ཁ་གསལ་མི་གསལ་ཡོད་རེད་ཡོད་མ་རེད།
དེ་དང་གཅིག་པ་རེད་གང་ཡིན་ཀྱང་གང་ཡིན་གྲྭ་པ་ཨ་ནེ་འདི་ཚོས་ཉི་མ་མི་འགྲོ་ན་
རང་དབང་རེད་དེང་སང་གི་གྲྭ་པ་ཨ་ནེ་འདི་ཚོས་ཞི་གནས་ནི་སྒོམ་མི་དགོས་ལྷག་
མཐོང་ནི་སྒོམ་མི་དགོས། དུས་ཚོད་འགྲོ་རོགས་མ་བྱས་ཁོས་ཤེས་རེད། ཡིན་ན་ཡང་བོད་པའི་
སློབ་ཕྲུག་ཚོ་འདི་ལྟར་མགོ་སྐོར་འོག་ཚུད་པ་ནི་ཆེས་བློ་ཕང་པ་ཞིག་དང་ངུ་འོས་པ་ཞིག་རེད།
ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཤེས་ཡོན་སྲིད་བྱུས་ཀྱང་ལག་བསྟར་བྱེད་ཀྱི་ཡིན་མིན་
གླེང་སློང་ག་ཚོད་བྱས་སོང་། བོད་ཡིག་གི་མཐོང་དང་རིན་ཐང་འདི་ཙམ་ལ་སླེབས་པ་རེད།
ད་རུང་ཀླད་རྙིང་འཁྲག་བཟུང་བྱས་ན་ག་རེ་ཕན་ཐོག་ས་རེད། ཕན་མི་ཐོག་ཡ་དེ་ཚོ་གཡུག་ན་
ཡག་ཤོས་མ་རེད་པས།
བོད་སྤྱིར་ལ་ཕན་ན་བསམ་ནས་པདྨ་ལགས་ཀྱིིས་བསྡུས་གྲྭ་་གད་སྙིགས་ནང་གཡུག་དགོས་པ་ཚིག་ཐག་མཆད་པོས་ལུང་དང་བཅས་གསལ་བཤད་འདྲ་ཞིང་གནང་འདུག་ཏེ་དོན་དངོས་ལ་སེམས་ནང་དེ་བདེན་པ་རེད་བསལ་རྒྱུ་མི་འདུག།
བསྡུས་གྲྭ་སངས་རྒྱས་ཀྱི་བཀའ་དང་རྒྱལ་གར་མཁས་པས་མཛད་པའི་་བསྟན་འགྱུར་ཞིང་མེད་ཡང་རིག་པ་སྤྱོད་སའི་རྩ་བ་ངེས་ཅན་གཅིག་ཡིན་པ་བརྗོད་མི་དགོས། ཡང་དགོས་གདན་ས་ཁག་ན་གྲྭ་གསར་ཚིས་བསྡུས་གྲྭ་ནས་རིག་པ་སྦྱོང་སྟེ་རིམ་པས་དཔེ་ཆ་དངོས་སུ་ལྟས་དུས་རིག་འབྲིས་སྟངས་སོགས་ལ་ཕན་ཐོག་ངེས་ཅན་རེ་ཡོད་པ་བཤོད་བཞིན་འདུག།
གལ་སྲིད་བསྡུས་གྲྭའི་འགྲོ་སྟངས་འདིས་སངས་རྒྱས་ཀྱི་བཀཌྷའ་དང་རྒྱ་གར་མཁས་པ་ཚོའི་བསྟན་འགྱུར་ལ་མ་ཕན་ན་ཅི་སྟེ་ལོ་རབས་མང་དག་རིང་གྲྭ་པ་གསར་པ་རྣམས་ལ་བསྡུས་གྲྭའི་ཐོག་ནས་རིག་པ་འཕིལ་སྟངས་ལ་སྦྱོང་ཅིག་ཡོད་དམ། ཁྱིད་ཀྱིས་ཟ་སྟངས་ན་ནོར་ཡོད་པ་སྙམ། དེང་རིང་ཞོགས་པ་རང་ལ་ཕྲན་ནས་སྐྱབས་མགོན་རིན་པོ་ཆེན་མཆོག་གིས་ལྷོ་ཕྱོགས་བོད་རིགས་སློོོབ་མ་རྣམས་ལ་མནའ་དེང་གཉིས་ཀྱི་སློབ་སྦྱོང་དང་ལྡན་པའི་བོད་རིགས་ཤིིག་དགོས་པ་གསུང་སྐབས་སུ་རིག་པ་འཕིལ་ཞིང་ཁ་བདེ་དབང་ཌྷའགྱུར་པར་བོད་ཕྲུག་ཚོས་དཔེ་མ་དང་ཌྷའབྲེལ་བའི་བསྡུས་གྲྭ་ཐོག་སློབ་གཉེར་གནང་དགོས་པ་དང་དེའི་དོན་དུ་ཆོས་དགེ་ཚོས་སློབ་མ་རྣམས་ལ་བསྡུས་གྲྭ་འཁྲིད་དགོས་པ་བཀཌྷའ་གནང་བ་ཞིག་བརྙན་འཕྲིན་ནང་ལྟོས་བའི་གོ་སྐབས་ཐོབ། ཁྱེད་ཀྱིས་ཐུགས་ཡིད་མ་ཆས་ན་༢༠༠༨ལོ་རྒྱལ་བ་རིན་པོ་ཆེནམཆོག་ནས་ལྷོར་ཕྱོགས་བོད་རིགས་སློབ་མ་རྣམས་ལ་བརྩིལ་བའི་བཀཌྷའ་ལ་ཉེ་རོགས།
བསྡུས་གྲྭ་མེད་པའི་སྔོན་ལ་བོད་པའི་མཁས་པ་དུ་མ་བྱོན་ཡོད་པ་བདེན་ཡང་མཁས་པ་གྲངས་ལས་འདས་བ་བྱུང་ལབ་ན་མི་བདེན་དྲན། བོད་མི་མང་ན་ས་ཡ་དྲུག་ཡིན་ཞིས་ཟེར་ན་ས་ཡ་དྲུག་ནི་རྩིས་ཀྱིིི་ཐོག་བགྲང་ཐུབ་བ་དང་བོད་མི་ཡོངས་རྫོགས་ནི་མཁས་པ་མ་རེད།
ཡིན་ཡང་ཁྱིད་ཀྱིས་བསམ་འཆར་བཤད་པའི་སུམ་རྟགས་དག་གསུམ་སྤུས་དག་པོ་ཞིག་སྦྱངས་ཐུབ་ན་དགའ་ཟེར་བ་དེ་ལ་མོས་མཐུན་ཡོད།
རིག་པའི་རལ་གྲི་ལ། སྒོ་སྲུང་ཞེས་པའི་མིང་ཞིག་ཐོག་བྱུང་། དེ་དོན་དང་མཐུན་པ་ཞིག་རེད། སྒོ་སྲུང་དེ་ཡང་ལོག་པར་སྨྲ་མཁན་དང་། ལུང་རིགས་གང་ཡང་མེད་པའི་ཕྱོགས་ཞེན་ཅན་ལ་སྙིང་རྗེ་ལར་ནས་མེད་མཁན་ཞིག་ཡིན་པར་ཤེས་ནས། རིག་པའི་རལ་ཁར་ལོང་མཁན་དཀོན་པར་ཆགས་ཀྱི་འདུག
པད་མ་རང་སྐྱ་སེར་སུ་ཡིན་རུང་། དང་པོ་བོད་ཀྱི་རྒྱལ་རབས་ཆོས་འབྱུང་སོགས་ལ་ཞིག་བལྟ་མཛོད། དེ་ནས་དཔྱད་པ་འདྲ་གནང་རྒྱུ་ཡོད་ན་བགྲོ་གླེང་གི་གྲལ་དུ་ཚུད་ཐུབ། ཁྱོད་ཕལ་ཆེར་ཆོས་ལ་དུག་ཏུ་ལྟ་མཁན་གྱི་གྲས་ཞིག་ཡིན་པར་འདྲ། འོན་ཀྱང་ངས་ཁྱོད་ལ་གོ་བདེའི་སྒོ་ནས་རང་ངོ་འཕྲོད་པའི་གསལ་འདེབས་ཞིག་བྱེད།
རང་རེའི་༧ གོང་ས་སྐྱབས་མགོན་ཆེན་པོ་ལ། ཨོ་བྷ་མས་དེང་རབ་ཀྱི་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པའི་ཕྱོགས་ཙམ་ཡང་རེག་མེད་པ་གསལ་པོ་རེད། ཡིན་ནའང་འཛམ་གླིང་གི་མཁས་དབང་གང་འདྲ་ཞིག་ལ་བསྡུར་དགོས་ཀྱང་ཡ་ང་བག་ཁུམས་ཅུང་ཟད་མེད་པའི་ཐོག ཀུན་ཀྱང་མཁས་པའི་གཟི་ཟིལ་དང་། བྱམས་བརྩེའི་སྙིང་སྟོབས་ཀྱིས་དབང་དུ་བསྡུད་ཀྱི་ཡོད་པ་འདི་ལ་ལྟོས་དང་། ནང་ཆོས་དང་བསྡུས་གྲྭ་ཤེས་པའི་ཕན་ཐོག་ཇི་འདྲ་ཡོད་མིན་གསལ་པོ་ཤེས་ཀྱི་རེད།
རང་རེའི་མི་སྐྱ་རྣམས་ནི། ལུང་ཁུག་རྣམས་སུ་ཝ་མོས་ངུ་སྐད་འདོན་པ་ལྟར་བོད་ཀྱི་རབས་བྱུང་རྣམས་ཀྱི་འཇོན་ཐང་ལ་མི་བཟོད་པའི་ཕྲག་དོགས་ཀྱི་ངུ་སྒྲ་སྒྲོགས་ཤིང་། སྤྲེའུ་རྣམས་ནགས་སུ་ཤིང་ཐོག་གི་ཤུན་པའི་དོན་དུ་ནང་འཁྲུགས་བྱེད་པ་ལྟར། ཆོལ་ཁ་དང་ཆོས་ལུགས་ལུང་མཚན་གྱི་དོན་དུ་ཞེ་འཁོན་འཁྲུགས་འཛིན་གྱིས་རབ་བྱུང་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དཀྲུགས་པ་ནི་ཉུང་ངུ་མིན།
ཆ་བ་ཆོས་ཀྱི་སེངྒེ་དེ། རང་རེའི་བོད་ཀྱི་མཚན་ཉིད་སྨྲ་བ་རྣམས་ཀྱི་ཡབ་རྒན་ལྟ་བུ་ཞིག་རེད། ཁོང་གིས་གསར་གཏོད་གནང་བའི་བསྡུས་གྲྭ་འདི། བོད་ཀྱི་མཁས་པ་པཎྜི་ཏ་ཟམ་མ་ཆད་པ་མཐར་གྱིས་བརྒྱུད་པ་རྣམས་ཀྱིས་འཆད་ཉན་སྦྱོང་བརྩོན་བྱས་ནས་ད་བར་དུ་འཚོ་བཞིན་ཡོད་པ་འདིས་ནང་ཆོས་ཡིན་དང་མ་ཡིན་དང་། འདིས་བློ་བསྐྱེད་སྤྲད་ཀྱི་ཡོད་དམ་མེད། གསལ་བཤད་ལེགས་པར་བྱས་ཡོད་རེད་ཀྱང་། ཁྱོད་འདྲ་བའི་ཕྱོགས་ཞེན་ཅན་རྣམས་ཀྱིས་རྟོགས་མི་ཐུབ་པ་མ་ཟད། ད་དུང་སྔོན་གྱི་མཁས་པ་རྣམས་ཀྱིས་དགོས་པ་དང་རྒྱུ་མཚན་དུ་མ་དང་བཅས་ནས་གསུངས་ཚུལ་འདྲ་མིན་ཡོད་པ་རྣམས་ལ་སྒྲ་ཇི་བཞིན་དུ་ཞེན་ནས། སྨག་རུམ་སྨག་རུམ་དུ་ཐིམ་པར་གདོན་མི་ཟ།
ཀླད་རྙིང་ཀླད་རྙིང་། ཞེན་ཁོག་བྱས་ན་ག་རེ་ཕན་ཐོག་འདུག བསྡུས་གྲྭ་པས་ཡོད་པ་མེད་པར་སྒྲུབ་ཐུབ་ན་
བསྡུས་གྲྭ་སྦྱངས་བའི་ཚད། མེད་པ་ཡོད་པར་སྒྲུབ་ཐུབ་ན་བསྡུས་གྲྭ་སྦྱངས་བའི་ཚད་རེད་ཅེས་གྲགས་
ཡོད་རེད་ཟེར། དེ་འདྲའི་རིག་གཞུང་ཕྱིན་ཅི་ལོག་ཞིག་གི་་ག་རེ་ཕན་ཐོག་གི་རེད།
ང་ཚོས་རྒྱ་དམར་ལ་བོད་རང་བཙན་ཡིན་པ་ལ་ཡིན་པར་སྒྲུབ་མ་ཐུབ་ནས་
ལྷག་བསྡད་ཡོད་རེད། ད་བསྡུས་གྲྭ་པ་དེ་ཚོ་གཏོང་རན་འདུག རན་པས་མི་ཚད་འཕྱི་འདུག
གོང་དུ་གཅིག་གིས། ཀུན་མཁྱེན་པདྨ་དཀར་པོས་བསྡུས་གྲྭ་ནི་བསྟན་བཤིག་པའི་ཏོག་ཙེ་ཡིན་པར་
གསུངས་པའི་ལུང་དྲངས་འདུག་འ། ཁོང་ཡང་ཆོས་མེད་སྨྲ་བ་རེད་པས། ད་རུང་ཁྱེད་ཚོ་རྗེས་ལུས་
དང་ལུང་འཛིན་རང་ལུགས་པ་རང་རེད།
བསྡུས་གྲྭ་འདི་ཚིག་གི་རྩོད་པ་གཙོ་བོ་རེད། རྗེ་ཙོང་ཁ་པས་ནི་ཚིག་གི་རྩོད་པ་དང་ཚིག་ལ་
ཞེན་མི་ཉན་ཚུལ་དང་དོན་རང་གི་སྟེང་ནས་གོ་བ་ལེན་དགོས་ཚུལ་ཡང་ཡང་གསུངས་འདུག
རིག་པའི་རལ་གྲི་ཟེར་བའི་ཀླད་རྙིང་འདི་ཚོའི་རིགས་དེས་སྐབས་རེ་རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་
ཡི་ན་ཅིག་ཟེར་བའི་རྒྱ་གར་གྱི་ཨཱ་ཙརྱ་དེ་ཚོ་ལ་ཁུངས་གཏུགས་དགོས་ཚུལ་མང་པོ་ཞིག་ཤོད་ཀྱི་འདུག
དེ་མིན་ན་ཁས་མི་ལེན་མདོག་མདོག་བཤད་ཀྱི་རེད། ཡང་སྒྲུབ་བྱེད་མེད་དུས་སློབ་དཔོན་ཆ་པས་
གསར་བཏོད་རེད་ཟེར་རྒྱུ་དྲན་འདུག་འ། ད་གང་ལ་ཉན་དགོས་རེད།
བསྡུས་གྲྭ་མི་དགོས་ཟེར་མཁན་ཁོང་ཚོ་ལ་བསམ་ཚུལ་བརྗོད་དུ་ཆུག བཀའ་བསྟན་གཉིས་སུ་བསྡུས་གྲྭ་མི་འདུག
་ཟེར་བ་ལ་ཡིད་ཆེས་དེ་འདྲ་མི་འདུག ཁོང་གིས་བཀའ་བསྟན་ཆ་ཚང་ཞིག་དཔེ་ཀློག་བྱས་མེད་པ་རྒྱུ་མཚན་ཡིན། ཐ་ན་དཀར་ཆག་ཆ་ཚང་ཞིག་ཀློག་ཡོད་མེད་ལ་ཐེ་ཚོམ་ཤོར་གྱི་འདུག འོན་ཀྱང་ངའི་འདི་རུ་བརྗོད་འདོད་པ་
བསྡུས་གྲྭ་ཁོ་ན་མིན།
བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་དེང་གི་དུས་ཀྱི་འགྲོས་དང་མཐུན་པའི་སྒོས་ནས། བོད་མི་རིགས་ཀྱི་
སྤྱི་ཚོགས་ལ་བསམ་པའི་དཔལ་ཡོན་དང་དངོས་པའི་དཔལ་ཡོན་གཉིས་ཀྱི་ཆ་ནས་ཇི་ལྟར་ཞབས་ཕྱི་སྒྲུབ་པར་
བགྲོ་གླེང་དང་འཚོ་བར་ཕན་པའི་ཐབས་ལམ་རེ་སྔོག་འདོན་བྱེད་རྒྱུ་སྟེ་གལ་ཆེན་རེད་སྙམ།
ཞིབ་འཇུག་དང་རིག་པའི་དཔྱད་བསྡུར་གང་མང་བརྒྱུད་མཐར་ཕན་པ་ཡོད་མེད་ཀྱི་གཙོ་ཕལ་གྱི་དབྱེ་བ་
ཞིག་རང་ཤུགས་སླང་ལ་ཐོན་སྲིད་པ་རེད་འདོད། དེ་དུས་བླང་དོར་དང་ནང་འདྲེན་གང་དགོས་
བདེན་དཔངས་ཡོད་སྲིད་པ་རེད།
སྐྱབས་མགོན་རིན་པོ་ཆེས་ཁ་ཆེའི་ཞྭ་མོ་མནབ་པ་ནང་བཞིན་གང་ཟག་གི་བསམ་ངོ་དགོངས་ནས་
གསུང་གི་ཡོད་པ་རེད། བྱས་ཙང་བོད་པའི་བླ་རྒན་འགའ་ཞིག་གི་སེམས་དགའ་བར་དགོངས་ནས་
གསུངས་པ་ཞིག་མིན་འགྲོ
ད་དཀའ་རྒྱུར་ཡ། ད་དཀའ་རྒྱུ་རེད། ནམ་ཟླར་བལྟས་ན་ཟོག་ཆོ་ལོ་འབུད་རྒྱུ་མ་རེད། འདི་ངའི་ལུང་བསྟན་ཡིན།
བསྡུས་གྲྭ་མི་དགོས་ཟེར་བ་དེ་སྤྱི་བཤད་ཅིག་རེད། བསྡུས་གྲྭ་ཟེར་ན་གཞུང་ལུགས་ཁེར་རྐྱང་བ་གཅིག་གི་དོན་མ་རེད། བསྡུས་ཚན་ཉེར་ལྔའམ་ཉེར་དྲུག་ལས་གྲུབ་པའི་གཞུང་ལུགས་ཤིག་གི་མིང་རེད། ཉིད་ཀྱིས་བསྡུས་ཚན་རེ་རེ་བཞིན་དཔེ་རུ་བླངས་ཏེ་གཞུང་ཚན་འདི་མི་དགོས་པའི་རྒྱུ་མཚན་འདི་ལ་ཐུག གཞུང་ཚན་དེ་མི་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཅེས་གསུང་ན་བཟང་། ངས་ནི་བསྡུས་གྲྭ་ཆེན་པོ་ཞིག་མི་ཤེས་ཏེ། བསྡུས་གྲྭ་ལས་ཆུང་བྱིས་པ་ཡིན་དུས་ནས་སེམས་ལ་འཇགས་ཟིན་པའི་ཚིག་ཕྲེང་ཞིག་སྟེ། ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པར་ཐལ། ཁྱོད་འདོད་པའི་ཁམས་ཀྱི་བེམ་པོ་ཡིན་པའི་ཕྱིར། ཞེས་པ་འདི་ལ་བསམས་ན། བོད་པའི་བསྡུས་གྲྭ་པ་བྱིས་པ་ཚོར་ཡང་ཚན་རིག་གི་རང་བཞིན་ལྡན་པའི་རྡུལ་ཕྲ་རགས་ཀྱི་གྲུབ་ཆ་ངོ་སྤྲོད་གནད་དུ་སྨིན་ཅིང་གོ་བདེ་བོ་ཞིག་བྱས་འདུག་བསམས། ད་དུང་བསྡུས་ཚན་གཅིག་གིས་སེམས་དང་སེམས་བྱུང་གི་སྐོར་ཧ་ཅང་ཞིབ་རྒྱས་སུ་གསུངས་ཡོད་ལ། ཡང་དངོས་པོ་ལ་སྤྱི་དང་བྱེ་བྲག་འབྱེད་སྟངས་ཀྱི་བསྡུས་ཚན་ཞིག་ཡོད་པ་དེ་ཡང་བྱ་དངོས་རྟོག་ཞིབ་པ་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་རེད། བསྡུས་ཚན་གཞན་ཞིག་སྟེ་ཆ་བའི་ལུགས་ཀྱི་རྫས་ལྡོག་ཅེས་པ་ཞིག་ཡོད་པ་དེ་ནི་ཉིད་ཀྱི་དགོངས་གཞི་ལྟར་རེ་ཞིག་ཟུར་འཇོག་བྱས་ཀྱང་ཆོག་པའི་བསྡུས་ཚན་ཞིག་ཏུ་འདོད་དོ།།དེ་མ་གཏོགས་བསྡུས་གྲྭའི་གཞུང་ལུགས་དེའི་ནང་དུ་ནང་བསྟན་ཞིབ་འཇུག་པ་ཞིག་བྱེད་ན་ངེས་པར་དུ་ཤེས་དགོས་པའི་ཚན་པ་གང་མང་ཞིག་འདུག་བསམས། དེའི་ཕྱིར་བསྡུས་གྲྭ་སློབ་ཚན་དུ་འཇོག་དུས་ངེས་པར་དུ་ཤེས་དགོས་པའི་རིགས་གདམ་བསེས་བྱེད་དགོས་པ་ལས། བསྡུས་ཚན་ཡོངས་རྫོགས་སློབ་ཚན་དུ་འཇོག་དགོས་པའི་ངེས་པ་ཞིག་གཏན་ནས་མེད་དོ།།ངས་ནི་མཛོད་ཀྱི་གཞུང་ལུགས་ནང་དུ་ཡང་ད་ལྟའི་སྤྱི་ཚོགས་འདིར་དགོས་པ་དང་མི་དགོས་པའི་རིགས་གཉིས་དགར་གྱིན་ཡོད།
ཕྱི་གླིང་བ་ཚོས་དེང་སང་བོད་པའི་ནང་ཆོས་སྦྱོང་དུས་ནང་ཆོས་ལས་ངེས་པར་དུ་ཤེས་དགོས་པའི་རིགས་མ་གཏོགས་གཞུང་བཀའ་པོད་ལྔའི་ནང་དུ་གང་ཡོད་ཚང་མ་སྦྱོང་གི་མི་འདུག་པ་འདིས་ང་ཚོར་ཡང་དུས་ཚོད་དམ་འཛིན་དང་ངང་བས་ཆུ་ལས་འོ་མ་ལེན་པའི་དཔེ་མཚོན་གཉིས་པ་ཞིག་བསྟན་འདུག་པས། རབ་ཡིན་ན་བཀའ་པོད་ལྔ་ལོ་ལྔའི་ནང་སྦྱངས་ནས་ཚར་ན་ཧ་ཅང་ལེགས། དེ་ལྟར་མ་བྱས་པར་བཀའ་པོད་ལྔ་སྦྱངས་ཚར་དུས་རྒན་པོ་མགོ་དཀར་ཞིག་ཆགས་ཚར་དུས་སུ་མཚམས་ཁུང་ནང་ལ་མ་ཎི་འདོན་དུ་ཡང་འགྲོ་རན་པ་མིན་ནམ། ཕྱི་རྒྱལ་བ་འདི་ཚོའི་ཁྲོད་དུ་ནང་ཆོས་འབུམ་རམས་པའི་ཐོབ་ཐང་ལེན་པར་ལོ་བདུན་ལྷག་དགོས་ཀྱི་མི་འདུག
མཉམ་མེད་ཇོ་བོས།
ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་།།
ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།།
ངང་པས་ཆུ་ལས་འོ་ལེན་པ་ལྟར།།
རང་གི་འདོད་པ་དྭང་དུ་བླང་བར་བྱ།།
ཞེས་གདམས་ཡོད་པ་ཡིན་ནོ།། ཀླུ་སྨྱོན་གྱིས་གསུངས་སྟངས་འདི་གནད་འགག་རེད་དོ།།
ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ་མེད་ན་མི་རུང་བའི་ཐབས་དང་ཤེས་རབ་དེ་རྣམས། སྟོན་པ་སངས་རྒྱས་ཀྱིས་གསུངས། བཀའ་ཡི་བསྡུ་བ་པོས་བསྡུས། པཎྜི་ཏ་རྣམས་ཀྱིས་བཤད། གྲུབ་ཐོབ་རྣམས་ཀྱི་སྒོམ། ལོ་ཙཱ་བ་རྣམས་ཀྱིས་བསྒྱུར། མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་ཞིག་མེད་ན། ལུང་རིགས་ཤེས་མཁན་རྣམས་ཀྱི་ཡིད་ཆེས་ཀྱི་གནས་སུ་མི་འགྱུར་མོད། བསྡུས་གྲ་ལྟ་བུ། རིག་པ་རྣོན་པོའམ་ཤེས་རབ་བསྐྱེད་བྱེད་ཀྱི་ཐབས། གསུང་རབ་ཀྱི་སྒོ་འབྱེད་བྱེད་དེ་རྣམས། ཚད་ལྡན་གྱི་སྐྱེས་བུས་གསར་གཏོད་བྱས་ཤིང་། དོན་གྱི་མཁས་པ་དེ་རྣམས་ཀྱིས་ཀྱང་དགག་སྒྲུབ་ཀྱི་ཁུར་དོར་ནས། འཆད་ཉན་བྱས་ཤིང་ད་ལྟ་ཡང་འཚོ་བཞིན་ཡོད་པ་རྣམས་དམ་པ་དེ་དག་གི་བརྒྱུད་འཛིན་རློམས་པ་རྣམས་ཀྱིས་ཡིད་ཆེས་ཀྱི་གནས་སུ་བཟུང་བར་འོས།
སྔོན་ནས་བསྡུས་གྲྭ་ལ་སྦྱོང་པའི་ངལ་བ་མ་བྱས་པ་རྣམས་ཀྱི་བརྒྱུད་འཛིན་དུ་རློམས་པ་རྣམས་ཀྱིས་ཀྱང་སོ་སོའི་ཆོས་བརྒྱུད་ཀྱི་སྲོལ་བཞིན་འཛིན་ན་བཟང་། བསྡུས་གྲྭ་གད་སྙིགས་སུ་བླུགས་རྒྱུ་རེད་འདུག་དང་མི་འདུག་ལྟ་སྐབས་དང་པོ་བསྡུས་གྲྭ་ལ་སྦྱོང་བྱེད་ནས། རིན་ཐང་འདུག་གམ་མི་འདུག་ལྟ་ནས་དཔྱད་པ་གནང་ན་སྲོལ་དང་མཐུན། སོ་སོའི་སྦྱོང་བའི་གོ་སྐབས་མ་རེག་པས་བློ་ཡུལ་དུ་མ་ཆུད་པའི་རྒྱུ་མཚན་གྱིས་དོར་བྱ་རློམས་ན་རང་ཉིད་ལྐུག་རྟགས་ཀྱི་སྣང་བརྙན་དེ་སྟོན་པ་རེད།
གུས་པ་ལྟ་བུར་མཚོན་ན། བསྡུས་གྲྭའི་ལོ་རྒྱུས་དང་། ཆོས་འབྱུང་། དམ་པ་གོང་མ་རྣམས་ཀྱིས་སྦྱོང་བ་བྱས་ཚུལ་རྣམས་ལ་དཔག་ནས་བསྡུས་གྲྭ་དེ་རིན་ཐང་མེད་པར་གད་སྙིགས་སུ་བླུགས་རྒྱུ་ཞིག་མིན་པར་སེམས་པ་མ་གཏོགས། སྦྱོང་བའི་སྐལ་བ་དེ་སྔོན་མ་བྱུང་པས། ནང་དོན་ལེགས་པོ་ཞིག་མི་ཤེས། འོན་ཀྱང་ལོ་རྒྱུས་ལ་དཔག་ནས་གཟུར་བོའི་བློས་སྨྲས་པ་ཡིན།
མདོར་ན། རྒྱུ་མཚན་མེད་པར་ཕྱོགས་ཞེན་རིང་ལུགས་དང་། བོད་དཀྲུགས་རིང་ལུགས། ཆོས་ལ་དུག་ཏུ་བལྟ་རིང་ལུགས་སུ་གང་ལ་ཡང་རིག་པའི་རལ་གྲིས་སྙིང་རྗེ་མི་བྱེད་ངོ་མ་ཡིན། ཧ་ཧ་ཧ་ཧ་ཧ་
ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན་དུ། མངོན་སུན་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་
བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་པ་འདི་ཡང་ཚད་མ་མི་དགོས་
