ཟླ་བ་ཆོས་གྲགས།
ཉིས་སྟོང་བཅུ་གསུམ་པའི་སྤྱི་ཟླ་བཞི་པའི་ཚེས་པ་གཅིག་ནས་བཟུང་ཡང་བསྐྱར་ཕྲན་རང་དྲྭ་ཐོག་གི་གཞི་བྱེས་འཕྲད་སོང་། ལོ་འདིའི་སྤྱི་ཟླ་གསུམ་པའི་ཟླ་མགོ་ཙམ་ནས་ངའི་ཕ་ཡུལ་དང་། གྲོང་ཚོ། ཡུལ་མི། གྲོགས་པོ། ནང་མི་རྣམས་ལ་ཁ་པར་དང་། བརྡ་འཕྲིན། གློག་གླད་སོགས་ཀྱི་བེད་སྤྱོད་ཅི་ཡང་མེད་པར་ཁུ་སིམ་སིམ་དུ་གྱུར། ངས་ནམ་ཁོམ་ལ་ཁ་པར་ནང་དུ་ཁ་བྱང་ཡོད་པ་ཚོར་གཟུགས་བརྙན་དང་། འཕྲིན་ཐུང་། སྐད་ཆ་སོགས་གང་མང་བསྐུར་ཀྱང་འཇམ་ཐིང་ཐིང་ལས་ཅི་ཡང་མི་འདུག ཁ་སང་སྟབས་ལེགས་པ་ཞིག་ལ་ངའི་རྨི་ལམ་ནས་ཡལ་མ་མྱོང་བའི་ནང་མི་དང་སྤུན་མཆེད། གྲོགས་པོ་དེ་ཚོའི་གསུང་སྐད་དང་འཚམས་འདྲི་ཡང་བསྐྱར་བསླེབས་འདུག །འདི་ནི་ངའི་ཕ་ཡུལ་ལ་མཚོན་ན་ཁ་སང་དེ་རིང་གི་ཤར་སྐྱ་རིངས་གསར་བ་ཞིག་རེད།
འཛལ་གླིང་འདི་ཧ་ཅང་འཕེར་རྒྱས་སུ་ཕྱིན་ཏེ། གོ་ལ་འདིའི་སྒང་དུ་ཡོད་པའི་མི་བུ་དག་གིས་སོ་སོའི་གང་འདོད་ལོངས་སུ་སྤྱོད་བཞིན། འཛམ་གླིང་ཤར་ནུབ་དང་ས་ཐག་རིང་ཐུང་ལ་ཁྱད་མེད་ཀྱི་ལམ་ནས་ཉིན་རེའི་འཚོ་བའི་གནས་སྟང་སོགས་དྲྭ་རྒྱ་དང་བརྡ་འཕྲིན་ཀྱི་ལམ་ནས་ངོ་དང་གདོང་པ་བསྟན་ནས་གཏམ་གླིང་བྱེད་ཆོག་པ་དང་། བྱེད་ཐུབ་པའི་སྐབས་འདིར། ངའི་ཕ་ས་དང་། ངའི་ཕ་ཡུལ་སོགས་ལ་ཉ་ཆུང་འཁྱག་གིས་བསྡམས་པ་ལྟ་བུའི་གུ་དོག་དང་། དཀའ་ཚེགས་འདི་ཅི་ཞིག་ཡིན་ནམ། སླད་མར་རང་དབང་དང་འདྲ་མཉམ་གྱི་ལམ་ནས་གང་འདོད་ལོངས་སུ་སྤྱོད་ཆོག་པའི་དུས་རབས་འདིར། གནས་ལུགས་དང་རྒྱུ་མཚན་མེད་པའི་མིས་བཟོས་ཀྱི་འགལ་རྐྱེན་བར་ཆར་འདི་དག་མི་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་སོ། །
༄༅བོད་དོན་བདེན་པ་མ་གསལ་བར་དུ་ཟོད་སྒོམ་བྱེད་རྒྱུ་ལས་གཞན་ཅི་བྱ་
འགྲོ་བ་བོད་མི་ཡོངས་ཀྱི་གཞི་བའི་ཐབས་ལམ་གྱི་ཐད་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་རང་དབང་སླར་གསོའི་ཐད་ཐབས་ཤེས་ཡུལ་གུ་རྩལ་སྒྲུབ་ལམ་ནས་མཉམ་ཞུགས་གནང་རོག་གནང་