སྒྱུར་རྩོམ། སྒོམ་སྡེ་ལྷ་རམས་པ།
གནའ་སྔ་མོ་སྔ་མོ་ཞིག་ལ། དུག་སློག་ལ་“དང་འདོད”ཧ་ཅང་ཆེན་པོ་བྱེད་མཁན་གྱི་རྒྱལ་པོ་ཞིག་ཡོད། ཁོང་ནི་དུས་ཚོད་དང་དངུལ་ཚང་མ་དུག་སློག་ཐོག་གཏོང་ཞིང་། དུས་ཚོད་ཕལ་ཆེ་བ་གྱོན་ཆས་ཁང་དུ་བསྐྱེལ་གྱི་ཡོད། ཁོང་ལ་གྱོན་ཆས་གསར་པ་ཞིག་བྱུང་རེས་བཞིན་ལམ་སང་ཀྲོག་ཀྲོག་བྱས་ནས་གཞན་ལ་ངོམ་སོ་རྒྱག་རྒྱུའི་ཆེད་དུ་ཕོ་བྲང་གི་ཕྱི་ནང་དང་གྲོང་ཁྱེར་སོགས་སུ་ཡང་ཡང་སྤྲོ་འཆམ་ལ་འགྲོ་རྒྱུ་དགའ་པོ་ཡོད། ཁོང་ནི་གྱོན་ཆས་མ་གཏོགས་འབངས་མི་སེར་ལ་བྱམས་བརྩེའི་ཚོར་བ་དང་གཞུང་སེམས་ཡང་དེ་ཙམ་མེད་མཁན་ཞིག་རེད།
ཧ་ཅང་སྐྱིད་ལ་མཛེས་པའི་གྲོང་ཁྱེར་དེར་ཕྱོགས་གང་ས་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་བལྟ་སྐོར་ལ་སླེབ་ཀྱི་ཡོད། ཉིན་ཅིག་གཡོ་སྒྱུ་ཅན་གྱི་མི་ཁྲམ་པ་གཉིས་ཀྱང་དེར་སླེབས། ཁོང་གཉིས་ཀྱིས་རྒྱལ་པོ་མགོ་སྐོར་གཏོང་དགོས་བསམས་ཏེ་རྒྱལ་པོའི་དྲུང་དུ་ཕྱིན་ནས། དུག་སློག་བཟོ་མཁན་གྱི་འཐག་མཁན་མཁས་པ་ཞིག་ཡིན་ཁུལ་བྱས་ཏེ། ཁོང་གཉིས་ཀྱིས་ཤོད་ཡ་ལ། མི་གཞན་གྱིས་སྔོན་བློ་ཡུལ་དུ་ཡང་འཁོར་མ་མྱོང་བའི་དུག་སློག་བཟོ་བཀོད་ལེགས་ལ་ཁ་དོག་ཤིན་ཏུ་མཛེས་པ་དེ་འདྲ་བཟོ་ཐུབ་ཅིང་། ལྷག་པར་དུག་སློག་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། དེ་གྱོན་ན་མི་བསོད་ནམས་དང་ཡོན་ཏན་ཆུང་ལ་གླེན་ལྐུགས་དེ་ཚོའི་རིགས་ཀྱིས་གོས་འདི་མཐོང་མི་ཐུབ། ཅེས་ལབ་པ་རེད། རྒྱལ་པོའི་བསམ་པར། འོ། བྱས་ན། ཡག་པོ་འདུག ཕྱིན་ཆད་ངས་གོས་འདི་གྱོན་ནས་་་མི་སུ་ཞིག་་་ལས་སྣེ་ལ་འོས་མི་འོས་ཀྱི་དབྱེ་མཚམས་གསལ་པོ་འབྱེད་ཐུབ་པ་འདུག་བསམས།
རྒྱལ་པོས། མི་དེ་གཉིས་ལ་གྱོན་ཆས་རྣམས་གང་མགྱོགས་བཟོ་དགོས་པའི་བཀའ་བཏང་སྟེ། དངུལ་དང་གླ་རྔན་འདོད་པ་ཚིམ་པ་སྟེར། ཁྲམ་པ་དེ་གཉིས་ཀྱིས་ཀྱང་འཐག་ཁྲི་སྟོང་པ་གཉིས་ཡར་བཙུགས་ཏེ། གོས་་འཐག་གི་ཡོད་་་མདོག་མདོག་་བྱས་ཏེ། ཉིན་མཚན་མེད་པར་རྒྱལ་པོའི་ཕོ་བྲང་ནང་དུ་སྐྱིད་ཤང་བྱས་ནས་ཤ་ཆང་དང་སྦི་རག་སོགས་ཁ་ཟས་ཕུན་ཚོགས་པ་ལ་ལོངས་སུ་སྤྱོད་དེ་ཉིན་ལྟར་སྤྲོ་སྐྱིད་གཏོང་ནས་སྡོད་ཀྱི་ཡོད་པ་རེད།
མི་གཡོན་ཅན་དེ་གཉིས་ཀྱིས་སྔར་གླ་རྔན་བྱིན་པ་དེས་མ་ཚིམ་པར་ད་དུང་འདོད་རྔམ་ཆེན་པོས་རྒྱལ་པོའི་དྲུང་ནས་གོས་ལ་གཏོང་རྒྱུའི་གསེར་དངུལ་དང་རིན་པོ་ཆེ་མང་པོ་གསོལ་རས་ཞུས་ཏེ། ཚང་མ་ཁོ་རང་གཉིས་ཀྱིས་ལྐོག་བཟས་བྱས་ཤིང་། མཚན་ཕྱིས་པོའི་བར་གོས་་འཐག་གི་་ཡོད་མདོག་གིས་བསྡད་དེ་རྒྱལ་པོ་མགོ་སྐོར་གཏོང་གི་ཡོད་པ་རེད།
དེ་ནས་ཉིན་ཞིག་རྒྱལ་པོས་དུག་སློག་དེ་ཇི་ཙམ་ཚར་ཡོད་ན་སྙམ་སྟེ། བལྟ་འདོད་བྱུང་ནའང་། རྒྱལ་པོའི་བསམ་པར། འོ་ཛི། ངས་དུག་སློག་དེ་མཐོང་ཐུབ་ཨེ་ཡོང་བསམས་ནས་ཐེ་ཚོམ་དུ་གྱུར་ཀྱང་། ལམ་སེང་རྒྱལ་པོས་རློམས་སེམས་ཆེན་པོས་ངང་ནས། ང་རྒྱལ་པོ་ཡིན་ཙང་ངས་ཏན་ཏན་མཐོང་ཐུབ་ཀྱི་རེད། ངས་མ་མཐོང་ན་སུས་མཐོང་། འོན་ཀྱང་གལ་ཏེ་མ་མཐོང་བ་ཡིན་ན་ངོ་ཚ་པོ་ཆགས་ཡོང་བསམས་ནས། ཐབས་ཤེས་མཁས་པོའི་ཐོག་ནས། དང་པོར་ཁོ་རང་གི་བློན་ཆེན་ཤེས་རབ་ཅན་རྒན་ཤོས་དེ་བལྟ་རུ་བཏང་།
བློན་ཆེན་དེ་་་ཁྲམ་པ་གཉིས་ཀྱི་སར་སླེབས་ནས་ཕར་ལྟ་ཚུར་ལྟ་བྱས་ཀྱང་། འཐག་ཁྲི་ནི་སྟོང་པ་སྟོང་རྐྱང་ཡིན་པ་རེད། ད་དུང་བློན་པོ་ཡིད་མ་ཆེས་ནས། མིག་ཕྱིས་ཙམ་བྱས་ཏེ་གཟབ་གཟབ་བྱས་ཏེ་བལྟས་ཀྱང་གང་ཡང་མཐོང་རྒྱུ་མ་བྱུང་བ་ན། བློན་པོ་སྐྲག་སྣང་ཆེན་པོ་སྐྱེས་ཏེ། འོ་ཛི། དཀོན་མཆོག་མཁྱེན། ངས་ནི་གང་ཡང་མཐོང་གི་མི་འདུག ག་རེ་བྱས་པ་ཡིན་ན་བསམས། འོན་ཀྱང་གནས་ཚུལ་དེ་སུ་ལ་ཡང་བཤད་མ་ཕོད་པ་རེད།