པར་གསུངས་པ་མིན་ན་ཇི་ཞིག་ཡིན། ཡིན་ན་ཡང་ཚད་མ་དགོས་ཀྱང་བསྡུས་གྲྭ་མི་དགོས་ཁོ་ཐག་རེད།
སེམས་སེམས་བྱུང་དང་། རྡུལ་ཕྲན་གྱི་སྐོར་ལ་བསྡུས་གྲྭ་མེད་རུང་དཔྱད་པ་རྒྱག་ཆོག་གི་རེད།
བོད་གཞུང་གི་སློབ་ཕྲུག་འདི་ཚོ་ལ་སུམ་རྟགས་དག་གསུམ་ལ་བྱང་ཆུབ་པ་ཞིག་སློབ་བཅུག་རྒྱུ་
གལ་ཆེན་པོ་རེད། ངོ་མ་བོད་ཡིག་སྐྱོ་བོ་ཡིན་ན་བོད་ཕྲུག་འཕྲོ་བརླགས་རེད། རྩོད་པ་ཤེས་ན་
འདྲ་མ་ཤེས་ན་འདྲ། བོད་ཡིག བོད་ཡིག བོད་ཡིག
སྤྱིར་བསྡུས་གྲྭ་ནི་ཚད་མ་རིག་པའི་དཀའ་གནད་སེལ་བའི་ཆེད་དུ་རིགས་པའི་འགྲོས་མི་འདྲ་བ་དུ་མ་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་། བསྡུས་ཚན་ཉེར་གཅིག་དང་ཉེར་ལྔ། ཉེར་བདུན་དུ་བསྡུ་བའི་ལུགས་སྲོལ་མི་འདྲ་བ་ཡོད་ཅིང་། བསྡུས་ཚན་ཉེར་ལྔ་བའི་ལུགས་སུ་བྱས་ན་བསྡུས་ཚན་རེ་རེའི་མིང་གཤམ་གསལ།
*ཁ་དོག་དཀར་དམར།
ཡོད་རྟོགས་མེད་རྟོགས།
ཡིན་ལོག་མིན་ལོག
*ལྡོག་པ་ངོས་འཛིན།
*རྒྱུ་འབྲས་ཆུང་ངུ་།
*གཅིག་ཐ་དད།
ཁྱབ་མཐའ་འགོད་ཚུལ།
*ཡུལ་དང་ཡུལ་ཅན།
*སྤྱི་དང་བྲེ་བྲག
*འགལ་འབྲེལ་ཆུང་ངུ་།
*མཚན་ཉིད་དང་མཚོན་བྱ།
རྫས་ལྡོག
ཁྱབ་པ་སྒོ་བརྒྱད།
ཁས་ལེན་སོང་ཚུལ།
དྲུག་སྒྲ
དགག་གཞི་བརྩི་ཚུལ།
ཐལ་འགྱུར་ཆུང་ངུ།
*དུས་གསུམ།
*སྤྱི་མཚན་དང་རང་མཚན།
*སེལ་འཇུག་དང་སྒྲུབ་འཇུག
*བརྗོད་བྱ་དང་རྗོད་བྱེད།
*དགག་སྒྲུབ་དང་གཞན་སེལ།
*འགལ་འབྲེལ་ཆེ་བ།
ཐལ་འགྱུར་ཆེ་བ།
*རྒྱུ་འབྲས་ཆེ་བ། བཅས་ཡིན་ཞིང་། འགའ་ཤས་ཀྱིས་དེའི་སྟེང་དུ་བློ་རིག་དང་རྟགས་རིགས་བསྣན་ནས་ཉེར་བདུན་དུ་ཡང་བགྲངས་སོ།།
གོང་དུ་རྟགས་བཏབ་པའི་བསྡུས་ཚན་དག་ནི་ང་རང་གིས་དཔྱད་ན་སློབ་གྲྭའི་སློབ་ཚན་དུ་ཡང་བཞག་ན་ཆོག་པའི་བསྡུས་ཚན་ཡིན་ནོ།།
སྐབས་འདིར་བསྡུས་གྲྭ་རྩོད་པ་ཞེས་པ་ནི་བསམ་བློའི་གཏོང་ཕྱོགས་མི་འདྲ་བའི་སྒོ་ནས་བགྲོ་གླེང་བྱས་པ་ཞིག་ཡིན་པ་མ་གཏོགས་དོན་མེད་ཉོག་གཏམ་གྱི་རྩོད་པ་ཞིག་མིན་པ་ཤེས་དགོས། ཡིན་ན་ཡང་བསྡུས་གྲྭ་ལ་ཁ་གཡར་ནས་ཉོག་རྩོད་བྱེད་མཁན་ཡང་ལོས་ཡོད།
གོང་དུ་ཚད་མ་དགོས་ཀྱང་བསྡུས་གྲྭ་མི་དགོས་ཞེས་པ་ནི་གཞུང་ལུགས་ལ་སྦྱངས་པ་སྔོན་སོང་གི་མཁས་པའི་གཏམ་དུ་མི་སྣང་སྟེ། ཚད་མའི་གཞུང་གི་བསྟན་དོན་རྟོག་གེའི་ཚིག་དོན་བརྒྱད་དེ། མངོན་སུམ་དང་རྗེས་དཔག་གཉིས་པོ་རེ་རེ་ལ་ཡང་དག་དང་ལྟར་སྣང་གཉིས་སུ་ཕྱེ་བའི་བཞི་ནི་བདག་ཉིད་ཀྱིས་རིག་པའམ་གོ་བར་བྱེད་པའི་ཐབས་དང་། སྒྲུབ་ངག་དང་སུན་འབྱིན་པ་གཉིས་པོ་རེ་རེ་ལ་ཡང་དག་དང་ལྟར་སྣང་གཉིས་སུ་ཕྱེ་བའི་བཞི་ནི་གཞན་གྱིས་རྟོགས་པར་བྱེད་པའི་ཐབས་བཅས་ཤེས་པའི་ཆར་གཏོགས་བཞི་དང་རྗོད་བྱེད་ཀྱི་སྒྲའི་ཆར་གཏོགས་བརྒྱད་ཡོད་ལ། དེ་དག་ནི་གོང་དུ་དྲངས་པའི་བསྡུས་ཚན་གང་མང་ཞིག་དང་ཡོངས་སུ་འབྲེལ་བསྡད་ཡོད་པས་སོ།།
རིག་པའི་རལ་གྲི་སྐད་ཆ་མང་དྲག་འདུག་པདྣ་སྐད་ཆ་ཉུང་དྲག་འདུག་ཁྱོད་གཉིས་ཀྱི་བར་ལ་སྟོང་ཆ་སེལ་མི་ཐུབ་པའི་ཐོག་ནས་གཅིག་གི་གོ་བརྡ་གཅིག་ལ་འཕྲོད་ཐུབ་ཀྱིན་མི་འདུག་་་་་་་་་་་་་་་་་་་
མ་ཟད་རིག་པའི་རལ་གྲི་བཏགས་མཐའ་ལ་ལྷུང་བའི་མ་ཚད་དེར་རྐང་བརྐྱངས་ལག་བརྐྱངས་བྱས་ནས་ལྷོད་ལྷོད་བསྡད་འདུག་པདྣ་ཆད་པའི་མཐའ་ལ་ལྷུང་དེ་ག་རང་ལ་ཚ་གི་ཚི་གི་བྱས་ནས་བསྡད་འདུག་པས་ཁྱོད་གཉིས་ཀྱི་བགྲོ་གླེང་མུ་འཐུད་ནས་ཡིན་ད་་་་་་
ལྟད་མོ་འདྲ་ཞིག་འདུག་་་་་་་་་་
གལ་སྲིད་ཚད་མ་ཡང་མི་དགོས་ཟེར་ན་ཅུང་མི་ལེགས་ཏེ། གངས་ལྗོངས་མཁས་པའི་དབང་པོ་རྗེ་ཙོང་ཁ་བ་ཆེན་པོས་རྟོགས་བརྗོད་མདུན་ལེགས་མར།
བྱང་ཕྱོགས་འདི་ན་ཚད་པའི་གཞུང་ལུགས་ལ། །
སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །
མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །
བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །
འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །
དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །
འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །
གསུང་གི་སྣང་བ་བསྩལ་པའང་ཚད་མར་བྱེད། །
དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །
མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །
ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །
ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །
རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །
ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །
བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །
ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །
ལམ་གྱི་གནད་ཀུན་འགྲིལ་བར་རིགས་ལམ་ནས། །
ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །
ཚུལ་འདི་བསམས་ཤིང་འདུན་མ་ལེགས་ནས་གདའ། །
ཞེས་གསུངས་པ་འདི་ལ་ཡང་སྤྱན་ཟུར་རེ་གཡོ་བར་ཞུ།
ཡིག་ནོར།
ཚད་པའི་
ཚད་མའི་
གོང་གི་རྗེ་བླ་མའི་གསུང་ལུང་དྲངས་པ་དེ་ནི་ནང་པ་ཞིག་གི་ངོས་ནས་ཚད་མ་ཅི་ཙམ་ཞིག་གལ་ཆེན་ཡིན་པ་དེའི་ཟུར་ཙམ་བསྟན་པ་ཡིན་ལ། སྤྱིར་བཏང་གི་སྐྱེ་བོ་ཞིག་ཡིན་ན་ཡང་ཡིད་ཤེས་དང་མིག་རྣ་སོགས་ཀྱི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་བྱ་དངོས་དག་ལ་དཔྱད་ཞིབ་བྱེད་པའི་རིགས་ལམ་གྱི་འགྲོས་འདི་ལ་གནས་སྔ་མོའི་སྒི་རིག་གི་མཁས་པ་ཆེན་པོ་ཕིས་ལ་ཁྲོ་དང་ས་ཁིར་ཁྲེ་ཡབ་སྲས་ནས་དེའི་རྗེས་ཀྱི་ནུབ་གླིང་གི་ཚན་རིག་པ་སྒྲན་ཝིན་དང་ཨེ་དབྱིན་སི་ཐན་སོགས་ཀྱི་བར་གང་མང་ཞིག་གིས་ཚད་མ་རིག་པའམ་གཏན་ཚིགས་རིག་པ་Logicཞེས་པ་འདིར་སློབ་སྦྱོང་དང་དོ་སྣང་ཆེན་པོ་ཅི་ཙམ་ཞིག་བྱས་ཡོད་མེད་ནི་ཁོང་རྣམ་པའི་ལོ་རྒྱུས་དང་གསུང་རྩོམ་ལ་མཇལ་ན་ཤེས་ནུས།
ད་བསྡུས་གྲྭ་ཡིན་ན་དེས་ད་གྲྭ་བ་ཚོའི་རིག་པ་ཡང་འཕེལ་རྒྱས་འགྲོ་གི་ཡོད་ལ་ཐང་ར། ཨ་རོ། ངས་ངོ་མ་ཡིན། དེས་ཆུ་ཚོད་ད་མང་པོ་ཞིག་འཕྲོ་བརླག་གཏོང་གི་ཡོད་པ་འདྲ། ངེད་ཚོའི་དགོན་པའི་གྲྭ་བ་ཚོས་མཚམས་མཚམས་ལ་མཚན་གང་བོར་བསྡུས་ར་ཡིན་ན་ཅིག་རྩོད་གི་འདུག དེ་ནས་ང་ལོ་གཅིག་ནས་ཕྱིར་ཕ་ཡུལ་ལ་ཅིག་སླེབས་དུས་ད་རུང་བསྡུས་ར་ཡིན་ན་དེ་རྩོད་གི་འདུག
དེ་ནས་ངས་ཉེ་འབྲེལ་གྱི་གྲྭ་བ་ཞིག་ལ་བསྡུས་ར་ཟེར་བ་འདི་ཆི་ཟིག་རེད་དྲིས་པ་ཡིན། དེ་བློ་རིག་འཕེལ་བར་ཕན་གི་རེད། རྗེས་མ་གཞུང་ཆེན་པོ་ཚོར་བལྟ་སྐབས་གོ་བ་ལོན་པར་ཕན་གི་རེད་ཟེར། ངས་དེ་ཡིན་རྒྱུ་རེད་བསམས་སོང་།
དེ་ནས་ངས་ཁོ་ལ་འདི་ལོ་ཆི་མོ་ཟིག་ག་སྦྱོངས་དགོས་ནི་རེད་དྲིས་པ་ཡིན། བསྡུས་ར་བྱང་བྱང་བར་སྦྱངས་པ་ཡིན་ན་ཡག་པོ་ཡོད་ནི་རེད། ཡིན་པ་མིན་པར་བསྒྲུབ་ཐུབ་ན་བསྡུས་ར་བྱང་བའི་རྟགས་རེད་ཟེར།
ངས་ཁོ་ལ་དེས་ན་ཁྱེད་ཚོས་མྱི་ལ་ཁ་གྱོང་ཆི་ཡས་རྒྱག་དགོས་ནི་ཟིག་སློབ་གི་ཡོད་ནི་ཨེ་རེད། དྲིས་པར། ཁོ་ཁོང་ཁྲོ་ཟ་སོང་། རྒྱ་བཙོག་འདི་ཚོ། ཁྱོས་སྐད་ཆ་དེ་མོ་བཤད་ན་ཁྱོད་གད་ནས་ཤི་གི་རེད་ཟེར། སྟབས་ཡག་ནས་ང་གད་ནས་ཤི་མ་སོང་།
དེ་ནས་ལོ་ལྔ་དྲུག་ཅིག་གི་རྗེས་ནས་ཡང་སྐྱར་ངེད་གཉིས་ཐུག་སོང་། ཨ་རོ་ད་ཁྱོད་བསྡུས་ར་བྱང་ཡོད་རྒྱུ་རེད་ལ་དྲིས་པར། ད་ཙ་ཡ་ཙ་ཡ་ར་ཡིན་ནི་མ་རེད་ར། ས་ཆའི་ཚོད་གི་རི་དྭགས་ཡིན་ནི་རེད། རྒྱ་བཙོག་ཁྱོད་འདྲ་བ་ཚོ་ངས་ཐལ་སྐད་གཅིག་གི་སྣ་འཇོག་ནི་རེད་ཟེར། ངས་ཡིན་རྒྱུ་རེད་བསམས་སོང་། ཨོ་ད་ཧྲ་གི་ལབ་པ་ཡིན།
ཉིན་གཅིག་ངེད་གཉིས་ཀྱིས་ཆོས་དཔེ་ཞིག་མཉམ་པོར་ཀློག་ཕྱིན་པ་ཡིན། ཁོ་ལས་ངས་གོ་བ་ལེན་ཤེས་ཀྱི་འདུག ཁོའི་དཀའ་ངལ་གཙོ་བོ་བརྡ་དག་མི་ཤེས་པ་དེས་རེད། ཚིག་གྲུབ་གང་ཞིག་ཀློག་གི་ཀློག་གི་རང་གིས་ཡིད་ཚོད་ཀྱིས་གོ་བ་ལེན་གྱི་འདུག ཡི་གེ་ལ་ལྟ་དགོས་ཀྱི་མི་འདུག ཕྲད་དེ་ཚོ་ཞིབ་ཚགས་པོས་ལྟ་གི་མི་འདུག དེའི་སྐབས་ཁོས་ལོ་དུ་མ་ཞིག་ལ་སྦྱངས་པའི་བསྡུས་ར་ཡིན་ན་དེས་ཕན་ཐོགས་མ་སོང་།
མཐའ་མཇུག་ངས་ཁོ་ལ་ད་ཁྱོས་ཡིན་གཅིག་མིན་གཅིག་སུམ་རྟགས་དག་གསུམ་ངེས་པར་དུ་སྦྱོང་དགོས་གི་འདུག་ལབ་པ་ཡིན། ཁོས་དེ་རེད་རེད་ད། ག་རེ་ཟེར། དགོན་པའི་འདོན་ཆོག་ཡིན་ན་ཅིག་མང་པོ་ཞིག་བློ་འཛིན་རྒྱུ་ཡོད་ན་རེད། རྩོད་ར་ཉིན་ཕྲུག་གིས་ཡོད་ནི་རེད།
དེ་ནས་ཁོང་ནམ་རྒྱུན་བཞིན་རྩོད་རར་ཕེབས་སོང་། ཞྭ་མོ་སེར་པོ་འཇོང་འཇོང་སྤུ་སོབ་སོབ་ཅིག་རྒྱབ་ལ་གཡུགས་ནས་ཕེབས་སོང་།
ན་ནིང་ངེད་གཉིས་ཐུག་དུས། ཁོང་རྩོད་རར་ཕེབས་སའི་ལམ་དེ་ཟད་ནས་མར་དོང་དུ་ལྷུངས་འདུག ཆར་བབ་དུས་སུ་བར་བར་ལ་ཆུ་འཁྱིལ་ནས་གོམ་པ་སྤོ་ས་ཡག་པོ་མེད་པས། རྡོ་ཆེན་པོ་ཁ་ཤས་ཀྱང་ཆུ་རྙོག་ནང་བཞག་འདུག ཁོས་ད་རུང་སུམ་རྟགས་དག་གསུམ་སྦྱངས་མི་འདུག
གོ་ཚོད་ཡིན་ན་ཁོང་འདོན་པ་ཡག་པོ་ཡོད་པ་རེད་ཟེར་ནས་སྐད་གྲགས་འདུག
མགོན་ཕྱག་ལགས་ཀྱི་སྒྲུང་དེ་སྙན་མོ་འདུག་ཀྱང་དེ་བསྡུས་གྲྭ་སྦྱོང་དགོས་དང་མི་དགོས་ལ་འབྲེལ་བ་ཞེ་དྲགས་རང་མཐོང་མ་སོང་། འདིར་བསྡུས་གྲྭ་སྦྱོང་དགོས་ཟེར་བ་དེ་ནི་བསྡུས་གྲྭ་གཅིག་པོ་སྦྱོང་ནས་འདུག་དགོས་ཞེས་པའི་དོན་མིན་པ་ནི་ཧ་ཅང་གསལ་བོ་ཡིན་ནོ།། བསྡུས་གྲྭར་སྦྱོང་དགོས་པ་བཞིན་སུམ་རྟགས་སྙན་ངག་ལ་ཡང་སྦྱོང་ལོས་དགོས།
བསྡུས་གྲྭ་མི་དགོས་ཟེར་བ་དེ་བསྡུས་གྲྭ་མ་ཤེས་པའི་རྟགས་རེད་ཁག་མི་འདུག
རབས་ཡིན་ན་པདྨས་བཀའ་བསྟན་དང་ལམ་སྒྲོན་སོགས་མ་ཀློག་ན་ཡག་ཤོས་རེད་མ་གཏོགས་ཉེན་ཁ་གཞན་ཞིག་ཡོད་ས་རེད།
གང་གི་ཐུགས་བརྩེས་ཉེར་བཟུང་ནས།།
ལྟ་བ་ཐམས་ཅད་སྤང་པའི་ཕྱིར།།
དམ་ཆོས་ནི་སྟོན་མཛད་པ།།
ཀོ་ཏམ་དེ་ལ་ཕྱག་འཚལ་ལོ།།
༼ལྟ་བ་ཐམས་ཅད་དེ་སངས་རྒྱས་པའི་ལྟ་བ་ཕྱི་རོལ་པའི་ལྟ་བ་དྲང་བདེན་གྱི་ལྟ་བ་མདོར་ན་སྲིད་འབྱོར་རིག་གསུམ་གྱི་ལྟ་བ་སོགས་ས་སྟེང་གི་ལྟ་བ་ཐམས་ཅད་སྤང་པའི་ཕྱིར་ཏུ་ཀོ་ཏ་མས་དམ་པའི་ཆོས་བསྟན་པ་རེད༽ཨེ་རེད་འདམ་ནང་གི་པདྨ་།
འགྲེལ་འདི་ཆེད་དུ་པདྨ་ལ་གནང་བ་ཡིན་ན་པདྨས་སེམས་ཁམས་ལ་ཤིན་ཏུ་ནས་འཕྲོད་པར་གྱུར་ཅིག་གུ
པདྨ།
འདི་འདམ་ནང་གི་པདྨ་མ་རེད།
འདི་མཚོ་ནང་གི་པདྨ་མ་རེད།
འདི་ཉི་མ་ཤར་ན་འབྱེད་པའི་པདྨ་དེ་མ་རེད།
ཟླ་བ་ཤར་ན་ཟུམ་པའི་ཟླ་བ་དེ་ཡང་མ་རེད།
པདྨ།
ཁྱོད་ནི་རྒད་མོ་ཚོའི་འོག་ན་ཡོད་པའི་པདྨ་དེ་རེད།
རྨོངས་སྤུས་ཡོངས་སུ་སྐོར་བའི་པདྨ་དེ་རེད།
བོང་མཇེ་རིག་ན་ཁ་འབྱེད་པའི་པདྨ་དེ་རེད།
ལྒོང་རྡོག་གིས་ཕུར་ན་ཁ་མཆུ་འཛགས་པའི་པདྨ་དེ་རེད།
པདྨ།
གད་སྙིགས་ནི་གང་།
གད་སྙིགས་མ་ཡིན་པ་ནི་གང་།
དེ་ནི་ཁྱོད་ཀྱི་ནམ་གཞར་ཡང་ཤེས་དཀའ།
ཁྱོད་ཀྱིས་ཤེས་པ་ནི་ཚད་ཡོད།
ཁྱོད་ཀྱིས་ཤེས་པ་ནི་བསྡུས་རྭ་མ་རེད།
ཁྱོད་ཀྱིས་ཤེས་པ་ནི་བཀའ་བསྟན་ཡང་མ་རེད།
ཁྱོད་ཀྱིས་ངོ་ཤེས་ནི་མཇེ་རླུག་གསུམ་རེད།
དེ་བས་ན་ཁྱོད་ཀྱི་མིང་ཡང་པདྨ་ཅེས་རང་གིས་རང་ལ་བཏགས་པ་ཤིན་་ཏུ་འོས་ཤིང་འཚམས།
པདྨ།
ཁྱོད་ཀྱིས་ཁ་ནང་དུ་ཡོང་བའི་གད་སྙིགས་ནི་བསྡུར་ར་མ་རེད།
ཁྱོད་ཀྱི་ཁ་ནང་དུ་ཡོང་བའི་གད་སྙུགས་ནི་བཀའ་བསྟན་མ་རེད།
ཁྱོད་ཀྱི་ཁ་ནང་དུ་ཡོང་བའི་དཀར་སོབ་སོབ་ཀྱི་གད་སྙིགས་དེའི་མིང་ལ་ཐིག་ལེ་ཟེར།
ཐིག་ལེ་དེ་དག་ཡག་པོར་ཉེར་ཚགས་བྱོས་འ།
གད་སྙིགས་ཀྱི་སྣོད་ཆུང་།
འདོམ་ཀྱི་པདྨ་ལགས།
པདྨ་ཟེར་བ་ཁྱེད་ཀྱིས་བསྡུས་གྲ་མི་དགོས་ཟེར་དོན་ནི་ཁྱེད་ཀྱིས་བསྡུས་གྲ་མ་ཤེས་པ་དང་རང་ཉིད་གསར་གཏོད་ལ་མ་དགའ་བའི་སྐྱོན། ཁྱོད་ཉིད་རྙིང་ཞེན་པ་ཞིག་ཡིན་པར་ཐལ། བོད་པའི་གསར་གཏོད་བྱས་པའི་རིག་ལམ་གསར་བའི་བསྡུས་གྲ་ལ་མི་དགའ་བའི་ཕྱིར།
འཇུ་མི་ཕམ་པས་བསྡུས་གྲ་ཕན་ཐོག་མེད་པར་འདོད་པ་མ་ཡིན་པར་ཐལ། རང་ཉིད་ཀྱིས་བསྡུས་གྲ་མཛད་ཡོད་པར་ཕྱིར། ཡང་ ་་་་་བསྡུས་གྲ་ཤེས་མ་ཤེས་བས་རིག་ལམ་མྱུར་བ་ལ་ཁྱད་པར་ཡོད་དེ། འཇུ་མི་ཕམ་པས་བསྡུས་གྲ་ཡག་པོ་མ་ཤེས་པའི་ཕྱིར། དཔའ་རུས་རབ་གསལ་གྱིས་ཁོ་ཕམ་པར་བྱས་པའི་ཕྱིར།
བསྡུས་གྲས་ཕན་ཐོག་མེད་ཟེར་ན་འདི་ཚོས་བཤད་པ་དང་རྩོད་པ་ལ་ཉོན།།།
http://www.youtube.com/watch?v=5g2hUr43TvI
http://www.youtube.com/watch?v=ly-zcYsdD78&feature=related
པདྨ་ལགས།
ཁྱེད་ཀྱིས། ༼ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན་དུ། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན༽ཞེས་ལུང་འདྲེན་བྱས་འདུག
དེ་ལམ་སྒྲོན་གྱི་ཤོག་གྲངས་གང་གི་ཐད་དུ་འདུག གསལ་པོ་ཞིག་གསུང་རོགས། ངེད་ལ་ཡོད་པའི་ལམ་སྒྲོན་ནང་འགོ་མཇུག་བར་གསུམ་གང་དུའང་མི་འདུག
ང་ཁྱེད་རང་གི་ལན་ལ་སྒུག་བསྡད་ཀྱི་ཡིན་དཱ།
པདྨ་ཡིན་ན་འདི་ད་། རིག་གནས་གསར་བརྗེ་སྐབས་ཀྱི་དམར་སྲུང་དམག་མི་ཞིག་གི་ཅིག་ཡིན་ས་རེད་། ཧ་ཧ་་་་ཧ་།
པདྨ་ཟེར་བའི་མི་ངན་ཐ་ཤལ། རང་གི་རིག་གཞུང་ལ་རང་གིས་དམའ་འབེབས་བྱེད་མཁན་གྱི་རྨོངས་བརྟུལ་སྙིང་ཁམས་ཅན་ཁྱོད་ཉན་ཨང་།
ཁྱོད་ཚོའི་གྲས་དེ་ལུང་རྫུན་མ་འདི་འདྲ་ཤ་སྟག་བཟོས་བཟོས་ནས་སྐྱག་ལང་ཤོར་བ་རེད།
ལར་ནས། ༼མངོན་སུམ་རྗེས་དཔག་དགོས་པ་མེད༽ཅེས་པའི་ཇོ་བོའི་ལུང་ཚིག་ཅིག་ཡོད་ན། འོ་ན་ཚིག་དེའི་དོན་ཇི་ལྟར་འགྲོལ་རྒྱུ་ཡིན། མངོན་སུམ་རྗེས་དཔག་མི་མཁོ་ཟེར་རྒྱུ་ཡིན་ནམ། མངོན་སུམ་དང་རྗེས་དཔག་ལ་སློབ་སྦྱོང་བྱེད་མི་དགོས་ཟེར་བ་གང་ཡིན།
༡༽ མངོན་སུམ་དང་རྗེས་དཔག་མི་དགོས་ན། སྟོང་ཉིད་རྟོགས་པའི་རྗེས་དཔག་དང་། དེ་ལ་གསལ་སྣང་ཐོན་པའི་རྣལ་འབྱོར་མངོན་སུམ་ཡང་མི་དགོས་ཟེར་རྒྱུ་ཡིན་ནམ།
༢༽ ཡང་མངོན་སུམ་དང་རྗེས་དཔག་ལ་སྦྱོང་མི་དགོས་ཟེར་རྒྱུ་ཡིན་ན། དེ་ལ་སྦྱང་པ་མ་བྱས་པར་རྫོགས་སངས་རྒྱས་པ་དེ་ཁྱོད་བླུན་པོའི་ལུགས་ལས། ས་དགེ་བཀའ་རྙིང་གི་སངས་རྒྱས་པའི་ཆོས་བརྒྱུད་གང་གི་ལུགས་ལའང་དེ་འདྲ་མེད་པས། ཁྱོད་ཀྱི་གྲུབ་མཐའ་གསར་པ་དེའི་མིང་ལ་གང་ཟེར།
ད་ཁྱོད་ཀྱི་རྫུན་ཚིག་དེའི་འགྲེལ་བཤད་ཇི་ལྟར་བྱ་རྒྱུ་ཡིན་ནམ། ???????????????
པདྨ་ཟེར་བ་ཁྱོད།
བསྡུས་གྲྭའམ་མཚན་མ་རིག་པ་གལ་ཆེ་བའི་སྐོར་གྱི་རྩོམ་ཡིག་རིང་ཐག་ཆོད་ཅིག་དྲ་རྒྱའི་ཐོག་འཇོག་རྩིས་ཡོད།
མ་ཤེས་ན་དེར་ལྟོས་ལ་ཤེས་པར་བྱོས་ཤིག
ད་འཛམ་བུ་གླིང་གི་ས་སྒང་རིལ་བོ་འདིའི་ཐོག་ནས་མི་མགོ་མཁྲེགས་པོ་ཅན་ཞིག་འཚོལ་དགོས་ན་ཕལ་ཆེར་མགོ་འབབ་ས་དེ་བོད་ཀྱི་དགེ་བཤེས་དེ་ཚོ་ཡིན་རྒྱུ་རེད་གོ ཁོ་ཚོས་རྟགས་གསལ་ཡིན་ན་ཅིག་གཏོང་རྒྱུ་ཡོད་པ་དེ་མང་ཆེ་བ་རང་གི་ལྟ་བ་ཞིག་མཁྲེགས་བཟུང་དང་ཨུ་ཚུགས་བྱེད་པའི་ཆེད་དུ་གཏོང་གི་འདུག རང་གི་ལྟ་བ་དེ་ག་དུས་ཡིན་ན་ཡིན་པའི་ཕྱིར། ཡིན་པར་ཐལ་ཟེར་ནས་སྐད་ཆེན་པོ་དེ་འདྲ་རྒྱབ། རྐང་པས་ས་རྡབ། ལག་པས་ཐལ་མོ་རྡབ་དེ་འདྲ་ཁྱད་མཚར་མོ་བྱེད་གི་འདུག གཞན་གྱིས་བཤད་པ་ཚང་མར་རྟགས་མ་གྲུབ། ཁྱབ་བ་མ་ཆུང་ཡིན་ན་ཅིག་ཟེར་ནས་དེ་ལ་རྒྱུ་མཚན་ཡོད་མེད་ལ་བསམ་བློ་ཁོ་རང་གཏོང་གི་མི་འདུག ཨོ་རྩ་བ་ཉིད་ནས་ཁས་ཁོ་རང་ལེན་གྱི་མི་འདུག
དཔྲལ་བར་རྩ་ཆེན་ཞིག་དང་མཇིང་བར་རྩ་ཆེན་ཞིག་སྦྲེངས་ནས་གནམ་འོག་གི་བདེན་པའི་གནས་ལུགས་ཚང་མ་ཁོ་རང་གི་རྟགས་མ་གྲུབ་དང་ཡིན་པའི་ཕྱིར་ནང་ལ་ཡོད་བསམ་གི་མེད་འགྲོ་བསམ་པའི་ཚོར་བ་ཞིག་རང་བཞིན་གྱིས་ང་ཚོར་སྟེར་བར་བྱེད།
འདི་ནས་མར་ངས་ཁྱེད་ཚོར་སྒྲུང་ཞིག་བཤད། སྔོན་མ་ཞིག་ལ་ཨ་མདོ་བྱ་ཁྱུང་དགོན་པའི་གྲྭ་བ་ཞིག་བླ་བྲང་ལ་ཡོང་གི་ཡོད་པར། བླ་བྲང་གི་གྲྭ་བ་མགོ་མཁྲེགས་ཁ་ཤས་ཀྱིས་ལམ་ནས་སྒུག་བསྡད་པ་རེད་ཟེར། དང་པོ། ཨ་རོ་ཨ་ཁུ་ཆ་བོ། ཁྱེད་ཚོ་གང་ནས་ཡིན་དྲིས་པར། ངེད་ཚོ་བྱ་ཁྱུང་ནས་ཡིན་ལབ་པ་དང་། བྱ་ཁྱུང་ཡིན་ན་ཁྭ་ཏ་གཞི་གྲུབ་པའི་ཕྱིར་ལབ་པ་རེད་ཟེར། བྱ་ཁྱུང་གི་ཨ་ཁུ་ཞིག་གིས་བླ་བྲང་དགོན་པ་ལས་བྱ་ཁྱུང་དགོན་པ་རྙིང་པ་ཡིན་ཚུལ་ཞིག་བཤད་པར། དེས་ན་རྭ་དང་རྣ་གཉིས་གི་ནང་ནས་སྔོན་ན་རྣ་སྐྱེས་ནི་རེད་དྲ་རྭ་གི་ངར་ག་ཟེར་ནས་བྱ་ཁྱུང་གི་ཨ་ཁུ་དེ་ཚོ་ཁ་གྲག་རྒྱུ་མེད་པ་བཟོས་པ་རེད་ཟེར། མཚམས་མཚམས་དེ་འདྲའི་སྐོར་ལ་ཁོ་ཚོས་འཁོར་གསུམ་བསྐོར་བ་རེད་ཡིན་ན་ཅིག་ཟེར། ད་རུང་ཁ་ཤས་ཀྱིས་ཚར་བཅད་པ་རེད་ཡིན་ན་ཅིག་ཟེར། མདོར་དེད་ན། ཁོ་ཚོས་ཚིག་འཁྲི་ཞིག་དང་སྐོར་ལོག་ཅིག་བཤད་པ་ཙམ་རེད། བྱ་ཁྱུང་ནས་ཡིན་པ་དེ་ཚོ་སྔར་བཞིན་བྱ་ཁྱུང་གི་ཡིན་པ་དང་བྱ་ཁྱུང་ལབ་རང་ལས་རྒན་པ་ཡིན་པའི་བདེན་པའི་གནས་ཚུལ་དེ་སྔར་བཞིན་ལས་འགྱུར་བ་གང་ཡང་གཏོང་ཐུབ་ཡོད་པ་མ་རེད། ད་དེ་འདྲ་རེད། སའི་གོ་ལ་རིལ་རིལ་རེད་ཟེར་ན་ད་རུང་ར་མགོ་རིལ་དེ་ཚོའི་ནང་ན་ཁས་མི་ལེན་མཁན་ཡོད་པ་རེད། ཁོ་ཚོའི་བསམ་ཚུལ་དེ་ནམ་ཡིན་ན་བདེན་པར་སྒྲུབ་དགོས་པ་རེད། དེ་ལ་འགྱུར་བ་ཡོད་པ་མ་རེད། དེ་འདྲ་ཡིན་ཙང་དགེ་བཤེས་ལགས་དང་རྩོད་པ་མ་བྱེད། ཀ་བ་ལགས་དང་རྡུང་ཁ་མ་རྒྱག་ཟེར་བའི་གཏམ་དཔེ་དེ་བྱུང་བ་རེད།
དོན་དངོས་སུ་གཏམ་དཔེ་དེས་ཁོ་ཚོ་གླེན་པ་ཨུ་ཚུགས་ཆེ་བ་དེ་སྟོན་གི་ཡོད་པ་རེད་དེ། ཁོ་རང་ཚོའི་སེམས་ལ་ངེད་ཚོ་མཁས་པ་ཡིན་པ་དང་གཞན་གྱིས་གླགས་མི་འཁེལ་བ་དེ་སྟོན་གི་ཡོད་བསམ་གི་ཡོད་པ་རེད།
ཐེངས་གཅིག་ངས་དགེ་བཤེས་འདི་ཚོ་ཅིའི་ཕྱིར་འདི་འདྲ་མགོ་མཁྲེགས་པོ་རྡོ་འདྲ་བ་རྐྱང་ཡིན་པའི་སྐོར་བསམ་བློ་ཞིག་བཏང་བ་ཡིན། ད་དངོས་གནས་བཤད་ན་ཁག་མི་འདུག ཚེ་གང་བོར་ཡིན་པའི་ཕྱིར། ཡིན་པར་ཐལ་ཟེར་ནས་རང་གི་ལྟ་བ་སྒྲུབ། རྟགས་མ་གྲུབ། ཚ་ཟེར་ནས་གཞན་གྱི་ལྟ་བར་དགག་པ་རྒྱབ་དེ་འདྲ་བྱས་ཡོང་པ་རེད། ཁོ་རང་ཚོས་དགག་སྒྲུབ་ཡིན་ན་ཅིག་ཟེར་ནས་རྩ་ཆེན་པོ་ཞེད་པོ་རྩི་གི་མི་འདུག་གེ
ཁོ་རང་ཚོས་ཁ་སངས་པོ་བྱས་ནས་ཞེད་སྣང་འཚེར་སྣང་གང་ཡང་མེད་པར་ལྷོད་ལྷོད་བྱས་ཇ་འཐུང་ཞོར་དུ་ཤོད་ཀྱི་འདུག་ག། ཡིན་པ་མིན་པར་སྒྲུབ་དགོས་པ་རེད། མིན་པ་ཡིན་པར་སྒྲུབ་དགོས་པ་རེད། ཨོ་ད་དེ་ཡིན། དེ་ཁོ་རང་ཚོའི་དམིགས་ཡུལ་ཡང་རེད།
མགོན་པོ་ཕྱག་གཉིས་ལགས།
ཁྱེད་ཀྱིས་བཤད་པ་བདེན་པ་རེད། ཁྱོད་ལ་ཁག་ཡོད་ནི་མ་རེད། སྔོན་མ་ཁྱེད་དང་པདྨ་འབུམ་གཉིས་ནས་སློབ་ཆུང་ནང་གི་དར་ཆ་དམར་པོ་སྐེར་བཅིངས་ནས་རྡ་རམ་ས་ལར་བསླེབས་ནས་དམར་དམག་གི་ལྟ་བ་རྐྱང་རྐྱང་བཤད་སྐབས་བླ་རྒན་མགོ་མཁྲེགས་པོ་ཅན་ཞིག་གིས་ཁྱེད་ཀྱི་མགོར་རྡོ་གིས་བརྒྱབས་ནས་ཁྲག་ཛར་སེ་བཏང་བ་རེད། དུས་དེ་ནས་བཟུང་བླ་རྒན་མགོ་མཁྲེགས་ཚོས་བདེན་པ་བརྒྱ་དང་སྟོང་བཤད་ནའང་ཁྱེད་གཉིས་ཀྱིས་ཁས་ལེན་ནི་མ་རེད།
པདྨ་དང་ཁྱེད་ཚོ་ནུབ་ཕྱོགས་ནས་ལོ་ཅི་ཙམ་འགོར་ན་ཡང་སྔོན་ཆད་རིག་གནས་བརྗེ་གི་་དུག་སྙིང་གི་རྩར་ཕོགས་ཚར་སོང་བས་དྲགས་ཐུབ་ནི་མ་རེད། ད་དུང་བླ་རྒན་ཚོར་བླ་རེ་བཙགས་ཐུབ་ན་སྙིང་ཚིམ་ཡོང་གི་ཡོད་ནི་རེད།
མགོན་པོས་བཤད་པ་ནང་བཞིན་རེད་ཡ། ཀླད་རྙིང་དེ་ཚོ་ལ་སྐད་ཆ་བཤད་པས་ཅི་བྱ།
དམ་བཅའ་མ་ཟིན་དུས་གསར་བཏོན་ཡིན་ཟེར་གྱི་རེད། ཡང་ཁོ་རང་ཚོའི་ལུགས་དང་
མ་མཐུན་དུས་་ན་ལེཎྜ་ལ་ཁུངས་གཏུགས་ཀྱི་ཡིན་ཨཱ་ཙརྱ་དེ་ཚོའི་ལུངས་དྲོངས་ཤོག་
ཟེར་གྱི་རེད། རྣམ་རྟོགས་གཏིང་ཚུགས་པ་ཞིག་ཡོད་པ་མ་རེད། རྙིང་རྗེ་བྱ་བའི་ཡུལ་རེད་
གཞོན་ནུ་ཟླ་མེད་ཟེར་བ་འདི་དང་སྒོམ་སྡེ་འདི་ཚོའི་རིགས་དེ་ལ་ཨུ་ཚུགས་རང་ལུགས་
པ་ཟེར་ནི་རེད། ཞི་གནས་ལྷག་མཐོང་ཟེར་རྒྱུ་ཞིག་སྒོམ་དགོས་པའི་སྣང་བ་ཤར་གྱི་ཡོད་
ནི་མ་རེད། ཆོས་ཟེར་དུས་ཁ་རྩོད་རྒྱག་ཡ་གཅིག་པའི་ལ་བསམ་མནོ་བཏང་བསྡད་ཡོད་
རེད།ཚིག་ལ་མི་རྟོན་དོན་ལ་རྟོན་ཟེར་བ་ལས་གོ་ལྡོག་བྱེད་རྒྱུ་རེད།
བཀའ་བསྟན་ནང་ན་མེད་ནི་ཟིག་ང་ཚོས་སྦྱང་དགོས་དོན་ཡོད་ནི་མ་རེད། སངས་རྒྱས་
ཐབས་ཆ་ཚང་གསུངས་ཡོད་ནི་རེད། ཁོང་ཚོ་ལ་བཀའ་བསྟན་ནང་ཡོད་རབ་བཤད་ཀྱི་
ཡོད་ནི་མ་རེད་རྙིང་རྗེ། བཀའ་འགྱུར་ནང་ཡོད་ན་གང་ན་ཡོད། རྒྱུད་ནང་ན་ནི་མེད།
མདོ་སྡེའི་ནང་ན་ནི་མེད། འདུལ་བ་ནི་མེད། ཤེར་ཕྱིན་ནང་ནི་མེད། བསྟན་འགྱུར་ནང་ན་
ཡོད་ན་གང་ན་ཡོད། གལ་ཏེ་ཡོད་ན་ཚད་མའི་ནང་ཡོད་པ་རེད། སྡེ་བདུན་མདོ་དང་
བཅས་པའི་པ་ནི་མིན། དེ་དག་གི་འགྲེལ་བཤད་ནི་བསྡུས་གྲྭ་མིན། ཞི་འཚོ་དེ་ཁོ་
ན་ཉིད་ནི་མིན། ད་གང་ཡིན།གཞུང་གཞན་པ་དེ་ཚོ་ནི་བསྡུས་གྲྭ་
ད་ག་བ་ག་བ་ ཚད་མའི་སྡེ་ཚན་ཁོ་རང་ཡོད་ནི་མ་རེད།
ཆོས་རྗེའི་ཞལ་སྔ་ནས། བསྒྲུབ་དང་གཞན་སེལ་རྣམ་དག་གི །མིག་དང་བློ་གྲོས་གསལ་ལྡན་པ། །རྟོག་གེ་པ་དེ་ཤེས་བྱ་ཡི། །དེ་ཉིད་ལྟ་ལ་ཀུན་མཁྱེན་འདྲ། གསུངས་སོ།
བློ་བཟང་ལགས་ནས་ལོག་བཤད་བྱས་འདུག དཔའ་རིས་རབ་གསལ་དེ་འཇུ་མི་ཕམ་ནང་བཞིན་གྱི་མཁས་པ་གང་ཡང་མ་རེད། ཁོང་གཉིས་ཀྱི་སུ་ཕམ་སུ་རྒྱལ་ནི། དགག་ཡིག་དག་ལ་ལྟོས་དང་དེར་གསལ། དཔའ་རིས་པས། རྩོད་པའི་མཐའ་འདུམ་པའི་སྐབས་ཀྱི་ཚིག་ན། དྲི་མེད་ལྷ་རྫས་བླ་རས་དཀར་པོ་འདི།། ཁྱེད་སྐུ་ས་འཛིའན་ཡངས་པའི་མཁའ་ལ་བྲེས།། ཞེས་སོགས་གསུངས་ཡོད། མ་གཞི་ནས་ཁོང་གཉིས་བར་གྱི་རྩོད་པ་དེ་གླེང་དགོས་ན། དེ་ནི་འཇུ་མི་ཕམ་ནས་རྗེའི་བསྟན་པ་འཛིན་དག་གིས་རྗེའི་བསྟན་པ་འཛིན་སྐྱོང་ལ་ཤུགས་སྣོན་གྱི་ཆེད་དུ་བཀྲམས་པའི་ཡིག་ཆ་དེར། སྟོད་སྨད་ཀྱི་མཁས་པ་མང་པོས་དགག་ལན་བྲིས་པ་མང་དུ་བྱུང་བ་དག་གི་ནང་ནས། དཔའ་རིས་རབ་གསལ་བ་འདི་གོ་རིག་ཅན་དུ་མཐོང་ནས་དགག་ཤགས་འགྱེད་གནང་བ་སོགས་ཞིབ་པར་ཤེས་པ་ཡིན་ན། གཟོད་ཤགས་འགྱེད་དེའི་དོན་སྙིང་ཞིག་ངོ་འཕྲོད་པ་ཡིན། དཔའ་རིས་རབ་གསལ་མཁས་པ་ཡིན་མིན་མི་ཤེས། མདོ་སྨད་ཀྱི་དགོན་སྡེ་ཁག་གི་ནང་གྲྭ་སྐོར་ཀྱི་སྐབས་ཤིག་ལ། ཁས་ལེན་ཆ་ཚང་ཤོར་ནས་མགོའི་མགོ་ལ་ཞོན་མཁན་བྱུང་བའི་ལོ་རྒྱུས་ཀྱང་ཡོད་པ་རེད། ཡིན་ནའང༌། ད་ལྟ་ང་ཚོས་བསྡུས་གྲྭ་འདི་སློབ་པས་དགོས་པ་ཡོད་མེད་གླེང་གི་ཡོད་པ་རེད། འཇུ་མི་ཕམ་གྱིས་བསྡུས་གྲྭ་དགོས་མཁོ་མེད་པར་གཟིགས་འབྲས་ལ། དཔའ་རིས་རབ་གསལ་གྱི་ལག་ནས་ཕམ་པ་དང༌། དཔའ་རིས་རབ་གསལ་རྒྱལ་ཡོད་དུ་ཆུག་ཀྱང༌། བསྡུས་གྲྭ་སྦྱངས་པ་དེས་རྒྱལ་བ་རེད་གསུངས་སྟངས་འདི་ནི། དཔའ་རིས་རབ་གསལ་ལ་དམའ་འབེབས་བྱེད་རེད་མ་གཏོགས། གཟེངས་བསྟོད་བྱེད་ནི་མ་རེད་ཨང༌།
ང་ལའང་སྒྲུང་ཞིག་ཡོད། ང་ཚོའི་གྲོང་པའི་ནང་གྲྭ་པ་བཅུ་གསུམ་ཙམ་ཡོད་པའི་ནང་གི་བཅུ་གཉིས་ཚང་མ་གཞུང་ཆེན་མོར་སློབ་སྦྱོང་བྱེད་མཁན་རེད། སྤོ་བོ་ཆོས་བཟང་གི་བུ་ཡར་འཕེལ་ནི་རྒྱུད་གྲྭ་པ་ཞིག་རེད། ལོ་བདུན་གྱི་སྔོན་ཅིག་ལ། གྲོང་པའི་ནང་གི་མི་ཚོས་ཡར་འཕེལ་ལྷ་བཞིན་དུ་བཀུར་བ་ཞིག་ཆགས། གཞན་ཚོ་ནི་སྔོན་གྱི་བཀུར་སྟངས་ནས་མར་ཟགས་པ་ཞིག་ཆགས། དེ་ནི་གཞན་གང་ཡང་མ་རེད། གྲོང་པའི་མི་ཚོས་བཤད་ཡག་ལ། ཡར་འཕེལ་གྱིས་ཆོས་གསུངས་མཁྱེན་གྱི་འདུག གཞན་ཚོས་ཁ་རྩོད་ཚིག་རྩོད་ལས་ཆོས་མཁྱེན་གྱི་མི་འདུག གྲྭ་པས་ཆོས་མཁྱེན་པ་གནང་དགོས་པ་རེད་མ་གཏོགས། ཁ་རྩོད་ཚིག་རྩོད་མཁྱེན་དགོས་པ་མ་རེད། ཁ་རྩོད་ཚིག་རྩོད་ནི་སྦྱོང་དགོས་པ་ཞིག་གང་ནས་ཡིན། ཅེས་སྨྲ་ཞིང་འདུག་ཟེར།
དཔེར་ན། བསྟན་པ་དབང་གྲགས་དང་སྤོ་བོ་ཉི་མ་གསལ་རྒྱལ་ལགས་གཉིས་ནས་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལས་འཕྲོས་ཏེ་གླེང་བཤད་རྒྱུན་རིང་ཙམ་བྱས་པའི་སྐབས་ལ། སྤོ་བོ་ཉི་གསལ་ནས་བསྟན་པ་དབང་གྲགས་གྲག་རྒྱུ་མེད་པར་བྱས་པ་དེ་ནས་བཟུང༌། གྲྭ་པ་བཅུ་གཉིས་པོ་དེ་ཆ་ཚང་གི་མཐོང་དང་ཆ་འཇོག་མར་ཟགས་འདུག་འདུག བསྡུས་གྲྭ་ཆོས་མ་རེད། ཆོས་བསྡུས་གྲྭ་མ་རེད། འདི་ནི་ང་ཚོའི་གྲོང་པའི་མི་ཚོས་གྲྭ་པ་ཚོར་སློབ་གསོ་རྒྱག་བྱེད་ཀྱི་ཚིག་ཆགས་འདུག
ཇོ་བོའི་ལུང་དེ་ལམ་སྒྲོན་རེད་ཟེར་བ་ངས་ལུང་ཁུངས་ནོར་འདུག ཇོ་བོའི་གསུང་གང་
ཡིན་ཞིག་ན་ཡོད་རྙེད་ན་སྟོན་ཆོག ལུང་ཁུངས་ནོར་བ་ལ་དགོངས་དག་ཞུ།
སློབ་ཕྲུག་འདི་ཚོའི་དུས་ཚོད་འཕྲོ་བརླག་གཏོང་བྱེད་
ཀྱི་རིགས་པ་འདིས་ཅི་བྱ། དེ་ལས་སུམ་རྟགས་དག་་གསུམ་ཡག་ཐག་ཆོད་ཅིག བོད་ཡིག་
འབྲི་བ་ལ་ཆགས་ཐོགས་མེད་ནི་ཟིག་ཡོང་ན་བཟང་གི ཟམ་གདོང་བླ་མས་་བཟོས་པ་
རེད་ཟེར། ཤེས་ཡོན་སྲིད་བྱུས་གསར་བ་ཞིག་ཡོད་རེད་ཟེར་སེམས་པ་དགའ་ནས་
སྒུག་བསྡད་ཡིན། ཉིན་གཅིག་ཚག་པར་ཞིག་ཐོག་ཨ་མ་རྗེ་བཙུན་མས་ཟེར་ན་ཤེས་ཡོན་
སྲིད་བྱུས་ལག་བསྟར་བྱེད་ཀྱི་མིན་ཟེར་གྱི་འདུག་ཟེར། ད་བོད་ཡིག་གི་མཐོང་ག་འདྲ་
ཞིག་ཆགས་ཀྱི་འདུག་ད་རུང་བསྡུས་གྲྭ་ཟེར་བའི་དོན་མེད་སློབ་སྦྱོང་འདི་འདྲ་ལ་མགོ་
འཁོར་ནས་ཕན་ཐོག་ས་རེད་དང་མ་རེད། སློབ་ཕྲུག་ཚོའི་མདུན་ལམ་ལ་བསམ་བློ་གཏོང་
དགོས་ནི་རེད་མ་གཏོགས་བླ་རྒན་རེ་ཟུང་གིས་ཨུ་ཚུགས་བྱས་བསྡད་ན་ག་
རེ་ཕན་ཐོག་གི་རེད། མི་མང་ལ་བསྡུས་གྲྭ་བསླབ་ནས་ག་རེ་བྱེད་ཀྱི་ཡོད་རེད།
ཉི་མ་མི་འགྲོ་མཁན་དེ་ཚོའི་སྒེར་ལུགས་ཞིག་ཡིན་ན་ཡང་ཐང་།
དཔལ་རིས་རབ་གསལ་དང་འཇུ་མི་ཕམ་གཉིས་ཀྱི་རྩོད་པའི་སྐོར་ང་ཚོ་འདྲ་ཞིག་གིས་
ཤེས་དཀའ།ཡིན་ན་ཡང་། དཔལ་རིས་པས། མི་ཕམ་ལ་ཕུལ་བའི་ཤེས་ལྡན་ཡིད་ཀྱི་གདུང་སེལ་
དང་ལྷན་དུ། ཞུ་ཤོག་ལས་འདི་ལྟར་གསལ་ཏེ། ཆོས་འབྱོར་སྤྲིན་གྱིས་ཕུང་པོ་འཁྲིགས་པའི་ཀློང་། །
ཁམས་ཞེས་གྲགས་པའི་གསེར་ལྡན་དཀྱིལ་འཁོར་དུ། །གྲགས་སྙན་ལྷ་ཡི་རྔ་ཆེན་ལྡིར་བ་ཅན། །
ངེས་དོན་ཆོས་ཀྱི་རྒྱལ་པོ་ཡིད་རེ་དགའ། །ཀུན་རྟོག་རྩ་སྦུར་མཆེད་པའི་མེ་རྟག་གིས།
།རེགས་པའི་ཉེས་ལྟུང་སྙིང་ནས་འཆག་པའི་ཕྱིར། །དྲི་མེད་ལྷ་རྫས་སྤྲིན་དཀར་བླ་རས་འདི།
།གང་སྐུ་ས་འཛིན་ཡངས་བའི་མཁའ་བྲིས། །ཞེས་སོགས་ཕུལ་འདུག་པ་འདིས་མཚོན་ནུས་སོ།
ལུང་འདི་ཇོ་བོའི་ནི་ཡིན་ངེས་ཡིན། ཇི་ལྟར་འགྲེལ་ནི་ཇོ་བོ་ལ་དྲིས། གང་ལྟར་ཚད་མ་མི་དགོས་པར་
བཤད་པ་ཞིག་རེད། རང་གི་རིག་གཞུང་ཡིན་ཀྱང་ཕན་ཐོག་མི་ཐོག་བལྟ་རྒྱུ་རེད། རང་གི་ཉོན་མོངས་པ་
རེད་ཅེས་བརྗོད་ནས་མ་སྤང་ན་འགྲིག་གི་རེད་པས། སྒོམ་སྡེ་ལྷ་རམས་པ་ལ་ལུང་རིགས་ཡོད་ན་ཡོད་
རན་རེད། དེང་སང་ནང་ཆོས་ལ་དགག་པ་རྒྱག་མཁན་དཔེ་མང་པོ་རེད། ད་ལྟ་བར་དུ་སྒོམ་སྡེ་ལྷ་
རམས་པ་ཟེར་བས་ལན་བྲིས་པ་མཐོང་མ་མྱོང་། ཁ་སྔོན་ལྷག་བསམ་རྒྱ་མཚོ་ཟེར་ཞིག་གིས་རྒྱ་ནག་
ནས་བོད་བརྒྱུད་ནང་བསྟན་ལ་དགག་པ་བརྒྱབ་པའི་དེབ་ལྔ་བཅུ་ཙམ་འདུག་ཟེར།
དེ་ཚོ་ལ་ལན་རེ་བྲིས་དང་། ད་རུང་བོད་ནང་གི་མཁས་པ་མང་པོས་ནང་ཆོས་ལ་དགག་པ་
དང་ཟུར་ཟ་ག་ཚོད་བྲིས་འདུག དེ་ཚོ་ལ་ལན་རེ་བྲིས་དང་ལྷ་རམས་པ་ཡིན་མིན་ཧ་གོ་ཡོང་།
ན་ནང་བོད་ནང་གི་གཅིག་གིས་ཐེག་པ་ཆེ་པོ་ལ་དགག་པ་ཧ་ལས་པ་བྲིས་འདུག་ཟེར།
རྩོམ་མཁན་གྱི་མིང་ལ་ཚ་བའི་མདའ་སྨྱུག་ཟེར་བ་དེ་རེད་ཟེར། ལན་བྲིས་དང་སུ་བཀག་
མཁན་ཡོད་མ་རེད།
མདོར་དེད་ན་པདྨ་དང་མགོན་པོ་གཉིས་མི་གཅིག་རེད། ཁ་ན་ཊ་ན་ཡོད་པའི་མགོན་པོ་ཟེར་བ་འདི་ཁ་བརྡའི་ནང་གི་ཁ་ཁ་གཏོང་མཁན་གཏེ་བོ་ཁྭ་ཏ་ནག་པོ་ཞིག་རེད།
གསེར་ཆོས་རིན་པོ་ཆེའི་གསུང་སྤྲུལ་གཅིག་གི་མཚན་ལ་གངས་ཕྲུག་ཞུ་གནང་གི་འདུག
ཡང་ངས་ཞུ་འདོད་པ་ནི་བསྡུས་གྲྭ་ལ་སྦྱངས་མཁན་དེ་ཚོས་ཡིན་པ་མིན་པར་སྒྲུབ་
ཐུབ་ན་བསྡུས་གྲྭ་སྦྱང་བའི་ཚད་ཡིན་ཟེར། མིན་པ་ཡིན་པར་སྒྲུབ་ཐུབ་ན་བསྡུས་གྲྭ་
