ཐེ་བོ་སངས་རྒྱས།
ན་ནིང་རྒྱལ་སྤྱིའི་ཐོག་བཙོན་མར་སྲོག་ཁྲིམས་བཅད་པའི་ཚད་གཞིའི་རེའུ་མིག
1 རྒྱ་ནག
2 ཨི་རན།
3 ཨི་རག་ཀི
4 སའོ་སྒྲི་ཨ་རབ་བྷི་ཡ།
5 ཨ་རི།
6 ཡེ་མན།
7 སུའུ་ཌན།
8 ཨབ་གྷན་ནི་སི་ཐྲན།
9 གྷམ་བྷི་ཡ།
10 ཉི་ཧོང་།
11 ཐེ་ཝན།
12 ཕ་ལི་སི་ཐྲིན་གྱི་རང་སྐྱོང་ཁུལ། གྷ་རྫ།
13 སོ་མ་ལི་ཡ།
14 བྱང་ཀོ་རི་ཡ།
15 ལྷོ་སུའུ་ཌན །
16 བྷི་ར་སི།
17 བྷོ་ཐྲི་སི་ཝ་ན།
18 ཡུ་ཨེ་ཨིས།
19 པ་ཀི་སི་ཐྲན།
20 རྒྱ་གར།
21 བྷང་ལ་རྡེ་ཞིས།
དྲ་གྲོགས་རེ་འགས་དྲན་སོས་དགོས་ཚོད་ཡིན། ཉེ་ཆར་ཁོ་བོས་ཁ་བརྡ་དྲ་ཚིགས་སུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ངོ་སྤྲོད་ཀྱི་རྩོམ་ཡིག་ཐུང་ངུ་ཞིག་བྲིས་ཡོད། ཁ་སང་སྦི་སྦི་སིའི་(BBC)གསར་འགྱུར་ཐོག་གོང་གི་ཚོགས་པ་དེས་ལོ་སྔོན་མ་སྟེ། ཕྱི་ལོ་2012 ནང་རྒྱལ་སྤྱིའི་ཁྲོད་བཙོན་མར་སྲོག་ཁྲིམས་ཀྱི་ཉེས་ཆད་བཅད་པའི་ཐད་རྩིས་ཐོ་བཏོན་དུས་རྒྱ་ནག་ཨང་དང་པོར་ཆགས་འདུག ཁ་སང་དེ་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཏཱ་ལའི་རུ་ཁག་དང་ཕྱི་རྒྱལ་ཀྲུང་རྒོལ་རིང་ལུགས་པ་ཞེས་ངན་ཁག་ཡོད་དགུ་༸གོང་ས་མཆོག་དང་ཕྱི་རྒྱལ་བ་རེ་ཟུང་ལ་དཀྲི་བཞིན་ཁོ་པ་ཚོ་ནི་“དྲོད་སྐྱིད་ལྡན་པའི་མེས་རྒྱལ་ཁྱིམ་ཚང་ཆེན་མོ་” “ལྷ་ཡུལ་ལྟ་བུའི་བོད་ལྗོངས་”ཟེར་བ་སོགས་བདེན་མི་བདེན་ང་ཚོས་ཁ་གྲག་མི་དགོས་པར་དོན་ངོ་མ་གང་འདྲ་ཡིན་པ་རྒྱལ་སྤྱིའི་ཁྲོད་ཚད་འཛིན་འཕེར་ཞིང་རང་དབང་ལྡན་པའི་ཚོགས་པ་འདིས་ལྟད་མོ་བསྟན་འདུག