ཁྲམ་པ་དེ་གཉིས་ཀྱིས། “བློན་པོ་མཆོག་འདིར་འཐག་ཁྲིའི་འཁྲིས་ལ་ཕེབས་ནས། ན་བཟའི་ཁ་དོག་དང་བཟོ་བཀོད་སོགས་སྤུས་ཚད་ལེགས་ཉེས་གང་འདྲ་བྱུང་འདུག་གསུང་དང་” ཞེས་ཨུ་ཚུགས་ཀྱིས་དྲིས་པ་ན། བློན་པོ་ཅི་ལབ་འདི་ལབ་མེད་པར། ཅི་ཡང་མ་མཐོང་རུང་ཟོག་རྫུན་བཤད་ནས་མཐོང་གི་ཡོད་མདོག་གིས། ཨ་ཛི། དེ་འདྲའི་གོས་ཤིག་གི་མཛེས་པ་ལ་ཨང་། ཁ་དོག་ལ་ལྟོས་དང་། བཟོ་ལྟ་ལ་ལྟོས་དང་། ཞེས་ཧང་་་སང་མདོག་་་གིས་འགྲེལ་བཤད་བྱས།
དེ་ནས་རྒྱལ་པོས་བློན་པོ་ལ་ན་བཟའ་ལེགས་ཉེས་ཇི་འདྲ་བྱུང་ཡོད་མེད་ཀྱི་བཀའ་བརྩད་གནང་བ་ན། བློན་པོས་དྲང་པོ་བཤད་མ་ཕོད་པར། ན་བཟའ་ནི་ཧ་ཅང་ངོ་མཚར་ཆེ་ལ་བསམ་ཡུལ་ལས་འདས་པ་ཞིག་བྱུང་འདུག ཅེས་ཞུས་པ་ན། རྒྱལ་པོ་ཐུགས་མཉེས་ཐག་ཆོད་པ་རེད།
དེ་ནས་མི་དེ་གཉིས་ཀྱིས་སྔར་རྒྱུན་བཞིན་རྒྱལ་པོའི་དྲུང་ནས་གསེར་དངུལ་སོགས་མང་པོ་བླངས་ཏེ། ཚང་མ་ཁོ་རང་གཉིས་ཀྱིས་བེད་སྤྱོད་བྱས་ཤིང་། གོས་ནི་སྣ་གཅིག་ཀྱང་མཐོང་རྒྱུ་མེད་རུང་། ད་དུང་འཐག་ཁྲི་སྟོང་པའི་འགྲམ་དུ་ལས་ཀ་བྱེད་ཀྱི་ཡོད་ཁུལ་གྱིས་ཉི་མ་འཁྱོལ་ཐབས་ཤ་སྟག་བྱེད་ཀྱི་ཡོད་པ་རེད།
སླར་ཡང་རྒྱལ་པོས་ལས་སྣེ་ཁག་ཅིག་བལྟ་རུ་བཏང་ཀྱང་། སྔར་བཞིན་མི་དེ་གཉིས་ཀྱིས་མགོ་སྐོར་བཏང་བ་རེད།
མཐའ་མ་དེར་རྒྱལ་པོ་སྐུ་ངོ་མ་གཟིགས་སྐོར་ལ་ཕེབས་པ་ན། འཐག་ཁྲི་སྟོང་པ་མ་གཏོགས་ཅི་ཡང་མ་མཐོང་བ་ན། རྒྱལ་པོའི་བསམ་པར། འོ་ཛི། འདི་ག་རེ་རེད། ངས་ནི་གང་ཡང་མཐོང་གི་མི་འདུག ང་གླེན་ལྐུགས་ཤིག་མིན་ནམ་སྙམ་དུ་ཐེ་ཚོམ་བཟོས་ཀྱང་། དྲང་གཏམ་མ་བཤད་པར་མཐོང་གི་ཡོད་པའི་ཟོལ་གྱིས། ཨ་ཙི། གོས་འདི་དེ་འདྲའི་མཛེས་པ་ལ་ཨང་། ཞེས་སྐྱག་བརྫུན་བཤད་པ་རེད། རྒྱལ་པོ་ཐུགས་ཧ་ཅང་མཉེས་པའི་ཁུལ་གྱིས། ཁྲམ་པ་གཉིས་ལ། “རྒྱལ་པོའི་སྐུ་སྒེར་གྱི་འཚེམ་བཟོ་ཆེན་མོ”ཞེས་པའི་གོ་གནས་ཀྱང་གནང་བ་རེད། དེ་ནས་ངོ་མཚར་ཅན་གྱི་གོས་དེའི་གཏམ་སྙན་གཅིག་ནས་གཅིག་ལ་བརྒྱུད་དེ་གྲོང་ཁྱེར་གྱི་ཡུལ་མི་ཡོངས་ཀྱིས་གླེང་མོ་བྱ་བའི་གཞིའི་གཙོ་བ་ཞིག་ཏུ་གྱུར་ཏོ། །
དེ་ནས་ཁྲམ་པ་གཉིས་ཀྱིས་རྒྱལ་པོ་ཁྲོམ་གཟིགས་ལ་ཕེབས་པའི་སྔ་ཉིན་དེའི་མཚན་མོ་མཚན་གང་འཐག་ཁྲིའི་འགྲམ་དུ་སོང་ནས་གོས་རྣམས་གྲྭ་སྒྲིག་བྱེད་ཀྱི་ཡོད་པའི་ཟོལ་གྱིས་བྲེལ་བ་འཚུབ་འཚུབ་ཀྱིས་བསྡད། ཡུལ་མི་རྣམས་ཀྱིས་ཀྱང་འཚེམ་བཟོ་བ་དེ་གཉིས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད་པའི་སྔགས་བརྗོད་ཀྱང་བྱས།
རྒྱལ་པོ་འཁོར་བཅས་ཁྲོམ་གཟིགས་ལ་ཕེབས་རྒྱུའི་སྔ་དྲོ་དེར། རྒྱལ་པོ་མཆོག་གྱོན་ཆས་ཁང་དུ་ཕེབས། ཁྲམ་པ་གཉིས་ཀྱིས། ལག་པ་སྟོང་པས་ན་བཟའ་འབུལ་གྱི་ཡོད་པའི་ཚུལ་བྱས་ཏེ། འདི་གོས་ཐུང་ཡིན། འདི་བསྟོད་ཐུང་ཡིན། འདི་སྐུ་བེར་ཡིན་ཞེས་རིམ་པས་འབུལ་ཁུལ་བྱས་ཤིང་། རྒྱལ་པོས་ཀྱང་རྒྱུན་གོས་རྣམས་ཕུད། གོས་གསར་པ་དེ་རྣམས་གྱོན་ཁུལ་གྱིས། ཤེལ་སྒོའི་མདུན་་་ཕར་་་་འགྲོ་་་་་ཚུར་་་་་འགྲོ། གཡས་ལ་བལྟས། གཡོན་ལ་བལྟས་ཏེ། རྒྱལ་པོས་སྐུ་འཁོར་རྣམས་ལ་དུག་སློག་འདི་ང་ལ་ལན་པོ་ག་འདྲ་མི་འདུག་གམ་ཞེས་ཀྲོག་ཀྲོག་དང་སྤོབས་པ་ཆེན་པོས་བཤད་པ་ན། ཚང་མས་དེ་ལ་མོས་མཐུན་གྱི་ཚུལ་དུ་མགོ་འཇོག་འཇོག་བྱས་པ་རེད།
དེ་ནས་རྒྱལ་པོས། ང་ཁྲོམ་གཟིགས་ཐོན་རྒྱུར་གྲྭ་སྒྲིག་ཨང་གསར་ཡིན་ཞེས་བཤད། ཡུལ་མི་རྣམས་བློ་འཚབ་དང་སྤྲོ་སྣང་ཕན་ཚུན་འགྲན་པ་བཞིན་དུ་གྱུར་ཏེ་ཚ་ག་ཚི་གའི་ངང་ནས་རྒྱལ་པོ་ཕེབས་འགུག་ཞུས་ཏེ་བསྡད་ཡོད་པ་རེད། རྒྱལ་པོ་ཕེབས་པ་ན། ཚང་མས། ཨ་ཛི། དེ་འདྲའི་ན་བཟའ་ཞིག་གི་མཛེས་པ་ལ་ཨང་། ལྷ་ཡི་ན་བཟའ་ལ་འགྲན་བཟོད་པ་ཞིག་འདུག ཅེས་གཅམ་བུ་དང་ངོ་བསྟོད་ཀྱི་བསྔགས་བརྗོད་ཚད་མེད་བྱས། དེ་ནས་གློ་བུར་དུ་ག་ནས་འདི་འོང་མེད་པར། ཕྲུག་གུ་ཆུང་ངུ་ཞིག་གིས། ཧ་ཧ། ང་ཚོའི་རྒྱལ་པོ་དམར་ཧྲང་རེད་འདུག ལྟོས་དང་། རྒྱལ་པོའི་རྐུབ་མཐོང་གི། ལ་པ་ན། གཡས་གཡོན་གྱི་མི་ཚང་མས། སྤྲང་ཕྲུག་ཁ་ཁར་སྡོད། ཅེས་ཤུབ་་་ཤུབ་བུར་སྨྲས། རྒྱལ་པོས་ཕྲུག་གུའི་གང་སྨྲས་པ་དེ་ཐོས་ཀྱང་། མ་ཐོས་མདོག་མདོག་བྱས་ནས་ཁ་སྐྱེང་པོའི་ངང་ནས་འགྲོ་དགོས་བྱུང་ངོ་། །
ཚིག་གི་འགྲེལ་བཤད།
གཞུང་སེམས།= སྤྱི་སེམས།
༼རྒྱལ་པོའི་ན་བཟའ་གསར་པ༽
Hans Christian Andersen ཧེན་སེ། ཁིརཤ་ཅེན། ཨེན་ཌར་སེན་གྱིས་བྲིས།
སྒོམ་སྡེ་ལྷ་རམས་པ་དགེ་བཤེས་ཐུབ་བསྟན་བསམ་གྲུབ་ཀྱིས་བོད་ཕྲུག་གཞོན་ནུ་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་དོན་སྒྱུར་ཞུས་པའོ། །
(བྱིས་པའི་སྒྲུང་ཡིག་རྣམས་གོ་གང་བདེ་བདེ་དང་། ཚིག་གང་དམའ་དམའ་བྱ་དགོས། བྱུང་ན་ཕལ་སྐད་རང་གི་ཐོག་ནས་འབྲི་དགོས)
Hans Christian Andersen ཧེན་སེ། ཁིརཤ་ཅེན། ཨེན་ཌར་སེན (April 2, 1805 – August 4, 1875)དུས་རབས་དགུ་བཅུ་པའི་ནང་བྱོན་པའི་ཌེན་མཀ་Danishཀྱི་སྙན་ངག་དང་བྱིས་པའི་སྒྲུང་དེབ་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོང་གི་བྱིས་པའི་སྒྲུང་ཡིག་གྲགས་ཅན་འགའ་ཞིག་གཤམ་གསལ། ༼རྒྱལ་པོའི་ན་བཟའ་སོ་མ། The Emperor’s New Clothes༽ ༼ངང་ཕྲུག་མདོག་ངན། The Ugly Duckling༽ ༼ཆུའི་ལྷ་མོ།The Little Mermaid༽སོགས་ཤིན་ཏུ་མང་། ཁོང་གི་སྒྲུབ་དེབ་རྣམས་རྒྱལ་ཁབ་༡༥༠ལྷག་ཙམ་གྱི་སྐད་ཐོག་བསྒྱུར་ཡོད་དོ། །
མཁས་དབང་སྒོམ་སྡེ་བ་ལགས། སྐྱ་བོའི་ནང་དགེ་བཤེས་མིང་འཁུར་པ་ཞིག་དེ་རིང་བར་དུ་གུས་པས་གོ་མ་སོང་། དེ་འདྲ་སོང་ཙང་སྐུ་ཉིད་ཀྱིས་དགེ་བཤེས་ཀྱི་མིང་འདི་བཟུང་ན་འོས་མི་འོས་ཀྱིས་ལྗགས་ལན་ཞིག་གནང་རོགས།
ཁོང་གི་ཆུའི་ལྷ་མོའམ་རྒྱ་མཚོའི་བུ་མོ་དང་ངང་ཕྲུག་མདོག་ངན་གཉིས་བོད་ནང་ནས་ཁོང་གི་བྱིས་སྒྲུང་ཕྱོགས་བསྒྲིགས་ལས་ང་རང་ལོ་ཆུང་ཡིན་དུས་སུ་བཀླགས་པ་ཡིན་ལ། ངང་ཕྲུག་མདོག་ངན་གྱིས་བག་ཆགས་དགའ་རབ་ཅིག་བཞག ཆུའི་ལྷ་མོ་ཡིས་སེམས་པ་ཧྲིལ་བོ་བརྩེ་དུང་གིས་བཅིངས་ནས་ལོ་ངོ་འགའ་ལ་བག་ཆགས་བཤད་མི་ཤེས་པ་ཞིག་གིས་བདག་གི་སེམས་ལ་མནར་གཅོད་ཚད་མེད་ཅིག་བཏང་སོང་། རྒྱ་ནག་གིས་ཁོང་གི་མཚན་ལ་ཨན་ཐུའུ་ཧྲེང་ཞེས་བྲིས་ཡོད་ཅིང་བོད་སྐད་དུ་ཡང་དེ་ལྟར་བསྒྱུར་འདུག ཁོང་གི་ངང་ཕྲུག་མདོག་ངན་ནི་མཚོ་སྔོན་གྱི་བྱིས་པ་དང་ན་གཞོན་གྱི་ཚགས་ཤོག་གངས་རྒྱན་ན་ཆུང་ཚགས་པར་ཞེས་པ་དེའི་སྟེང་དུ་ཡང་བཀོད་ཡོད་བསམས།
སྒོམ་སྡེ་བ་ལགས་ཀྱིས་ཨ་མདོ་དང་ལ་དྭགས་པས་བེད་སྤྱོད་བྱེད་པའི་གསར་བའི་སྐད་དོད་སོ་མ་ཞེས་པ་འདི་བེད་སྤྱོད་བཏང་འདུག སྒོམ་སྡེ་བ་ལགས་ཀྱི་ཡབ་ཡུམ་གང་རུང་ཨ་མདོའམ་ཡང་ན་ལ་དྭགས་ནས་མིན་ནམ། སྐུ་ཉིད་ཀྱི་འབྲི་སྟངས་ལས་ཨ་མདོ་བ་ཞིག་མིན་ནམ་བསམ་པའི་ཚོར་བ་ཞིག་འགོག་མེད་དུ་སྟེར།
སྐྱ་བོའི་ནང་ནས་དགེ་བཤེས་བླངས་ཆོག་དང་མ་ཆོག་འདི་ལ་སྔོན་མ་ང་དེ་འབྲེལ་གྱི་ལས་བྱེད་ཅིག་ཡིན་སྐབས། སོག་པོ་མཁས་པ་ཅིག་གིས་དགེ་བཤེས་གཏོང་གི་ཡིན་ཅེས་ཨུ་ཚུགས་ཡང་ཡང་བརྒྱབ་སོང་། ཡེ་གེ་འདི་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་ཐད་གདན་སའི་མཁན་པོ་དང་། བོད་གཞུང་གི་ལས་བྱེད་དེ་ཚོ་ཡང་མགོ་སྦོས་བསྡད་འདུག མཐའ་མར་སོག་པོ་རང་གི་གྲྭ་བ་ཚོ་ལ་འདིའི་བསམ་འཆར་གསང་བའི་ཐོག་ནས་བསྡུས་པ་རེད། རྒྱུ་མཚན་ནི་སོག་པོའི་མཁས་པ་དེ་ཡང་དགོན་པ་བྱེ་བྲག་པ་ཅིག་གི་མཁན་པོ་ལྟ་བུ་ཅིག་རེད་འདུག་པས་བོད་ཕྱོགས་ནས་ལམ་སང་ཐག་གཅོད་བྱེད་བདེ་བོ་མེད་པ་འདྲ་འདུག སོག་པོའི་གྲྭ་བ་དེ་ཚོས་ཟེར་ན། ཁོང་ལ་དགེ་བཤེས་ཀྱི་མིང་བཏགས་སྤྲད་ན། རྗེས་མ་ནས་ང་ཚོ་ཚང་མའི་ཕ་རྒན་ཁྲིད་ཡོང་ནས་དགེ་བཤེས་མིང་བཏགས་ཞུ་གི་ཡིན་ཟེར། དེ་ནས་ཁོང་ལ་དགེ་བཤེས་ཀྱི་མིང་བཏགས་སྤྲད་ཐུབ་མ་སོང་།
སྔོན་མ་ཡིན་ན་ལོ་རྒྱུས་ཐོག་ཏུ་དགེ་བཤེས་དེ་ཚོ་གྲྭ་བ་ལོག་པ་བོད་ནང་དུ་ཤིན་ཏུ་དཀོན་ས་རེད་འདུག ནང་སོག་ཨ་ལགས་ཤ་བསྟན་དར་ལྷ་རམས་པ་དེ་གྲྭ་བ་ལོག་ཚར་བ་རེད། འོན་ཀྱང་ཁོང་ཁོང་ལ་མི་ཚང་མས་ཨ་ལགས་ཤ་བསྟན་དར་ལྷ་རམས་པ་ཅེས་འབོད་ཀྱི་ཡོད་པ་རེད་འདུག དེ་བཞིན་དུ་དེང་སང་ཡང་གསུང་བསྒྱུར་ཐུབ་བསྟན་སྦྱིན་པ་ལ་དགེ་བཤེས་ལྷ་རམས་པ་ཅེས་ཁོང་གི་བྲིས་པའི་དེབ་དག་ན་བྲིས་འདུག