སྦྱང་བའི་ཚད་ཡིན་ཟེར། ད་ངོ་མ་བཤད་ན་རིག་ཤེས་ཀུན་གྲོལ་ཟེར་བའི་ཞོག་དུང་གི་དེབ་
དེ་ལ་ལན་རྣལ་མ་ཞིག་ཕོག་མི་སྲིད་ཅེས་ངས་དམ་བཅས་ན་ཟིན་ངེས་པ་ཅན་ཡིན།
གཞོན་ནུ་ཟླ་མེད་དང་སྒོམ་སྡེ་ལྷ་རམས་པ་་ཟེར་བ་འདི་ཚོ་མང་པོ་ཞིག་ངར་འདྲ་ཞིག་
ལངས་འདུག རིག་ཤེས་ཀུན་གྲོལ་ནང་ན་ཕྱག་འཚལ་བ་དང་མཆོད་ཅིང་སོགས།
ཡན་ལག་བདུན་རེ་རེ་ནས་དགག་འདུག ད་བལྟ་དང་འདི་ཚོས་ལན་ཞིག་ཕོག་ཨེ་ཡོང་།
ཡོང་ན་བཟང་གི་ངས་བསྡུས་གྲྭ་ལ་དོན་ཕྲན་བུ་ཡོད་པར་ཁས་ལེན།
ད་ངོ་མ་བཤད་ན་ཡོད་པ་ཡོད་པར་སྒྲུབ་མི་ཐུབ་པའི་ས་ཚད་ལ་སླེབས་ཡོད་རེད།
སྤྱིར་འདི་ཚོས་རིགས་དེས་སངས་རྒྱས་ཤཱཀྱ་ཐུབ་ལ་ག་ཚོད་སྐུར་འདེབས་བྱས་ཀྱང་
མིག་གིས་མཐོང་གི་མེད་པ་འདྲ་ཞིག་འདུག སྒེར་ལུགས་ཞིག་ལ་ཅིག་ཟེར་གི་
བསམ་དུས་ཞེ་བོ་ཞིག་ངར་ལངས་ཡོང་གི་རེད། རྙིང་མ་རྗེ་སྟོན་པ་གཡུག་ནས་
བསྡུས་གྲྭས་སྐྱོབས་ཨེ་ཡོང་།
བསྡུས་གྲྭའི་རིགས་ལམ་འདི་གྲྭ་སར་དགོས་མཁོ་ཡོད་ཀྱི་རེད། རྩོད་པ་བྱས་ཏེ་གཞུང་ལུགས་ལ་བརྡར་ཤ་གཅོད་དུས་ནམ་རྒྱུན་ཁ་རྩོད་རྒྱག་རྒྱག་བྱས་ན་སྟབས་བདེ་བོ་ཡོད་ཀྱི་མ་རེད་ལ། དུས་ཚོད་ཀྱང་འཕྲོ་བརླག་ཡིན་རྒྱུ་རེད། དེ་ཡིན་དུས་ཐོག་མར་རིགས་ལམ་ལ་བྱང་དགོས་པ་གལ་ཆེན་པོ་ཡིན་རྒྱུ་རེད། གང་ལྟར་ངས་བསྡུས་གྲྭ་འདི་ཁ་རྩོད་རྒྱག་སྟངས་སྟབས་བདེ་ཞིག་རེད་བསམས།
འོན་ཀྱང་གཞི་རིམ་སློབ་གྲྭའི་སློབ་ཚན་དུ་བཞག་པ་ནི་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བྱེད་ཅིག་ཡིན་པས་གད་སྙིགས་ནང་དུ་གཡུག་དགོས་པ་ངོ་མ་བདེན་པ་རེད། དེ་དང་མཉམ་དུ་ང་ལའང་གད་སྙིགས་ནང་དུ་གཡུག་རྒྱུ་ཞིག་ཡོད། དེ་ནི་ཡིག་གཟུགས་སྦྱོང་རྒྱུ་དེ་ཡིན། དེས་ཀྱང་སློབ་ཕྲུག་ཚོའི་དུས་ཚོད་དང་ལག་དངུལ་ཚང་མ་ཟས་འགྲོ་གི སྦྱངས་སྦྱངས་ཀྱང་རྗེས་སུ་ཕན་ཐོགས་མེད་གི དེང་སང་ཡི་གེ་ལག་འབྲི་བྱེད་མཁན་གྱི་དགོས་མཁོའང་མེད་ཀ
མགོན་ཕྱག་དང་། པད་མ་སོགས་ཀྱིས་གསུངས་པ་འདི་ཅི་མ་བདེན། གྲྭ་བ་དམར་ལྡང་འདི་ཚོས་དགོན་པ་ན་ཡིན་མིན་གོ་ལྡོག་སྤྱད་ཅིག་གི་ཐོག་ན་མ་ཁོམ་པར་བསྡད་ཡོད་རེད་ཟེར་ན་མི་རློམ་རྒྱུ་ཅང་ཡང་མེད་ཀི། དགོན་པ་ནས་ལོ་བཅུ་བཅོ་ལྔར་བསྡད་པ་ཡིན་ཟེར་བ་དེ་འདྲའི་ནང་ན་སྙིང་རྒྱ་གདོན་གྱིས་ཟིན་པ་དེ་འདྲ་དམར་ཐར་ཐར་རེད། དྲ་ཐོག་འདི་ནའང་བླ་མ་ཅིག་ཅིག་ལ་ཁ་བཏང་སོང་ཟེར་ནས་ངར་ངར་ཕད་ཕད་བྱེད་པའི་དམར་ལྡང་མགོ་རིལ་ག་ཚོད་ཅིག་འདུག ཀླུ་སྨྱོན་ཡིན་ན་ཀླུའུ་སྨྱོན་ཡིན་ན་དེས་ད་ལོ་ཞིག་ལ་བོད་ཀྱི་གསར་རུ་ཁ་ཤས་ཀྱིས་ཆགས་སྲེད་སྙན་ངག་ཡིན་ན་ཅིག་འབྲི་གི་ཟེར་ནས་ངར་ངར་འདྲ་བྱས་སོང་མོད། ཁ་སྔོན་ཞིག་ནས་ཁོ་རང་འོག་སྨྱོན་ལ་སོང་སྟེ། ཁ་ན་ཅི་བཤད་འདི་བཤད་མེད་ཀི སྟབས་ཡག་ནས་མི་འདྲའི་གྲས་དེ་མགོ་སེར་ཚོའི་བསོད་ནམས་སུ་བབས་པ་རེད་མ་གཏོགས། བོད་མི་དམངས་ཀྱིས་བླ་སྤྲུལ་འདི་འདྲའི་གྲས་ལ་ཕྱག་འཚལ་དགོས་དུས། དེའི་ལྷག་གི་ཐུབ་ཚོད་དང་བརྙས་བཅོས་ཤིག་འཇིག་རྟེན་གནམ་འོག་འདི་ན་ག་ལ་ཡོད།
སྒོམ་སྡེ་ཟེར་བ་འདི་ལ་སྨྱོ་རྟགས་རང་མི་འདུག་མོད། འདི་འདྲའི་གྲས་ཀྱི་ཁ་དབང་འོག་ཏུ་སོང་བ་ཡིན་ན། སློབ་གྲྭའི་ནང་དུའང་བསྡུས་གྲྭ་བཙུགས་ཏེ་བྱིས་པ་ཚོའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་འགག་ཏུ་འཇུག་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད། རྒྱ་ནག་གུང་ཁྲན་གྱི་སློབ་གྲྭ་ཆེན་མོའི་འཛམ་གླིང་ལོ་རྒྱུས་དང་ས་རྒྱུས་ཀྱི་འབྲི་རྒྱུགས་ཀྱི་སྐབས་སུ། མི་མིང་དང་ས་མིང་གི་དག་ཆ་ལ་ནོར་འཕྱུག་གི་སྐར་མ་འཐེན་རྒྱུ་ཅང་མེད་པའི་བསམ་ཤེས་བྱེད་ཐུབ་ཀྱི་ཡོད་ནའང་། སྒོམ་སྡེ་ལྟ་བུའི་འདི་ཙམ་ལའང་གོ་ཤེས་མེད་པ་མ་ཟད། ད་དུང་ཁོང་ཚོའི་བསམ་དོན་དང་མི་མཐུན་པ་ཚོར་གླེན་པ་ཨུ་ཚུགས་ཚ་བོ་ཞེས་འཕྱ་ཞིང་སྡང་བའི་མཁྲེགས་བཟུང་བྱེད་པ་འདི་བསྡུས་གྲྭ་སྦྱངས་ནས་ཀླད་པ་རུལ་བ་ཡིན་རྒྱུ་རེད་འདོད་དོ།
པད་མ་ལགས་ཀྱིས་རྙིང་མའི་ཞབས་འདྲེན་ཞུ་གི་འདུག བསྡུས་གྲྭ་དོར་དགོས་ཟེར་མཁན་དེ་གཙོ་བོ་རྙིང་མའི་ཆོས་རྒྱུད་ནང་ཡོད། རྒྱུ་མཚན་ནི་བསྡུས་གྲྭ་དེ་རིག་པའི་ལམ་གྱི་སྒོ་ཕྱེ་བའི་གཞུང་ཞིག་ཡིན་སྟབས། དག་སྣང་དང་གཏེར་མ་དང་ལུང་བསྟན་གཙོ་བོར་བྱེད་མཁན་གྱི་རྙིང་མའི་བླ་མ་ཉུང་ཤས་དེ་ཚོར་མཚོན་ན། རིག་ལམ་ནི་དགོས་པ་མེད། ཁོང་ཚོར་གཙོ་བོ། དག་སྣང་དང་གཏེར་མ། ལུང་བསྟན་བཅས་ཡོད་སྟབས། དེ་དག་ལ་རིག་པ་དང་ཚད་མའི་རྒྱབ་གཉེར་མི་དགོས་ཤིང་། བརྟག་དཔྱད་དང་། བརྡར་ཤ། བརྩོད་པ་དང་ཚོད་ལྟ་སོགས་དགོས་པ་མེད། དེ་བས་ན། སངས་རྒྱས་ཀྱི་བཀའ། “དགེ་སློང་དག་གམ་མཁས་པ་རྣམས། ལེགས་པར་བརྟག་ལ་ང་ཡི་བཀའ།”ཟེར་བ་འདི་དགོས་པ་མེད། ནང་ཆོས་ཀྱི་གཞི་རྩ་དེ་བརྟག་དཔྱད་བྱས་ནས་ཐག་གཅོད་བྱེད་རྒྱུ་དང་པད་མ་ལགས་ཀྱི་རྙིང་ཆོས་ཀྱི་གཞི་དེ། དག་སྣང་དང་གཏེར་མ། ལུང་བཅས་ལ་གཞི་བཅོལ་སྟབས། དེ་སངས་རྒྱས་ཀྱི་བཀའ་དང་མཐུན་གྱི་ཨེ་ཡོད།
ནང་ཆོས་ཀྱི་རྒྱབ་གཉེར་གཙོ་བོ་དེ་ཚད་མར་བལྟོས། དེ་ཤེས་པར་རིག་ལམ་ལ་བརྟེན་གྱི་ཡོད། རྒྱལ་བ་རིན་པོ་ཆེས་ཉེར་འཆར་འདི་གསུངས་སོང་། “ཚད་མས་རྒྱབ་བརྟེན་བྱས་པའི་བློ་ཞིག་ཡིན་ན། ཇི་ཙམ་གྱི་བརྡར་ཤ་གཏོང་ན། དེ་ཙམ་གྱིས་དེའི་ཡོན་ཏན་དེ་དག་འཕེལ་ཡོང་གི་འདུག ཚད་མའི་རྒྱབ་གཉེར་བྲལ་བའི་བློ་བྱེ་བྲག་པ་དེ་ཚོ་ཁུངས་ཁྱོལ་གྱི་མིན་འདུག ཏོག་ཙམ་འགལ་བ་གཅིག་ཡོང་དུས་ཁུམས་འགྲོ་བཞིན་འདུག དཔེར་ན། བདག་འཛིན་གྱི་བློ་དེ་ཚོ་དེ་ལྟར་རེད། བདག་ག་པར་འདུག་ཅེས་”གལ་ཏེ་ཕུང་པོ་བདག་ཡིན་ན་”ཟེར་ནས་འདེད་ཡོང་དུས། བཟོ་ཤོར་འགྲོ་གི་འདུག དེར་བརྟེན། ཀླུ་སྒྲུབ་ཀྱིས། “སྐྱེ་བུ་ས་མིན་ཆུ་མ་ཡིན།”ཟེར་བ་འདི་ཚོ་གཙོ་བོ་ཚད་མའི་སྒོ་ནས་བདག་འཛིན་འདེད་ཀྱི་ཡོད་སྟབས། བདག་འཛིན་ལ་གནོད་པ་རྣལ་མ་ཞིག་ཡོང་གི་འདུག བདག་འཛིན་སྨན་བཟས་ནས་མེད་པ་བཟོ་ཡག་ཡོད་ན་ཆོས་དགོས་པ་མིན་འདུག བྱས་ཙང་འདིར་དཔེ་ཆ་བལྟ་ཡས་འདི་གལ་ཆེ་ཤོས་ཆགས་ཡོད།”གསུངས་པ་མི་དྲན་ནམ།
གོང་དུ་དམུ་རྒོད་ལགས་ཀྱི་མཆན་དེ་བློ་ལ་འབབ་པོ་ཅིག་རེད། དེ་དང་མཉམ་དུ་དྲི་བ་ཅིག་ཡོད་པ་ནི། ང་ཚོའི་བརྒྱུད་ཀྱི་བདག་འཛིན་ཡིན་ན་དེས། ས་དང་ཆུ་སོགས་རེ་རེ་ནས་བདག་དུ་མི་འཛིན་པར་ཚོགས་པ་དེ་བཟུང་ཡོང་གི་འདུག ཁྱད་པར་དུ་བུ་མོ་ཅིག་ལ་དགའ་ཡོད་དུས། མོ་རང་གི་མཛུབ་མོ་སོགས་རེ་རེ་ནས་མི་དགའ་བར། མོ་རང་གི་ཚོགས་པ་དེ་ལ་དགའ་ཡོང་གི་འདུག དེ་བཞིན་དུ་མོ་རང་གི་ཕུང་བོའི་ཚོགས་པ་དེ་ཉིད་མོ་རང་དུ་བཟུང་ཡོང་གི་འདུག དེ་ནས་རིམ་བཞིན་ཡན་ལག་རེ་རེ་ལ་ཡང་དགའ་ཡོང་གི་འདུག དེ་ན་ཡན་ལག་རེ་རེ་ནས་མོ་རང་ཡིན་པ་འགོག་ཐུབ་ན་ཡང་། ཚོགས་པ་དེ་ཉིད་མོ་རང་ཡིན་པ་རྩ་ནས་འགོག་ཐུབ་ཀྱི་མི་འདུག ཡ་ད་ཚོགས་པ་དེ་ཉིད་ལ་མོ་རང་འགོག་པའི་རིགས་པ་ཅིག་གསལ་བོར་བཀོད་རོགས།
བསྡུས་ར་འདི་ཆ་བ་ཆོས་སེང་སོགས་བོད་གངས་ཅན་གྱི་རིགས་པའི་སེང་ཆེན་བརྒྱད་དུ་གྲགས་པ་ཚོས། ཞི་བ་འཚོའི་ཚད་ཆེན་དང་། ཕྱོགས་གླང་ཡབ་སྲས་ཀྱི་རིགས་པའི་ཉུང་ཁུ། ད་དུང་ཐལ་འགྱུར་ཆེ་ཆུང་གི་སྐོར་སོགས་ནི་འཕགས་པ་ལྷ་ཡབ་སྲས་ཀྱི་གཞུང་ལས་ཁུ་བསྡུ་བྱས་ནས་བཀོད་པ་རེད། ད་དེ་ཚོ་རྒྱས་བཤད་བྱས་ནས་དགེ་བ་མི་འདུག་པས་དེ་ལས་འདི་ཚོས་འགོག་སྟངས་ལ་ལྟོས་འ།
བསྡུས་ར་མི་དགོས་པར་ཇོ་བོའི་ལུང་བཀོད་ཀྱི་འདུག ཡང་ཇོ་བོའི་སྔ་རོལ་དུ་བསྡུས་ར་མེད་པར་ཡང་འདོད་ཀྱི་འདུག ཇོ་བོའི་སྐབས་སུ་བསྡུས་ར་མེད་ན་ཇོ་བོས་ཇི་ལྟར་འགོག འདི་ལ་ལན་རྒྱབ་བཅུག་དང་། འདི་ཚོས་རྕིས་གཅིག་ལ་ཤེས་ཀྱི་མ་རེད། བོད་ལ་བསྡུས་ར་ག་དུས་ནས་དར་བ་རེད། ཇོ་བོས་ག་དུས་བསྡུས་ར་མི་དགོས་པར་གསུངས་པ་རེད། བསྡུས་ར་མ་ཤེས་ན་འདི་འདྲ་ཡོད་པ་རེད།
བཀའ་བསྟན་ན་མེད་ཟེར། ཁ་སང་ཀླུ་སྨྱོན་གྱིས་བསྡུས་ཚན་སོ་སོའི་མིང་བཀོད་པ་དེས་ངོ་ནས་བཤད་ན་བཀའ་བསྟན་ན་ཡོད་པར་ཤེས་དགོས་ན་ཡང་། ལུག་གི་བུ་དེ་ཚོས་ཅི་ལྟར་ཤེས། ད་དུང་གད་སྙིག་ནང་དུ་གཡུག་དགོས་པ་རེད་ཡིན་ན་ཅིག་ཟེར། རེད་བོད་ལ་ཚད་མ་རིགས་པའི་སྐོར་ཡོད་རུང་ནི་མ་རེད། ཚད་མ་རིག་པའི་གཞུང་ལུགས་ཡོད་ན་རང་ཉིད་ཀྱིས་གང་འདོད་འདོད་དུ་བཤད་པའི་རྫུན་ཕུགས་བརྡོལ་འགྲོ་ནི་རེད། རང་ཉིད་ཀྱི་རྫུན་ཕུགས་མི་བརྡོལ་བའི་ཆེད་དུ་རང་གི་འཁོར་ཡུག་ནས་ཚད་མ་རིགས་པའི་གཞུང་ལུགས་གད་སྙིགས་ནང་དུ་གཡུག་དང་། དེ་ནས་རང་གི་འཁོར་ཡུག་ལ་རྫུན་ལུང་པ་གང་བཤད་ན་འགྲིག་གི་རེད།
ཡང་བོད་ནང་ན་ཆོས་ལུགས་ལ་དགག་པ་རྒྱགས་མཁན་འདུག བསྡུས་ར་ཤེས་མཁན་དེ་ཚོས་དགག་པ་རྒྱགས་ན་དེ་ཚོ་ལ་རྒྱོབ་ཟེར། སེམས་ཁྲལ་དགོས་པ་མ་རེད། བསྡུས་ར་ཤེས་མཁན་བོད་ཕྱི་ནང་གཉིས་ཀ་ན་ཁེངས་བསྡད་ཡོད་པ་རེད། བོད་ནང་གི་མཁས་དབང་དེ་ཚོས་འཁུར་མཉམ་ལེན་བྱས་ནས་བསྡུས་རའི་རིགས་པས་ཐལ་བའི་རྡུལ་ཕྲན་བཞིན་དུ་བཟོ་བཞག་གི་རེད། མདོར་ན་དེ་ནི་རིགས་པའི་གཞུང་ལུགས་གཉིས་ཀྱི་བསྟད་སོ་ཡང་དེ་རེད། ཆོས་ཡོད་ཆོས་མེད་གཉིས་ཀྱི་རིགས་པས་འགལ་མཚམས་ཡང་དེ་རེད། ཆོས་ཡོད་ཆོས་མེད་གཉིས་ཀྱི་དམིགས་ཡུལ་སྐོར་ལ་མང་ཙམ་འབྲི་དགོས། ཡིན་ན་ཡང་ཁྱོད་ཚོ་ལ་རིགས་པའི་གཏད་སོ་འདི་ཡིན་ཟེར་བ་ཅིག་ཡོད་པ་མ་རེད། འཇིག་རྟེན་ཁ་དཔེ་ལ། ཤྭ་ཁྱི་ཤྭ་བོ་རིག་ནས་འབ། །སྒོ་ཁྱི་ཧ་མ་ཧེབ་ལ་འབ་ཟེར་བ་དེ་རེད།
འདིར་པད་མ་ཟེར་བ་དེ་ཕོ་འམ་མོ་རྒྱའམ་བོད་ཁ་ཆེ་སོགས་སྐྱ་སེར་གང་ཡིན་མ་ངེས་ཀྱང་།
དངོས་གནས་བོད་མི་ཡིན་པ། བོད་ལ་ཤ་ཞེན་ཡོད་པ་ཞིག་ཡིན་ན། དེ་འདྲའི་འོས་མེད་ཀྱི་བསམ་འཆར་སྐྱུག་བྲོ་བ་བཤད་མཚམས་ཞོག་ལ་བག་ཡོད་པར་བྱོས་ཞེས་བོད་རིགས་ཞིག་ཡིན་པ་གཞིར་བཞག་གིས་བསྐུལ་མ་བྱས་པ་ཡིན། བདག་ནི་བོད་ཀྱི་རིག་གནས་ལ་སྦྱང་བ་དམན་པ་ཅི་ཡང་མི་ཤེས་མཁན་ཞིག་ཡིན་མོད། པད་མ་ཟེར་བ་འདིས་བཤད་སྟངས་ལ་བལྟས་ན།
བསྡུས་གྲ་འགོག་བྱེད་ཀྱི་རིགས་ལམ་ཞིག་ཕར་ཟད། བོད་མི་རང་བཞིན་པའི་ཕལ་སྐད་ཞིག་གིས་ཀྱང་ཆ་རྐྱེན་མ་འཛོམས་པར་རང་ཚིག་ཕྱི་མས་རང་ཚིག་སྔ་མར་རྒོལ། ཡིན་པ་སྒྲུབ་བྱེད་ལ་མིན་པ་གསལ་སྟོན། མིན་པ་འགོག་བྱེད་ལ་ཡིན་པའི་བདེན་རྟགས་བརྗོད་པ་འདི་འདྲ་བ། ད་དུང་སྔོན་བྱོན་མཁས་པའི་གསུངས་ཚིག་ལ་ལོག་འགྲེལ་གྱིས་གསལ་ཁ་བྱེད་ཁུལ། སྣང་དཔེར་མུན་འགོད་ཀྱིས་མགོ་མཚུངས་འགོད་ཁུལ་སྣ་ཚོགས་ཞིག་བཤད་ཀྱང་། ་་ཨ་ལེ་ཅིག་བྱས་ན་སྨྱོན་པ་ཞིག་ལ་ཐང་མེད། ཡང་མིན་ན་དྲ་གྲོགས་ཚོར་ཚོད་བགམ་པ་གང་ཡིན་ཅི་ཆ་ཡོད། མཐོལ་ལོ་བཤགས། དྲ་གྲོགས་ཚོ་ཚིག་འདིའི་རང་བཞིན་བརྗོད་པ་ལས་བཤད་མཁན་སུ་ཡིན་ཤེས་ནས་མིན།
པདྨ།
ཟླ་འོད།
མགོན་ཕྱག
ཁྱོད་ཚོར་ཚིག་ངན་རེ་ཟུང་སྨྲ་དུས་སྐད་ལོག་ལུང་པ་གང་རྒྱག་གི་འདུག ཁྱོད་ཚོས་མཐོ་ས་༸རྒྱལ་བ་རིན་པོ་ཆེ་ཡན་ཆད་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངན་སྨད་བྱེད་པར་ཡ་ང་བག་ཚ་སྤུ་ཙམ་མི་འདུག
ཁྱོད་ཚོས་༼བསྡུས་གྲྭ་ཟེར་བ་འདི་གད་སྙིགས་ནང་གཡུག་ཞོག༽ཅེས་པ་དང་དེ་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བརླག་རེད་ཟེར་བ་སོགས། ངན་སྨད་བྱ་ཡུལ་དེ་༸རྒྱལ་བ་རིན་པོ་ཆེ་རེད། ངས་ཤེས། ཁྱོད་ཚོ་ལ་ཚིག་རྩུབ་སྨྲས་ཀྱང་སྨྲ་འོས་པ་རེད།
༸གོང་ས་མཆོག་གིས་མཚན་ཉིད་ཀྱི་རིག་པ་འདི་ཐོག་མར་གདན་ས་ཁག་ལ་མ་གཏོགས་མེད་ནའང་། ཁོང་གི་ཐུགས་བསྐྱེད་བྱིན་མཐུས་རྒྱུད་གྲྭ་སྟོད་སྨད་དང་། རྣམ་རྒྱལ་གྲྭ་ཚང་། གནས་ཆུང་། ཐ་ན་བཙུན་མགོན་ཚུན་ཆད་ལ་ཁྱབ་པའི་བཀའ་དྲིན་མཛད་ཡོད། སྔོན་མ་ཡིན་ན་དགོན་པ་དེ་དག་ལ་ཆོ་ག་ཕྱག་ལེན་མ་གཏོགས་མེད། ད་ལྟའི་ཆར་ཆ་ཤས་ཡོངས་སུ་རྫོགས་པའི་དགོན་པ་དག་ཏུ་གྱུར། དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རེད། ད་ཁོང་ནས་དེ་འདྲའི་ཡོན་ཏན་དེ་གྲྭ་བཙུན་ཙམ་དུ་མ་ཟད་ཁྱིམ་པ་ལའང་བསྩལ་བར་རྩོམ་པ་ན། ལས་ངན་རྣམ་རྟོག་སློང་མཁན་ཁྱེད་ཚོ་གྲོག་ཁ་ལ་ཡོད་པ་ལྕེས་འབུད། ཅེས་པའི་དཔེ་ལྟར་བསོད་ནམས་ཀྱི་རྒྱབ་རྟེན་མེད་པ་ཡིན་ཙང་འཇུ་གི་ཡོད་མ་རེད།
ཁྱོད་ཅག་ལ་འདི་བོད་ཀྱི་གཏམ་དཔེར།
བོང་བུ་བསླངས་པའི་ཡག་བྱུང་མེད་པར།
རྔ་མ་བུད་པ་ཡལ་ལ།
ཞེས་པའི་དཔེ་ལྟར་གྱུར་ཏོ། །
བསྡོམས་བརྒྱབ་ནས་བཤད་ན།
སློབ་ཕྲུག་ཚོར་བསྡུས་གྲྭ་བསླབས་ན་ཏན་ཏན་རིག་པ་ཡག་ཏུ་འགྲོ་གི་རེད། གལ་ཏེ་ཕན་ཐོགས་ནའང་གནོད་བསྐྱེལ་གྱི་མ་རེད། ཁྱོད་ཚོ་བྱ་ཚང་ནང་རྡོ་གཡུགས་པ་ལྟར་སྐད་ལོག་རྒྱག་དགོས་དོན་མི་འདུག སྐད་ལོག་རྒྱག་དགོས་ས་མང་པོ་འདུག ཁྱེད་ཅག་ལ་མི་གསོད་ཤོག་ཟེར་གྱི་ཡོད་མ་རེད། དཔེ་ཆ་ལྟོས་ཞེས་བསྐུལ་མ་མཛད་པ་རེད།
སྒོམ་སྡེ་ལགས། ངས་ཁྱེད་ལ་སྐུ་རྩེད་ཞུས་པ་ཡིན། ཁྱེད་རང་ལྷག་བསམ་རྣམ་དག་ཡིན་པ་ཤེས་ཀྱི་ཡོད། ང་ནི་ཀླུ་སྨྱོན་ལ་ཀུ་རེ་རྩེད་དུ་ཡོང་བ་ཡིན་མོད། ཁོང་ལ་ཆམ་པས་མནར་ཡོད་པ་འདྲ། རྗེས་མ་ཁྱེད་ཀྱི་མདུན་ནས་ཆོས་ཀྱི་ཤེས་བྱའི་སྐོར་ལ་སློབ་སྦྱོང་ཞུ་གི་ཡིན།
