གཡུ་སྒང་འཇིགས་མེད། དབུས་ཀོ་ལེ་གྷལ་གྱི་བོད་དགེ
–མལ་དྲོ་གུང་དཀར་དུ་ཀླ་ཀློས་གསེར་གཏེར་སོགས་བསྔོགས་ནས་རི་ཉུལ་བྱུང་པའི་ཚོར་སྣང་།
ལྷ་སྲུང་ཁྲོས་པའི་རི་ཉུལ་བྱས་
བདག་གི་ཡིད་ཀྱི་གངས་སེང་དཀར་མོ་
ཉེས་མེད་ལས་ཀྱིས་ལུས་སྲོག་དོར་
ཀླ་ཀློའི་དཔུང་ལ་ལན་གཅིག་རྒོལ་
མི་རབས་བརྒྱ་ཕྲག་བརྒྱུད་པའི་འཕྲེ
ཡུལ་ལྷའི་ཚོགས་ཀྱི་ནོར་དུ་བརྩི
ད་ལྟ་ཀླ་ཀློའི་དཔུང་གིས་འཕྲོག་དུ
ཡུལ་ལྷའི་མཐུ་དཔུང་གཅིག་ཏུ་བརྡུ
ལྷ་ཆེན་ཁྲོས་པས་རི་ཆེན་ཉུལ་དུ
གཞལ་བྲལ་རིན་ཆེན་གཞན་གྱི་འཕྲོག་
མི་ཡི་ལུས་སྲོག་འབེན་དུ་བཙུགས་
ཡུལ་ལྷའི་ཚོགས་ཀྱང་དཔུང་ཚོགས་
ཟས་ཕུད་གོས་ཕུད་ཁྱོད་ཚོར་ཕུལ་
སྲིད་པ་ཆགས་ནས་ད་ལྟའི་བར་དུ་སྲོ
ད་ལྟ་ཕ་མའི་ཁྱིམ་གཞིའི་ནང་ལ་དགྲ
རྟགས་དང་མཚན་མ་སྟོན་རྒྱུ་མེད་
ཨ་མ་ཡ་་་་་་་དེ་འདྲའི་བསམ་པ་ནག་ག་ལགས། ང་ཚོའི་འཐབ་བརྩོད་བྱེད་ས་རྒྱ་མི་མིན། རྒྱ་མག་གི་སྲིད་ཅུས་རེད་བོད་དགེ་ལགས།
དོན་མཐུན་གྱི་བོད་རྒན་ཞིག་གིས་དོན་མཐུན་གྱི་བསྔགས་པ་མཛད་པར་ཡང་བསྔགས་འོས་སུ་མཐོང་།
ཞོར་འཕྲོས་སུ། བོད་རྒན་ལགས། ལྷ་ཆེན་ཁྲོས་པས་རི་ཆེན་ཉིལ། མིན་ནམ་ལགས།
ཉམ་ཆུང་མི་མང་བསད་པའི། །
ལྷ་ཆེན་ཁྲོས་སྟངས་འདི་འདྲ། །
ཇ་ཕུད་ཆང་ཕུད་མཆོད་པ།།
དཀའ་ལས་ཁག་རོགས་མིན་འདྲོ། །
མ་བདག་བདག་ཏུ་བཟུང་སྐབས། །
ལྷ་ཆེན་ཁྲོས་ཚུལ་འདི་ཡིས། །
ཇ་ཆང་ཕུད་ཀྱི་མཆོད་པའི། །
དགོས་དོན་འགྲུབ་པའི་དན་རྟགས། །
ལྷ་ཆེན་ཁྲོས་པས་རི་ཆེན་སྙིལ་ན་ལྷ་ཆེན་ཡིན་པའི་དོོན་གོ་ཆུང༌།།
ལྷ་ཆེན་དེ་ནི་པད་འབྱུང་ལ་སོགས་བོད་ཀྱི་བླ་མས་དམ་བསྐོས་མིན།།