དེ་བས་ན་ཆོས་ལུགས་ལ་མཁས་པའི་ཁྱིམ་པ་དག་གིས་དགེ་བཤེས་བཏང་ཆོག་དང་མི་ཆོག་འདི་ད་ལྟའི་ཆར་གླེང་གཞི་ལྟ་བུ་ལས་ཐག་ཆོད་པོ་ཅིག་མི་འདུག དེང་སང་ཁྱིམ་པ་ཁ་ཤས་ཀྱིས་དགེ་བཤེས་མིང་བཏགས་ཞུ་གི་ཡོད་པ་དངོས་འབྲེལ་ཡིན།
ལོས་ཡིན། ནུབ་ཕྱོགས་པའི་ནང་བསྟན་འབུམ་རམས་པ་འདི་དག་ནང་པའི་དགེ་བཤེས་མིན་ན་གང་ཡིན། ཡིན་ན་ཡང་སྐྱ་བོ་ཞིག་གིས་གྲྭ་ས་ནས་དགེ་བཤེས་གཏོང་སྒོ་གཏོང་སྒོ་གཏོང་ཆོག་དང་མི་ཆོག་འདི་ནི་གྲྭ་སའི་སྒྲིག་གཞི་ལ་རག་ལས་པ་ཞིག་རེད།
ད་དུང་ཨ་ནེ་དེ་ཚོས་དགེ་བཤེས་བཏང་ཆོག་མ་ཆོག་སྐོར་ལ་ལོ་ཤས་སྔོན་ནས་བགྲོ་གླེང་ཤུགས་ཆེན་པོ་གནང་སོང་། ད་དུང་ཨ་ནེ་དེ་ཚོ་དགའ་ལྡན་ཁྲི་བ་བསྡད་ཆོག་མ་ཆོག་སྐོར་ལ་ཡང་དེ་བཞིན་བགྲོ་གླེང་དང་སྐད་འབོད་ཁྲོམ་སྐོར་ཡང་བྱས་པ་རེད། མཐའ་མར་ ༧གོང་ས་མཆོག་ནས་དེ་འགྲིག་གི་རེད་ཅེས་བཀའ་གནང་བ་ཡིན་ས་རེད་འདུག
ཨ་ནེ་ལ་དགའ་ལྡན་ཁྲི་པ་ཞེས་འབོད་པ་ལས་དགའ་ལྡན་ཁྲི་མ་ཞེས་འབོད་དགོས་ལ། ཨ་ནེ་མཁན་པོ་ལ་ཨ་ནེ་མཁན་མོ་ཞེས་འབོད་དགོས་བསམས། གང་ཞེ་ན། དགེ་བསྙེན་དང་དགེ་བསྙེན་མ་ཞེས་བཏགས་ཡོད་པས་སོ།།
གོང་གི་སྒྲུང་དེའི་མིང་ལ་ཁ་ཆེའི་རྒྱལ་པོའི་ན་བཟའ་ཡང་ཟེར།
ཀླུ་སྨྱོན་ལགས།
ང་ཁམས་པ་དང་དབུས་གཙང་གཞི་མཐུན་དེ་ཡིན། ངས་ནམ་རྒྱུན་མི་ལ་རྩེད་མོ་བཤད་ཀྱི་ཡོད།
ངའི་ཕ་ཁམས་པ་ཡིན། མ་དབུས་གཙང་ཡིན། བླ་མ་ཨ་མདོ་བ་ཡིན། ཆོལ་ཁ་གསུམ་ག་ངའི་
གཉེན་གྱི་མཐར་ཐུག་རེད་འདུག ད་ང་སུ་ལ་ཞེན་ཁོག་བྱེད་དགོས་རེད། ཅེས་བཤད་ཀྱི་ཡོད།
བཀའ་བརྒྱུད་པའི་ཕྱག་ཆེན་གྱི་བརྡ་ཆད་ལའང་“སོ་མ”ཞེས་པ་འདི་འདུག དཔེར་ན་སོ་མ་རང་ལུགས་སུ་
བཞག”ཅེས་པ་ལྟ་བུ། ❶ སྤྱིར་སོ་མ་ཞེས་པ་གསར་པའམ་སོས་པ་ལ་ཟེར། ❷ ཡང་།
བཅོས་བསླད་མེད་པའི་གདོད་མའི་རང་བཞིན་ལྗེན་པ་ལའང་སོ་མ་ཟེར།
ངས་ཀྱང་༼རྒྱལ་པོའི་ན་བཟའ་སོ་མ༽ཞེས་པའི་བསྒྱུར་ཞིག་དྲ་རྒྱ་ཞིག་ཏུ་མཐོང་བྱུང་། བསྡུས་
བསྡུས་ཤིག་འདུག་སྙམ། ཡག་པོ་མི་འདྲ།
སྟག་ལྷ་འབུམ་ལགས།
མཆན་༡ དང་པའི་དོན།
ཁྱེད་ཀྱི་དགོངས་འཆར་འདི་ཏན་ཏན་བསྟན་པ་ལ་ཐུགས་བསམ་བཞེས་ནས་གསུང་གི་ཡོད་པའི་ཚོར་སྣང་ཞིག་བྱུང་།
དེ་འདྲ་སོང་ཙང་ཁྱེད་རྣམ་པས་ཐུགས་ཐག་ག་རེ་བཅད་ནའང་ང་ལ་གསུང་རོགས། ངེད་ནས་དེ་ལ་དང་ལེན་ཞུ་ཆོག མ་ཟད་ལོ་༢༡ སློབ་གཉེར་བྱས་པའི་དགེ་བཤེས་ལག་ཁྱེར་ཐེབ་ཆག་ཅིག་ཀྱང་ཡོད། དེ་ཡང་ཕར་དགོས་གསུང་ན་དེ་ཡང་འབུལ་ཆོག ང་ལ་ཉེར་མཁོ་མི་འདུག དགེ་བཤེས་ཀྱི་མིང་སྐམ་པོ་ཞིག་ཡོད་མེད་ཀྱིས་ཁྱད་པར་སྤུ་ཙམ་འོང་བ་མི་འདུག
ང་སྔོན་མ་གྲྭ་པ་ཡིན་པའི་སྐབས་ལས་དེང་སང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོགས་དང་ཞབས་འདེགས་མང་བ་ཞུ་ཐུབ་སོང་། མིང་སྐམ་དེ་ཡང་དེ་དེ་བཞིན་རེད། ཡོད་མེད་ཁྱད་པར་ཆེར་མི་འདུག
ངའི་དབུགས་ཀྱི་རྒྱུ་བ་རེ་རེ་ཡང་བོད་ཀྱི་ཆོས་དང་རིག་གཞུང་གི་ཞབས་འདེགས་སུ་འབུལ་གྱི་ཡོད། ངའི་དམིགས་ཡུལ་མཐར་ཐུག་དེ་རང་མི་རིགས་ཀྱི་ཞབས་འདེགས་ཞུ་ཡ་དེ་ཡིན། གཞན་དགེ་བཤེས་ཀྱི་མིང་བེད་སྤྱོད་བྱས་ཏེ་བསྒྲུབ་རྒྱུའི་དམིགས་ཡུལ་ཆེན་པོ་གང་ཡང་མེད་དོ། །
སོ་མ་ཞེས་པ་འདི་ཉིད་ཁམས་ཁུལ་གྱི་ཡུལ་ལུང་དུ་མ་ནས་ཀྱང་བེད་སྤྱོད་བྱེད་ཀྱིན་ཡོད་རེད། ང་ལུང་པ་ནས་བཅའ་དངོས་གསར་པ་ལ་སོ་མ་ཞེས་འབོད་ཀྱིན་འདུག ཨ་ཁུ་ཀླུ་སྨྱོན་འདིས་སྐད་ཆ་བཤད་སྟངས་ལ་བལྟས་ན་ཨ་མདོ་བ་ལས་གཞན་གྱིས་ཚིགས་བཅད་ཐ་ཐོར་ཙམ་ཡང་འབྲི་མི་ཤེས་ཟེར་གྱིན་ཡོད་པ་འདྲ།