གོང་གི་རེའུ་མིག་འདི་མཐོང་དུས་ཧན་མི་རིགས་ཚོ་ངོ་ཚ་དགོས་པར་མ་ཟད། ཀྲུང་གོའི་རྒྱལ་ཁབ་འོག་ན་ཡོད་པའི་མི་རིགས་གཞན་པ་ཚོ་བློ་ཕམ་དགོས་པ་ཞིག་ཀྱང་ཆགས་ཡོད། ད་རུང་ང་ཚོ་ཐུན་མོང་གིས་འདི་ཇི་ལྟར་བསྒྱུར་བཅོས་བྱ་བའི་ཐབས་ལམ་ལ་བསམ་བློ་གཏོང་དགོས་པའི་དུས་ལ་བབས་ཡོད། ངས་བལྟས་ན་འདི་ལ་བསམ་བློ་གཏོང་ས་གཞན་པ་ཞིག་ཨེ་ཡོད་དམ་སྙམ། འཛམ་གླིང་ནང་མི་འབོར་ཆེ་ཤོས་གཉིས་ནི་རྒྱ་དཀར་ནག་ཡིན་པ་འདྲ་འདྲ་ཡིན་ཡང་། རྒྱལ་ཁབ་འདི་གཉིས་ཀྱིས་ལོ་གཅིག་རིང་སྲོག་ཁྲིམས་བཅད་པའི་ཚད་གཞིར་ཧེ་བག་ཆེན་པོ་དེ་འདྲ་ཤོར་བ་ནི་ཆབ་སྲིད་གཅིག་པུའི་གནད་དོན་མིན་པར་མི་དམངས་ཀྱི་ཀུན་སྤྱོད་ཚད་གཞིའི་གནས་བབ་ཀྱང་ཟུར་ཙམ་མཚོན་ཐུབ་པར་འདོད།
ངོ་ཚ་མེད་པའི་འདྲེ་རྒན་ཚང་གི་ཆུ་ལས་སྐྱག་ལས་ཚང་མ་ཡིག་རིགས་ཡོད་ཚད་དང་མི་རིགས་མྱི་སྐད་ཡོད་ཚད་ཀྱི་ནང་དུ་གསལ་རྟོགས་ཡོད་པ་བཟོ་དགོས་བ་རེད། དེ་མིན། རྒྱ་འདྲེ་ཚང་གི་མི་རིགས་ཀྱི་རིན་ཐང་དང་བདེ་འཇོག་དབྱེ་འབྱེད་སོགས་ཆེ་མི་འོས་མི་དགའ་ས་ཅན་དག་གིས་ཆེ་འོས་བ་དང་ཁམས་པའི་འཇིག་རྟེན་བྱ་སྤྱོད་ཀྱི་ཚབ་བྱེད་དུ་མི་ཡོང་བའི་གོ་རྟོགས་མཐོ་རུ་གཏོང་དགོས་བ་རེད།
རྒྱ་ནག་ལ་ཀུན་སྤྱོད་མ་ཡོད་པར་དུ། མདུན་སྐྱོད་མེད་ནི་ཞིག་བྱེད་དགོས་བ་དེ་ནི་བོད་མི་མང་ལ་འཛམ་གླིང་གཡོ་འོག་ཏུ་མི་ཚུད་པའི་སྤྱི་འགན་ཆེན་པོ་ཞིག་ཡོད་པས་དེ་ཤེས་སུ་འཇུག་དགོས་བ་རེད།
ཐེ་བོ་སངས་རྒྱས་བྱོན་པ་ལེགས།
གལ་ཏེ་ནག་ཚོང་ལ་བརྟེན་ནས་བདུན་ཕྲག་གཅིག་གི་ནང་འཛམ་གླིང་གི་ཕྱུག་བདག་ཆེན་པོ་དེ་བྱེད་འདོད་ན།
རྒྱ་ནག་ནས་མི་ཉོས་ཏེ་རྒྱ་གར་བ་ལ་སྲོག་བླུ་གཏོང་བའི་ཐབས་ཇུས་འདི་ཁོ་ནར་བསྟེན་དགོས།
རྒྱ་གར་ནི་ཇི་འདྲའི་འཚེ་བ་མེད་པ་ཅིག་རེད་ཨང་།
བདེན་པ་ཉིད་རྒྱལ་གྱུར་ཅིག
སྲོག་ཁྲིམས་བཅད་གུ་ཡངས་བཏང་ན་རྒྱ་གར་ནང་དུ་གནས་ཚུལ་ཅི་འདྲ་ཞིག་འབྱུང་གི་མི་འདུག་གམ