ལྷ་ཆེན་ཐེབས་ཆག་འབངས་མིར་འཚེ་བའི་མིང་ཙམ་འཛིན་པའི་ལྷ་ཆེན་དེ།།
ལྷ་ཆེན་རྒྱ་ནག་དཔོན་ལ་སྐྲག་ནས་གབ་སའི་རི་ཡང་ཉིལ་དེ་ཕངས།།
ཡིས། ། ཡང་། །
དགོས་པའི་དུས་ལ་ལྷ་ཆེན་ནམ་མཁའི་མེ་ཏོག་གོ
གལ་ཏེ་ལྷ་ཆེན་ཡོད་ན་ང་དགུའི་ལོ་ལ་ག་པར་ཐལ།
སྙམ་ཆུ་མགོ་ལ་ལྷ་ཆེན་ཁྲོས་པའི་དཔའ་རྩལ་ངོམས།།
རྒྱ་དཔོན་མདུན་དུ་སྒོ་ཁྱི་འདྲིས་འདྲའི་ངོ་དགའ་ཁྲབ།།
རྨོངས་དད་ཅན་ལ་ལྷ་ཆེན་གཟུགས་མེད་གྲིབ་སོ་སྟོན།།
ང་དགུའི་ལོ་ནས་ལྷ་ཆེན་ནམ་མཁའི་པདྨོ་ཡལ།།
མ་བདག་བདག་ཏུ་བཟུང་མཁན།།
བེ་ཇིང་རྒྱལ་སར་མེད་དམ། །
ལྟོས་གོས་འཚོལ་མཁན་འདི་ཚོར། །
ལྷ་ཡིས་བརྙས་བཅོས་ཙམ་རེད། །
རི་ཁོག་བྲུས་ན་རི་བོ་ཉིལ་བའི་ལས། །
དངོས་པོའི་གཤིས་ལུགས་གནག་རྫི་རྒད་པོས་ཀྱང་། །
སེམས་ལ་ཁྲིགས་སེ་ཡོད་པའི་ཆོས་ཉིད་འདི། །
ལྷ་ཆེན་ཁྲོས་པའི་མགོ་ལ་བཞག་འདི་སྐྱོ། །
ལྗོན་པའི་རྩ་བ་བཅད་པ་ན། །
ལྗོན་ཤིང་མི་བརྟན་འགྱེལ་པ་བཞིན། །
རི་བོའི་རྩ་བ་སྟོང་གྱུར་ན། །
རི་བོ་མི་རྡིབས་རང་དབང་ཅི། །
བལྟས་ན་མཐོང་ཞིང་རག་ན་ཐུག་གྱུར་པའི། །
དངོས་པའི་ཆོས་ཉིད་རྒྱང་དུ་བཞག་གྱུར་ནས། །
གཟུགས་མེད་ལྷ་ཡི་མཐུ་ནུས་ལ་རྨོངས་པའི། །
མངོན་སུམ་ལས་ལ་སྙོམས་པ་ཤིན་ཏུ་འཁྲུལ། །
སྙོམས་་་་སྙོན་ལ་བཅོས།
མ་བདག་བདག་ཏུ་བཟུང་མཁན། །
བོད་དུ་འདྲེ་ལག་བརྐྱངས་མཁན། །
སྣོད་བཅུད་བཙན་འཕྲོག་བྱེད་མཁན། །
བོད་ལྷས་ཡན་པོར་མི་འཇོག། །
རི་ཉིལ་ནས་མི་ཤི་བ་དེ་དག་ལྷ་འདྲེའི་ནུས་སྟོབས་ཡིན་ན་སྒ་སྐྱེ་རྒུ་མདོའི་ས་ཡོམ་སྐབས་མི་ཁྲི་ལྷག་རྐྱེན་ལམ་དུ་ཕྱིན་པ་དེ་དག་ཀྱང་ལྷ་ཆེན་གྱིས་བཟོས་པ་མིན་འགྲོ། ཤོད་སྟངས་འདིའི་རིགས་དངོས་པོའི་ཆོས་ཉིད་དང་མི་མཐུན།
ལྷ་ཆེན་ཁྲོས་ཐེངས་གཅིག་གིས།།
༧རྒྱལ་བ་བོད་ནས་དེད་སོང་།།
༧པཎ་ཆེན་ལོ་དགུར་བཅུག་སོང་།།
བོད་མི་ས་ཡ་བསད་སོང་།།
ལྷ་ཆེན་ཁྲོས་ས་ནོར་འདུག།
འབངས་མི་ཤི་བ་ནོར་འདུག།
མཐུ་ཆེན་ལྷ་ཞིག་ཡོད་ན།།
གུང་ཁྲན་གཞུང་དེ་གཏོར་ཅིག།
རྒྱ་རོ་འདི་བ་ཚང་གི་འགྲོ་སྟངས་ཏེ། །
མི་ཡི་སྲོག་ནི་གལ་ཆེན་མ་བལྟས་པར། །
འགྲོ་སོང་ཉུང་ཉུང་བཏང་སྟེ་རི་ཆེན་པོའི། །
ཁོག་པ་དྲུས་ན་འདི་ལས་ཡོང་རྒྱུ་ཅི། །
བོད་ཀྱི་ཡོད་ཚོད་བརླགས་པའི་རྗེས་ནས་ལྷ་ཆེན་ལྷ་ཆུང་ཁྲོས་རྒྱུ་ཞིག་ཡོད་སྲིད། རྨོངས་རྒན་ཚོས་འདི་བཞིན་བཤད་པའི་གཏམ་རྒྱུད་མང་ནི་རེད།
ད་རེས་རི་བོ་ཉིལ་བའི་དོན་རྐྱེན་འདིས།།
ཚན་རྩལ་གོང་འཕེལ་ལྟ་བ་ཆུ་ལ་གཡུག།།
བོད་ལྗོངས་འཕུར་མཆོང་ལྟ་བུ་བྲག་ལ་བརྡབ།།
ཡར་རྒྱས་གསར་གཏོད་རང་བཞིན་མེ་ལ་སྲེག།
གནམ་ས་བླ་འོག་བསྒྱུར་བ་དོན་མེད་བཏང་།།
རྒྱ་དམར་གུང་ཁྲན་ངོ་ཚའི་གནས་སུ་བཀོད།།
སངས་རྒྱས་བསྟན་པའི་སྤྱི་དགྲ།
བོད་འབངས་ཡོངས་ཀྱི་སྒོས་དགྲ།
རྒྱ་ཁྱི་རྒྱ་འདྲེ་ཁག་ཅིག།
ཐལ་བའི་རྡུལ་དུ་སྒྱུར་འདུག།
ལྷ་ཆེན་ཁྲོས་པས་རི་ཆེན་ཉིལ།
གུང་བྲན་ཁྲོས་ནས་བོད་པ་མྱང་།
དབུ་མ་ཁྲོས་ནས་རང་བཙན་སྡང་།
མདོར་ན་ཐམས་ཅད་ཁྲོས་པས་རྐྱེན།
བོད་ས་ཧམ་བཟུང་བྱས་དུས།།
ལྷ་ཆེན་གཉིད་ལས་མ་གྲོལ། །
བོད་འབངས་མནར་གཅོད་བཏང་དུས། །
ལྷ་ཆེན་གདོང་པ་ཁྲུས་གི །
༧རྒྱལ་མཆོག་བྲོས་དགོས་བྱུང་དུས། །
ལྷ་ཆེན་ཞོགས་ལྟོ་ཟ་གིས། །
༧པཎ་ཆེན་འཐབ་འཛིང་བཟེད་དུས། །
ལྷ་ཆེན་ལས་ཁུངས་འགྲོ་གི །
རིག་གནས་གསར་བརྗེའི་དམྱལ་བར། །