8. སྒོམ་སྡེ་ལྷ་རམས་པ་དང་ཐུབ་བསྟན་སྦྱིན་པ་གཉིས་ལྟ་བུས་གྲྭ་བ་མ་ལོག་གོང་ནས་དགེ་བཤེས་བཏང་ཟིན་རྗེས་གྲྭ་བ་ལོག་པ་རེད། དེ་དུས་དགེ་བཤེས་ཀྱི་མཚན་རྟགས་དེ་བླངས་ཟིན་པས་དགེ་བཤེས་ཟེར་ན་སྐྱོན་ཅི་ཡང་མེད་སྙམ། ཡང་གཅིག་བཤད་ན་དགེ་བཤེས་ནི་ཕར་ཕྱིན་རམས་འབྱམས་པ་དང་དབུ་མ་རམས་འབྱམས་པ། ལྷ་རམས་དང་སྔགས་རམས་སོགས་མི་སྐྱས་ཀྱང་བཞག་ན་ཆོག་སྙམ། དེ་ནི་རྒྱ་ནག་སྐད་དུ་བཤད་ན་ཞོའེད་བེ་སྟེ། དགེ་བཤེས་སམ་ལྷ་རམས་པའང་སློན་ཐོན་ཆུ་ཚད་ཅིག་ལ་ཟེར་བས་ན་དེ་ལྟར་དུ་བོས་ཀྱང་ཆོག་པར་འདོད།
སྒོམ་སྡེ་ལྷ་རམས་པ་དང་ཐུབ་བསྟན་སྦྱིན་པ་གཉིས་ལྟ་བུས་གྲྭ་བ་མ་ལོག་གོང་ནས་དགེ་བཤེས་བཏང་ཟིན་རྗེས་གྲྭ་བ་ལོག་པ་རེད། དེ་དུས་དགེ་བཤེས་ཀྱི་མཚན་རྟགས་དེ་བླངས་ཟིན་པས་དགེ་བཤེས་ཟེར་ན་སྐྱོན་ཅི་ཡང་མེད་སྙམ། ཡང་གཅིག་བཤད་ན་དགེ་བཤེས་ནི་ཕར་ཕྱིན་རམས་འབྱམས་པ་དང་དབུ་མ་རམས་འབྱམས་པ། ལྷ་རམས་དང་སྔགས་རམས་སོགས་མི་སྐྱས་ཀྱང་བཞག་ན་ཆོག་སྙམ། དེ་ནི་རྒྱ་ནག་སྐད་དུ་བཤད་ན་ཞོའེད་བེ་སྟེ། དགེ་བཤེས་སམ་ལྷ་རམས་པའང་སློན་ཐོན་ཆུ་ཚད་ཅིག་ལ་ཟེར་བས་ན་དེ་ལྟར་དུ་བོས་ཀྱང་ཆོག་པར་འདོད།
རྗེན་པ་་་་་་་ནོར་བཅོས།
སྒོམ་སྡེ་ལགས་ཀྱིས་བྱིས་སྒྲུང་ཆེས་ཡག་པོ་ཞིག་བཏོན་འདུག་པས་ཐུགས་རྫེ་ཆེ། ཆོས་སྲིད་ཀྱི་གཏམ་རྫིག་པོ་ག་འདྲ་ཞིག་ཡིན་ཡང་ཡིད་འཕྲོག་འགྲོ་གི་མི་འདུག ཁྱེད་ཀྱི་བྱིས་སྒྲུང་འདི་ཞིབ་ཏུ་ཀློག་པ་ཡིན། ད་དུང་བོད་ཀྱི་དམངས་ཁྲོད་ཀྱི་བྱིས་སྒྲུང་སླད་མེད་རང་བྱུང་བ་ལྟ་བུ་དེ་འདྲ་འབྲི་གནང་ཐུབ་ས་རེད་དམ། དགའ་སྡུག་ཁྲོ་ཆགས་ཀྱི་ཚོར་བ་ཚ་བོ་གང་ཡང་མེད་པར་རྩེད་མཚར་གྱི་ཚོར་བ་ལྷོད་པོ་ཞིག་དང་མཉམ་དང་བྱིས་སྒྲུང་ཀློག་ན་དཔེ་སྐྱིད་པོ་འདུག ངོ་ནས་ཐུགས་རྗེ་ཆེ། སྐུ་མཁྱེན་མུ་མཐུད་ནས་་་་་
དག་བཅོས། སྒོམ་སྡེ་ལགས་ཀྱིས་བྱིས་སྒྲུང་ཆེས་ཡག་པོ་ཞིག་བཏོན་འདུག་པས་ཐུགས་རྫེ་ཆེ། ཆོས་སྲིད་ཀྱི་གཏམ་རྫིག་པོ་ག་འདྲ་ཞིག་ཡིན་ཡང་ཡིད་འཕྲོག་འགྲོ་གི་མི་འདུག ཁྱེད་ཀྱི་བྱིས་སྒྲུང་འདི་ཞིབ་ཏུ་ཀློག་པ་ཡིན། ད་དུང་བོད་ཀྱི་དམངས་ཁྲོད་ཀྱི་བྱིས་སྒྲུང་སླད་མེད་རང་བྱུང་བ་ལྟ་བུ་དེ་འདྲ་འབྲི་གནང་ཐུབ་ས་རེད་དམ། དགའ་སྡུག་ཁྲོ་ཆགས་ཀྱི་ཚོར་བ་ཚ་བོ་གང་ཡང་མེད་པར་རྩེད་མཚར་གྱི་ཚོར་བ་ལྷོད་པོ་ཞིག་དང་མཉམ་དུ་བྱིས་སྒྲུང་ཀློག་ན་དཔེ་སྐྱིད་པོ་འདུག ངོ་ནས་ཐུགས་རྗེ་ཆེ། སྐུ་མཁྱེན་མུ་མཐུད་ནས་་་་་
སྟག་རྒན་སྐྱག་ཤོར། ངས་ཁྱོད་གྲོས་ཚོགས་ཀྱི་རྩོད་གཞིའི་གནད་དོན་ཁ་ཤས་ཟེར་བ་དེའི་འོག་ནས་འཛིན་བཟུང་བྱས་རྗེས་ཡང་འདི་ན་ཤོར་འདུག ཁ་སྙན་པོ་བཤད་ཁུལ་བྱེད་དགོས་ནི་མ་རེད། ཐབས་མཁས་པོ་བྱེད་ཁུལ་བྱེད་དགོས་ནི་མ་རེད། སྒོམ་སྡེའི་བྱིས་སྒྲུང་དེ་ལོ་བཅུ་ཁ་ཞིག་གི་སྔོན་ནས་ཁྱིའི་ཁ་སྤུའི་ནང་མིན་ཚད་ལ་འགྲོ་གི་བསྡད་ཡོད་པ་ཞིག་ཡིན་པས་གསར་བ་གང་ཡང་མ་རེད། ད་དུང་ཆོས་སྲིད་ཀྱི་གཏམ་རྫིག་པོ་དེ་འདྲ་རྣ་བ་ལ་མ་འགྲོ་ན། ཆོས་སྲིད་ཀྱི་སྐད་ཆ་བཤད་སའི་དྲ་རྒྱ་ཁག་གི་ཐོག་ཏུ་ཁྱོད་ཐལ་བ་འགམ་དུ་ཡོང་བ་ཡིན་ནམ། གང་ལྟར་དམ་སྲིའི་ཁོལ་པོ་ཁྱོད་ངས་ཚེ་ཐར་ལ་ཨེ་གཏོང་ལྟོས་ཤིག གྲོས་ཚོགས་ཀྱི་རྩོད་གཞིའི་གནད་དོན་ཁ་ཤས་ཟེར་བ་དེའི་འོག་གི་མཆན་འདི་ཡིན་པས་འདི་ནས་ལྟོས་ཤིག
(རེ་སྐུལ། ཁར་སང་ངས་བཏང་བའི་མཆན་རེ་ཟུང་དྲ་བདག་གིས་བསུབ་འདུག སྤྱིར་ཡིན་ན་དྲ་བདག་གི་སྐུ་དབང་ཡིན་པས་ཞུ་རྒྱུ་གང་ཡང་མེད་མོད། གོ་སྐབས་བྱུང་ན་སྤྱི་འཐུས་མང་པོ་ཞིག་ལྐོག་གསོད་བྱེད་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་མྱོང་མཁན་གྱི་སྟག་སྨྱོན་ཟེར་བ་འདིའི་མཆན་མ་བསུབ་བར་ཏུ། སྟག་སྨྱོན་ལ་ཁ་གཏད་གཅོག་པའི་མཆན་ཡང་མི་བསུབ་རྒྱུ་དེ་མཆན་འདེབས་པ་ཞིག་གི་ཐོབ་ཐང་ལ་དཔག་པའི་རེ་བ་ཡིན།)