བུད་མེད་ལ་བཙན་གཡེམ་འཕྲོག་བཅོམ་བརྡུང་བརྡེག་ལས་སོགས་ཉིན་རེར་བརྒྱ་ཕྲག་རྒལ་བ་ཡོང་གི་འདུག དེང་སང་ཕྱི་རྒྱལ་གྱི་བུད་མེད་རྣམས་རྒྱ་གར་ལ་ཡོང་རྒྱུར་ཞེད་སྣང་སྐྱེ་གི་འདུག
བན་དེ་བ་བྱོན་པ་ལེགས། བཙན་གཡེམ་འཕྲོག་བཅོམ་བརྡུང་བརྡེག་སོགས་ཉིན་རེ་འཕེལ་བཞིན་པ་ཁྱེད་བདེན།
ཕྱི་གླིང་གི་བུད་མེད་རྣམས་རྒྱ་གར་གཞུང་གིས་སྲུང་སྐྱོབས་ལ་མ་བརྟེན་པར་གང་འདོད་དུ་འགྲོ་བསྐྱོད་བྱེད་བཞིན་པ་ཡང་ངོས་ལེན་གནོང་རོགས།
Ok གོང་གི་རིའུ་མིག་ཆུང་དྲག་པའམ་ངའི་མིག་སྐྱོ་དྲག་པ་གང་རུང་གིས་མཐོང་གི་མིན་འདུག་པས་མཆན་བུར་གསལ་པོར་འགོད་པར་ཞུ།
མང་ཉུང་འདི་བརྒྱ་ཆའི་རྩིས་སྟངས་རེད་དམ། མི་གྲངས་མང་ཉུང་རེད། བརྒྱ་ཆའི་ཡིན་ན་དེར་ཟད། མི་གྲངས་མང་ཉུང་གིས་ཚད་བཞག་ན་དཔྱད་རྒྱུ་ཡོད།
བན་དེ་བ་བུད་མེད་ལ་བཙན་གཡེམ་རྡུང་བརྡེག་བརྒྱ་ཕྲག་ལས་བརྒལ་བ་འདུག་ན་ ༢༠༡༣ ཟླ ༤ ཚེས་ ༡༡ ཉིན་གྱི་བརྡུང་བརྡེག་འཕྲོག་བཅོམ་བརྒྱ་ཕྲག་བརྒལ་བ་ལས་བཅུའི་ཁུངས་གསལ་སྟོན་གནང་བར་ཞུ།།
་་་་ གོང་གི་རེའུ་མིག་འདི་མཐོང་དུས་ཧན་མི་རིགས་ཚོ་ངོ་ཚ་དགོས་པར་མ་ཟད། ཀྲུང་གོའི་རྒྱལ་ཁབ་འོག་ན་ཡོད་པའི་མི་རིགས་གཞན་པ་ཚོ་བློ་ཕམ་དགོས་པ་ཞིག་ཀྱང་ཆགས་ཡོད། ་་་ཟེར།
Haryana མངའ་སྡེའི་ནང་གཅིག་པོར་ལོ་གཅིག་གི་ནང་དུ་བརྒྱད་བརྒྱ་ལྷག་བྱུང་ཚུལ་བྷི་བྷི་སིའི་ནང་དུ་བཤད་སོང། རྒྱལ་ཡོངས་ལ་ག་ཚོད་བྱུང་མིན་ཀྱང་བཤད་སོང། དེ་ལ་ངོ་རྒ྄ོལ་བྱེད་མཁན་བྱེད་མཁན་སྟོང་ཕྲག་མང་ལོར་བྱུང་སོང་འོན་ཀྱང་ད་དུང་ཁྲིམས་དཔོན་གྱིས་བཙན་གཡེམ་བྱེད་མཁན་དེ་དག་ལ་ཁྲིམས་གང་དང་གང་བཅད་མིན་གསལ་པོ་གོ་རྒྱུ་མི་འདུག་སྲོག་ཁྲིམས་མ་བཅད་པ་ལ་བརྟེན་ནས་མི་རྣམས་བཙན་གཡེམ་གཏོང་རྒྱུར་མི་སྐྲག་པར་མ་ཟད་སྐབས་དེ་རང་དུ་བཙན་གཡེམ་གྱི་དོན་རྐྱེན་རབ་དང་རིམ་པར་བྱུང་སོང་སྲོག་ཁྲིམས་མ་བཅད་པ་ཡིན་ན་བཙན་གཡེམ་གྱི་དོན་རྐྱེན་དེ་དག་ནམ་ཡང་གཙང་མ་མི་ཆགས་པ་གཏན་འཁེལ། བཙོན་ཁང་དུ་བཅུག་ཀྱང་ཉིན་གཅིག་ཁོང་ཚོ་བཙོན་ནས་ཐོན་རྒྱུ་ཉག་གཅིག་རེད།