ད་གསར་མ་རྙིང་མ་ཅང་མི་ཤེས། འདི་ཚོའི་རིགས་འདི་ཕྱི་དགྲ་མགོ་གཅོག་པའི་ཐོ་བ་མེད་ནི་
རེད་མ་གཏོགས། ནང་རྫ་རྐུག་འཕུད་པའི་ཁུ་ཚུར་ཡོད་ས་རྐྱང་རྐྱང་ཡིན།
ཐུའུ་བཀན་གྲུབ་མཐའ་ལས། དག་སྣང་ནི། གང་ཟག་རྒྱུད་ཚོད་མཐོན་པོ་རྣམས་ལ་ཡིད་དམ་
ལྷག་པའི་ལྷས་་དངོས་བསྟན་པའི་ཆོས་སྟེ། འདི་ཡང་གྲུབ་མཐའ་ཚང་མ་ལ་ཡོད་ཀྱང་རྙིང་
མའི་ཕྱོགས་མང་ཙམ་ཞིག་བྱུང་ངོ་། ཞེས་གསུངས་པ་ལུང་ཇི་བཞིན་པ་མི་དྲན་ཡང་དོན་དེ་
ལྟར་ཡིན། མཁས་པ་གཟུ་བོར་གནས་པའི་གསུང་ཞིག་རེད། དག་སྣང་ཟེར་བ་འདི་ཐོགས་
མེད་ཀྱིས་བྱམས་པ་སྒྲུབ་པའི་ལོ་རྒྱུས་ལས་བལྟས་ན་གསལ་བོ་གོ་རྒྱུ་རེད། ཐོགས་མེད་
ཀྱིས་བྱམས་པ་ལས་བྱམས་ཆོས་སྡེ་ལྔ་གསན་པ་དེ་ཡང་ཐོགས་མེད་ཀྱི་དག་སྣང་རེད།
ལས་པ་མ་དག་པ་སྒྲིབ་པ་ཅན་དེ་ཚོས་བྱམས་པ་མཇལ་ཡང་མ་ནུས་ན་ཆོས་གསན་པར་
ག་ལ་ནུས། དག་སྣང་ནི་རྒྱ་བོད་གཉིས་ཀ་ལ་སྔར་ནས་ད་བར་མང་དུ་བྱུང་ཡོད།
ཨ་སྒོམ་སྡེ་ད་ཁྱོད་ཀླད་ལོག་བསྡད་ཡོད་ས་རེད། ང་དང་པད་མ་དང་ཟླ་འོད་ངེད་ཚོ་མི་གསུམ་རེད། བཤད་པའི་སྐད་ཆའང་ཁ་ཁ་རེད། ཁྱེད་རང་གིས་ངེད་གསུམ་ཟླ་སྒྲིལ་བཏང་ནས་བཤད་དགོས་དོན་ག་རེ་རེད། ངས་འདིའི་ནང་ལ་མཆན་གཉིས་མ་གཏོགས་བཏབ་མེད་ད། བསྡུས་ར་གད་རྙིགས་ནང་ལ་གཡུག་དེ་འདྲའང་བྲིས་མེད་ད། མཆན ༢༨ ནང་། གྲྭ་བ་བསྡུས་ར་སྦྱོངས་མཁན་ཞིག་གི་སྐོར་བྲིས་ཡོད། དུས་ཚོད་མང་པོ་འཕྲོ་བརླག་ལ་གཏོང་གི་ཡོད་པ་འདྲ་བྲིས་ཡོད། དེར་ལན་ཡོད་ན་བདག་པོ་རྒྱག་གི་ཡིན། གཞན་པ་ཁྱེད་རང་ལ་ཡ་བྱེད་གི་མིན། དེ་ནས་མཆན༣༨ ནང་། དགེ་མཤེས་ཚོ་མགོ་མཁྲེགས་པོ་ཡིན་པའི་སྐོར་བྲིས་ཡོད། བསྡུས་ར་དེ་ཡང་སེ་རང་ཉིད་ཀྱི་ལྟ་བ་མཁྲེགས་བཟུང་བྱེད་པའི་ཆེད་བེད་སྤྱོད་གཏོང་གི་འདུག་བྲིས་ཡོད། དེ་ལ་ལན་ཡོད་ན་བདག་པོ་རྒྱག་གི་ཡིན།
བསྡུས་ར་དགོས་མི་དགོས་སྐོར་ལ་ད་རུང་བསམ་ཚུལ་བརྗོད་མེད། དེ་གཙོ་བོ་གྲྭ་བ་ཚོས་བཤད་ན་ཡག་པོ་རེད། ངས་ཕྱི་ཚུལ་ནས་བལྟས་ཡོང་ན། གད་སྙིགས་ནང་གཡུགས་ཟེར་ན་མི་ཤེས་དེ་སློབ་པའི་དུས་ཚོད་དང་། སློབ་སྟངས་སོགས་ལ་གཅིག་བྱས་ན་འགྱུར་བ་གཏོང་རྒྱུ་དེ་འདྲ་མེད་འགྲོ་བསམ། པདྨ་ལ་ཁྱེད་ཚོས་གཤེ་གཤེ་བཏང་ན་ཡག་པོ་མ་རེད། ཁོས་བསྡུས་ར་མི་དགོས་པའི་སྐོར་ཚོད་བཤད་མིན་པར་རྒྱུ་མཚན་བགྲངས་འདུག་ག དེ་ཡིན་ན་ཁྱེད་རང་ཡང་ཁོང་ཁྲོའི་གཞན་དབང་དུ་ཤོར་ནས་མི་ལ་གཤེ་གཤེ་བཏང་ན་ཡག་པོ་མ་རེད། རྒྱུ་མཚན་བགྲང་པ་ཡིན་ན་མི་སུ་ཡིན་ནའང་ཉན་གི་རེད།
བསྡུས་ར་སློབ་གྲྭའི་སློབ་དེབ་ནང་འཇོག་གི་ཡིན་ཟེར་བ་དེ་ངས་བལྟས་ན་ཡག་པོ་མ་རེད། སློབ་གྲྭའི་སློབ་དེབ་ནང་ད་ལྟ་ཡོད་པའི་བོད་ཡིག་སློབ་དེབ། དེའི་ཐོག་རྒྱལ་རབས་ཆོས་འབྱུང་། ད་རུང་རིགས་ལམ་དང་ནང་ཆོས་སོགས་མང་དྲགས་ནས་ཡག་པོ་ཞིག་སྦྱོང་ཐུབ་གི་མི་འདུག་ག ད་རུང་སྔོན་མ་ཡིན་ན་དེ་ལས་ཀྱང་མང་ང་ཡོད་པ་རེད། ངས་བལྟས་ན་ད་རུང་རྒྱལ་རབས་ཆོས་འབྱུང་དང་རིགས་ལམ་ནང་ཆོས་ཀྱང་དགོས་པ་ཡོད་མ་རེད།
དང་པོ་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་བཏིང་དགོས་པ་རེད། སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་ཆགས་པ་ཡིན་ན་གཞན་ཚང་མ་རང་རང་གིས་ལྟ་ཐུབ་གི་རེད། སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་ཆགས་དགོས་ན་སློབ་དེབ་སྤུས་དག་པོ་ཉ་ཉོག་མཉམ་བསྲེ་མིན་པར་གོ་རིམ་དང་ལྡན་པ་ཞིག་དགོས་གི་རེད། དེ་འདྲ་སློབ་དེབ་སྤུས་དག་པོ་ཞིག་བཟོས་པ་ཡིན་ན་མ་མཐའ་ཡང་འཛིན་གྲྭ་བརྒྱད་པ་སླེབས་ན་འབྲི་ཀློག་རང་མགོ་ཐོན་གི་རེད། གལ་སྲིད་བསྡུས་ར་དགོས་གི་ཡོད་ནའང་དེ་སློབ་དེབ་ནང་མ་བཞག་པར་འཛིན་གྲྭ་བརྒྱད་པ་དང་ཡང་ན་བཅུ་བ་ཐོན་པའི་རྗེས་ཤིག་ལ་ཟླ་ཤས་སམ་མང་ན་ལོ་གཅིག་དེ་འདྲ་ཞིག་ལ་གྲྭ་སར་ཕྱིན་ནས་སྦྱངས་པ་ཡིན་ན་ཅུང་སྟབས་བདེ་བོ་མིན་འགྲོ། ད་རུང་དགེ་རྒན་གྱི་དཀའ་ངལ་ཡང་ཡོད་རྒྱུ་རེད།
བོད་ཡིག་འབྲི་སྟངས་མ་གཞི་ནས་མཁྲེགས་དྲག་ནས་སློབ་ཕྲུག་ཚོས་མ་ཤེས་པར་མགོ་ན་གི་ཡོད་པའི་ཐོག་རྒྱལ་རབས་ཆོས་འབྱུང། རིགས་ལམ་ནང་ཆོས། ད་དེའི་ཐོག་ད་རུང་བསྡུས་གྲྭ་གཅིག་ཞོག་ར་ག་འདྲ་ཆགས་འགྲོ་གི་རེད། ད་རུང་ཨང་རྩིས། དབྱིན་ཡིག རྒྱ་གར་གྱི་ཡི་གེ་ཡོད་རེད། ད་ཁྱོད་ཀྱིས་བསམ་བློ་ཅིག་ཐོངས་ར། ང་ཚོས་འདིར་གྲུབ་འབྲས་ཤིག་གི་ཆེད་བགྲོ་གླེང་བྱེད་གི་ཡོད་པ་རེད་མ་གཏོགས་དགའ་མ་དགའི་ཐོག་ནས་སྐད་ཆ་བཤད་བསྡད་ཡོད་པ་མ་རེད་ད།
དམངས་གཙོའི་དུས་དྲན་ཐོག་་ཟམ་གདོང་རིན་པོ་ཆེས་གསུངས་པ་འདི་སེམས་ལ་ཟུངས་། ་་ཡང་དག་པའི་མང་གཙོའི་འཕེལ་རིམ་ཚད་མཐོ་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་མང་ཚོགས་ཀྱི་ཤེས་ཡོན་དང་རང་དབང་གི་རྣམ་དཔྱོད། བསམ་ཚུལ་དང་ལང་ཕྱོགས། ལྟ་གྲུབ་འདྲ་མིན་ཁག་གི་དབར་གོ་རྟོགས་དང་བཟོད་བསྲན། ཕྱོགས་ཞེན་སྤངས་པའི་བླང་དོར་འབྱེད་ཤེས་པ་སོགས་ད་དུང་གོང་འཕེལ་གཏོང་དགོས་གལ་ཆེ་་ ཞེས་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། ་་་་་་དེ་བཞིན་རྒྱུ་མཚན་བཤད་པ་དང་བགྲོ་གླེང་བྱེད་པ། ཁོག་རྒྱ་ཡངས་པོ་དང་བཟོད་བསྲན་ཐོག་ནས་བསམ་བློ་མ་མཐུན་པ་ཁས་ལེན་བྱེད་ཐུབ་པ་བཅས་མང་གཙོའི་མཚན་ཉིད་གལ་གནད་ཆེ་བ་ཁག་ཡིན་པས་བརྩི་སྲུང་བྱ་དགོས།་་ཞེས་གསུངས་འདུག་ག
ཁྱེད་རང་ལ་ཁྱེད་རང་གི་གནས་ལུགས་དང་རྒྱུ་མཚན་ཡོད་པ་ནང་བཞིན་མི་གཞན་ལའང་རང་ཉིད་ཀྱི་གནས་ལུགས་དང་རྒྱུ་མཚན་ཡོད་པ་རེད། དེ་ལ་མི་ཚང་མས་ཁོག་རྒྱ་ཡངས་པོས་བགྲོ་གླེང་བྱས་པ་ཡིན་ན་དེ་ལ་འབྲས་བུ་ཞིག་ཀྱང་ཡོད་པ་རེད། དེ་མིན་ལྟ་བ་མ་མཐུན་པ་བྱུང་ན་ཚིག་ངན་བརྗོད་རེས་བྱས་འདུག་དགོས་ན་རྙོག་དྲ་མ་གཏོགས་ཡོང་རྒྱུ་ཡོད་པ་མ་རེད། ཁྱོད་དྲ་ཁང་འདིའི་ནང་ལ་རྙོག་དྲ་བཟོ་གི་ཡོང་བ་ཡིན་རྒྱུ་མ་རེད། ང་འདིར་ཡོང་དོན་བསམ་ཚུལ་མི་མཐུན་པ་བརྗེ་རེས་བྱེད་པར་ཡོང་བ་ཡིན། བསམ་ཚུལ་མི་མཐུན་པ་ཞིག་ཡོད་ན་བཤད་གི་ཡོད། དེ་མིན་བསམ་ཚུལ་མཐུན་པ་ཞིག་ཡིན་ན་བཤད་དགོས་དོན་མི་འདུག་ག རེད། རེད། ལེགས་སོ་ལེགས་སོ། ངོ་སོ་བསྟོད་ཟེར་ནས་བསྡད་ན་ཆོ་གེ་མི་འདུག
ངས་བལྟས་ན་བསྡུས་ར་སློབ་དེབ་ནང་བཞག་པ་དེས་སློབ་ཕྲུག་ཚོར་གནོད་སྐྱེལ་གི་རེད། སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་བཏིང་བ་ར་གནོད་སྐྱེལ་གི་རེད།
སྤྱིར་བཏང་སྐད་ཡིག་གི་རྨང་གཞི་འདིང་བ་གལ་ཆེན་པོ་རེད་མ་གཏོགས་སྡེ་ཚན་མང་པོ་བསླབ་ཡག་གལ་ཆེན་པོ་མ་རེད་ཟེར་བ་འདི་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད། ཡིན་ན་ཡང་ཕྱོགས་གཞན་ཞིག་གི་ཐོག་ནས་བལྟས་ན་ད་ལྟ་ཕྲུ་གུ་ཚོའི་ཤེས་ཡོན་སྦྱང་སྟངས་ལ་གཅིག་གཟིགས་དང་ཡིད་ཚད་མེད་ན་སྦྱང་རྒྱུ་ཕ་རི་རི་མགོ་རེད་མིག་ཡང་བལྟ་ཨེ་ཡོང་ལྷག་པར་བོད་ཡིག་ཟེར་ན་སྣ་གཉེར་ཡོང་གི་རེད། བྱས་ཙང་བོད་ཡིག་དཔེ་དེབ་ཉུང་དུ་བཏང་ན་ཁོ་ཚོ་སྦྱང་མི་དགོས་པ་ཁེ་བཟང་རེད་བསམ་ནས་གཏོགས་ཙམ་ཤེས་པ་འདི་ཡང་ཤེས་ཀྱི་མ་རེད་ཡ། བྱས་ཙང་ཐབས་སྐྱོ་པོ་ཡོད་ནའང་མེད་པ་ལས་ཡོད་པ་རང་དྲག་ག་ཡོད་དྲོ།
ཨ་རོགས་ཚོ། ད་ཁྱེད་ཚོས་གཅིག་གིས་གཅིག་ལ་རྒྱབ་ལངས་འདྲ་བོ་དང་ཁ་རྡུང་འདྲ་བོ་མ་བྱེད།
དགེ་རྒན་བྱས་མྱོང་མཁན་ཚོས༌། སོ་སོའི་ཉམས་མྱོང་དང་ཤེས་ཡོན་གྱི་གནས་ཚད་གཞི་ལ་བཞག་ནས་སྐད་ཆ་བཤད་ཐུབ་ན་ཡག་གི།
དགེ་བཤེས་ཐོན་མཁན་ཚོས་གྲ་སའི་སྤྱི་ཚོགས་དང་སོ་སོའི་ཉམས་མྱོང་གཞི་ལ་བཞག་ནས་སྐད་ཆ་བཤད་ན་ཡག་གི།
སློབ་མ་བྱས་མྱོང་མཁན༌། ད་དུང་ཡང་སློབ་མ་ཡིན་མཁན་ང་ལྟ་བུས་སློབ་མའི་ཉམས་མྱོང་དང་སློབ་སྦྱོང་གི་བརྒྱུད་རིམ་གཞི་ལ་བཞག་ནས་བསམ་ཚུལ་འགའ་བཤད་ཨེ་ཐུབ་བལྟ།
ཕལ་ཆེར་ངེད་ཀྱིས་ཚོད་དཔག་བྱས་ན། བསྡུས་གྲ་དགོས་མི་དགོས་གླེང་མཁན་ཚོའི་ནང་ན།
བོད་གཞུང་དང་བོད་ཁྱིམ་གྱི་སློབ་གྲ་འགྲིམས་ནས་ཡོང་མྱོང་མཁན་ཞིག་མི་འདུག བོད་གཞུང་དང་བོད་ཁྱིམ་གྱི་སློབ་གྲ་ཁག་གི་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་དང་དེའི་བརྒྱུད་རིམ་སོགས་གསལ་བོར་མཁྱེན་པའི་ཐོག་ནས་དགོས་མི་དགོས་གླེང་ན་དགོས་དོན་ཆེ༌། ངེད་རང་བོད་ཁྱིམ་འགྲིམས་མྱོང་བ་དང་དེའི་ཉམས་མྱོང་གཞི་ལ་བཞག་པའི་སྒོ་ནས་བརྗོད་ན། བོད་ཁྱིམ་སློབ་གྲ་ཁག་དང་བོད་གཞུང་གི་གཞི་རིམ་སློབ་གྲ་ཁག་ལ་རིགས་ལམ་གྱི་སློབ་སྦྱོང་འདི་ངེས་པར་དུ་སྤྲོད་དགོས་ཀྱི་འདུག་པར་མ་ཟད། དེ་རིང་སང་ཉིན་ཅུང་ཙམ་སྤྲོད་བཞིན་པ་དེས་སྔ་མ་དང་བསྡུར་ན་ཕན་ཐོགས་ཀྱང་རྒྱ་ཆེར་ཡོང་གི་འདུག འདིའི་རིགས་ལམ་འདི་སློབ་ཚན་གཞན་ཆ་ཚང་ལ་བེད་སྤྱོད་བཏང་ཆོག་པ་ཞིག་ཡིན་པ་མ་ཟད་འདིའི་རིགས་ལམ་འདྲ་བོ་སློབ་མའི་བརྒྱུད་ལ་འབྱོར་སོང་ན། སློབ་མ་དེས་སློབ་ཚན་གཞན་དག་སྦྱངས་མྱུར་བ་དང་མགྱོགས་པ། བསམ་བློ་གཏོང་སྟངས་ཕྲ་བ་བཅས་ཀྱི་ཁྱད་ཆོས་སྣ་ཚོགས་འདུག
ད་དུང་དེས་ག་ལ་ཚད། སློབ་མ་དེས་བོད་ཡིག་གི་རྨང་གཞི་དེ་ཡང་ལྡབ་འགྱུར་གྱིས་ཡག་ཏུ་འགྲོ་གི་རེད་ལ་བོད་ཡིག་ལ་དོ་སྣང་ཡང་ཆེ་རུ་འགྲོ་གི་རེད།
འདི་ཚོ་རེ་རེ་བཞིན་འབྲི་དགོས་ན༌། ངེད་ལ་ཤོག་ལྷེ་བཅུ་གྲངས་འབྲི་རྒྱུ་ཡོད། གོང་དུ། པད་མ་ལགས་ནས། བོད་གཞུང་གི་སློབ་གྲ་སོགས་ལ་བསྡུས་གྲ་འདྲ་བོ་ཁྲིད་པ་ལས་སློབ་མ་ཚོར་སུམ་རྟགས་ཀྱི་རྨང་གཞི་ཡག་པོ་ཞིག་བཞག་ན་དགའ་བ་ལ་གསུངས་འདུག སྐད་ཆ་དེ་བདེན་པ་བདེན་རྐྱང་རེད། འོན་ཀྱང༌། རིགས་ལམ་ཅུང་ཙམ་སྦྱངས་ཚར་བའི་སློབ་མ་དེ་དང་རྩ་ནས་སྦྱངས་མ་མྱོང་མཁན་གྱི་སློབ་མ་དེ་གཉིས་ལ། སུམ་རྟགས་ཞིག་འཁྲིད་ན་ཡང༌། སྔ་མས་དེས་ཤེས་སླ་བ་དང་རྒྱུད་ལ་འབྱར་སླ་བ་འདུག ད་དུང་རིགས་ལམ་སྦྱངས་ཚར་མཁན་གྱི་སློབ་མ་དེ་ཚོའི་བོད་ཡིག་རྨང་གཞི་དང་མ་སྦྱངས་མཁན་ཚོའི་རྨང་གཞི་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་འདུག༌། ཁྱེད་ཚོས་ཕྱི་ནས་བལྟ་རྒྱུ་མ་གཏོགས་ནང་ལ་འཛུལ་ནས་བྲོ་བ་མྱོང་ཡོད་པ་མ་རེད། དེར་བརྟེན། ཁ་མང་པོ་བརྡར་ན་ཡང་དེ་ཙམ་རེད། ངེད་རང་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཅིག་ལ་སླེབས་དུས་མ་གཏོགས་རིགས་ལམ་སྦྱོང་རྒྱུའི་གོ་སྐབས་རེག་མ་སོང༌།
སེམས་ཀྱི་གཏིང་ནས་འགྱོད་པ་སྐྱེས་མྱོང་ལ་ད་ལྟར་ཡང་འགྱོད་པ་དེའི་མུར་ལྷག་ནས་ཡོད། དོ་དགོང་དེ་ཙམ་ཡིན། སང་ཉིན་མུ་མཐུད་དུ་རྩོད་ལ་ཞུགས་གི་ཡིན།
༧གོང་ས་མཆོག་གི་བཀའ་སློབ་སྔ་ཕྱི་རིམ་པ་མང་པོའི་ནང་ན།
གཞི་རིམ་སློབ་གྲ་ཁག་ལ་རིགས་ལམ་སློབ་དགོས་བའི་བཀའ་སློབ་མང་པོ་ཡོད་ཡ། ད་གཡུག་ཞོག
འདིར་གསལ་བོར་བརྗོད་རྒྱུ་ཞིག་ལ། ངེད་རང་ནས་པད་མ་ལགས་ཀྱི་དགོངས་ཚུལ་དེར་དགག་པ་འདྲ་རྒྱག་གི་མེད།
ངེད་རང་ནས་གཞི་རིམ་སློབ་གྲ་ཁག་ལ་འཚམས་མི་འཚམས་དང་དགོས་མི་དགོས་ཀྱི་གནད་དོན་དེ་བཤད་ཀྱི་ཡོད།
དེའི་ཕྱོགས་ནས་མུ་མཐུད་དུ་བཤད་ཀྱི་ཡིན། རྩོད་ལ་ཞུགས་ཀྱི་ཡིན།
མགོན་ཕྱག་གི་ཆོལ་འཕྲུལ། མདའ་ཚན་པའི་གདོང་འབག གཡོ་སྒྱུའི་པདྨ་འདི་ཉིད་ཅི་འདྲའི་ཀླད་མེད་ཨུ་ཚུགས་ཅན་ཞིག་ཏེ། མངོན་སུམ་གྱི་དོན་ལ་དངོས་སུ་བསྙོན་བཞིན་ད་དུང་སྒམ་ཚུགས་ཀྱིས་གཏམ་བཤད་སྦོམ་པོ་བྱེད་པར་དགའ་བའི་ངོ་ཚ་མེད་པའི་ཁྱི་རྒན་རྔ་ཆད། ཁྱེད་རང་གིས་བཤད་བཞིན་པའི་སྐད་ཆ་འདི་དག་བལྟས་ན་ཡང་དག་པའི་འཐད་སྒྲུབ་ཀྱི་རིགས་འགྲོས་བསྡུས་གཞུང་ཟབ་མོ་ཁྱེད་ཀྱིས་གད་སྙིགས་སུ་གཡུགས་ཚར་བ་ང་ཚོས་ལོས་ཤེས། དང་པོ་བཀའ་བསྟན་གྱི་ནང་དུ་ཚད་མའི་གཞུང་ལུགས་སྐོར་མེད་ཅེས་སྐྱག་བརྫུན་ནག་པོ་དེ་འདྲ་བཤད། དེ་ནས་མངོན་སུམ་རྗེས་དཔག་དགོས་པ་མེད་པར་ཇོ་བོ་རྗེས་གསུངས་ཞེས་ལུང་བརྫུན་དྲངས། འདི་ལྟའི་མི་ལྐུགས་པ་དུད་འགྲོ་ཁྱོད་ལ་ད་ནི་བསླབ་བྱ་བྱས་ཀྱང་ཕན་ངོ་ཅི། ཨོ་ད་དུང་ཁྱོད་ཀྱིས་མིག་དང་རྣ་བ་སྣ་ལྕེ་སོགས་ལ་བརྟེན་པའི་རྣམ་ཤེས་དག་ཀྱང་མངོན་སུམ་ཡིན་སྟབས་གད་སྙིགས་སུ་བསྐྱུར་ཚར་བ་ངེས་པས་སངས་རྒྱས་མངོན་སུམ་བྱོན་ཡང་ལས་ངན་ཁྱོད་ལ་བྱ་ཐབས་གང་ཡང་མེད་དོ།།།།།།།།།།།
རིགས་ལམ་མི་དགོས་ཟེར་བ་དང་བསྡུས་གྲྭ་མི་དགོས་ཟེར་བ་གཉིས་ལ་ཁྱད་པར་ཞིག་ཡོད་ས་རེད། ད་དུང་བསྡུས་གྲྭ་སློབ་གྲྭ་ཁག་ལ་མི་དགོས་ཟེར་བ་དང་གཏན་ནས་མི་དགོས་ཟེར་བ་གཉིས་ལ་ཁྱད་པར་ཞིག་ཡོད་ས་རེད།
འོན་ཀྱང་ཡ་མཚན་པ་ཞིག་ལ་བསམ་ཚུལ་འདོན་མཁན་གྱི་བསམ་ཚུལ་གང་ཡིན་གསལ་པོ་མི་འདུག་ལ་དགག་པ་རྒྱག་མཁན་གྱི་ག་རེ་དགག་གི་ཡོད་པ་དེ་ཡང་དེ་ཙམ་གསལ་པོ་ཞིག་མིན་འདུག་་་་་་་་་་་་་་་
རིག་འབྱུང་དོན་གྲུབ་བཀྲ་ཤེས་ཁོ་རང་ངོ་མ་སློབ་མ་ཞིག་ཡིན་ན་ནི་གསལ་ཐག་ཆོད་དེ་ཁོ་པས་དགག་པ་དང་ལན་གཉིས་ཀའི་བྲོ་བ་ཡོད་པའི་མཆན་༦༥དེ་རེད་འདུག པདྨར་དེ་ལ་ལན་ཞིག་ཡོད་ན་རྒྱབ་རན་ཐག་ཆོད་འདུག་ག་་་་་་་་་་་་་་