ངོ་ཚ་རྒྱུ་མེད་པའི་སྟག་རྒན་སྐྱག་ཤོར། སྟག་སྨྱོན་རྫུན་མ་ཞིག་ཡོད་པ་དེ་ངས་ཤེས་ཡོད། འོན་ཀྱང་གོང་གི་མཆན་དེ་དུས་བབ་ནང་གི་ཁྱོད་ཀྱི་རང་ཤི་བརྒྱབ་ཟིན་པའི་ཟིན་བྲིས་ཤི་བོ་དེ་མ་ཤི་གོང་། དེའི་ནང་ནས་དངོས་སུ་བླངས་པ་ཡིན་པས། དེ་ཁྱོད་སྟག་སྨྱོན་གྱིས་བྲིས་པ་མིན་ན་ཁྱོད་ཀྱི་ཕ་མེས་ཡང་མེས་ཀྱི་རིང་གི་ཡི་དམ་ཤི་འདྲེ་དམ་སྲི་དོལ་རྒྱལ་གྱིས་བྲིས་ནས་ཁྱོད་ཀྱི་ཟིན་བྲིས་ནང་དུ་བཅུག་པ་ཨེ་རེད། ཁྱོད་ཀྱི་ཟིན་བྲིས་སྒོ་ཕྱེ་སྤྱད་ཀྱི་གསང་བའི་ཨང་གྲངས་ཡོད་ས་དེ་ཁྱོད་དང་ཁྱོད་ཀྱི་ཡི་དམ་ཤི་འདྲེ་དེ་གཉིས་མིན་པ་གཞན་སུ་ཡོད།
ལྟོས་དང་ད་དུང་ངོ་ཚ་རྒྱུ་མེད་པར་“འོན་ཀྱང་ང་ཚོར་བོད་མི་ནང་ཁུལ་ལ་ཆིལ་སྒྲིག་དམ་གཙང་བྱེད་རྒྱུའི་རང་དབང་དང་ནུས་པ་ཡོངས་རྫོགས་རང་ལག་ན་ཡོད་པ་རེད།”ཟེར། འོ་ན་ཁྱོད་ཀྱིས་བོད་གཞུང་དམངས་གཉིས་དང་། ཁྱད་པར་དུ་ཟམ་གདོང་རིན་པོ་ཆེ། རྒྱ་རི་རིན་པོ་ཆེ་སོགས་སྲི་ཞུ་མཐར་ཕྱིན་པའི་མི་རྗེ་བཀའ་དྲིན་ཅན་རྣམས་དང་། དགེ་ལུགས་ཕུད་པའི་ཆོས་བརྒྱུད་གཞན་གྱི་བླ་ཆེན་རིན་ཐང་ཅན་ཚོར་མིང་རྫུན་འདྲ་མི་འདྲའི་ཐོག་ནས་གཞི་མེད་ཀྱི་སྐུར་འདེབས་དང་སྐྱོན་འཛུགས་ཚོད་འཛིན་མེད་པར་བྱེད་དོན་ཅི་ཡིན། དེ་མཐུན་སྒྲིལ་གྱི་ཆེད་དུ་ཨེ་རེད། ཨ་ཡ་མཚན། ཁྱོད་ཀྱིས་མཐུན་སྒྲིལ་གྱི་ཐབས་ལམ་དེ་འདྲ་ཞིག་ཡིན་པ་རེད།
བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་གྲུབ་འབྲས་དེ་༧སྐྱབས་མགོན་རིན་པོ་ཆེས་བླ་ན་མེད་པའི་དབུ་ཁྲིད་དང་། དམངས་གཙོའི་ཀ་བ་གསུམ་གྱི་གཙོས་པའི་བོད་གཞུང་གིས་འཛིན་སྐྱོང་གི་བྱས་རྗེས་གཉིས་ཀ་མཉམ་དུ་རེད་མ་གཏོགས། སྐྱབས་མགོན་རིན་པོ་ཆེ་མི་གཅིག་སྔ་དྲོ་བཀའ་ཤག་ལ་བཞུགས། ཉིན་གུང་གྲོས་ཚོགས་སུ་ཕེབས། དགོང་མོར་ཁྲིམས་ཞིབ་སོགས་ལ་བྱོན། མཚན་གུང་ལྷན་ཁང་གཞན་པ་ཁག་ཏུ་ཕྱག་ལས་གནང་ནས་བཟོས་ཡོང་བ་དེ་འདྲ་ཞིག་མ་རེད་ད། དེང་སང་དམངས་གཙོ་དང་སློབ་སྦྱོང་ཆེས་ཡར་ཐོན་ཅན་གྱི་གནས་ཡུལ་རྒྱ་གར་རྒྱལ་ཁབ་ལ་མཚོན་ན་ཡང་། གྲོས་ཚོགས་ཀྱི་ནང་དུ་ཕོར་བ་དང་རྐུབ་སྟེགས་སོགས་ཀྱིས་གཞུ་རེས་ཡང་ཡང་ཡོང་བཞིན་པར་མ་ཟད། གཞུང་གི་དཔོན་རིགས་དང་། མངའ་སྡེའི་དཔོན་རིགས་འོས་བསྡུ་སོགས་ཀྱི་སྐབས་སུ་མི་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་ཡོང་གི་ཡོད་པ་ཁྱོས་ལོས་ཤེས། དེས་ན་བོད་པའི་སྤྱི་འཐུས་ཁ་ཤས་ཕོར་བ་དང་རྐུབ་སྟེགས་སོགས་ཀྱིས་གཞུ་རེས་བྱེད་མ་འདོད་ནས་ཚོགས་ཁང་ནས་ཕྱིར་ཐོན་པ་དེ་དེ་ཙམ་གྱི་ཧ་ལས་ཤིང་བློར་མི་ཤོངས་བ་ཞིག་ཅི་ཡང་མིན། དེ་ལས་སྤྱི་ཚོགས་ནང་གི་སྐྱག་འབུ་ཁྱོད་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་བྱས་རྗེས་བླ་མེད་མངའ་བའི་གྲོས་ཚོགས་འཐུས་མི་ཚོ་ར་རྫི་ལུག་ལུག་རྫི་ཡིན་རབས་དང་། གོ་སྐབས་བདེ་བོ་ཞིག་རག་ན་གསོད་རྒྱུ་ཡིན་ཚུལ་གྱི་ཐ་ཚིགས་བསྒྲགས་པ་དེ་ནག་ཉེས་ཆེ་བ་ཡིན་པས་ངས་དོལ་ཁྱི་ཁྱོད་ལ་སོར་མོ་གང་གི་གོ་སྐབས་ཨེ་སྤྲོད་ལྟོས་ཤིག ཁྱོད་ཀྱི་ཁྲག་དམར་བོའི་དྲི་མ་བྲོ་བའི་མཆན་དེ་ཚོར་གཅིག་ལྟོས་དང་། གལ་ཏེ་ཁྱོད་ནུབ་ཕྱོགས་པའི་གསང་སྤྱོད་འཁྲུ་བཞིན་མེད་པར་སྤྱི་འཐུས་ཀྱི་འཐུས་མིའི་ནང་དུ་ཡོད་ན་ཁྱོས་ཅི་འདྲ་ཞིག་བྱེད་ས་རེད།
ཆོག་གི དེ་རིང་འུ་གཉིས་ཀས་བོད་གཞུང་མི་བཤད། སྤྱི་འཐུས་མི་བཤད། ཟམ་གདོང་མི་བཤད། བོད་ཀྱི་བླ་སྤྲུལ་ཚོ་མི་བཤད། དེ་རིང་ཁྱོད་བཤད་རྒྱུ་བྱེད། འོ་ན་ད་བར་ཁྱོས་བོད་ལ་ཕན་པའི་ལས་ཀ་ཅི་བྱས་ཡོད། ཁྱོད་དེ་འདྲའི་འཇོན་པོ་རྒོད་པོ་ཞིག་ཡིན་ན་ཅིའི་ཕྱིར་བོད་མི་མང་གིས་ཁྱོད་སྤྱི་འཐུས་སུ་མ་འདེམས་པ་རེད། ངས་ཞིབ་འཇུག་བྱས་པ་ལྟར་ན་ཁྱོད་ཀྱི་འཇོན་ཐང་ནི། ཁྱོད་ཀྱིས་གོ་སྐབས་རག་ན་སྤྱི་འཐུས་ཚོ་གསོད་རྒྱུ་ཡིན་པའི་སྐད་ཆ་བཤད་ཀྱི་འདུག དགེ་ལུགས་ཀྱི་བླ་སྤྲུལ་མ་ཡིན་པའི་བོད་ཀྱི་བླ་སྤྲུལ་གཞན་ཚོ་ལ་མཚན་སྨོད་གཏོང་གི་འདུག ཡང་དགེ་ལུགས་ཀྱི་བླ་སྤྲུལ་མ་ཡིན་པའི་བོད་ཀྱི་བླ་ཆེན་གཞན་པ་ཚོ་མྱ་ངན་ལས་འདས་སྐབས་མིང་འདྲ་མིན་བཀོལ་ནས་སྙིང་ཚིམ་བརྡར་གྱི་འདུག