ཧི་མ་ལ་ཡའི་འཕྲུལ་སྨྱུག
༼བླ་སློབ་སྟེན་ཚུལ་གྱི་སྐོར་ལ་༽རྒྱ་གར་འཕགས་པའི་ཡུལ་གྱི་༼བླ་མ་༽ཏེ་ལོ་༼པ་དང༌། སློབ་མ་༽ནཱ༡རོའི་རྣམ་ཐར་དང༌། བོད་གངས་ཅན་ལྗོངས་ཀྱི་༼ཡུལ་དུ་བླ་མ་༽མར་༼པ་དང༌། སློབ་མ་༽མི་ལའི་རྣམ་ཐར་༼སོགས་རེ་གཉིས་ཁོ་ན་༽ལས། གོང་༼དུ་ཁོང་༽གི་༼བཀོད་པའི་༽རྣམ་གཞག་དེ་ཚོ་༼འཕགས་བོད་ཀྱི་བླ་སློབ་ཀྱི་འབྲེལ་བ་༽ཡོད་ཚད་ར་སྤྲོད་བྱས་བཞག་ཡོད་༼ཅེས་པ་ནི། ངེས་མི་ནུས་པའི་ཧམ་བཤད་ཅིག་ཡིན་ཏེ། ནང་ཆོས་དར་སའི་ཡུལ་གྲུ་ཁག་གི་བླ་སློབ་ཀྱི་འབྲེལ་བ་ཡོད་ཚད་བླ་མ་བཙན་པོ་ཏིལླི་དང༌། མར་པ་ལྟ་བུ་རྐྱང་རྐྱང་དང༌། སློབ་མ་མཉམ་ཆུང་ནཱ་རོ་པ་དང༌། མི་ལ་རས་པ་ལྟ་བུ་ཤ་སྟག་བྱུང་མ་བྱུང་ནི། ད་ལྟའི་ཆར་མི་རིགས་སོ་སོའི་ཡིག་ཐོག་ཏུ་འཁོད་པའི་རྣམ་ཐར་རྣམས་ལ་ཟུར་བསྟན་ལེབ་མཐོང་གི་དཔེའི་སྒོ་ནས་མཚོན་པར་ནུས་ལ།
དེ་ཡང་ཕྱོགས་ཁ་གཞན་ཞིག་ཏུ་བསྐོར་ན། ཁ་ཕར་ལྟས་རྐྱང་རྐྱང་མ་མཛད་པར། མཛུབ་མོ་ཚུར་འགུག་གི་ཚུལ་དུ་ཞུ་རྒྱུར། སྐུ་ཉིད་ཀྱི་(མི་ཚེ་དེར་སློབ་སྦྱོང་བྱས་ཚད་ཀྱི་བསྡོམས་བརྩིས་བཞག་ནའང་མི་ལོ་དྲུག་ཟིན་མིན་ཙམ་ཡིན་)པའི་སྐབས་ཀྱི་བླ་མ་རྣམ་པས། ཁྱེད་ལ་ནཱ་རོ་དང་མི་ལ་ལྟ་བུ་གནར་གཅོད་བཏང་བའི་བདེན་དཔང་ཡང་ཡོད་དགོས་པར་གྱུར་རོ།།
བླ་སློབ་ཀྱི་འབྲེལ་བ་ཆེས་ཡངས་པའི་ཕྱོགས་ནས་མཚོན་བྱེད་ཙམ་ཞུ་རྒྱུར། དཔལ་ས་སྐྱ་པའི་ཕྱོགས་ལ་ཆ་མཚོན་ན། སྔོན་འགྲོའི་ཁྲིད་ཡིག་ལམ་གྱི་སྒྲོན་མེ་ལས། པཎ་ཆེན་ག་ཡ་དྷ་རས་མངོན་ཤེས་ཀྱིས་མཁྱེན་ནས། འབྲོག་མི་ལོ་ཙཱ་བ་ལྷ་རྩེའི་བྲག་ལ་བཞུགས་པ་ལ། དམ་པའི་ཆོས་སྒོ་སྐྱེལ་དུ་བྱོན་ནས་རྗེས་སུ་བཟུང་ཞེས་པ་ལྟ་བུ་དང༌། བཀའ་བརྒྱུད་པའི་ཕྱོགས་ལའང༌། རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ཨོ་རྒྱན་པ་ཡིས་ཐུན་མོང་དངོས་གྲུབ་དང༌། །གྲུབ་རྟགས་ཐོགས་པ་མེད་པ་ཡོད་ན་ཡང༌། །པཀྵིས་ཀ་ཊོ་ར་ཞིག་ནས་ཀྱིས་བཀང༌། །རྒྱལ་བ་རྒྱ་མཚོའི་སྦ་ལྕག་གིས་དཀྲུག་ནས། །དབུ་གཙུག་བཞག་ནས་བྱིན་རླབས་བཀའ་བསྒོ་མཛད། །དེ་མ་ཐག་ཏུ་རྟོགས་པ་མཆོག་གྱུར་སྐྱེས། །ཞྭ་ནག་སྐུ་གསུམ་ངོ་སྤྲོད་ཕྱག་དཔེ་ཡང༌། །གཏད་ནས་ང་ཡི་བརྒྱུད་པ་བཟུངས་ཤིག་གསུངས། །དཔོན་སློབ་ཞག་པོ་གཉིས་ལས་མ་འཇལ་ཀྱང༌། །དོན་བརྒྱུད་ཟུང་འཇུག་བརྒྱུད་པར་ཁོང་བཞུགས་ཏེ། །རང་བྱུང་རྒྱལ་བས་རྩ་བའི་བླ་མར་འཛིན། །ཅེས་འབྱུང་བ་བཞིན་སྔ་འགྱུར་རྙིང་མ་དང༌། རི་བོ་དགེ་ལྡན་པ་བཅས་ཀྱི་བླ་སློབ་ཀྱི་རྣམ་ཐར་སོགས་ལ་བལྟ་ཀློག་བྱས་ན། དེ་འབྲེལ་གྱི་སྒྲུབ་བྱེད་ངོ་མཚར་བ་དུ་མ་ཞིག་མཇལ་རྒྱུ་ཡོད་པར་ངེས་ཀྱང༌། དུས་ཚོད་ཀྱི་ཞུར་རྒྱུན་དབང་བཙན་པའི་སྟོབས་ཀྱིས་དེ་ཙམ་སྤྲོ་བར་མ་སྤོབས་སོ།།༽
ཧི་མ་ལ་ཡའི་འཕྲུལ་སྨྱུག་དད་མིག་གིས། །
བླ་མ་ཏིལླི་མར་པ་བཙན་པོར་མཐོང་། །
སློབ་མ་ན་རོ་མི་ལ་ཉམ་ཆུང་མཐོང་། །
མཐོང་སྣང་དད་མེད་ལྟ་ལོག་མིན་པར་ཤོག །
རྟག་ཏུ་ཏིལོ་་མར་པ་ལྟ་བུའི་བླ་མ་འཕྲད་པར་ཤོག །
རྟག་ཏུ་སློབ་མ་ནཱ་རོ་མི་ལ་ལྟ་བུར་འོང་བར་ཤོག །
རྟག་ཏུ་ཏིལོ་་མར་པ་ལྟ་བུའི་བླ་མ་འཕྲད་པར་ཤོག །
རྟག་ཏུ་ན་རོ་མི་ལ་ལྟ་བུར་སློབ་མ་འོང་བར་ཤོག །
ཏི་ལི་ནཱ་རོ། མར་པ་མི་ལའི་རྣམ་མཐར་ངས་ཀྱང་ཐེངས་མང་ཀློག་མྱོང་ཡོད། བླ་མ་ཁོང་རྣམ་པས་སྡུག་པོ་གཏོང་སྟང་ཡང་ཚད་ལས་འགལ་བ་ཞིག་རེད་འདུག་ལ། ཐ་མར་རྗེས་སུ་བཟུང་བའི་དུས་སུ་བླ་མ་དེ་འདྲ་བ་ནི། སངས་རྒྱས་དངོས་རང་རེད་འདུག་སྙམ་པའི་ངེས་ཤེས་སྐྱེ་རྒྱུ་ཡོད་པ་ནི་ཁོ་བོ་མྱོང་འཚོར་ཞིག་ཡིན།
དེང་དུས་སྤོབ་པ་ཆེ་མདོག་ཁ་བོ་ཆེ༑ །མི་ཁ་ཚིག་གཅིག་མི་ཤོངས་ཀུ་དོགས་པོ།
།བརྒྱ་གཟིགས་སྟོང་གཟིགས་མཐོང་རྒྱ་ཅི་ཆེ་ཡང་། །ནང་