སྨད་འོས་བཙན་བྱོལ་བོད་ཀྱི་སྤྱི་འཐུས་ཀླད་མེད་འགའ་ཤས་ཀྱི་དྲུང་དུ།
ད་རེས་ཤེས་རྟོགས་བྱུང་བར། ཁམས་པའི་སྤྱི་འཐུས་ཞིག་གི་གནམ་གྲུའི་སྤ་སེ་འགྲོ་སོང་འདི། ཁམས་པའི་སྤྱི་འཐུས་རྒྱུན་ལས་ཚོས་དམིགས་བསལ་རེད་ཟེར་ནས་གཞུང་གི་འགྲོ་སོང་ཐོག་ནས་སྤྲད། དེ་ལ་ཨ་མདོའི་སྤྱི་འཐུས་དང་དབུས་གཙང་གི་སྤྱི་འཐུས་འགའ་ཤས་ཀྱི་བློ་ལ་མ་འབབ་པར། མཐར་སྤྱི་འཐུས་ཀྱི་ཚོགས་ཆེན་དེ་གྲོས་གཞི་གཏན་འཁེལ་མེད་པའི་ཐོག་མཚམས་འཇོག་བྱས་འདུག གྱོང་ཁ་དེ་བོད་ནང་ལ་ཡོད་པའི་བོད་མི་རྣམས་དང་། རྒྱལ་བ་རིན་པོ་ཆེར་བློ་ཕམ། དགྲ་ནག་པོ་གུང་ཁྲན་ལ་དགྱེས་སྟོན་ཞིག་སྤྲད་སོང་།
ཁ་སྔོན་རྒྱལ་བ་རིན་པོ་ཆེས་བོད་པ་སྤྱི་ལ། “ད་ལྟ་ཛ་དྲག་གི་དུས་ཚོད་འདི་ལ། བོད་པ་ཚང་མས་ཆིག་སྒྲིལ་དང་། གོ་སྐབས་མ་ཤོར་བ་བྱས་ནས་རང་རེའི་འདོད་དོན་སྒྲུབས་དགོས།”གསུངས་པ་འདིར། སྤྱི་འཐུས་རྣམས་ཀྱི་ཡར། “ལགས་སོ། བཀའ་བཞིན་ཞུ།”ཟེར་ནས་སྤྱོད་ངན་སེམས་ལ་འཆར་མི་ཕོད་པ་ཞིག་བྱས་སོང་། སྥྱི་འཐུས་འདི་ཚོ་ལ། ངས་བོད་མི་དམངས་ཀྱི་ཚབ་བྱས་ནས། “བོད་ཀྱི་མིང་འཁྱེར་མཁན་བཙན་བྱོལ་སྤྱི་འཐུས་ལྷན་ཚོགས་ལ། བོད་འདི་དམྱལ་བ་ལྟ་བུའི་གནས་སྟངས་ཤིག་ལ་ཡོད་སྐབས། ཁྱེད་རྣམས་ཀྱི་གནམ་གྲུའི་སྤ་སེའི་ཞིག་གི་དོན་ལ། གཞུང་གི་ལས་དོན་ཆེན་པོ་རྣམས་མཚམས་འཇོག་བྱེད་ཕོད་པའི་སྙིང་སྟོབས་དེར། ཁྱེད་ཚོའིསྤུས་ཚད་ཇི་འདྲ་ཡོད་པ་བསྟན་བྱུང་། ངས་བློ་ཕམ་དང་ཁོང་ཁྲོས་མནར་བའི་བོད་མི་རྣམས་ཀྱི་ཚབ་བྱས་ནས། ཁྱེད་རྣམས་ལ། གྲ་དགའ་གཉེན་སྡུག གུང་ཁྲན་ཏང་ལ་ཞབས་འདེགས་ཞུ་མཁན། རྒྱལ་བ་རིན་པོ་ཆེར་སྡུག་བསྔལ་སྤྲོད་མཁན་ཁྱེད་ཚོ། མགྱོགས་ནས་མྱུར་དུ་ཕྱི་ལ་འབུད་ནས་ན་གཞོན་སྤྱི་དོན་སྒྲུབ་ལ་དགའ་བའི་བློ་གསར་འབའ་ཞིག་སྤྱི་འཐུས་ལ་སླེབས་པ་ཤོག་ཟེར་རོ།
སྤྱི་ལོ་༢༠༠༩ལོའི་བཀྲ་མ་ཤིས་པའི་ཟླ་བ་དགུ་པ་དང་གོད་ཆགས་ཀྱི་ཚེས་ཉིན།
ལུང་བསྟན།
༢ དབྱིངས་ཡུམ་ཀ་དག་རིག་རྩལ་སྒྱུ་འཕྲུལ་ལས༔
ཤར་བའི་ངོ་བོ་འགགས་མེད་ཀློང་ནས་ཤར༔
ཨེ་ཧོ༔
སྟོང་ཉིད་སྙིང་རྗེའི་རང་གཟུགས་ཐུགས་རྗེའི་རྩལ༔
འགགས་མེད་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལས༔