བཀྲ་མ་ཤིས་པའི་རྟགས་སུ་བཀའ་ཤག་ལ་ཐོག་བརྒྱབ་པ་རེད་ཟེར་ནས་ཀྲུང་གོའི་བོད་ལྗོངས་ཟེར་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བ་དེ་ཚོའི་སྟེང་གི་དགྲ་རྩོམ་ཚོ་དང་གཅིག་པ་གཅིག་རྐྱང་སྤེལ་གྱི་འདུག ༧གོང་ས་ཆེན་པོས་མཐའ་ཡས་པའི་གཟིགས་རྒྱངས་ཡངས་པོས་ལམ་དབུ་མ་ཞེས་བོད་རྒྱ་གཉིས་ཕན་དང་རྒྱལ་སྤྱིའི་ཐོག་ཚད་མཐོའི་གདེངས་འཇོག་ཐོབ་པའི་ཆབ་སྲིད་ཀྱི་ལམ་འདི་གསར་གཏོད་གནང་བ་ཡིན་མོད། ཁྱོད་ཀྱིས་བྲིས་པའི་ཏིན་གྱིས་བུ་ལོན་འཇལ་བ་ཟེར་བ་དེའི་ནང་། ཏིན་གྱིས་༧གོང་ས་མཆོག་ལ་ཚོད་ལྟ་གཅིག་བྱས་ཏེ་ཉམས་ཚོད་ལོན་རྗེས་ཕམ་ཉེས་སུ་བཏང་བ་རེད་ཅེས་བྲིས་འདུག ཁྱོད་རང་ཉིད་གྲྭ་བ་ལོག་པས་མ་ཚད་ལྟ་བ་ཡང་ལོག་ཚར་བའི་དམ་ཉམས་ཡ་མེད་ཅིག་ཡིན་བཞིན་དུ་ངོ་ཚ་མེད་པར་གྲྭ་ལོག་གཞན་ཚོར་བསྡིག་གི་འདུག ཁྭ་ཏས་མི་གཙང་ཟོས་པའི་མཆུ་ཏོ་བཞིན་དུ་རང་གི་སྐྱུགས་བྲོ་བའི་བྱ་སྤྱོད་ཆ་ཚང་གཞན་གྱི་མགོ་ལ་གཡོག་གི་འདུག ངས་ཁྱོད་ཀྱི་ཡོན་ཏན་དང་ཁྱོད་ཀྱི་འཇོན་ཐང་མཐོང་བ་ནི་འདི་ཙམ་ཡིན་པ་ལས་གཞན་གང་ཡང་མཐོང་མ་སོང་ན་ད་ཁྱོད་ཀྱིས་ཁྱོད་རང་གི་ཡོན་ཏན་དང་འཇོན་ཐང་བྱས་རྗེས་ཚོ་རེ་རེ་བཞིན་དུ་ཤོད་དང་། དེ་ནས་ཁྱོད་ཀྱིས་བོད་གཞུང་མང་གཉིས་ལ་ཁ་གཏོང་ཆོག་མི་ཆོག་དང་། ནག་པོ་བཟོ་ཆོག་མི་ཆོག་གཟོད་ཤེས་པར་འགྱུར་བ་ཡིན།
ད་དུང་ངས་བལྟས་ན་ཁྱོད་ནི་ཁོག་ན་གཡུ་ལོ་མེད་པའི་སྐྱག་ཤོར་གྲུམ་པ་ལྟ་བུ། གཡོ་རྒྱུ་ཆེ་བས་ཝ་མོ་ལྟ་བུ། བླང་དོར་མི་ཤེས་པའི་ཕག་པ་ལྟ་བུ། ངོ་ཚ་མེད་པས་ཁྱི་ལྟ་བུ། བོད་གཞུང་གི་སྐུ་དྲིན་གྱིས་མུ་གེས་མ་ཤི་ཙམ་ཞིག་བྱུང་རུང་། ད་ཆར་རང་བཙན་ལག་དེབ་ཀྱང་པར་མགོ་བཀོག་ནས་གད་སྙིགས་ནང་དུ་གཡུག་པས་དྲིན་ལག་ལོག་འཇལ་བྱེད་པ་ལ་བྱ་གོ་བོའི་ཕྲུ་གུ་ལྟ་བུ། རང་གི་བཤད་པའི་སྐད་ཆ་ལ་རང་གིས་འགན་མི་ཁུར་བའི་གཡེམ་མ་མུ་ཅོར་སྨྲ་བ་ལྟ་བུ། བསམ་བློ་དང་ཀུན་སྤྱོད་ཆ་ཚང་མི་གཙང་བའི་སྐྱག་ལུད་ཀྱི་རྫབ་དོང་ལྟ་བུ། ཁ་ནས་ཐོན་ཚད་ཡིད་དུ་མི་འོང་བ་དང་སྐྱུགས་མེར་ལངས་དགོས་ས་འབའ་ཞིག་ཡིན་པས་སྐྱག་ཁུང་ལྟ་བུ་ཞིག་རེད་འདུག།
དེ་རིང་འུ་གཉིས་ཀས་བོད་ཀྱི་བླ་སྤྲུལ་ཚོ་མི་གླེང་རྒྱུ་བྱེད། འོན་ཀྱང་འོག་གི་ཁྱོད་ཀྱིས་བྲིས་པའི་མཆན་གཞན་པ་གཉིས་བོད་གཞུང་དང་བཀའ་བློན་ཁྲི་པ་བོད་ཀྱི་རིག་གཞུང་སོགས་ལ་བྲིས་པའི་མཆན་རེད། འདི་ཚོ་ཡང་ཁྱོད་ཀྱིས་བྲིས་པ་མིན་ཞེས་ཟེར་རྒྱུ་ཨེ་ཡིན།
སྟག་རྒན།
འགྱོད་པ་སྐྱེ་དགོས་པའི་ལས་ཀ་དང་པོ་ནས་མ་བྱས་ན་ཡག་གི་རེད། རྗེས་ལ་སྐུང་དགོས་དུས་ད་དཀའ་མོ་ཟིག་ཨེ་རེད། ལྟོས་དང་།
༡༽ ཁོ་བོ་ཤི་ཡང་བོད་གཞུང་དང་བོད་ཡིག་གིས་ཕན་སྲིད་པའི་རེ་བ་མེད། འོན་ཀྱང་རང་བཙན་ལག་དེབ་ཀྱི་དངུལ་མ་སྤྲད་ཐབས་མེད་རེད། དེ་མ་སྤྲད་ན་གུང་གསེང་ལ་འགྲོ་རྒྱུའི་ལམ་ཁ་བཀག་འདུག ཟམ་གདོང་རིན་པོ་ཆེ་ལ་དགོས་པ་ནུབ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོ་མ་ཡིན་པར། ཁོ་ཚོའི་དངུལ་གཅིག་པོ་རེད། ཁོང་གིས་ནུབ་ཕྱོགས་ཀྱི་བོད་མི་ཚོ་ཁྲིམས་འགལ་བ་དང་ནག་ཅན་པ་རེད་ཟེར་བ་དེ་ནས་བཟུང་ངས་བོད་གཞུང་ལ་རེ་བ་བཅད་པ་ཡིན། ༢༠༠༩ ༠༣ ༡༣ལ་བྲིས་པའི་དུས་བབ་ནང་གི་ཟིན་བྲིས།་་་་་་་་་་་་་་་་་་་་་་་་་་་་
༢༽ ཟམ་སྟོང་བླ་མ་མང་འོས་བཀའ་ཁྲི་དང་པོར་འདེམས་པ་དང་། བོད་གཞུང་བཀའ་ཤག་གི་རྩེ་ལ་ཐོག་བརྒྱབ་ནས་བོད་ཀྱི་རྒྱལ་དར་གཏོར་བ་རེད། དེ་ནི་ཁོང་གི་བྱས་ཉེས་རྐྱང་བྱས་ནས་བོད་དང་བོད་ཀྱི་རྒྱལ་དར་རྩ་མེད་འགྲོ་རྒྱུ་ཡིན་པའི་ངན་ལྟས་ཚོད་འདུག དེ་ནི་ལྷ་སྲུང་མངོན་ཤེས་ཅན་ཞིག་ཁྲོས་པའི་སྔོན་བརྡ་ཡང་ཡིན་པ་འདྲ། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༦པ།་་་་་་་་་་་་་་་་་་་་་་་་