སྔོན་གྱི་དུས་སུ་བསྡུས་གྲ་དེ་དར་རྒྱས་ཆེ་ཙམ་བྱུང་རབ་རེད། འོན་ཀྱང་ས་སྐྱ་པའི་མཁས་པ་ས་སྐྱ་པན་ཆེན་ཞུ་བ་ཞིག་གིས། ཕྱ་བ་ཆོས་སེང་སོགས་སྔ་རབས་པའི་ལུགས་རྣམས་སུན་ཕྱུང་ནས། དཔལ་ལྡན་ཕྱོགས་གླང་ཡབ་སྲས་ཀྱི་རིང་ལུགས་སླད་ཀྱིས་མ་གོས་པ་བཀྲལ་ཡོད་ཚོད་འདུག རྗེ་ཡབ་སྲས་སྐུ་དུས་སུ་བསྡུས་གྲྭ་ད་ལྟའི་ཆར་དགེ་ལུགས་པས་དུས་ཚོད་གྲོན་པ་ནང་བཞིན་ཞིག་བྱེད་པའི་ལོ་རྒྱུས་མཇལ་རྒྱུ་མི་རྙེད་ཀྱི། དེང་དུས་བསྡུས་གྲ་ནི། རི་བོ་དགེ་ལྡན་པའི་བསྟན་པ་སྲུངས་པའི་གོ་ཆ་ལེགས་ཤོས་དང་། རི་བོ་དགེ་ལྡན་པའི་མི་སེར་སྤེལ་བའི་ཆ་རྐྱེན་གཙོ་བོ་དེ་རེད་འདུག་པས། དེ་གད་སྙིགས་སུ་བླུགས་ཤོག་ཟེར་བ་རྣ་བར་མི་འགྲོ་བའི་གཏམས་ཟིག་རེད
ངས་བསྡུས་ར་རྩ་ནས་མི་དགོས་ཅང་ཟེར་གི་མེད། དེ་སྦྱངས་ན་ར་སྦྱོང་སྟངས་ཤིག་ཡོད་རྒྱུ་རེད། རིག་འབྱུང་གིས་ཁོ་རང་གི་མཉམ་མྱོངས་བཤད་འདུག དེ་ཡག་པོ་རེད། དགེ་སློབ་ཚང་མས་མཉམ་གཅིག་ཏུ་བགྲོ་གླེང་བྱས་ན་ལེགས་ཆ་ཉེ། ཡིན་ན་ཡང་། ཁྱེད་རང་གིས་ཤེས་དགོས་པ་ཞིག་ལ་ཁྱེད་རང་སློབ་མ་གཅིག་རེད། ཡང་དམིགས་བསལ་ཞིག་ལ་ཁྱེད་རང་ཐོག་མ་ནས་བོད་ཡིག་གི་རྨང་གཞི་ཡག་པོ་ཡོད་པའི་སློབ་མ་ཞིག་རེད། བསྡུས་ར་སློབ་ན་ཡང་སློབ་རན་བསྡད་ཡོད་པ་རེད།
ད་གཞིས་ཆགས་ཀྱི་སློབ་མ་ཚོར་བསམ་བློ་ཞིག་ཐོངས། སྤྱིར་བཏང་གི་སྒྲུང་ཞིག་ཀློག་དགོསནའང་དཀའ་ངལ་ཕྲད་ཀྱི་ཡོད་པ་རེད། ཚིག་མང་པོ་ཞིག་ཤེས་གི་ཡོད་པ་མ་རེད། ཕྲད་ཀྱི་འགྲོ་སྟངས་ཡག་པོ་ཞིག་ཤེས་གི་ཡོད་པ་མ་རེད། དེ་ནས་འབྲི་དགོས་བྱུང་ན་ཚིག་གྲུབ་ཆ་ཚང་ཞིག་འབྲི་ཐུབ་གི་མ་རེད། གལ་སྲིད་བསྡུས་ར་སློབ་དེབ་ནང་འཇོག་གི་ཡིན་ནའང་བོད་ཡིག་ལ་རྨང་གཞི་ཡག་པོ་ཞིག་མ་ཆགས་པར་འཇོག་རྒྱུ་མི་འདུག
བོད་ཡིག་གི་རྨང་གཞི་ཟེར་བ་ཡང་གཙོ་བོ་འབྲི་བ་དང་ཀློག་པ་གཉིས་རེད
གཤམ་དུ་ང་ལ་དྲི་བ་ཁ་ཤས་ཡོད།
༡ བསྡུས་རས་མིང་ཚིག་དོན་དག་མི་ཤེས་པ་དེ་ཚོའི་དོན་ཤེས་པར་ཕན་ཐོགས་གི་རེད་དམ།
༢ ཕྲད་སྤྱོད་སྟངས་མ་ཤེས་པ་ལ་དེ་ཤེས་པར་བསྡུས་རས་ཕན་ཐོགས་གི་རེད་དམ།
༣ ཡི་གེའི་དག་ཆ་འབྲི་སྟངས་མ་ཤེས་སྐབས་བསྡུས་རས་ཕན་ཐོགས་གི་རེད་དམ།
༤ ཇི་བཞིན་བརྗོད་པའི་རྩོམ་ཐུང་ཞིག་འབྲི་དགོས་བྱུང་བའི་སྐབས་བསྡུས་རས་ཕན་ཐོགས་གི་རེད་དམ།
ཡ་ཡ། དོ་དགོང་ཡོང་ནས་འབྲོག་རྒན་མགོན་ཕྱག་སོགས་ཀྱི་མཉམ་དུ་མུ་མཐུད་དུ་ཁ་བརྡར་ཆོག
ཁྱེད་ཚོས་ཇི་ལྟར་བཤད་ཀྱང་བསྡུས་གྲྭ་འདི་ཁ་རྩོད་རྒྱག་སྟངས་སྟབས་བདེ་ཞིག་རེད་བསམས་པའི་ངའི་བསམ་ཚུལ་འདི་ད་དུང་ཡང་བསྒྱུར་ཐུབ་མ་སོང་། བཤད་ཕྱོགས་གཞན་ནས་བཤད་ན་བསྡུས་གྲྭ་འདི་ཕྱི་ཤུན་ཙམ་རེད། ཕྱི་ཤུན་གྱི་འོག་ཏུ་ཅི་ཡང་བཅུག་ཆོག་གི་རེད། ཁ་ཅིག་གིས་གནམ་འོག་གི་ཡོད་ཚད་བསྡུས་གྲྭའི་ཕྱི་ཤུན་གྱི་འོག་ཏུ་བཅུགས་ནས་བསྡུས་གྲྭ་འདི་དགོས་རབས་དང་མཁོ་རབས་ཟེར། གྲྭ་བ་ཚོར་མཁོ་རྒྱུ་རེད་གྲྭ་བ་ཚོའི་ལས་ཀ་ཁ་རྩོད་རྒྱག་རྒྱུ་དེ་རེད། ཕྱི་ཤུན་མེད་པར་དམར་ཧྲེང་དུ་སོང་ན་མི་འགྲིག་ཀ
ངས་འདི་གད་སྙིགས་ནང་དུ་གཡུག་ཞོག་ཟེར་བ་དེ་ང་ཚོ་གཞི་རིམ་སློབ་ཕྲུག་ཚོའི་ངོས་ནས་བཤད་ཀྱིན་ཡོད། ཕྱི་ཤུན་མུག་ཤུན་འདིས་ང་ཚོའི་རྒྱབ་མི་དྲོས་གི ཕོ་མི་འགྲང་གི ང་ཚོས་རྗེས་སུ་ལས་སྡོམ་དང་སྙན་ཞུ་སོགས་འབྲི་དགོས་བ་ལས་བསྡུས་གཞུང་འབྲི་མི་དགོས་ལ་རྩོད་པའང་བྱེད་མི་དགོས། གལ་སྲིད་རྩོད་པ་ཞིག་བྱེད་དགོས་ནའང་ནམ་རྒྱུན་གྱི་ཁ་སྐད་ལྟར་བརྒྱག་དགོས་པ་ལས། ་་་་་་་ ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀ་བ་ཆོས་ཅན། གནས་སྤོར་གཏོང་དགོས་པར་ཐལ། ད་ལྟའི་ལས་གནས་ནས་ལོ་ལྔ་འགོར་བའི་ཕྱིར། ལྟ་བུའི་རྩོད་པ་བརྒྱག་མི་དགོས། ཕྱི་ཤུན་མུག་ཤུན་འདིས་ང་ཚོའི་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བརླག་ཏུ་བཏང་། དགོས་མཁོ་ཆེ་བའི་སློབ་ཚན་གཞན་གྱི་སྐལ་བཅད། ལོ་ངོ་ཁ་ཤས་ལ་མགོ་ན་ན་བར་དུ་སྦྱངས་ཀྱང་ད་ནི་སྙན་ཞུ་ཙམ་འབྲི་བར་གོ་མ་ཆོད་ན། འདི་མུག་ཤུན་བྱོས། འདི་རོ་ཤུན་བྱོས།
ང་རང་ཡང་སློབ་ཕྲུག་ཡིན་དུས་འདི་སྦྱངས་མྱོང་། མ་ཤེས་བར་མགོ་ན་མྱོང་། ཤེས་ནས་ང་རྒྱལ་སྐྱེས་མྱོང་། འོན་ཀྱང་ད་ནི་ངས་རང་སྟེང་དུ་ཤིག་བཙལ་བཙལ་བྱས་ཀྱང་ཕན་ཐོགས་ཤིག་གི་ཡ་མགུལ་ཙམ་ཡང་མ་རྙེད་ཐ།
མཆན་རྟགས་ ༥༦ པའི་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱིས་བཤད་པ་དེ་ལ་གོ་རྒྱུ་
ཞིག་ཏན་ཏན་འདུགསྤྱིར་རིགས་ལམ་སྦྱང་ན་ཡག་པོ་རེད་དེ་ཡིན་ན་ཡང་བསྡུས་གྲྭ་
སྦྱང་དགོས་པའི་རྒྱུ་མཚན་ཡོད་ནི་མ་རེད།བསྡུས་གྲྭའི་རིགས་པ་འདི་ལ་བལྟ་ཚུལ་མི་
འདྲ་བ་སྣ་ཚོགས་ཡོད་རེད། ངས་ཁྱེད་ལ་གཅིག་ཞུ་འདོད་བྱུང་། ཕྱ་པ་ཆོས་
སེང་གིས་སྲོལ་བཏོད་པའི་རིགས་པ་འདི་ལ་དགག་པ་རྒྱག་མཁན་ཡང་མང་པོ་ཡོད་
རེད། འབྲུག་ཐམས་ཅད་མཁྱེན་པ་པད་མ་དཀར་པོའི་ལུང་ཁ་སང་དྲང་འདུག་འ།
མཆན་རྟགས་ ༣ པར་ཁྱེད་བདེན་ན་ཐང་། ཀུན་མཁྱེན་པད་མ་དཀར་པོས་དེང་སང་
གི་བསྡུས་པའི་རིགས་པ་དབང་བཙན་པར་བྱས་ཏེ་ ལུགས་གསར་དུ་འགོད་པ་ནི་
བསྟན་པ་གཤིག་པའི་ཏོག་ཙེ་ངོ་མའོ་ཞེས་གསུངས་འདུག ཞེས་བྲིས་ཡོད་པ་དེ་ངས་
དྲངས་ནི་མ་རེད།དེ་བཞིན་མ་ཧཱ་པཎྚི་ཏ་མི་ཕམ་རིན་པོ་ཆེས་ལུང་དྲངས་ཡོད།
ཁྱད་པར་འཇམ་མགོན་ས་པཎ་གྱིས་ཚད་མ་རིག་པའི་གཏེར་དུ་རིགས་པ་ཧུར་
ཕྱུང་སྟེ་བཀག་འདུག བསྡུས་གྲྭ་ཟེར་བ་འདི་ཕྱོགས་གླིང་ཡབ་སྲས་ཀྱི་ཚད་མ་
དང་རྩ་བ་ཉིད་ནས་མཐུན་ནི་མ་རེད། དེ་ཡང་རིག་གཏེར་ལས། ཆོས་ཀྱི་གྲགས་པའི་
གཞུང་བཟུང་ནས། །བདག་ཉིད་ཆེན་པོའི་རིགས་པ་འགོག །ནགས་ལ་གནས་པའི་
སྤྲེ་འུ་དག ལྗོན་པའི་ཤིང་ལ་མི་གཙང་འཐོར། །ཞེས་དང་། ཡང་ས་པཎ་གྱིས།
ས་སྐྱ་པ་དང་སེར་སྐྱ་འགལ། །གྲངས་ཅན་པ་དང་གངས་ཅན་མཐུན། །ཞེས་གསུངས་
པར་འགྲེལ་བ་དག་ཏུ་ལུང་དྲངས་ཡོད། ཡང་རིགས་གཏེར་ལས། ཐ་དད་སྤྱི་འདོད་འུག་
ཕྲུག་པ། །རྫས་གཅིག་ཡིན་ཞེས་གྲངས་ཅན་པ། །གངས་ཅན་པ་རྣམས་དེ་རྗེས་འབྲང་།
།ཞེས་སོགས་གསུངས་པ་འདི་ལ་ལྟོས་དང་ཕྱོགས་གླིང་དང་ཆོས་གྲགས་སོགས་ཀྱི་
ལུགས་དང་མཐུན་ས་རེད་དང་མ་རེད། ས་སྐྱའི་པཎ་ཆེན། བཀའ་བརྒྱུད་པའི་
ཀུན་མཁྱེན་པད་མ་དཀར་པོ། རྙིང་མའི་མི་ཕམ་པ། མཁས་པ་འདི་དག་གི་གསུངས་
འདུག་འ། ང་མ་རེད་ཡིན་ན། བོད་གཞུང་འདི་བོད་སྤྱིའི་གཞུང་ཞིག་ཡིན་ན་དེ་ལ་ཡང་
བསམ་མནོ་ཞིག་གཏོང་དགོས་རྒྱུ་རེད་དང་མ་རེད། གོོང་དུ་མཆན་ ༦༩ པར་ཆོས་འཕེལ་
ཟེར་བ་ཞིག་གིས་རྒྱུ་མཚན་བཀོད་པ་ནང་བཞིན་ཡིན་ན་མི་ཤེས། གཞོན་ནུ་ཟླ་མེད་སོགས་
ཨུ་ཚུགས་རང་ལུགས་པ་དེ་ཚོ་འཕག་འཚག་རྒྱག་ལུགས་བལྟས་ན་ཡིན་ན་ཡང་ཐང་།
དེ་རྒྱུ་མཚན་གཅིག་ཡིན་བོད་སྤྱིའི་མཁས་པ་རྣམས་ཀྱི་བལྟ་ཚུལ་དང་མཐུན་ན་བོད་
གཞུང་གི་རྒྱན་རེད་ལ་རྒྱལ་བ་རིན་པོ་ཆེས་དགོངས་པ་ཡང་འགྲུབ་རྒྱུ་རེད། དེ་མིན་
རྒྱལ་བ་བེད་བྱོད་བྱས་ནས་འདྲ་མི་འདྲ་རྐྱང་རྐྱང་བྱས་བསྡད་ན་བོད་སྤྱི་ལ་
ཕན་གྱི་རེད་དམ་གནོད་ཀྱི་རེད།
གཉིས་པ་དེ་རིགས་པ་སྦྱང་ན་ཐོག་མར་བོད་ཡིག་སྤུས་དག་པོ་གལ་ཆེན་པོ་འདུག་འ།
ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་རེད་ཡོད་མ་རེད། སློབ་ཚན་བཅུ་གཉིས་
བར་དུ་ཆ་ཚང་བོད་ཡིག་ཐོག་སྦྱང་ཐུབ་ན་བཟང་བཟང་གི ཡིན་ན་ཡང་བོད་ཡིག་གི་
འཁོར་ཡུག་ཆུང་ཆུང་རེད། བྱས་ཙང་བེད་སྤྱོད་མེད་པ་འདྲ་ཞིག་འདུག་འ།
གནས་སྟངས་འདི་འདྲ་ཞིག་ལ་ཐུག་ཡོད་རེད། ངས་བལྟས་ན་འཛམ་བུ་གླིང་
ལ་མཁས་པ་མང་པོ་འདུག་འ། ཁ་བདེ་བོ་མང་པོ་འདུག་འ། དཔེར་ན་རྒྱ་ནག་དང་
ཨ་རི་ལྟ་བུ་ལ་ག་ཚོད་མཁས་པ་འདུག དེ་ཚོས་བསྡུས་གྲྭ་སྦྱང་མྱོང་ཡོད་རེད་
ཡོད་མ་རེད། བྱས་ཙང་དགོས་མཁོ་མི་འདུག་ཟེར་བའི་རྒྱུ་མཚན་གཅིག་དེ་
རེད། ཁ་སང་མགོན་པོའི་བཤད་པ་ནང་བཞིན་རེད་སྐོར་ལོག་ཞིག་དང་ཚིག་
འཁྲི་ཞིག་སྦྱང་བསྡད་ན་ག་རེ་ཕན་ཐོག་ཡོད་རེད། བྱང་ཁྱུང་ཡིན་ན་ཁྭ་ཏ་གཞི་
གྲུབ་པའི་ཕྱིར། ཟེར་ལུགས་ལ་ལྟོས་དང་སྐད་ཆ་འདི་འདྲ་འཛམ་གླིང་གི་མི་
ཞིག་ལ་བཤད་ན་སྨྱོན་པ་རེད་ཟེར་གྱི་རེད་འ། ད་སྨྱོན་པ་སུ་རེད་འདུག
རིགས་ལམ་སྦྱང་ན་ཚད་མ་རིགས་གཏེར་འདྲ་བོ་ཞིག་སྦྱང་ན་ཡག་པོ་ཡོད་
རེད། མཁས་གྲུབ་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ཚོ་ཡག་པོ་ཞིག་ཡིན་བསམ་སོང་།
མདོར་ན་ངས་བསྡུས་གྲྭ་འདི་བོད་གཞུང་གི་སློབ་གྲྭ་ལ་མ་བཞག་ན་ཡག་ཤོས་རེད་
ཅེས་བསམ་ཆ་འདོན་གྱི་ཡོད། ང་ལས་མཁས་པ་ང་ལས་བཟང་བ་མང་པོ་ཞིག་
གིས་བསྡུས་གྲྭ་ལ་བལྟ་ཚུལ་གང་འདྲ་རེད། བསྡུས་གྲྭའི་རིག་ལམ་གཞིར་བཟུང་
བྱས་ན་ཚན་རིག་པ་དང་བགྲོ་གླེང་ཞིག་བྱས་ན་བསྡུས་ཚན་གྱི་ཕན་མི་ཐོག་ཟེར་
གྱི་ཡིན། བོད་ཕྲུག་འདི་ཚོ་གནའ་དེང་གི་ཤེས་ཡོན་གཉིས་ལྡན་ཞིག་བྱེད་དགོས་
པ་ང་རང་ཚོ་བོད་པའི་འགན་རེད་མ་གཏོགས་ཨུ་ཚུགས་རྐྱང་རྐྱང་བྱས་ནས་ལས་
རྒྱུ་ཅང་ཡོད་ནི་མ་རེད། ཡང་རྒྱལ་བ་རིན་པོ་ཆེའི་གསུང་རེད་ཅེས་སྐད་ཆ་བཀག་
བཞག་ན་དེ་ཡང་རྒྱལ་བའི་བཀའ་དང་མཐུན་གྱི་མ་རེད། རྒྱལ་བས་སངས་རྒྱས་
ཀྱི་བཀའ་ལ་ཡང་དཔྱད་པ་རྒྱག་ཆོག་པ་ནང་བཞིན་ང་ཚོས་ག་རེ་ཡིན་ན་ཡང་
དཔྱད་པ་རྒྱོབ་གསུངས་ཡོད་ནི་རེད།
མཆན་རྟགས་ ༧༢ པར་ང་རོ་ཞུ་བ་ཞིག་གིས་བཤད་པ་དེ་ལ་ལྟོས་དང་
རྒྱུ་མཚན་དང་ལྡན་པའི་སྐད་ཆ་རང་རེད། བེད་སྤྱོད་
ཡོད་ནི་ཞིག་སྦྱང་རྒྱུ་གལ་ཆེན་པོ་རེད། བེད་སྤྱོད་མེད་ནི་ཞིག་གིས་
ག་རེ་བྱེད་ཡ་ཡོད་རེད།
ཨུ་ཚུགས་རང་ལུགས་པ་ཚོ་ལ་མིན། རིག་འབྱུང་ལ་ཡིན།
མཆན་རྟགས་ ༧༠ པའི་མགོན་པོའི་དྲི་བ་བཞི་པོ་དེ་ཚོ་ལ་ལན་ཞིག་རྒྱག་རོག་
ཞུ་རྒྱུ་ཡིན། ཁྱེད་ཚོ་ཐུན་མོང་ལ་ཡིན། ངས་སྔར་མགོན་པོ་མང་པོ་འདོན་མྱོང་ཡོད་
མགོན་པོ་འདིས་ང་ལ་ཕན་ཐོག་གི་འདུག དངོས་གནས་མགོན་པོས་དྲི་བ་དེ་ཚོ་གནད་
དུ་ཕོག་འདུག་ང་ཚོའི་བོད་ཕྲུག་ཚོ་ལ་དགོས་རྒྱུ་ངོ་མ་དེ་བཤད་འདུག
རེད། རྗེས་སུ་ཡི་རང་ཡོད། ཕྱོགས་གཉིས་ཀ་ནས་རྒྱུ་མཚན་བཤད་ན་ཡག་པོ་རེད། ང་ཚོའི་རྐང་པ་ས་མ་རེག་པར་གནམ་ན་ཡོད་ནའང་འདི་ལྟར་བྱས་ན་མར་འབབ་སའི་བྲག་ཐེམ་བདེ་བོ་ཞིག་རྙེད་གི་རེད། འདིར་ཡོང་ནས་ཁ་ལ་གཤེ་གཤེ་གཏོང་མཁནཚོར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན། རང་ལ་བསམ་ཚུལ་བརྗོད་རྒྱུས་ཕོངས་ཡང་འདིར་ཡོང་ནས་གཞན་གྱི་བསམ་ཚུལ་ལ་ཉན་པ་ཡང་ཡག་པོ་རེད། ང་ཚོ་མི་ཡིན་ཙང་ཕྱོགས་རིས་ཕྱོགས་ཞེན་དང་དགའ་མི་དགའ་དེ་སྐབས་རེར་ཡོང་སྲིད་གི་རེད། གཏམ་མགོ་འཛུམ་གྱིས་བསུ། གཏམ་མཇུག་འཛུམ་གྱིས་བསྡུ།
ད་རུང་ཞུ་རྒྱུ་ཞིག་ལ། ཚ་མ་རིགས་གཏེར་ལས། ཆོས་ཀྱི་གྲགས་པས་བོར་བ་ཡི། །ངན་རྟོག་ཕལ་
ཆེར་བླུན་པོས་ལེན། །སྐྱུག་སྨན་བཏང་ནས་སྐྱུག་པ་ལ། །ཁྱི་ལས་གཞན་སུ་ཞིག་ཟ། །ཞེས་སོགས་
ཟུར་བ་མང་དུ་གསུངས་པ་དེ་ཡང་སློབ་དཔོན་ཕྱ་པ་སོགས་ཀྱི་བསྡུས་གྲྭའི་བརྗོད་བྱ་ལ་རེད།
ཕྱོགས་གླིང་དང་ཆོས་གྲགས་སོགས་ལ་རྒྱབ་འགལ་དུ་གྱུར་པ། ས་པཎ་དང་མི་ཕམ་སོགས་
ཕུལ་བྱུང་གི་མཁས་པ་དེ་ཚོས་ཡང་ནས་ཡང་དུ་བཀག་པ། སྐྱུག་སྨན་བཏང་ནས་སྐྱུག་པའི་
ཟན་འདི་ཡང་བསྐྱར་བོད་པའི་སློབ་ཕྲུག་ཚོར་སྟེར་སྦྱིན་བྱེད་ཀྱི་ཨེ་ཡིན།
མིའུ་ཕྲུག་ཟེར་བ་དང་གཞོན་ནུ་སོགས་ཀྱིས་ལྟོས།
སྒོམ་སྡེ་འདི་རྒད་དང་བསམ་བཟང་ཟིག་ཡིན། བོད་སྤྱི་ལ་ཡང་ལྷག་བསམ་ཅན་ཞིག་ཡིན།
ཁྱི་ལས་གཞན་པ།
ངས་ཁ་སང་སྒོམ་སྡེ་ལྷ་རམས་པ་ལ་ཚིག་ངན་ཁ་ཤས་ཤོར་སོང་དེ་ལ་དགོངས་དག་ཞུ་རྒྱུ་ཡིན།
ང་ཚོས་ཚིག་ངན་བེད་སྤྱོད་བྱས་པས་ཅི་གང་ཕན་གྱི་མི་འདུག
སྤྱིར་སྒོམ་སྡེ་འདི་མི་ཡ་རབས་ཞིག་ཡོད། ཆོས་ལུགས་ཀྱི་ཕྱོགས་རིས་ཀྱང་ཆུང་ཆུང་ཞིག་ཡིན།
པདྣ་དང་མགོན་ཕྱག་གཉིས་ཀྱིས་བགྲོ་གླེང་བྱེད་སྟངས་ལ་སྣང་བ་འགྲོ་སོང་། དང་པོ་ཀླད་གསར་ཡིན་མདོག་མདོག་གི་རྙིང་པ་ཐམས་ཅད་ཀྱི་ཁ་གཏད་ལ་ལང་རྐྱང་བྱེད་མཁན་གྱི་གསར་བུ་ཀླད་མེད་དེ་ཚོའི་གྲལ་རེད་བསམ་སོང་ཡང་གཏན་ནས་རེད་མི་འདུག རྒྱུ་མཚན་ལྡན་པའི་བགྲོ་གླེང་དེ་ཚོ་མཐོང་དུས་ཁ་ཞེ་གཉིས་མེད་ཀྱི་ཡི་རངས་ཞིག་མ་འདོད་བཞིན་དུ་ཤོར་སོང་། ཐུགས་རྗེ་ཆེ་མ་འདོད་བཞིན་དུ་ཞུ་དགོས་སོང་།
ང་རང་གི་བསམ་ན་བསྡུས་གྲྭ་བསླབ་པ་ཙམ་ལ་དུས་ཚོད་ཆུད་ཟོས་སུ་འགྲོ་དྭོགས་ཀྱི་སྐྱོན་ཆེན་པོ་དེ་ཙམ་མ་མཐོང་ཡང་དགེ་རྒན་དེ་ཚོའི་ཤེས་ཡོན་གྱི་གནས་ཚད་སྐྱོ་དྲག་འདུག་བསམ་གྱི་ཡོད་་་་་་་་་་་་་་་་་
དགེ་རྒན་ཟེར་བ་དེར་ཕྱོགས་ཡོངས་ནས་བལྟ་ཤེས་པའི་མཐོང་རྒྱ་ཞིག་མེད་ན་སྤྱིར་བཏང་ཤེས་ཡོན་གྱི་སྡེ་ཚན་གང་དང་གང་ཡིན་ནའང་སློབ་ཕྲུག་ལ་ཕན་པ་དེ་ཙམ་མེད་པ་ཞིག་རེད་་་་་་་་་་་་་་་
བྱས་ཙང་སྤྱིར་བཏང་སློབ་གྲྭ་ཁག་ལ་བོད་ཡིག་རྒན་ལགས་ཟེར་བ་ཙམ་གྱིས་སློབ་ཕྲུག་མང་པོའི་སེམས་ནང་ལ་མི་མགོ་འཁྲེགས་པོ་ཤེས་བྱ་ཡོན་ཏན་རྒྱ་ཆེན་པོ་མེད་པ་ཁོགས་རྒྱ་མེད་པ་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག་་་་་་་་་་་་་