འགྲོ་བའི་མགོན་པོ་དེད་དཔོན་སྤྲུལ་བའི་གར༔
ཕྱག་ན་པདྨོའི་ཐུགས་རྗེས་རོལ་རྩལ་ལས༔
གསང་གསུམ་མི་ཟད་འགྲོ་ལ་ཆོས་ཆར་འབེབས༔
ཚོགས་གཉིས་མི་ཟད་དཔལ་གྱི་ལྗོན་ཤིང་འཁྲུངས༔
ཆོས་ཉིད་ནམ་མཁའ་མཛོད་ལ་མངའ་དབང་འབྱོར༔
སྐུ་ཚེ་མི་འགྱུར་རྟག་བརྟན་རྡོ་རྗེའི་སྐུ༔
འཕོ་མེད་གཞོམ་འཇིགས་བྲལ་བའི་བསྲུང་གུར་ཚུད༔
བདུད་དང་དམ་སྲིའི་བར་ཆད་གཡུལ་ངོ་བསྒྱུར༔
རྟེན་འབྲེལ་ཆོས་ཉིད་ཤར་བའི་བརྡ་ཙམ་ལས༔
ཤེས་རབ་སྙིང་པོའི་བཟློག་མདོས་གྲངས་ལྡན་དང་༔
འཕགས་མ་ཨརྱ་ཏྰ་རེ་དུང་བསྒྲུབ་གནད༔
དཔལ་རྡོ་རྗེ་སེམས་དཔའི་ཡང་སྙིང་དུང་༔
མགོན་པདྨའི་ཚོགས་མཆོད་འབུམ་ཕྲག་དང་༔
དེ་བསྒྲུབས་ན་བར་ཆད་གཡུལ་ངོ་བཟློགས༔
བོད་གངས་ཅན་ལ་བདེ་སྐྱིད་ཉི་མ་ཤར༔
ཤར་ཆ་དེ་ཆོས་ཉིད་ཀློང་དུ་ཐིམ༔
བརྡ་ཐིམ་གུཧྱེ།
ཡིག་བཅོས་པ་ནི།
རྗེས། མེས། བསུང་། བཀའི།
རྗེའི། མེད། བསྲུང་། བཀས།
ལུང་བསྟན།
༢ དབྱིངས་ཡུམ་ཀ་དག་རིག་རྩལ་སྒྱུ་འཕྲུལ་ལས༔
ཤར་བའི་ངོ་བོ་འགགས་མེད་ཀློང་ནས་ཤར༔
ཨེ་ཧོ༔
སྟོང་ཉིད་སྙིང་རྗེའི་རང་གཟུགས་ཐུགས་རྗེའི་རྩལ༔
འགགས་མེད་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལས༔
འགྲོ་བའི་མགོན་པོ་དེད་དཔོན་སྤྲུལ་བའི་གར༔
ཕྱག་ན་པདྨོའི་ཐུགས་རྗེས་རོལ་རྩལ་ལས༔
གསང་གསུམ་མི་ཟད་འགྲོ་ལ་ཆོས་ཆར་འབེབས༔
ཚོགས་གཉིས་མི་ཟད་དཔལ་གྱི་ལྗོན་ཤིང་འཁྲུངས༔
ཆོས་ཉིད་ནམ་མཁའ་མཛོད་ལ་མངའ་དབང་འབྱོར༔
སྐུ་ཚེ་མི་འགྱུར་རྟག་བརྟན་རྡོ་རྗེའི་སྐུ༔
འཕོ་མེད་གཞོམ་འཇིགས་བྲལ་བའི་བསྲུང་གུར་ཚུད༔
བདུད་དང་དམ་སྲིའི་བར་ཆད་གཡུལ་ངོ་བསྒྱུར༔
རྟེན་འབྲེལ་ཆོས་ཉིད་ཤར་བའི་བརྡ་ཙམ་ལས༔
ཤེས་རབ་སྙིང་པོའི་བཟློག་མདོས་གྲངས་ལྡན་དང་༔
འཕགས་མ་ཨརྱ་ཏྰ་རེ་དུང་བསྒྲུབ་གནད༔
དཔལ་རྡོ་རྗེ་སེམས་དཔའི་ཡང་སྙིང་དུང་༔
མགོན་པདྨའི་ཚོགས་མཆོད་འབུམ་ཕྲག་དང་༔
དེ་བསྒྲུབས་ན་བར་ཆད་གཡུལ་ངོ་བཟློགས༔
བོད་གངས་ཅན་ལ་བདེ་སྐྱིད་ཉི་མ་ཤར༔
ཤར་ཆ་དེ་ཆོས་ཉིད་ཀློང་དུ་ཐིམ༔
བརྡ་ཐིམ་གུཧྱེ།
ཡིག་བཅོས་པ་ནི།
རྗེས། མེས། བསུང་། བཀའི།
རྗེའི། མེད། བསྲུང་། བཀས།
འཆི་བདག་སྐྱབས་ཡིན་ན་འདི་། ཇི་འདྲའི་མྱི་དགོད་སྐྱིད་ཞིག་།