ལྷ་ཆེན་ཚོགས་འདུར་ཞུགས་འདུག །
དཔའ་བོ་མེར་སྲེག་གཏོང་དུས། །
ལྷ་ཆེན་ཉི་མ་ལྡེ་གིས། །
ལྷ་ཆེན་ཁོམས་པ་བྱུང་ནས། །
ཞེ་སྡང་གཏིང་ནས་འཁྲུངས་རྗེས། །
སྤྲང་པོ་སྤར་གང་བསད་སོང་། །
བོད་ཀྱི་ལྷ་ཆེན་རྒྱལ་ལོ། །
ཁྲོས་སྟངས་དཔེ་མེད་རྒྱལ་ལོ།།
ཆེན་པོ་གར་སོང་མ་ཤེས། །
ཆུང་ཆུང་ཐུབ་ཚོད་རྒྱལ་ལོ། །
བོད་ཇ་སེར་པོས་མཆོད་དོ།།
རྒྱ་ཇ་མངར་མོས་མཆོད་དོ།།
ང་ཡི་སྐྱག་པས་མཆོད་དོ།།
ཡིད་འོང་ཁྲོམ་རྭ་འདི་ནས།
མེ་ཏོག་དཀར་པོ་ཡག་ག
ལོག་སྨྲ་ཚར་གཅོད་རྣོ་རྣོ།
འདོད་ལ་ཆོག་ཤེས་ཞན་པས།
བོད་དགེ་ང་ཡི་ཕོག་ནི།
ཇི་ཤོར་འདི་ཤོར་མི་འདུག
ཨ་རིའི་ཌོ་ལར་མེད་ན།
ཁྲོམ་ལ་ཡོང་རྒྱུ་མི་འདུག
ཡིད་འོང་ཁྲོམ་རྭ་འདི་ནས།
མེ་ཏོག་དཀར་པོ་ཡག་ག
ལོག་སྨྲ་ཚར་གཅོད་རྣོ་རྣོ།
འདོད་ལ་ཆོག་ཤེས་ཞན་པས།
བོད་དགེ་ང་ཡི་ཕོག་ནི།
ཇི་ཤོར་འདི་ཤོར་མི་འདུག
ཨ་རིའི་ཌོ་ལར་མེད་པར།
ཁྲོམ་ལ་འོང་བ་ལས་རེད།
གྲོགས་གཡུ་སྒང་འཇིགས་མེད་ལགས་དྲ་རྒྱའི་འཇིག་རྟེན་དུ་བྱོན་པར་རྟེན་འབྲེལ་དང་དགའ་བསུ་ལྷན་དུ་ཞུ། ཐོག་མའི་གཏམ་བཙན་གི
ལྷ་ཆེན་ཁྲོས་པས་མི་ཆུང་བསད།།
བོད་ས་ཧམ་བཟུང་བྱས་ཀྱང་།
བོད་སེམས་གསོན་པོར་གནས་ཡོད།
བོད་འབངས་མནར་གཅོད་བཏང་བ།
ལྷ་མིའི་སེམས་ལ་བཟུང་ཡོད།
༧རྒྱལ་མཆོག་ཕེབས་དགོས་བྱུང་ཡང་།
འཛམ་གླིང་ཉི་མར་གྱུར་ཡོད།
༧པཎ་ཆེན་འཐབ་འཛིང་བཟེད་པ།
༧རྒྱལ་བའི་སྲས་ཀྱི་མཛད་བཟང་།
རིག་གནས་གསར་བརྗེའི་དམྱལ་བ།
བོད་ལྷས་བརྗེད་ཐབས་མི་འདུག།
སེམས་དཔའ་མེ་རུ་སྲེག་དུས།
བོད་ལྷས་སྙིང་ནས་སྨོན་གི།
སྐབས་དང་དུས་སུ་བབས་དུས།
བོད་ལྷས་དབུགས་ཐེངས་གཅིག་གིས།
རྒྱ་འདྲེ་བཅུ་ཕྲག་བརྒྱད་ལྷག།