དེ་འདྲ་ཡིན་དུས་བོད་ཡིག་དང་ནང་ཆོས་ཀྱི་མཁྱེན་རྒྱ་ཡོད་པའི་མི་འཇོན་ཐང་ཅན་དེ་ཚོ་དངུལ་ལ་དགའ་དྲག་ནས་ཕྱི་རྒྱལ་གང་སར་ཁྱི་ལྟར་དམྱུལ་འདི་ནས་གཞུང་གི་ཕྱོགས་ནས་མི་དེ་ཚོ་གདན་དྲངས་ཏེ་ཤེས་ཡོན་སྤྲོད་རྒྱུ་སོགས་རྨི་ལམ་ལ་ཡང་མ་འཁོར་བ་སོགས་ཀྱི་འཐུས་ཤོར་སོང་ས་མང་པོ་འདུག་་་་་་་་་་་་་་་
ད་རབ་བྱུང་ན་རྒྱལ་བ་རིན་པོ་ཆེའི་གསུང་བསྒྱུར་གྲྭ་ལོག་དེ་ཚོར་ཡོན་ཏན་འདུག་ག་མཐོང་རྒྱ་འདུག་ག་དེ་ཚོར་སློབ་གྲྭ་ཁག་ལ་ཤེས་ཡོན་སྤྲད་རོགས་ཟེར་ན་མིན་ཟེར་གྱི་མ་རེད་པ་རྒྱ་གར་ནང་མེད་པ་མང་པོ་ཚུར་ཕེབས་རོགས་ཟེར་རྒྱུར་མཐུན་རྐྱེན་ནི་སྦྱར་དགོས་ཀྱི་རེད་མ་གཏོགས་ངོ་ཚ་ཡག་གང་ཡང་མི་འདུག་སྙམ་མོ་་་་་་་་་་་་་་
རག་ར་རིན་པོ་ཆེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སློབ་མ་རེད་འདུག་ག་ཁོང་དགོངས་པ་རྫོགས་མེད་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལེགས་སྦྱར་སོགས་ཚང་མ་མཁྱེན་གྱི་ཡོད་ཚོད་འདུག་་་་་་་་་་་་་་
ཀྲི་སི་ཝི་ནས་ཁོང་གདན་དྲངས་ཏེ་དམིགས་གསལ་ཟབ་སྦྱོང་ཉིན་མ་གཅིག་ལས་བྱས་མ་ཐུབ་ནའང་མང་པོ་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པས་རྟག་པར་རྒྱ་གར་ལ་བཞུགས་རྒྱུ་མ་བྱུང་ནའང་ཟབ་སྦྱོང་དེ་འདྲ་འབུད་ཙམ་རེ་བྱུང་ན་ཡག་པོ་འདུག་སྙམ་་་་་་་་་་་་་་་་་་
ད་ངས་སུ་ལའང་དགག་པ་མི་བྱེད། མཆན་༨༡་གི་ནང་ན་གནས་ཚུལ་རྟོགས་ཡོད་པ་འདྲ་བ་གཅིག་རང་འདུག་པ་ནི་མཆན་༦༥་པ་དེ་རེད་སྙམ། དེང་སྐབས་སློབ་གྲྭའི་ནང་དུ་བསྡུས་གྲྭ་ཁྲིད་གི་ཡོད་པ་་བདེན་ནའང། ཡོངས་གྲགས་སློབ་ཚན་གཞན་ནང་ལྟར་ཁྲིད་གི་ཡོད་པ་མ་མཐོང་ལ། དེ་ལྟར་འཁྲིད་དགོས་པའི་བཀའ་བཏང་པའང་མཐོང་མ་སོང། རྩ་བའི་སློབ་ཚན་དྲུག་དང། ཟློས་གར་། རི་མོ། ལུས་རྩེད། གློག་ཀླད། དཔེ་མཛོད། མི་ཚེ་མདུན་ལམ། ནང་ཆོས།(ཚད་མ་རིགས་པའང་འདུས)བཅས་པ་ནི་ཟུར་སྦྱོང་ངམ་ཟུར་ཁྲིད་ཀྱི་ཁོངས་སུ་འདུས་ལ། ཉིན་རེར་བོད་ཡིག་སློབ་ཚན་སྐར་མ་༤༥་ལས་མེད་ལ། དེའི་བྱིངས་རྣམས་དབྱིན་སྐད་སྤྱོད་པའི་སློབ་ཚན་རེད། གལ་སྲིད་བདུན་ཕྲག་གཅིག་ནང་ཐེངས་གཅིག་ལས་མེད་པའི་བོད་ཀྱི་སྐད་ཡིག་གི་ལམ་ནས་སྦྱོང་བའི་བསྡུས་གྲྭའམ་། ཡང་ན་ནང་ཆོས་ཀྱི་སློབ་ཚན་དེ་ཡང་མེད་པར་བཟོས་ན་ད་བཟོད་བོད་ཡིག་ཚེ་སྲོག་གང་འདྲ་ཞིག་ལ་ཐུག་ཡོད་དམ། མ་མཐར་ཡང་བོད་སྐད་སྤྱད་ནས་བསྡུས་གྲྭ་རྩོད་པའི་དུས་ཚོད་འདི་ཙམ་རག་པ་དེ་ཡང་བོད་ཡིག་ལ་དགའ་མཁན་ཞིག་ཡིན་ན་དགོས་པ་ཞིག་རེད་སྙམ། འོན་ཀྱང་དེས་སྐད་ཡིག་ལ་ཕན་ཅུང་ཟད་ཐོགས་ཀྱང་མི་ཚེ་ལ་མི་ཕན་པའི་ཕྱིར་ཟེར་ན། འདི་ལྟར་བརྗོད་དེ།
༡ རྟགས་འཇུག་ཁྲིད་སྐབས་སློབ་ཕྲུག་ལ་སྔོན་འཇུག་གི་ཕོ་ཡིག་དང་རྗེས་འཇུག་གི་ཕོ་ཡིག་ལ་མུ་གསུམ་མུ་བཞི་གང་རུང་ཞོག་ཟེར་ན། སློབ་ཕྲུག་དེས་བསམ་བློ་ཞིབ་ཏུ་གཏོང་དགོས་ལ། ནམ་ཞིག་དེར་མུ་བརྩི་ཐུབ་དུས་ད་བཟོད་སྔོན་རྗེས་ཀྱི་རྟགས་ཀྱི་དབྱེ་བ་ཤེས་ཚར་བ་རེད། དགེ་རྒན་ཞིག་ལ་མཚོན་འདི་འདྲའི་ཁྲིད་ཐབས་ནི་གསེར་ལས་རིན་ཐང་ཆེ་བ་ཞིག་ལ་བརྩི་ངེས་རེད།
༢ ཚན་རིག་དགེ་རྒན་ཞིག་གིས་སློབ་ཕྲུག་ལ་ཆུའི་ནང་དུ་རང་བྱུང་གི་ཚ་དེ་ཡོད་པ་རེད་ཅེས་འགྲེལ་བཤད་སྐྱོན་ཚར་བ་དང། སློབ་ཕྲུག་གཅིག་གིས་ཆུ་ཡིན་ན་དེའི་ནང་དུ་ངེས་པར་དུ་ཚ་ཡོད་དགོས་སམ་ཞེས་དྲི་བ་བཏང་ན། དགེ་རྒན་དེས་ཆུ་རིགས་མི་འདྲ་བ་ཚང་མར་བསམ་བློ་ཞིག་གཏོང་དགོས་ལ། འདི་འདྲའི་དྲི་བ་ནི་དགེ་རྒན་ཡག་པོ་ཞིག་གི་ངོས་ནས་བརྗོད་ན་ཆེས་རིན་ཐང་བདེན་པ་ཞིག་ཡིན་ལ། འདི་ནི་བསྡུས་གྲྭའི་རིགས་ལམ་རེད་སྙམ།
༣ ཚན་རིག་དགེ་རྒན་རྒྱ་གར་བ་ཞིག་གིས་བདག་ལ་འདི་འདྲ་ཞིག་བརྗོད་མྱོང་སྟེ། མཚན་ཉིད་རྩོད་མཁན་གྱིས་སློབ་ཕྲུག་ཚོས་དྲི་བ་ནི་བསམ་བློ་གཏོང་རྒྱུ་ཡོད་པ་དང། ཁྱབ་ཆེ་ལ་གནད་བསྡུས་པ་རྐྱང་རྐྱང་རེད། དེ་དངོས་ནས་མ་འདྲ་བ་ཞིག་འདུག་ཟེར།
གསལ་བཤད་ཞུ་དགོས་པ་ཞིག་ལ། ངས་བརྗོད་པ་འདི་ནི་རང་གི་རྨོངས་འཆར་ཙམ་ལས་དྲ་གྲོགས་དག་ལ་དགག་པ་ཞུ་བ་མིན་ལ། པདྨ་ཟེར་བ་དེ་ལ་དམོད་པ་དེ་བས་ཀྱང་མིན།
གཞོན་ནུ་ཟླ་མེད་ལགས་ཀྱི་མཆན་༥༤ཡི་སྐོར་ལ་ལན་ཐུང་ངུ་ཞིག་སྦྱིན།
བུད་མེད་ལྟ་བུའི་ཡན་ལག་མ་ཡིན་པའི་ཕུང་པོའི་ཚོགས་ཡིད་ལ་ཤར་ནས། དེ་ལ་ཆགས་པ་སོགས་སྐྱེ་བར་ཇི་ལྟར་འགོག་གསུངས་ན། ངའི་ཉམས་མྱོང་གི་སྟེང་ནས་ཞུས་ན།
དང་པོ། ཕུང་པོའི་ཚོགས་དང་དེའི་མཛེས་སྡུག་སོགས་ཡོད་མེད་ལ་མི་ལྟ་བར། ཕུང་པོའི་ཚོགས་དེ་སྣང་བར་ཤར་སྐབས། དྲན་པ་དང་ཤེས་བཞིན་ངར་པོ་ཞིག་གིས་ཟུར་ནས་བལྟས་ནས། ལིང་ལིང་ཤར་བའི་མཛེས་མའི་སྣང་བ་དང་དེ་ལ་ཆགས་སེམས་ཀྱི་བློ་དེ་ལ་བལྟས་ནས། དེ་དང་པོ་ཇི་ལྟར་བློ་ལ་སླེབས་སོང་། ད་ལྟ་ཇི་འདྲ་རེད། མཐར་ག་པར་འགྲོ་ས་རེད་སྙམས་ནས་ལྟོས་དང་། དང་པོ་དང་པོ་སེམས་ལ་འཚོར་བ་རག་པ་ཞིག་ཤར་ནས་སེམས་མི་བདེ་བ་དང་། ཚབ་ཤ་ལངས་པ། སེམས་དེ་འཕྲལ་མ་འཕྲལ་མར་བདེ་སྡུག་གི་འཚོར་བས་བཅིངས་པ་ཡོང་། ལྷག་པར་དུ་མཛེས་མ་འདི་སེམས་ལ་ཤར་སྐབས། ཚབ་ཤ་ལངས་པ་སོགས་ཡོང་།
གལ་ཆེ་ཤོས་དེས། བུད་མེད་ཀྱི་སྣང་བ་ཤར་བ་དང་། དེས་འདྲེན་པའི་ཆགས་སེམས་སོགས་ཀྱི་བློ་ཤར་སྐབས། སེམས་ནང་། “འོ། ད་སྣང་བ་བརྫུན་མ་ཁོ་སླེབས་སོང་། ད་དེ་ལ་ལན་ནམ། ཁ་ཡ་བྱས་ནས་དེའི་རྗེས་སུ་མི་འགྲོ་བར། ཁོ་ལ་ཟུར་ནས་བལྟ་མོ་ཞིག་ལྟའོ་སྙམས་ནས་སྡོད་དང་།
སྒོམ་མཐུན་འདི་ཉིན་རེར། ཐོག་མ་སྐར་མ་གཅིག་རེ་གཅིག་རེ། དེ་ནས་རིང་དུ་རིང་དུ་བཏང་ནས་སྡོད་ཐུབ་ན། རིམ་བཞིན། བུད་མེད་ཀྱི་སྣང་བ་དེ་ཤར་སྐབས། སེམས་དེ་སྣང་བ་དེའི་རྗེས་ལ་ཆགས་བཞེན་གྱིས་མི་ཁྲིད། དེ་ནས་ད་དུང་རིམ་བཞིན་བལྟ་ཡོང་དུས། བུད་མེད་ཀྱི་སྣང་བ་དེ་དང་རང་གི་བློ་གཉིས་ཐ་དད་དུ་ཤར་བའི་ངེས་པ་སྐྱེས། མཐར་ད་དུང་ཤར་བཞིན་པའི་བུད་མེད་ཀྱི་བློ་དེ་ལ་ཁ་ཡ་བྱེད་མ་དགོས་པར། འོ་དེ་སླེབས་སོང་། ད་མགྱོགས་པོ་ཡལ་འགྲོ་གི་རེད་སྙམ་པའི་བློ་ཞིག་སྐྱེས་ཡོང་དུས། ཆགས་པ་ལ་དབང་སྒྱུར་མ་ཐུབ་ནའི། ཆགས་པའི་བྲན་གཡོག་ནས་ཐར་ཡོད།
ཡུལ་གྱི་ངོས་ནས་རང་བཞིན་བསྒྲུབ་མེད་ཀྱིས་ཉོན་མོངས་འགག་ཐུབ་པ་ཅུང་དཀའ་མོ་འདུག དེར་བརྟེན་དང་པོ་སྣང་བ་དེ་བདེན་པ་མ་ཡིན་པར་ངོས་འཛིན་ནས། དེ་ལ་ཁ་ཡ་མ་བྱེད་པར། རྡིར་རྡིར་རར་བལྟོས་དང་ཕན་པ་ཆེ། ཀརྨ་པ་སྐུ་འཕྲེང་བརྒྱད་པའི་ཕྱག་ཆེན་གྱི་ཁྲིད་ནང་། སྣང་བ་སོགས་ཤར་སྐབས། དང་པོ། “ཁྱི་རོ་བཞིན་དུ་བདག་མེད་འཇོག མཛེད་ཕོ་བཞིན་དུ་སྐྱུར་ལ་འཇོག་”གསུངས་འདུག་པ་དེས། ང་ལ་ཕན་པ་ཆེན་པོ་བྱུང་།
ངའི་མི་ཚེའི་ནང་དངོས་གྲུབ་ཆེ་ཤོས་འདི། ཁ་འདོན་ཉུང་དུ་བཏང་། སྒོམ་མང་དུ་གཏོང་ཐུབ་པ་བྱུང་བས། དེས་སེམས་ལ་སྒྱུར་བ་མང་ཤོས་ཐེབས་བྱུང་། ༼གཏམ་འདིས་ངའི་ཡིད་ལ་རང་གི་ཡོན་ཏན་སྨྲས་སོང་སྙམ་པའི་ངོ་ནོངས་ཤིག་སྤྲད་བྱུང་། ཞབས་འདྲེན་ཞུས་སོང།༽སྔོན་མ་འདོན་ཆ་གཅིག་པུ་ཆུ་ཚོད་གཉིས་ཙམ་ཡོད། འདོན་ཆ་དེ་སྐར་མ་ཉི་བཤུ་ཙམ་བཟོས། གཙོ་བོ་ཆུ་ཚོད་གཅིག་དང་ཕྱེད་ཀ་དེ་བསམ་པ་དང་སྒོམ་པའི་ཐོག་སྐྱེལ་གྱི་ཡོད། དེས་སྔོན་མ་དཔེ་ཆ་ཏོག་ཙམ་བལྟས་པ་འདི་ནུས་པ་ཆེན་པོ་འདུག
ང་སྒོམ་གྱི་ནུས་པ་ལ་ཡིད་ཆེས་འདི་ཐོག་མ་ལོ་བཅུ་ཙམ་གྱི་གོང་ལ། ཕོ་བ་ལ་ནད་དྲག་པོ་སྐྱེས། སྨན་པ་བརྟེན། སྨན་ཉོས། ཡིན་ནའི་ལེ་ལོའི་དབང་གིས་སྨན་རྒྱུན་མཁྱོངས་ནས་ཟ་མ་ཐུབ་སྟབས། ན་ཚ་དེ་ལོ་མང་ལྷགས། སྨན་པས་ཀྱང་ད་ཐབས་ཤེས་མིན་འདུག་ཟེར། མཐར་བཤེས་གཉེན་དྲིན་ཆེན་གྱིས་མཁྱེན་ནས། ཉིན་གཅིག་གཟིམ་ཤག་ལ་བསྐོང་ནས། “སྨན་མི་བཏང་ན། ན་ཚ་བཅོས་ཐབས་མེད་པས། ད་ཤི་རྩིས་བྱས་ན་ལེགས། དངུལ་ཕྲན་བུ་ཡོད་པ་འདི་རང་གི་ཕ་མ་དང་སྤུན་མཆེད་ཚོར་གཏོང་། ཁྱིམ་ཆས་ཉུང་དུ་བཏང་ནས། ཅུང་ལེགས་པ་ཚོ་དགེ་རྒན་རྣམས་དང་གྲོགས་རྣམས་ལ་སྤྲོད། ཐབས་ཆག་དེ་ཚོ་རང་གི་ཉར་ནས་མ་ཤི་བར་བེད་སྤྱོད་བྱེད་གསུངས་། འོ་ད་ཕལ་ཆེར་ལོ་གཉིས་ལྷགས་ཁྱོལ་ས་མ་རེད། ད་རིག་པ་སྒྲིམ་ནས་བསམ་རྒྱུ་ཆོས་དང་དྲན་རྒྱུ་ཆོས་ལ་བཅོལ་གསུངས་། ང་རང་སེམས་སྐྱོ་དྲག་ནས་ངུས། ད་བླ་མ་མཁྱེན། ང་ཤི་འདོད་མི་འདུག་རུང་། ལེ་ལོའི་དབང་གིས་ནད་ཅུང་དྲག་པ་དང་སྨན་གཏོང་རྒྱུ་བརྗེད་ནས། ལེ་ལོའི་དབང་གིས་ད་འདི་འདྲར་ལྷུང་། སྐུ་མཁྱེན་རོགས་པ་ཞིག་གནང་རོགས་ཞུས་པ་ཡིན། ཁོང་གིས་སྨན་པས་བཅོས་མ་ཐུབ་ན། ངས་ག་ལ་ཡོང་ཟེར་ནས་ཁ་ཡ་མི་གནང་། ཁོང་གིས་ཉིན་ཤས་རྗེས། སྔོན་ལ་སྨན་གྱི་ཕན་ཡོན་ཤོག་བུ་འདི་ཀློག་རྗེས་ ཕན་ཡོན་འདི་དག་རེ་རེ་བཞིན་ཡིད་ལ་སྒོམ་ནས། མཐུན་ཐུང་ཐུང་དང་། མཐུན་མཚམས་མང་པོ་སྐྱོང་ནས། ཉིན་ལྟར་སྨན་དེའི་ཕན་ཡོན་གཅིག་པུ་སྒོམ། ལམ་རིམ་སྐྱོང་བ་བཞིན་བྱེད་གསུངས།
ངས་ཀྱང་དེ་ནས་ཉིན་ཤས་རིང་། སྨན་དེའི་ཕན་ཡོན་གཅིག་པུ་བསམ་བློ་བཏང་སྐབས། ཉིན་ཤས་རྗེས། སྨན་དེ་བཏང་ན་ཕན་པ་ཆེ་བ་ལ་ངེས་པ་སྐྱེས་ནས་སྨན་སླར་གཏོང་མགོ་བཙུགས། ད་དུང་མུ་མཐུད་སྨན་གྱི་ཕན་ཡོན་གཅིག་པུ་སེམས་ལ་དཔྱད་སྒོམ་བྱས་ནས། མཐར་སྨན་དེ་ཉིན་རེའི་ཟ་མའི་གལ་ཆེ་ཤོས་འགྱུར་ནས། འབད་རྩོལ་ཆེན་པོ་མི་དགོས་པར། ཟླ་ཤེལ་ཟེར་བའི་བོད་ཀྱི་ཕོ་བའི་སྨན་དེ་ལོ་གཉིས་ཉིན་གཅིག་ཀྱང་མ་ཆད་པར་བཏང་ཐུབ་བྱུང་། སྨན་དེ་དུས་ཚོད་མང་པོ་བཏང་སྟབས། ལུས་ཀྱི་འདྲི་མ་དང་། ཆབས་གཅིན་ཚང་མར་སྨན་གྱི་འདྲི་མས་འཁེབས་ནས། ང་ཁང་པའི་ནང་ཡོད་ན། མི་ཚང་མས་འོ་ད་ཁོ་སླེབས་ཤག་འདྲི་མ་དེ་འཁུར་འདུག་ཟེར་སྲོལ་ཡོད། མཚམས་རེ་དཔེ་མཛོད་ཀྱི་དེབ་མི་ཚང་ན། ངའི་རྩར་ཡོང་ནས། ཁྱོད་ཀྱིས་དེབ་དེ་ཁྱེར་རམ། ཁ་ས་དཔེ་མཛོད་ནང་སྨན་གྱི་འདྲི་མས་འཁེངས་འདུག ཁྱོད་སླེབས་ཡོད་པ་གཞན་གྱིས་འཚོར་འདུག་ཟེར་བ་ཡང་བྱུང་།
རྗེས་སུ་སྨན་གྱི་ཕན་ཡོན་སྒོམ་པ་ལ་བརྟེན་ནས་དཔྱད་སྒོམ་གྱི་ནུས་པ་ཤེས་ནས། ཆོས་ཀྱི་རྣམ་གྲངས་གཞན་ལ་སྒོམ་པ་བྱེད་པར་བརྩམས་ནས་ལམ་དེས་ཡིད་ལ་ཕན་པོ་བྱུང་། དྲིན་ཆེན་བླ་མ་དེ་ལ་ཡང་བཀའ་འདྲིན་གསོ་བཞིན་ཡོད་རུང་། མཚམས་རེ་ད་དུང་ཁོང་ལ་སྐྱོན་ལྟ་བུ་མཐོང་སྐབས། གོང་གསལ་སྣང་བ་སྐྱོང་སྟངས་དེ་སྒོམ་གྱི་ཡོད། ཕན་པོ་འདུག
ད་འདིར་མཇུག་བསྒྲིལ་ནས་གཏམ་དེས་ཁྱེད་ལ་ཕན་པ་དང་། ངའི་བདག་གཅེས་འཛིན་དང་ང་རྒྱལ་ཚང་མ་འཇོམས་པར་བསྔོ། རྗེས་མ་འདྲི་བ་ཡོད་ན། གཞན་ལ་འདྲི་རོགས། ད་ང་སང་ཉིན་ཕྱོགས་འཐོན་བྱེད་མཁན་ཡིན་སྟབས། ད་ཕལ་ཆེར་དྲ་བ་འདི་ལ་ཡོང་མི་ཐུབ། ཁ་བྲོ།
འོ་ལགས་སོ་དམུ་རྒོད་ལགས་ལ་ལགས་སོ་ཐུགས་རྗེ་ཆེ་ཞུ་བ་ཡིན། འདི་འདྲ་གསུངས་ན་ཕན་པོ་འདུག ད་དུང་ཡང་ཡང་ཕེབས་དང་སྔོན་པོ་ཏོག།
གོང་གི་མཆན་ཁ་ཤས་ལ་བལྟ་དུས་མི་དེ་ཚོ་སྣང་བ་སྐྱིད་པོ་ཞེ་པོ་ཞིག་ཡོད་ས་རེད་དེ་ཚོ་ཨ་མི་རི་ཀའི་མི་སྦུག་སུབ་དོག་པོ་དེ་ཚོར་བཤད་ན་ཁོ་ཚོ་གལ་ཏེ་ཡིད་ཆེས་པའི་དབང་དུ་བཏང་ནའང་མི་དེ་ཚོ་འདི་འདྲ་སྐྱིད་པོ་ཅི་རེད་ཅེས་ཕྲག་དོག་ཟ་བའི་ཉན་ཁའང་འདུག་་་་་་་་་་་་་་་་་་་་་་
ད་ངེད་ཀྱིས་བསྐྱར་དུ་བསམ་ཚུལ་ཁ་སྣོན་དེ་འདྲ་བཤད་དགོས་དོན་མི་འདུག
ཚང་མས་བསམ་ཚུལ་ཧ་ཅང་ཡག་པོ་བཤད་འདུག ཕྱོགས་གཉིས་ཀ་ནས་བཤད་འདུག ཚང་མ་ལ་རྒྱུ་མཚན་རེ་འདུག
ངེད་རང་ནི་སློབ་སྦྱོང་བྱེད་དུས། གཅིག་ཤེས་ཀུན་གྲོལ་ཟེར་བའི་ཐབས་ལམ་འདི་གཙོ་བོར་བསྟེན་མཁན་ཞིག་ཡིན།
དེར་བརྟེན། རིགས་ལམ་སོགས་ཀྱིས་ཕན་ཐོགས་རྒྱ་ཆེར་འདུག དེ་རིང་སང་ཉིན་་ངེད་ཀྱིས་སྦྱོང་བཞིན་པའི་དཔལ་འབྱོར་རིག་པའི་ཐོག་ལ་ཡང་བེད་སྤྱོད་འདུག
རྩོམ་ཡིག་འདིའི་ཁ་བྱང་་ཅུང་ཙམ་བཙན་པོ་འདུག་མ་གཏོགས། བསམ་ཚུལ་ནི་ཚང་མས་གོ་རྒྱུ་ཅན་རྐྱང་རྐྱང་བཤད་འདུག
ཚང་མ་ལ་ངེད་རང་སྒེར་གྱི་ངོས་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང༌། དེ་ཙམ་ཡིན།
བསྡུས་གྲྭ་བོད་ཀྱི་རིག་གནས་ཁྲོད་ན་གཟི་བརྗིད་ངོམ་རིན་ཡོད་པ་ཞིག་ཡིན་པས་དེ་དགོས་མེད་བཤདམཁན་ཆེར་མེད་སྙམ། འོན་ཀྱང་ཉམས་ལེན་མཁན་ཀྱིས་བླ་མའི་མན་ངག་དོར་ནས་རྟོགས་དཔྱོད་བྱེད་པ་གོལ་ས་ཆེན་པོ་ཞིག་ཡིན་པ་བཀའ་རྙིང་ཇོ་ནང་ཀུན་ལ་གྲགས་པས་སྐབས་དེར་དགོངས་པ་ཡིན་ནམ། ཡང་ན་གཞུང་ལ་མ་འཁྲིལ་བར་རིགས་ལམ་མྱུར་མདོག་གིས་རང་བཟོར་འགྱུར་ཉེན་ཆེ་བ་སྟེ། གུང་ཐང་བས། དཔྱད་པས་ངེས་པ་ལམ་ཙམ་རྙེད་ནའང་། །ཆོས་ཚུལ་ཟབ་ལ་ཐག་གཅོད་མི་སྔ་ཞིང་། །འགྲིག་འགྲིག་མང་བོས་རྣམ་རྟོག་རྒྱ་བསྐྱེད་པས། །དཔྱད་པ་མ་ཐལ་གཞུང་ལ་འཁྲིལ་བཞིན་དུ། །རྒྱས་བསྡུས་འཚམ་པའི་དཔྱད་ཚུལ་གྱིས་ཤིག་ཨང་། །ཞེས་པ་ལ་དགོངས་པ་ཡིན། གང་ལྟར་ཡང་པདྨས་བཤད་པའི་བསྡུས་གྲྭ་དང་མཁས་དབང་གཞན་གྱིས་བཤད་པའི་ཚད་མ་གཉིས་འདྲ་ས་ཡོད་ཀྱང་མཚུངས་ཐབས་མེད་སྙམ། གང་ཡིན་ཡང་རིག་གཞུང་རིན་པོ་ཆེའི་ཆ་ཤས་ཡིན་པས་གཅེས་སྲུང་གནང་དགོས་ངེས་སྙམ། ཡང་གྲྭ་གྲོགས་པདྨས་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན་ལུང་དྲངས་པ་ནོར་བ་རེད། ལུང་དེ་ཇོ་བོའི་བདེན་གཉིས་ལ་འཇུག་པ་ལས། ། དེས་ན་གྲུབ་མཐའ་ཐམས་ཅད་ཀྱང་། །ཚད་མས་འཇལ་ཕྱིར་མཐུན་པར་འགྱུར། །རྟོག་གེ་ཐམས་ཅད་མི་མཐུན་པས། །ཚད་མས་གཞལ་བའི་ཆོས་ཉིད་ཀྱང་། །མང་པོ་ཉིད་དུ་མི་འགྱུར་རམ། །མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཅེས་པ་དེ་རང་ལགས།