སྒོམ་སྡེ་ལྷ་རམས་པའི་མཚན་གནས་དེ་ལ་རྩོད་པ་ཞིག་བྱེད་དགོས་དོན་གཏན་ནས་མི་འདུག བོད་མིང་དགའ་བ་རེ་ཟུང་གིས་མིང་བརྩད་དེ་བསྡད་ཡོད་པ་ལས། སྐུ་ཉིད་ཇི་བཞིན་དོན་ལ་ལག་ལེན་དང་བྱས་རྗེས་འཇོག་མཁན་དངོས་ནས་ཉུང་ཉུང་རེད། གོ་ཐོབ་དེ་ནི་ཁྱེད་རང་མིང་དོན་གཉིས་ཀའི་སྟེང་ནས་འོས་པ་ཞིག་འདུག་ལགས།
ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ང་ཁ་སྔོན་ར་ཟི་ནས། རྒན་སྟག་སྨྱོན་ལ་གང་བྱུང་བཤད་པར་སོང་བས། དགོངས་པ་མ་འཚོམས། དུག་གསུམ་ཉོན་མོངས་ཟེར་བ་འདི་ཤིན་དུ་འདུལ་ཁག་པོ་འདུག ངོ་མ་སྨན་ཞིག་ཟ་རྒྱུ་ཡོད་ན་ཇེ་དགའ་རེད། གྲྭ་བ་ཡིན་ཡང་ཆང་ད་དུང་སྤྱོད་པར་ཤོར་གྱི་འདུག གྲོགས་པོ་ཚོས་ང་ལ་ཐབས་ཤེས་འདྲ་ཡོད་ན་གསུངས་རོགས།
མཁས་དབང་སྒོམ་སྡེ་པ་ལགས། གུས་པར་སྐུ་ཉིད་ཀྱིས་དགེ་བཤེས་དང་དགེ་བཤེས་ལྷ་རམས་པའི་མཚན་ཐོབ་བླངས་པའམ་མཚན་ཐོབ་དེ་དག་བེད་སྤྱོད་གནང་པར་མིག་ཚ་བ་དང་སྙིང་ན་བ་མིན་ལ། ཁྱེད་མཚན་ཐོབ་ལ་རྩོད་པ་རྒྱག་འདོད་དེ་བས་ཀྱང་མིན། འོན་ཀྱང་གུས་པར་རྙིང་ཞེན་ཆེ་དྲགས་པའམ་སྐྱབས་གནས་དགེ་འདུན་པའི་སྡེ་དང་དགེ་བའི་བཤེས་གཉེན་རྣམས་ལ་དུངས་བ་ཟབ་དྲགས་པས་དགེ་བཤེས་ཞེས་པའི་མཚན་དེ་གོ་ཡོང་དུས་ངུར་སྨུག་གི་མནའ་བཟའ་གསོལ་ཞིང་ཞི་དུལ་གྱི་དགེ་སློང་ཞིག་ཤར་ཡོང་བས་སྐུ་ཉིད་ལ་དྲི་བ་དེ་བཏང་བ་ཡིན་ལགས།
གཞན་སྐུ་ཉིད་ཀྱིས་གསུངས་པ་ལྟར་གུས་པར་དགེ་བཤེས་ཀྱི་མཚན་ཐོབ་འདི་ཐག་གཅོད་བྱེད་པའི་དབང་ཆ་མེད་ལ། ང་ཚོ་སྐོར་ཞིག་གིས་གྲོས་བཏོན་ནས་མཁས་དབང་མཆོག་ལ་བཀའ་འདྲི་ཞུས་པ་ཞིག་དེ་ལས་ཀྱང་མིན།མཁྱེན་དགོས་པ་ཞིག་ལ། ཟབ་ཅིང་རྒྱ་ཆེ་བའི་མདོ་སྔགས་གཞུང་ལུགས་ཀྱིས་མཚོན་པའི་བོད་ལེགས་དབྱིན་གསུམ་ཁྱེད་ཀྱི་ཐུགས་ལ་མངའ་བར་དགའ་སྤྲོས་ཡི་རངས་བྱེད་བཞིན་ཡོད་པ་ཐུགས་ལ་འཇགས་པར་འཚལ།
གྲོགས་པོ་ཀླུ་སྨྱོན་ལགས།
ཁྱེད་ཀྱིས་འོ་ཚོད་དུ་གཏན་འབེབས་མ་གནང་རོགས།
གོང་མཆན་གསུམ་པའི་ནང་ཉིད་ཀྱིས་གསར་པ་ལ་སོ་མ་ཞེས་འབོད་མཁན་དེ་ལ་དགས་དང་ཨ་མདོ་གཉིས་ལ་ཁ་ཚོན་བཅད་འདུག འོན་ཀྱང་ངས་ཤེས་ཚོད་ལ་ཁམས་ཁུལ་གྱི་ས་ཆ་ཡོངས་རྫོགས་ཞེས་བརྗོད་ན་ངས་བཤད་དཀའ་ནའང་ས་ཆ་ཕལ་གྱིས་སོ་མ་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་གི་ཡོད། དེ་ཡང་ཅ་དངོས་རིགས་ལ་སོ་མ་དང༌། མི་དང་སེམས་ཅན་ལ་གསར་པ་ཞེས་བེད་སྤྱོད་བྱེད། རྩ་བའི་གོ་དོན་ལ་སོ་མ་ཞེས་པ་བཟོ་མ་བཅོས་པ། རང་སོར་གནས་པ། གཞི་རྩའི་རང་བཞིན་ལས་བཅོས་སླད་དམ་བེད་སྤྱོད་མ་བྱས་པ་དང༌། གསར་པ་ཞེས་སྔོན་མེད་ད་བྱུང་ཞིག་ལ་འབོད། སོ་མ་ཞེས་པ་འདིའི་རིགས་བོད་ཀྱི་བརྡ་རྙིང་ཡིན་པས་དབུས་གཙང་ཁུལ་གྱི་གྲོང་ངམ་ཡུལ་སྐད་ལ་ཡང་ཡོད་འགྲོ་སྙམ།
ལར་དེང་སང་རྣམ་པ་དུ་མ་ཞིག་གིས་ཡིག་ལམ་དུ་ཡོངས་གྲགས་མིན་པའི་ཐ་སྙད་ཅིག་ཡིན་ཕྱིན་སོ་སོའི་གྲོང་པ་ལས་ཡུལ་གཞན་དུ་མེད་ཤག་ཤག་གིས་ཐག་གཅོད་བྱེད་ཀྱི་འདུག་པ་འདི་རིགས་རྒྱ་ཆེའི་ཀློག་པ་པོའི་གད་མོ་གནས་སུ་འགྱུར་གྱི་འདུག་པས་ཡིད་གཟབ་གནང་རྒྱུ་གལ་ཆེ།
གཞོན་ནུ་དྲུག་གི་རྟོགས་བརྗོད་ནང་ནའང་སོ་མ་ཟེར་བའི་ཚིག་འདི་ཡོད་བསམས་སོང་།
གོང་དུ་དྲ་གྲོགས་རྣམ་པ་གཉིས་ཀྱིས་སོ་མ་ཞེས་པའི་མིང་ཚིག་འདིའི་ཁྱབ་ཁོངས་སྐོར་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། སྐུ་ཞབས་སྒོམ་སྡེ་བས་ཁོང་གི་ཚིག་མཛོད་དུ་སོ་མ་ཞེས་པ་འདིར་འགྲེལ་བཤད་ག་འདྲ་ཞིག་བསྐྱོན་ཡོད་དམ།
ཀླུ་སྨྱོན་ལགས།
ངའི་ཚིག་མཛོད་ནང་སོ་མ་ལ་གོ་དོན་གཙོ་བོ་གཉིས་བཤད་ཡོད།
སོ་མ། ❶ གསར་པ། གོས་སོ་མ་ཞེས་པ་ལྟ་བུ། ཚིག་མཛོད་རྣམས་སུ་གསར་པ་ཞེས་པ་ཙམ་ལས་མི་འབྱུང་ཡང་། དེ་ནི་གསར་པ་ཙམ་མིན་པར། སོས་པའམ་མ་ཉམས་ཤིང་ལྷད་མེད་པའི་དོན་ལ་གོ་དགོས་པར་སྙམ། ❷ (བཀའ་བརྒྱུད) གདོད་མའི་གནས་ཚུལ་རང་མཚན་པའམ། བཅོས་བསླད་མེད་པའི་གདོད་མའི་རང་བཞིན་རྗེན་པ་ལ་སོ་མ་ཟེར།