ཧི་མ་ལ་ཡའི་འཕྲུལ་སྨྱུག
དེ་ཡང་ཏེ་ལོས་ནཱ་རོ་པར་དཀའ་ཆེན་བཅུ་གཉིས་དང༌། དཀའ་ཕྲན་བཅུ་གཉིས་ཏེ་དཀའ་བ་མི་འདྲ་བ་ཉེར་བཞི་སྐུ་ལུས་གཅིིག་གི་ཐོག་ཏུ་སྤྱད་དུ་བཅུག་པར་གྲགས་པ་དེ་ཚོ། དོན་དངོས་སུ་རྐུ་མ་བརྐུ་བ་དང༌། ཇག་པ་བརྒྱབ་པ་སོགས་མ་རབས་ཐ་ཤལ་གྱི་བྱ་འབའ་ཞིག་བསྒྲུབ་ཏུ་བཅུག་པ་རེད། ཡིན་ནའང་བཀའ་འབེབས་མཁན་བླ་མར་སོང་སྟབས་བཀའ་གསུང་ཅི་བསྒྲུབ་མ་ཞུས་ས་མ་ཐུག་པ་རེད་ལ། བླ་མའི་ཅི་གསུང་ཆོས་ཡིན་སྟབས་སྡིག་པ་བྱས་ཀྱང་དགེ་བར་འགྱུར་སོང་བ་རེད། མཐར་ཏེ་ལོས་ནཱ་རོ་པའི་སྙིང་ཁར་རྡོག་རྒྱག་མུན་རུབ་པ་ལྟ་བུ་ཞིག་བཞུས་པས་ནཱ་རོ་པ་དྲན་མེད་དུ་བརྒྱལ། བརྒྱལ་བ་ལས་སངས་པ་དང་དཔོན་སློབ་དགོངས་པ་དབྱེར་མེད་དུ་གྱུར་ཚར་འདུག་སྐད། དེ་མ་གཏོགས་ཁོང་རྣམ་གཉིས་ཆོས་འཆད་ཉན་གྱི་སྒོ་ནས་བླ་སློབ་ཆགས་པ་ཞིག་མིན་ཏེ། ཏེ་ལོས་ཚིག་གཅིག་མ་གསུངས་ལ། ནཱ་རོས་ཚིག་གཅིག་མ་ཉན་ཏེ། བྱིན་རླབས་རྟོགས་པ་འཕོས་པས་གྲོལ། ཞེས་གསུངས་ཡོད།
དེ་བཞིན་མར་པས་མི་ལར་མཁར་ཟླ་གམ། ཟླུམ་པོ། གྲུ་བཞི་བརྩིག་ཏུ་བཅུག་པ་སོགས་ཡི་ཆད་ཆེན་པོ་བརྒྱད་དང༌། སྣང་ཆུང་གྲངས་མེད་པའི་སྒོ་ནས་ཚར་བཅད་པ་དེའང༌། བལྟས་ཚོད་ལ་མར་པས་རྒྱུ་འབྲས་མེད་པའི་བྱ་ངན་ཤ་སྟག་སྤེལ་བ་དང༌། མི་ལས་དོན་དག་མེད་ས་ནས་དཀའ་སྡུག་གྲངས་མེད་ཅིག་མྱངས་སོང་བ་ལྟ་བུར་སྣང་མོད། ༼འོན་ཀྱང་གནས་ཚོད་ལ་༽གསང་སྔགས་ལུགས་ལ་དེ་ལྟར་མིན་པར་བྱ་གཞག་རླབས་པོ་ཆེ་ཞིག་གི་གཞི་ཐིངས་སོང་བ་རེད། ༼ཅེས་པ་ནི་དྲང་གཏམ་སྨོས་པ་ཞིག་ཡིན་ཏེ། བོད་ཀྱིས་སྐྱེས་ཆེན་འདྲའི་ཁྲོད་ནས། མི་འདྲ་བའི་མཚན་ཁྱབ་པ་དེ་ནི། དཀའ་སྤྱད་དང་སྙིང་རུས་དེ་དང་དེ་མཚུངས་ལ་བརྟེན་ནས་བྱུང་བར་སྙམ།༽
པཎ་ཆེན་ནཱ་རོའི་ཞལ་ནས།
འདི་༼གྲོང་འཇུག་གི་གདམས་ངག་༽ཁྱོད་རང་དྲན་ནམ་ལུང་བསྟན་བྱུང་གསུང་བ་ལ། འདི་བདག་རང་དྲན་པ་མིན། བདག་ལ་ལུང་བསྟན་བྱུང་བའང་མིན། བདག་ལ་སློབ་མ་ཐོས་དགའ་ཞེས་བྱ་བ་ཡོད་པ་དེ་ལ་མཁའ་འགྲོའི་ལུང་བསྟན་བྱུང་ནས་ཞུར་འོངས་པ་ལགས་ཞུས་པས།
ངོ་མཚར་ཆེ། བོད་མུན་ནག་གི་གླིང་ན་སྐྱེས་བུ་གངས་ལ་ཉི་མ་ཤར་བ་འདྲ་བ་ཡང་ཡོད་པར་འདུག་གསུངས། ཕྱག་གཉིས་སྤྱི་བོར་ཐལ་མོ་སྦྱར་ཏེ།
བྱང་ཕྱོགས་མུན་པའི་སྨག་རུམ་ན། །
གངས་ལ་ཉི་མ་ཤར་འདྲ་བའི། །
ཐོས་པ་དགའ་ཞེས་བྱ་བ་ཡི། །
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུང་ཞིང་སྤྱན་བཙུམས་ཏེ། དབུ་གུག་གུག་པ་ལན་གསུམ་མཛད།
ཏེེ་ལོས་ཇོ་བོ་ནྰ་རོ་པ་ཚར་བཅད་པའམ། ངས་༼རྗེ་མར་པ་༽ཁྱོད་ཚར་གཅོད་པ་ལྟར་བྱས་ན་བློ་དམན་རྣམས་ལ་ཕན་མི་ཐོགས་པས་དེ་ལུགས་ཀྱི་ཆོས་སྟོན་མཚམས་གྱིས། རྒྱ་གར་ན་ཆོས་འདིའི་ཆ་ལག་བཀའ་རྒྱ་ཅུང་ལྷོད་པ་ལུས་མེད་མཁའ་འགྲོའི་ཆོས་འཁོར་དགུ་ཡོད་པ་ལས། བཞི་ངས་ཁྱོད་ལ་བསྟན་པ་ལྟར་ཡིན། ད་དུང་ལྔ་ཡོད་དེ་ང་རང་གི་རྒྱུད་པ་བྱིན་ནས་ནྰ་རོའི་བུ་རྒྱུད་ཅིག་ལ་ཞུས་ན་ལོངས་ཤིང་སེམས་ཅན་ལ་ཕན་ཐོགས་པ་ཡོད་པས། ཁྱོད་ཀྱིས་ཅི་ལོངས་གྱིས།
ལྷ་སྒྲུང་དང་འདབས་འབྲེལ་པའི་ལོ་རྒྱུས་ཞིག་བཤད་ན་ཅི་ཕན་། དངོས་སྟོབས་ཀྱི་རིག་པའི་ཐོག་ནས་གསལ་བཤད་མེད་ན་། རེ་ཞིག་བདེན་ཁ་མདའ་སྨྱུག་ལ་གནང་ན་ཁྱེད་རང་ངོ་ཚ་དགོས་དོན་ཅི་ཡོད།