ཨ་ཨ་་་ མཆན་མང་པོ་བཏབ་འདུག མང་ཆེ་བས་བསྡུས་གྲྭའི་སྤྱིའི་རིན་ཐང་གི་ཆ་ནས་གླེང་གི་འདུག སྤྱིའི་ཆ་ནས་བསྡུས་གྲྭ་ལ་རིན་ཐང་ངམ་ཕན་ནུས་ཞིག་མེད་ན་འདི་འདྲའི་དར་ཁྱབ་ལ་འགྲོ་ཐུབ་ཀྱི་མ་རེད་ལ། དེ་བས་ཀྱང་ལོ་འདི་འདྲའི་མང་པོའི་རིང་གནས་ཐུབ་ཀྱི་མ་རེད། དེ་ཙམ་ཡིན་་་་་
ངས་བསྡུས་གྲྭ་འདི་གད་སྙིགས་ནང་དུ་གཡུག་ཞོག་ཟེར་བ་དེ་གཞི་རིམ་སློབ་ཕྲུག་ཚོའི་ངོས་ནས་བཤད་ཀྱི་ཡོད། དེ་ཡང་སློབ་ཕྲུག་བརྒྱ་ཆའི་དགུ་བཅུ་གོ་དགུའི་ངོས་ནས་བཤད་ཀྱིན་ཡོད། བསྡུས་གྲྭ་འདི་སློབ་ཚན་དུ་བཞག་པ་ནས་ལོ་ངོ་དེ་འདྲ་མང་པོ་ཞིག་གི་རིང་ལ་སློབ་ཕྲུག་སྟོང་ཕྲག་མང་པོས་བསྡུས་གྲྭ་འདི་སྦྱངས་ཁུལ་བྱས་ཡོད། ང་ཚོའི་སློབ་ཕྲུག་ཚོས་བསྡུས་གྲྭ་སྦྱངས་བའི་ཤེས་ཚད་དང་བསྡུས་གྲྭས་ང་ཚོའི་སློབ་ཕྲུག་ཚོར་བཞག་པའི་བློ་སྐྱེད། སློབ་ཚན་འདི་སྦྱོང་སྐབས་ངོ་མ་འཕྲོད་པ་དང་མ་ཤེས་པའི་དཀའ་སྡུག་དང་སེམས་ངལ། ད་དུང་འདིའི་ཐོག་ཏུ་བཏང་བའི་དུས་ཚོད་དང་འགྲོ་གྲོན་བཅས་ཀྱི་ལྕི་ཡང་ཞིག་བསྡུར་ན་ད་གཟོད་ང་ཚོའི་སེམས་ལ་འབབས་རྒྱུ་ཞིག་ཡོད་ངེས།
གཞི་རིམ་སློབ་གྲྭ་ནས་མ་གཏོགས་བསྡུས་གྲྭ་སྦྱངས་མ་མྱོང་བའི་ང་ཚོའི་མི་བུ་སུ་ཞིག་གིས་བསྡུས་གྲྭའི་རིགས་ལམ་གྱི་འགྲོ་སྟངས་ཤེས་ཡོད། སུ་ཞིག་བསྡུས་གྲྭའི་རིགས་ལམ་ལ་བྱང་ཡོད། ཕལ་ཆེར་མཛུབ་མོ་འཛུགས་ས་རྙེད་ཀྱི་མ་རེད། དཔེར་ན། རྟ་དཀར་པོ་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། ཁ་དོག་མ་ཡིན་པའི་ཕྱིར། ཞེས་པ་འདི་ལ་གཞི་རིམ་སློབ་གྲྭ་ནས་མ་གཏོགས་བསྡུས་གྲྭ་སྦྱངས་མ་མྱོང་བའི་མི་བུ་ཚོའི་ཁྲོད་དུ་ཤེས་ནས་ལན་འཐོབ་མཁན་བརྒྱ་ཆའི་ལྔའང་ཡོད་ཀྱི་མ་རེད། དེ་འདྲ་ཡིན་དུས་བསྡུས་གྲྭའི་རིགས་ལམ་གྱི་ཐོག་ནས་སློབ་ཚན་གཞན་ལ་བརྡར་ཤ་གཅོད་པ་དང་། དེ་བཞིན་བློ་སྐྱེད། གཅིག་ཤེས་ཀུན་གྲོལ་ཟེར་བ་སོགས་ནི་རྒྱང་རིང་བར་སྣང་གི་སྐད་ཆའམ་ཕ་རིའི་སྤང་རྒྱན་ཟེར་བ་དེ་རེད།
ངས་རྒྱུ་མཚན་འདི་འདྲའི་ཐོག་ནས་བཤད་ཀྱི་ཡོད་མ་གཏོགས་དེ་མིན་སུ་ཞིག་གིས་མཛད་མིན་དང་ནང་ཆོས་དང་མཐུན་མིན་ལ་བཅོལ་དོགས་བྱེད་ཀྱིན་མེད། ཕན་ཐོགས་ན་གང་ཡང་ལེན་ཆོག་གི་རེད་ལ། ཕན་མི་ཐོགས་ན་གང་ཡང་དོར་ཆོག་གི་རེད། བསྡུས་གྲྭས་ཕན་མི་ཐོག་གི་ཟེར་བའང་གཞི་རིམ་སློབ་གྲྭ་ཁོ་ནའི་ཐོག་ནས་བཤད་པ་ཡིན།
སྤྱིར་གཞི་རིམ་སློབ་གྲྭའི་སློབ་མ་བརྒྱ་ཆའི་བརྒྱ་ལ་བསྡུས་གྲྭའི་འགྲོ་སྟངས་ཙམ་ཡང་ངོ་འཕྲོད་ཡོད་པ་མ་རེད་ཅེས་བཤད་ཐུབ་པ་ཞིག་རེད་མོད། འོན་ཀྱང་གོང་དུ་མཆན་འབྲི་མཁན་རེ་གཉིས་ཀྱིས་བསྡུས་གྲྭའི་རིགས་ལམ་ལ་བྱང་ཡོད་མདོག་དང་། བློ་སྐྱེད་བྱུང་རབས་སོགས་གླེང་འདུག་པས་བརྒྱ་ཆ་གཅིག་དེ་ཚོའི་ཆེད་ཏུ་བཞག་པ་ཡིན།
གཙོ་བོ་དེ་རིང་ངས་བཤད་འདོད་པ་ནི། སློབ་གྲྭ་ཁག་ཏུ་ཧ་ཅང་གལ་ཆེན་དུ་བརྩིས་ནས་ཡིག་གཟུགས་སྦྱོང་བ་དང་། ཟློས་གར་སྦྱོང་བ། ཞལ་འདོན་འདོན་པ་འདི་ཚོའང་གད་སྙིགས་ནང་དུ་གཡུག་ན་འདོད་པས་ཁྱེད་ཅག་ལ་བསམ་ཚུལ་གང་ཡོད་ཤེས་ན་འདོད་གི
ང་རོ་ངར་ནས་ཡོང་དུས།།
ཚང་མ་བྲོས་ནས་བུད་ཐལ།།
རྒྱུ་མཚན་བཤད་རྒྱུ་མེད་ནོ།།
ང་རོས་སྔོན་ནས་ཤེས་ཡོད།།
ང་རོ་བདེན་པ་རེད་ཡ། ང་རོ་ནི་སེང་གེས་ང་རོ་རང་རེད། རི་དྭགས་ཕྲ་མོ་རྣམས་ནི་འཇིགས་
ཤིང་སྐྲག་སྟེ་བག་འཁུམ་གྱུར་སོང་།
བསྡུས་གྲྭ་དགོས་རབས་བཤད་མཁན་དེ་ཚོས་དམིགས་ཡུལ་ད་ཤེས་སོང་།
དགེ་བཤེས་ཚོས་ལས་ཀ་རག་ཡ་ལ་དམིགས་ནས་རྒྱལ་བ་རིན་པོ་ཆེ་དབུ་
སྐོར་གཏོང་གི་ཡོད་རེད་ཟེར་བ་འདུག་པས་དེ་དངོས་གནས་བདེན་པ་རེད།
ཁོ་རང་ཚོས་མ་འོངས་པར་ལས་ཀ་ཤིག་མཐོབ་ཆེད་ད་ལྟ་ནས་ལམ་ཁ་
བཟོ་བཞིན་པ་བཞིན་རེད།
སྤྱིར་ཉམས་ལེན་ཁོ་ནར་གཞོལ་མཁན་ཞིག་གི་ངོས་ནས་བཤད་ན། བསྡུས་གྲྭ་ཙམ་མ་ཟད་ཚད་གཞུང་འདི་ཡང་མཁོ་ཡོད་ཀྱི་གཞུང་ཞིག་མིན་སྐོར་ཇོ་བོ་རྗེས་མཚོན་པའི་ཚད་ཐུབ་ཀྱི་བླ་མ་མང་པོས་བསྟན་འདུག འོན་ཀྱང་མིའི་རིགས་ལམ་གྱི་བསམ་གཞིགས་གོང་འཕེལ་ཏུ་གཏོང་པ་དང་། བོད་བརྒྱུད་སངས་རྒྱས་ཆོས་ལུགས་འདི་ཉིད་རྒྱུ་མཚན་གྱི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ངེས་པར་དུ་བསྡུས་གྲྭའི་མཚོན་པའི་གཏན་ཚིགས་ཀྱི་རིགས་པའི་གཞུང་ལུགས་འདི་དག་གལ་ཆེན་པོ་ཡིན་པ་ཧ་ཅང་གསལ་པོ་རེད། བོད་ཀྱི་སྔོན་བྱོན་མཁས་པ་ཚོའི་རྣམ་ཐར་མཇལ་སྐབས། ཕལ་མོ་ཆེས་གཏན་ཚིགས་རིག་པ་དང་སངས་རྒྱས་ཆོས་ལུགས་གཉིས་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་ཏུ་སློབ་སྦྱོང་དང་བེད་སྤྱོད་གནང་འདུག བསྡུས་གྲྭ་རང་ངོས་ནས་བཤད་ན། གཅིག་ནས་རིགས་ལམ་གྱི་འགྲོ་སྟངས་གལ་ཆེན་མང་པོ་ཞིག་བསྡུས་ཚན་བྱས་ནས་བསྟན་ཡོད་ལ། གཉིས་ནས་མཚན་ཉིད་རིག་པའི་གལ་ཆེའི་གནད་དོན་མང་པོ་ཞིག་ཀྱང་དཔྱད་ཞིབ་བྱེད་ཀྱི་ཡོད་པས་གད་སྙིགས་ནང་དུ་གཡུག་ཆོག་ཆོག་གི་གཞུང་ལུགས་ཤིག་མིན། འདས་པའི་མི་ལོ་སུམ་ཅུའི་རིང་བཙན་བྱོལ་ཁྲོད་ཀྱི་སློབ་ཕྲུག་ཚོའི་ཤེས་ཡོན་དང་བསམ་བློའི་གོ་རྟོགས་ཐད་འཐུས་ཤོར་ཕྱིན་ཚུལ་རང་ཅག་གིས་དེང་སང་གླེང་བཞིན་པ་དེ་ཡང་མཐར་གཏུགས་ན་རང་རྟོགས་ཀྱི་བསམ་གཞིགས་སམ་རིགས་ལམ་གྱི་བསམ་གཞིགས་ངེས་ཅན་ཞིག་ཆགས་མེད་པ་དེ་ལ་ཐུག་ཡོད་པས་ཁོ་ཚོས་རིགས་ལམ་ལ་དོ་སྣང་བྱེད་དགོས་ངེས་ཤིག་རེད།
ཡོན་བྷེས་ནོར་འདུག་ང་ཚོས་ངེས་པར་དུ་བཅིང་གྲོལ་གཏོང་རྒྱུན་ཡིན་བསྡུས་གྲྭ་ཟེར་བ་དེ་བོད་གཞུང་གི་སློབ་གྲྭ་ནང་ཁུར་ཡོང་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡིན། འཛམ་བུ་གླིང་ལ་མེད་ནི་བོད་པས་སྦྱོང་དགོས་དོན་མེད།
དྲྭ་གྲོགས་མང་པོ་ཞིག་གིས་ང་ལ་ལུང་རྫུན་བཟོས་པ་རེད་ཅེས་གཤེ་གཤེ་གཏོང་མཁན་ཚོར་ཞུ་རྒྱུ་ཞིག་ལ་ངས་ལུང་རྫུན་དྲངས་པ་མིན་ན་ཡང་ལུང་ཁུང་ནོར་བ་རེད་ཅེས་ཞུས་པ་བཞིན་གོང་གི་མཆན་རྟགས་ ༨༩ པར་ལྷགབསམ་རྒྱ་མཚོ་ཟེར་བ་ཞིག་གིས་ཇོ་བོའི་ལུང་ཆ་ཚང་དྲངས་འདི་ལྟར་རེད། ལུང་དེ་ཇོ་བོའི་བདེན་གཉིས་ལ་འཇུག་པ་ལས། ། དེས་ན་གྲུབ་མཐའ་ཐམས་ཅད་ཀྱང་། །ཚད་མས་འཇལ་ཕྱིར་མཐུན་པར་འགྱུར། །རྟོག་གེ་ཐམས་ཅད་མི་མཐུན་པས། །ཚད་མས་གཞལ་བའི་ཆོས་ཉིད་ཀྱང་། །མང་པོ་ཉིད་དུ་མི་འགྱུར་རམ། །མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཅེས་པ་དེ་རང་ལགས།
ཇོ་བོ་ལ་སོགས་པས་གསུངས་པ་བཞིན་ཚད་མ་འདི་སྔོན་ཕྱོགས་གླིང་ཡབ་སྲས་ཀྱི་སྐབས་སུ་ཕྱི་རོལ་པའི་རྩོད་པ་ཟློག་པའི་ཆེད་རིག་པ་སྦྱོང་བརྡར་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ལ་ངོས་འཛིན་བྱས་ཆོག དེང་སང་ནི་ཚད་མའི་ཚུལ་གསུམ་གྱི་ལམ་ལས་རྩོད་པ་བྱེད་སའི་ཆོས་ཁས་མི་ལེན་མཁན་ཞིག་ལ་ཐུག་རྒྱུ་ཕལ་ཆེར་མེད་པ་འདྲ། ལྷག་པར་བོད་པའི་བསྡུས་གྲྭ་འདིས་ཆོས་མེད་སྨྲ་བ་ཚར་བཅད་པའི་གཏམ་རྒྱུད་གང་ཡང་མེད། བོད་ནང་ཁུལ་གྱི་བླ་རྒན་ཚད་མ་སྦྱང་མ་མྱོང་མཁན་དེ་ཚོར་མཐོ་བརྩམ་རེ་བྱས་ཡོད་སྲིད།
དྲྭ་གྲོགས་སྒོམ་སྡེ་ལགས་ལུང་དེ་ཇོ་བོའི་བདེན་གཉིས་ལ་འཇུག་པ་ལས། ། དེས་ན་གྲུབ་མཐའ་ཐམས་ཅད་ཀྱང་། །ཚད་མས་འཇལ་ཕྱིར་མཐུན་པར་འགྱུར། །རྟོག་གེ་ཐམས་ཅད་མི་མཐུན་པས། །ཚད་མས་གཞལ་བའི་ཆོས་ཉིད་ཀྱང་། །མང་པོ་ཉིད་དུ་མི་འགྱུར་རམ། །མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཅེས་པ་དེ་རང་ལགས། ཞེས་ལྷག་བསམ་རྒྱ་མཚོས་དྲངས་འདུག
དྲྭ་གྲོགས་ཚོ་ད་ནི་ངེད་ཅག་མཁས་པའི་ཁྱི་མཆོག་ཇོ་བོ་རྗེ། འཇུ་མི་ཕམ། འབྲུག་ཀུན་མཁྱེན་པདྨ་དཀར་པོ། འཇམ་མགོན་ས་སྐྱ་པཎ་ཆེན། རྗེ་ཙོང་པ། པདྨ། མགོ་པོ་ཕྱག་གཉིས་པ། ང་རོ་ལ་སོགས་པ་བསྡུས་གྲྭའི་ཚིག་འཁྲི་ལ་མི་དགྱེས་ཤིང་དོན་ལ་རྟོན་པའི་མཁས་པ་རྣམས་གཏན་ཏུ་རྒྱལ་བ་ཡིན་ནོ།
རྕོད་པ་རྒྱལ་ཟེར་བ་དེ་དང་པོ་རང་གིས་རིག་ལམ་ཤེས། རང་གཞན་གྱི་དམ་བཅའ་ངོས་ཟིན། གཞན་གྱི་བཏང་བའི་སྐྱོན་སྤོངས་ཐུབ རང་གི་རྟགས་ཀྱི་ཚེར་མ་འབྱིན་ཤེས། གཞན་གྱི་ཁས་བླང་པར་བཟློག་མེད་ཀྱི་ཐལ་འགྱུར་འཕང་ནས་སྤོབས་པ་འཇོམ་ཐུབ་ན་རྒྱལ་ཟེར་བ་ལས། དེ་དག་གང་ཡང་མ་མཁྱེན་བཞིན་རྩོད་པར་ཞུགས་པ་ནི། གད་མོའི་གནས་དང་། རྩོད་པ་རྒྱལ་ཡོད་ཟེར་བ་ཡང་གད་མོའི་གནས་ལས་མ་འདས། ལར་ཉིད་ཀྱི་གསུང་པ་ལྟར་བསྡུས་གྲྭ་སྦྱོང་པ་རིག་ལམ་ཤེས་པ་ལ་མེད་ན་ཐབས་ཆགས་རེད་དམ་ཟེར་ན། དེ་ལྟར་མིན་ཏེ་བསྡུས་གྲྭ་མ་དར་གོང་གི་མཁས་པ་དང་། བསྡུས་གྲྭ་མ་སྦྱོང་པའི་མཁས་པ་བསམ་གྱི་མི་ཁྱབ་པ་ཞིག་ཡོད་པ་དེ་རྣམས་ཀྱིས་རིག་ལམ་བསྡུས་གྲྭ་སྦྱོང་ནས་ཤེས་པ་ལས་ཀྱང་ལྷག་པར་བྱུང་ཡོད་པ་ནི་དཔེར་ན་དཔལ་ལྡན་ཆོས་ཀྱི་གྲགས་པོ་ལ་སོགས་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་བཞིན་ནོ།
ཚད་མའི་གཞུང་ལུགས་དང་བསྡུས་གྲྭ་གཉིས་ལ་ཁྱད་པར་ཡོད། ཚད་མའི་གཞུང་ལུགས་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དཔལ་ཕྱོགས་ཀྱི་གླང་པོར་ཚད་མ་ཀུན་བཏུས་དེ་མ་འོངས་པར་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་འགྱུར་བ་ལུང་བསྟན་མཛད་པ་དང་། རྒྱལ་ཚབ་ས་བཅུའི་དབང་ཕྱུག་བྱམས་པ་མགོན་པོའི་ཞལ་སྔ་ནས། རིག་པའི་གནས་ལྔ་དག་ལ་སྦྱོང་བར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟར་བས་ན་གཞན་དག་ཚར་བཅོད་རྗེས་བཟུང་དང་། བདག་ཉིད་ཀུན་མཁྱེན་བྱ་ཕྱིར་དེ་ལ་དེ་བརྩོན་བྱ་ཞེས་ཞལ་གྱི་དྲོད་མ་ཞལ་བཞུགས་ཡོད་པས། ཚད་མ་སྡེ་བདུན་མདོ་དང་བཅས་པའི་སྲོལ་རྒྱུན་དེ་ཡང་སྤོངས་དགོས་རེད་ཟེར་བའི་ཟོལ་དེ་ནི། ་རང་ཉིད་ཀྱིས་ཚད་མའི་ལོ་རྒྱུས་མ་མཁྱེན་པའི་རྒྱུ་མཚན་དང་། ཡང་ན་འབྲོག་རྒན་གོག་པོ་རྣམས་ཀྱི་ཟེར་སྒྲོས་ཞིག་གིས་སླད་ནས་ཡིན་ཆགས་བྱེད་ནས་སྨྲས་པ་ཡིན་པ་འདྲ།
བསྡུས་གྲྭ་བསླབ་པ་ཞེས་པ་དེར་བསམ་བློ་ཞིག་གཏོང་དགོས། བསྡུས་མང་པོ་ཡོད་པའི་གང་ཞིག་བསླབ་དགོས།
ངས་བྱས་ན་བསྡུས་གྲྭ་བསླབ་རྒྱུ་ཡོད་མ་རེད་ཟེར་མཁན་ཚོའི་བསམ་བློའི་ནང་གི་བསྡུས་གྲྭ་ནི། བསེ་བསྡུས་གྲྭ་དང་རྭ་སྟོད་བསྡུས་གྲྭ་ལྟ་བུར་བསམ་བློ་གཏོང་གི་ཡོད་རེད། དངོས་གནས་དེ་ཚོ་བསླབ་བསྡད་ན་དུས་ཚོད་མང་པོ་དང་མགོ་རྙོག་གི་རེད།
དེ་མིན་བསྡུས་གྲྭ་ཆུང་ཆུང་དེ་འདྲ་དང་། དེ་ཡང་རིགས་ལམ་ཆུང་ངུའི་རྣམ་གཞག་ལྟ་བུ་ཞིག་བསླབ་ཐུབ་ན་དཔེ་ཡང་པོ་འདུག རྗེས་མ་ཁོང་ཚོའི་བོད་ཀྱི་ནང་ཆོས་ཀྱི་གཞུང་གང་ཞིག་ཀློག་ན་གོ་བརྡ་འཕྲོད་བདེ་བའི་ཕན་ཐོག་ཆེ།
ང་ཡོང་པ་ཕྱིས་དྲགས་འདུག
མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན།། ཞེས་གསུངས་པ་ནི། རང་མཚན་གྱིས་གྲུབ་པའི་མངོན་སུམ་དང་རྗེས་དཔག་ལ་དགོས་པ་མེད་པར་གསུངས་པ་རེད། ཅེས་དགེ་ལུགས་པའི་མཁས་པ་ཐམས་ཅད་ཁ་གཅིག་གྲག་རེད། ཚད་མ་མེད་པར་གཞལ་པ་དག་ཀྱང་ལུང་འདི་རྒྱབ་བརྟེན་དུ་འདྲེན་མོད། གཙོ་ཆེར་ཚད་མ་རིག་པ་ནང་རིག་པ་མིན་པར་འདོད་པའི་སྟག་ཚང་པ་སོགས་ཀྱིས་ཁུངས་སུ་དྲངས་པ་མང་དུ་མཐོང་ངོ་།། དེས་ན་བསྡུས་གྲྭ་དགོས་མི་དགོས་ལུང་འདི་ལ་གཏུགས་པ་དང་། ཚད་མ་ཡོད་མེད་འདོད་པའང་དེ་ལྟར་བྱས་པ་དབུ་མར་མ་བལྟས་པའི་ལེན་པ་རེད་སྙམ།
ད་འདི་མོས་རེད།
མི་བླུན་རྒན་ཅིག་གིས།
་་་་་་་ དེས་ན་སློབ་དཔོན་ཕྱ་པ་ཆོས་སེང་སོགས་བོད་ཀྱི་དགེ་བཤེས་འགའ་ཞིག་གིས་ཨ་ནེ་མགོ་སྐོར་དང་ཉི་མ་འགྲོ་བྱེད་ཙམ་ཞིག་གི་ཆེད་དུ་བརྩམ་པའི་ཕྱིན་ཅི་ལོག་གི་རིག་པ་ཤེས་རབ་འཆལ་བར་བྱེད་པ་ཞིག་ཡིན་པར་བཤད་ཡོད། ་་་་་་་་ ཟེར། ཧཧཧཧཧཧ།། །
པདྨ་རྨོངས་རྒན་ཁྱོད། བསྡུས་གྲྭའི་སྐོར་བཤད་པ་ལས། ཆང་རག་འཐུང་་ནས། མགོ་སེར་རྨོ་རྨོའི་སྟུ་ལྡག་ནས་བསྡད་ན་མི་བཟང་ངམ་། ལགས།
ཞྭ་དམར་ཕན་མེད་གནོད་མཁན།
རྒྱལ་ནོར་དོལ་ཕྲུག་སྨོན་ལོག
མཐའ་ཡས་རྩོད་མེད་ཀར་རྫུན།
པདྨ་ཁ་བརྡའི་དམ་ཉམས།
་་་་་་་་་་་་་་་་་་་་་་་་་་་་་་་ པདྨ། མགོ་པོ་ཕྱག་གཉིས་པ། ང་རོ་ལ་སོགས་པ་བསྡུས་གྲྭའི་ཚིག་འཁྲི་ལ་མི་དགྱེས་ཤིང་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་ པདྨ། ་་་་་་་་་་་་་་་སོགས་པ་བསྡུས་གྲྭའི་ཚིག་འཁྲི་ལ་མི་དགྱེས་ཤིང་་་་་་་་་་་་་་་ ཟེར་མཁན་ངོ་མི་ཚའམ། ལགས།
བསྡུས་གྲྭ་ཟེར་བའི་ཚིག་འབྲུ་གཉིས་པོ་དེའི་གོ་བ་ལེན་མི་ཐུབ་མཁན་གྱིས་གླེན་པ་སོ་སོས་མ་ཤེས་པར་རྒྱུ་མཚན་དུ་བྱས་ནས་ཕྲག་དོག་གི་སྐད་ཆ་མང་པོ་ཤོད་བཞིན་པ་དེ་དངོས་གནས་ཡ་ང་བ་རང་རེད། བསྡུས་གྲྭ་ཀློག་མྱོང་ཡང་ཕལ་ཆེར་མེད་པ་འདྲ་པོ་རེད་འདུག །གལ་ཏེ་ཀློག་མྱོང་ཡོད་ན་ཚན་པ་རེ་རེ་ལ་ཁུངས་ཚད་མའི་བསྟན་བཅོས་རྒྱ་གར་མཁས་པའི་གཞུང་ནས་མ་དྲངས་པ་ཞིག་མེད་པ་ལྟ་བུ་ཞིག་རེད། དེར་བརྟེན་བསྡུས་ཟེར་བ་དེ་ཚད་མའི་བསྟན་བཅོས་ཀྱི་དོན་སྙིང་མདོར་བསྡུས་ནས་བསྟན་པ་ལ་གོ་དགོས་པ་རེད།