༧གོང་ས་མཆོག་གིས་བོད་དོན་གསུངས་པ། Posted on 2013-04-03 By ཁ་བརྡ་ 8 Comments on ༧གོང་ས་མཆོག་གིས་བོད་དོན་གསུངས་པ། གསར་འགྱུར།
ཨ་ཡ། ཉན་གྱིན་ཉན་གྱིན་སྐྱབས་མགོན་རིན་པོ་ཆེའི་གསུང་དེ་ཚོ་ངོ་མ་རྒྱུ་མཚན་རྣལ་མ་རེད་འདུག དཔེར་ན། གཞུང་ལ་མི་བརྟེན་མི་དམངས་ལ་བརྟེན་ཟེར་བ་འདི་ཚོ་ངོ་མ་རྣལ་མ་རེད། རྒྱལ་བ་རིན་པོ་ཆེའི་གསུང་ཉན་དུས་རྗེ་རིན་ཆེའི་རྟེན་འབྲེལ་བསྟོད་པ་དྲན་བྱུང་། ལྟས་མོ་ལྟོས་ཤིག སང་ཉིན་རང་འགོ་ཚུགས་ནས་རྟེན་འབྲེལ་བསྟོད་པ་འདི་བློ་ལ་ཟིན་གྱི་ཡིན། སྔོན་མ་ཆོས་ལུགས་ཞེན་ཁོག་གིས་དགེ་ལུགས་པའི་དཔེ་ཆ་ལ་ལག་པ་འཆང་ནུས་ཀྱི་མེད། ཡིད་བཞིན་ནོར་བུའི་གསུང་མང་པོ་ཉན་ནས་ཁོང་གི་གསན་པ་དང་ཁྲིད་པའི་དགེ་ཕྱོགས་ཀྱི་དཔེ་ཆ་དེ་ཚོ་ཀློག་པར་སྤྲོ་གི
ལམ་དབུ་མའི་རྨི་ལམ་མ་སེད་པའི། གསུང་སྒྱུ་འཕྲུལ་འཁོར་ལོ་ཡང་ཡང་བསྐོར། ངེད་བོད་ཡུལ་མིན་པའི་གླིང་དེ་ན། དྲོད་ཉི་མ་མ་ཤར་ལོ་རྒན་གཅིག བརྒྱ་ཐམ་པས་རྒྱབ་སྐྱོར་བྱས་ན་ཡང་། སྟོང་ཐམ་པས་ཁ་གཡང་སྒྲོགས་ཀྱང་རུང་། ཁྲི་འབུམ་གྱིས་སྨོན་ལམ་བཏབ་ན་བཏབ། བོད་ས་ཡ་དྲུག་འདི་སྡུག་བསྔལ་ཆེ།
གངས་ཅན་གསུངས་གཅིག་བོད་མིའི་དད་གཅིག་མཆོག། དགྲ་འགྲོ་མ་ལུས་མི་ལ་ཐུགས་བརྩེ་་མཆོག། འདི་དང་ཕྱི་མ་འདྲེན་པའི་ལུང་རིག་མཆོག། མཆོག་གསུམ་རྒྱལ་བར་གུས་བའི་དད་ཕྱག་འབུལ།། གངས་ཅན་དགྲ་གཅིག་བོད་མིའི་ལག་དམར་དགྲ། ཉམས་ཆུང་མི་ལ་མ་ལུས་གདུག་རྩུབ་དགྲ། འདས་མ་ད་ནམ་ཡིན་ལ་བོད་མིའི་དགྲ། དགྲ་འདྲེ་རྒྱ་ལ་གུས་བའི་མགོ་མི་སྒུར།།