མེ་དཀར་ལས་སོགས་འདིར་གཟིགས་པ་གནང་རོགས་ད་ལྟ་རང་ཁྱེད་ཚོར་དགོས་པའི་གསར་འགྱུར་ཚ་བོ་ཚ་རྐྱང་ཞིག་འདུག
སྲོག་ཁྲིམས་མ་བཅད་ན་དགེ་འདུན་པས་ཀྱང་བཙན་གཡེམ་བྱེད་ཀྱི་འདུག་དྭ། ད་ནང་པའི་དགེ་འདུན་པས་ནང་པའི་རྐང་པ་ནས་འཐེན་བཞིན་འདུག
ཤོག་ངོས་ཀྱི་ཁུངས། གཙོོ་ངོས། » འཛམ་གླིང་། » ཨེ་ཤ་ཡ།
བུ་མོ་ལོ་ ༡༤ ཅན་ཞིག་ལ་བཙན་གཡེམ།
འདོན་སྤེལ། ༢༠༡༣/༠༤/༡༢
ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་གར་༼དར་རྒྱས་གླིང་དུས་བབ་(darjeelingtimes)༽ཞེས་པའི་གསར་འགྱུར་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོར་ཀ་ལོན་སྦུག་གི་ཉེ་འཁྲིས་སུ་ཡོད་པའི་ས་གནས་ཨ་ལེད་ཅི་ཀོད་པུ་(Alaichikhop)ནས་ཡིན་པའི་རང་ལོ་ ༡༤ ཡིན་པ་བུ་མོ་སཱ་རེས་ཀཱ་ (sarika) ཟེར་བ་ཞིག་ལ། གླ་གཏོང་རླངས་འཁོར་ཁ་ལོ་ཞིག་དང་། ཁོང་གི་གྲོགས་པོ་གྲྭ་བ་གསུམ་བཅས་ཀྱིས་བཙན་གཡེམ་བྱས་ཡོད་འདུག
གནང་ཚུལ་ནང་བཀོད་དོན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཕྱི་དྲོ་བུ་མོ་དེ་སྨན་ཞིག་ཉོ་ཆེད་ཀ་ལོན་སྦུག་གྲོང་ཁྱེར་དུ་སོང་སྟེ། ཕྱིར་གོམ་པ་བརྒྱབ་ནས་རང་ཁྱིམ་དུ་ལོག་སྐབས། གླ་གཏོང་རླངས་འཁོར་མཱ་རོ་ཊི(MarutiVan)ཡི་ཁ་ལོ་བ་ཀཱ་རན་རོད་ཀཱས་(Karan Roka)ཟེར་བ་ཞིག་གིས་ཁོ་མོར་གླ་མི་ལེན་པར་ཁྱིམ་དུ་བསྐྱལ་རྒྱུ་ཡིན་སྐོར་བརྗོད་ནས་ཁོའི་རླངས་འཁོར་ནང་བཞག་ཡོད་པ་དང་། ལམ་བར་དུ་ཁོ་མོར་བཟི་སྨན་གང་རུང་ཞིག་སྤྲད་དེ་དྲན་པ་འཐོར་དུ་བཅུག་རྗེས། ཁོང་གི་གྲོགས་པོ་གྲྭ་བ་གསུམ་སྐད་བཏང་ནས་བུ་མོ་དེར་བཙན་གཡེམ་བྱས་ཡོད་པ་དང་། དེའི་རྗེས་ཁོ་མོ་རང་ཁྱིམ་འགྲམ་གྱི་ནགས་གསེབ་ཏུ་གཡུགས་ནས་ཕྱིན་ཡོད་འདུག