ཐལ་བའི་རྡུལ་དུ་བསྒྱུར་མཛད།
བོད་ཀྱི་ལྷ་ཆེན་རྒྱལ་ལོ།
མཁས་མཛངས་ཁྲོས་ཚུལ་རྒྱལ་ལོ།
དགྲ་ལ་འཕྱར་རྒྱུ་ཁྱོད་ཡིན།
གཉེན་ལ་ངོམས་རྒྱུ་ཁྱོད་ཡིན།
ཕོ་ལྷ་དགྲ་ལྷ་ཡག་བྱུང་།
བོད་ཀྱི་ལྷ་རྒོད་རྒྱལ་ལོ།
བོད་པས་བོད་ཇའི་མཆོད་གི།
རྒྱ་འདྲེའི་སྐྱག་པ་སྤྲོད་གི།
བོད་ལྷའི་ཐུགས་སེམས་གཡེང་ནས།
རྒྱ་བོད་ནོར་དོགས་མེད་དོ།
ལ་ལས་སྐྱག་པ་སྤྲོད་གི། བཅོས་གནང་ཞུ
མྱང་དང་མ་མྱང་སྡུག་པོ་ཡོད་ཚད་མྱང་།།
དཀའ་ལས་ཁག་དུས་ཕན་པ་མེད་པ་ཡི།།
ཡོད་མེད་མ་ངེས་བོད་ཀྱི་ལྷ་ཆེན་འདི།།
ད་གཟོད་གཉིད་ལས་སད་པ་ཧ་ལས་རེད།།
བཏང་དང་མ་བཏང་སྡུག་པོ་ཡོད་ཚད་བཏང་།
དཀའ་ལས་ཁག་དུས་ཕན་ནུས་གཡུར་ཟ་བས།
ཡོད་པར་ངེས་པའི་བོད་ཀྱི་ལྷ་ཆེན་ལ།
ད་དུང་བསམ་ཤེས་མེད་པར་ཧ་ལས་རེད།
རྒྱ་དཔོན་དམར་པོ་འབུམ་ཕྲག་མ་མཐོང་བར།།
སྤྲང་པོ་བརྒྱད་ཅུ་མཐོང་བའི་ལྷ་ཆེན་འདི།།
གསེར་སྐྱེམས་ཕུད་ཀྱིས་མཆོད་རྒྱུ་མང་དྲག་ནས། །
ར་གཟི་སྤྱོད་པ་དཔེ་མེད་སྟོན་པ་འདྲ། །
རྒྱ་དཔོན་ཁ་དང་རྒྱ་སྤྲང་ལག་གཉིས་པོ། །
གཅིག་ལ་གཅིག་བརྟེན་ཚུལ་མཁྱེན་སྲིད་པའི་ལྷ། །
སུ་དང་ཐུག་ན་དེ་རང་ཚར་ཆོད་ལ། །
བོད་རབས་ཚ་བརྒྱུད་གསེར་སྐྱེམས་ཁྱོད་ལ་དབང་། །
རྒྱ་དཔོན་མཐོང་དང་ཐོས་དང་དྲན་པས་ཀྱང་།།
སྒྱིད་པ་འདར་བའི་ལྷ་ཆེན་འམ་འདི་ཡིས།།
རྒྱ་དཔོན་ཚར་གཅོད་ཟེར་བ་གང་ཤེས་ཏེ།།
སྤྲང་པོར་བརྙས་བཅོས་གཏོང་ལ་མཁས་སམ་སྙམ།།
རྒྱ་ཇག་མཐོང་ཐོས་དྲན་ཚེ་ཤ་འཁོན་གྱི། །
ཞེ་སྡང་དྲག་ཏུ་འབར་བའི་བོད་ཀྱི་ལྷའི། །
སྐབས་བསྟུན་གོ་རིམ་ལྡན་པའི་ལས་སྦྱོར་ལ། །
ཞིབ་ཏུ་བསམ་ཚེ་འབྲོང་ཕྲུག་ཉམས་རེ་དགའ། །