གསུང་ཆ་ཚང་ལ་ཞིབ་ཏུ་ཉན་ཟིན། རྒྱལ་དབང་བཅུ་བཞི་པ་ལྟ་བུའི་འཇོན་ཐང་དང་གདུལ་བྱ་ཆེན་པོ་ཅན་སྐུ་ཕྲེང་རིམ་བྱོན་ལ་བྱུང་མྱོང་མེད་པ་རེད། སྟབས་མ་ལེགས་པ་ཞིག་གིས་བོད་པ་ཡུལ་གྱལ་བྱུང་དགོས་པ་རེད་མ་གཏོགས་ཁོང་གིས་མ་བྱུང་བ་གཏན་ནས་མིན། ད་ལྟ་ལས་དབང་ལ་མགོ་མི་སྒུར་དབང་མེད་བྱུང་བ་ལས་རང་བཙན་མི་བཞེད་པ་གཏན་ནས་མིན། ༡ང་རང་རྒྱ་མི་རིགས་ལ་རྒྱུས་ཆེ་ཙམ་ཡོད། མཁས་པ་ཤེས་ཡོན་ཏན་ཅན་བརྒྱ་ཕྲག་ཁ་ཤས་ལ་སྐད་ཆ་བཤད་མྱོང་ཡོད་ངེས། དབུ་མའི་ལམ་ཞེས་པ་རྒྱ་ནག་གཞུང་ལ་ངོས་ལེན་མེད་ཀྱང་མི་མང་ལ་ངོས་ལེན་ཡོད་ཐག་ཆོད་རེད། ༢སྐབས་རེར་༧གོང་ས་མཆོག་གིས་ཞལ་རྩེད་གསུང་པ་རྣམས་ལ་གཞུང་དང་དད་ལྡན་རྣམས་ནས་ཨུ་ཚུགས་དང་འགྲེལ་བཤད་བྱེད་པའི་དུས་ཀྱང་ཡོང་། ཁོང་ཞལ་རྩེད་ལ་མཁས་པ་འཛམ་གླིང་འདིར་སྐད་གྲགས་ཡོད་པས་གང་གསུང་པ་ཐམས་ཅད་ངེས་དོན་དུ་འགྲེལ་རྒྱུ་ཡང་མེད། ༣ནན་ཏན་གྱིས་གསུང་པ་རྣམས་ནི་གུས་བཀུར་དྭངས་ལེན་ནུས་ན་བོད་མིའི་བསོད་ནམས་རེད། ༤འཛམ་གླིང་ཆེན་པོ་ཁྱིམ་ཚང་གཅིག་ཏུ་འགྱུར་ལ་ཉེ་་དུས་འདིར་དབུ་མའི་ལམ་ཡང་སྔོན་ཐོན་གྱི་ལྟ་བར་གླེང་རིན་ཡོད་པ་ཞིག་རེད། ༥ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་དུ་ཅི་ལྟར་བཤད་པ་ལྟ་བུའི་རང་སྐྱོང་ལ་གྲུབ་འབྲས་མེད། ཁྲིམས་ལ་རྒྱ་ནག་གཞུང་གིས་འགྱུར་བ་གཏོང་བཞིན་པ་དང་། རྒྱ་ཆེ་བའི་མི་མང་གིས་འགྱུར་བ་གཏོང་བར་རེ་བ་འདོན་བཞིན་པ་རེད། ༦དེ་བཞིན་རྒྱལ་དར་ཡང་དམངས་གཙོ་ཚོགས་པ་མང་ཆེ་བས་འགྱུར་བ་གཏོང་བར་རེ་འབོད་དང་། མེ་བསྲེག་སོགས་བཏང་བ་ལན་ཅིག་མིན། ༧ལོ་རྒྱུས་ནི་ལོ་རྒྱུས་སྨྲ་བར་ཐག་གཅོད་བྱེད་བཅུག་ན་ལེགས། འཛམ་གླིང་གི་ཆབ་སྲིད་པས་དགོས་མཁོ་དང་བསྟུན་ནས་ལོ་རྒྱུས་འཁྱོག་པོར་འགྲེལ་བས་དངོས་དོན་དང་རྒྱང་རིང་། ༨དབུ་མའི་ལམ་ནི་མཁྲེགས་འཛིན་སྤངས་ནས་མཐུན་ལམ་དུ་བསྒྲོད་པའི་ཐབས་ལམ་ཡག་པོ་ཞིག་ཡིན་པ་སྙོན་དུ་མེད་མོད། དགེ་སྐྱོན་གྱི་ལྗིཡང་གཞལ་བའི་རྒྱ་མར་བྱས་ན་རིན་ཐང་ཆུང་། ༩རྒྱ་ནག་གི་མི་རིགས་ལོ་རེ་བཞིན་དམང་ས་གཙོའི་ཕྱོགས་སུ་གོམས་པ་སྤོ་བའི་དུས་འདིར་དབུ་མའི་ལམ་ནི་མདུན་ལམ་གསལ་བའི་གློག་སྒྲོན་ཞིག་དང་གཉིས་སུ་མེད། ཕྲན་ཆབ་སྲིད་ལ་རྨོངས་པ་ཞིག་གིས་བགྲོ་གླེང་གི་སྐད་ཆ་བཤད་པ་ངོ་ཚ་བའི་གནས་ཡིན་ལ། སྤྱན་རས་གཟིགས་ཀྱི་རླབས་ཆེན་གྱི་མཁྱེན་རབ་ལ་གུས་པ་ལས་གུད་དུ་གཅོད་པའི་སྤོབས་པ་མེད་མོད། གོང་དུ་འགའ་ཞིག་གིས་གླེང་སློང་བྱས་པར་བརྟེན། ཆབ་སྲིད་ལ་རྒྱུས་མེད་མཁན་གིས་གིས་རྨོངས་བློར་དྲན་ཚོད་བྲིས་པ་ཡིན། མ་ཤེས་པ་དང་། ནོར་འཁྲུལ་ཅི་ཡོད་མཁས་དབང་རྣམས་ཀྱི་སྤྱན་སྔར་བཟོད་གསོལ་ཞུ།
དྲི་མེད་ལྷག་བསམ་གྱིས་བསྟོད་མི་ཤེས་བསྟོད་པ་ལས་སྨད་མི་ཤེས་སྨད་ན་བཟང་ཟེར་བའི་གཏམ་དཔེ་འདིའི་ནང་དོན་ཧ་གོ་ཡི་མེད་པ་འདྲ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སུ་འཇོན་དང་སུ་མི་འཇོན་འོ་སྐོལ་སོར་སྐྱེས་ཀྱི་གཞལ་བྱ་ཞིག་ག་ལ་ཡིན། ནང་ཆོས་དང་ཆབ་སྲིད་གཉིས་ཆར་རྨོངས་ན་ད་གཟོད་འདི་འདྲའི་ཆོ་མེད་པའི་སྐད་ཆ་བཤད་ནི་རེད།
ཅོག་མྱིས་བཤད་པ་བདེན་ཤས་ཆེ། སྐད་ཆ་ཉོབ་ཐོ་ཞིག་བཤད་ཤག རྨོངས་བློར་དྲན་ཚད་བཤད་པ་ཡིན། དཔྱད་བརྗོད་ཀྱི་ནང དོན་ཆེར་མེད། ཐུགས་སུན་བཟོས་པར་དགོངས་འགལ་མེད་པར་ཞུ། །
༧གོང་ས་མཆོག་བོད་ལ་གང་མགྱོགས་ཀྱིས་ཅིག་ཕེབ་ཐུག་ན་ང་རང་མི་ཚེ་འདི་ལ་གལ་ཆེན་གྱི་གསར་འགྱུར་ཞིག་དང་དུན་ཡུན་རིང་པོ་ཞིག་ལ་དགུག་སྡོད་པའི་རེ་བ་ཞིག་ཀྱང་ཡིན། དེ་ནང་བཞིན་བོད་ནང་ཀྱིས་མི་དེ་ཚའི་རྨི་ལམ་འགྲུབ་པ་རེད། ༧རྒལ་གོང་ས་མཆོག་ནི་ཆོས་ཀྱིས་དབུ་ཁྲིད་ཞིག་ཡིན་ཙམ་དེ་བའི་མིང་ཐོག་ནས་ཕེབ་ཐུབ་ན་འགྲིག་པ་རེད། ང་དང་བཞིས་ལུས་མི་དམངས་ཀྱིས་བསམ་དོན་འགྲུབ་པར་རེད་ལ་བོས་ཀྱིས་རྩ་དོན་ཆད་དུ་སྲོག་གཏང་ཉན་ཚོའི་རྒྱ་ཆ་༨༠་འདོད་དོན་འགྲུབ་པར་རེད། སྐྱབ་གནས་སླུ་མེད་དཀོན་མཆོག་རྩ་བ་གསུམ། ཁྱད་པར་གང་ཆེན་མགོན་པོ་སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང། གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོང། ༧རྒྱལ་བ་བོད་དུ་གདན་གྲོང་ཤིག།
༧རྒྱལ་བའི་དབང་པོའི་གསུང་ཆ་ཚང་ཉན་པ་ཡིན། ཇི་གསུངས་བཀའ་སྒྲུབ་ཞུ།
ཨ་ཡ། ཉན་གྱིན་ཉན་གྱིན་སྐྱབས་མགོན་རིན་པོ་ཆེའི་གསུང་དེ་ཚོ་ངོ་མ་རྒྱུ་མཚན་རྣལ་མ་རེད་འདུག དཔེར་ན། གཞུང་ལ་མི་བརྟེན་མི་དམངས་ལ་བརྟེན་ཟེར་བ་འདི་ཚོ་ངོ་མ་རྣལ་མ་རེད། རྒྱལ་བ་རིན་པོ་ཆེའི་གསུང་ཉན་དུས་རྗེ་རིན་ཆེའི་རྟེན་འབྲེལ་བསྟོད་པ་དྲན་བྱུང་། ལྟས་མོ་ལྟོས་ཤིག སང་ཉིན་རང་འགོ་ཚུགས་ནས་རྟེན་འབྲེལ་བསྟོད་པ་འདི་བློ་ལ་ཟིན་གྱི་ཡིན། སྔོན་མ་ཆོས་ལུགས་ཞེན་ཁོག་གིས་དགེ་ལུགས་པའི་དཔེ་ཆ་ལ་ལག་པ་འཆང་ནུས་ཀྱི་མེད། ཡིད་བཞིན་ནོར་བུའི་གསུང་མང་པོ་ཉན་ནས་ཁོང་གི་གསན་པ་དང་ཁྲིད་པའི་དགེ་ཕྱོགས་ཀྱི་དཔེ་ཆ་དེ་ཚོ་ཀློག་པར་སྤྲོ་གི
ལམ་དབུ་མའི་རྨི་ལམ་མ་སེད་པའི།
གསུང་སྒྱུ་འཕྲུལ་འཁོར་ལོ་ཡང་ཡང་བསྐོར།
ངེད་བོད་ཡུལ་མིན་པའི་གླིང་དེ་ན།
དྲོད་ཉི་མ་མ་ཤར་ལོ་རྒན་གཅིག
བརྒྱ་ཐམ་པས་རྒྱབ་སྐྱོར་བྱས་ན་ཡང་།
སྟོང་ཐམ་པས་ཁ་གཡང་སྒྲོགས་ཀྱང་རུང་།
ཁྲི་འབུམ་གྱིས་སྨོན་ལམ་བཏབ་ན་བཏབ།
བོད་ས་ཡ་དྲུག་འདི་སྡུག་བསྔལ་ཆེ།
གངས་ཅན་གསུངས་གཅིག་བོད་མིའི་དད་གཅིག་མཆོག།
དགྲ་འགྲོ་མ་ལུས་མི་ལ་ཐུགས་བརྩེ་་མཆོག།
འདི་དང་ཕྱི་མ་འདྲེན་པའི་ལུང་རིག་མཆོག།
མཆོག་གསུམ་རྒྱལ་བར་གུས་བའི་དད་ཕྱག་འབུལ།།
གངས་ཅན་དགྲ་གཅིག་བོད་མིའི་ལག་དམར་དགྲ།
ཉམས་ཆུང་མི་ལ་མ་ལུས་གདུག་རྩུབ་དགྲ།
འདས་མ་ད་ནམ་ཡིན་ལ་བོད་མིའི་དགྲ།
དགྲ་འདྲེ་རྒྱ་ལ་གུས་བའི་མགོ་མི་སྒུར།།