ཉིན་དེའི་དགོང་མོའི་ཆུ་ཚོད་ ༡༠ པའི་སྟེང་། གྲོང་གསེབ་དེའི་མི་ཁ་ཤས་ཀྱིས་ཁོ་མོ་མཐོང་ནས་སཱ་རེས་ཀཱ་(sarika) ཡིན་པ་ངོ་རྟགས་ཆོད་ཅིང་། དེ་མ་ཐག་ཀ་ལོན་སྦུག་སྨན་ཁང་དུ་འཁྱེར་ཡོད་པ་དང་། ས་གནས་ཉེན་རྟོག་ལས་ཁུངས་ལ་ཐོ་འགོད་(FIR)བྱས་འདུག ཁོ་མོའི་གཟུགས་པོའི་གནས་སྟངས་སྐོར་ལ་འབྲེལ་ཡོད་སྨན་པས་ད་སྔ་གང་ཡང་བརྗོད་མེད་ཀྱང་། ཁོ་མོས་མོར་བཙན་གཡེམ་བྱེད་མཁན་དེ་དག་ངོ་ཤེས་ཀྱི་ཡོད་ཚུལ་བརྗོད་ཡོད་འདུག
དེའི་རྗེས་ས་གནས་ཉེན་རྟོག་པས་བཙན་གཡེམ་བྱེད་མཁན་དག་འཛིན་བཟུང་གིས་འདྲི་རྩད་བྱས་ཡོད་འདུག་ལ། ཉེས་ཅན་དེ་བཞི་ནི་གླ་གཏོང་རླངས་འཁོར་ཁ་ལོ་བ་ཀཱ་རན་རོད་ཀཱས་དང་། ཁོང་གི་གྲོགས་པོ་གྲྭ་བསམ་གཏན་ཤེས་སྒྲུབ་(Samten Tshedup)དང་། ཕུར་བུ་རྡོ་རྗེ་(Phurba Dorjee)། ཟླ་བ་གྲགས་པ་(Dawa Dukpa)བཅས་ཡིན་སྐོར་སོགས་བཀོད་འདུག་ཀྱང་། གནས་ཚུལ་ནང་གྲྭ་བ་ཞེས་བརྗོད་ཡོད་པ་ཙམ་ལས་དགོན་པ་གང་ཡིན་པ་དང་། མི་རིགས་སུ་ཞིག་ཡིན་མིན་སོགས་ཁ་གསལ་མི་འདུག ད་ལྟ་ཁོང་ཚོར་རྒྱ་གར་གྱི་ཉེས་ཁྲིམས་ཨང་ ༣༧༦ ཞེས་པའི་འོག་བཀག་ཉར་བྱས་ཡོད་འདུག
བན་དེ་བ་ནས། གསར་འགྱུར་ཚ་པོ་ཞིག་བཏང་སོང་། དངོས་གནས་ཡ་མཚར་རེད། སྐྱུག་བྲོ་བ་རང་རེད།
རྒྱ་གར་ཞི་བདེ་ལུང་པར་མི་དགོས་པའི་དངོས་པོ་རང་རེད།
ཞིབ་འཇུག་ནན་མོ་བྱས་པ་བརྒྱུད་འཛམ་གླིང་སྟེང་གི་ཁྲིམས་ཆད་ལྗིད་ཆེ་ཤས་གཏོང་བའི་རེ་བ་ཡོད།།
བན་དེའི་གསར་འགྱུར་ཚ་པོ་དེས་སྐྱིད་པོ་བྱུང་། གྲྭ་པ་གསུམ་པོ་དེར་མང་ན་ཚེ་བཙོན་རེད། དེ་འདྲ་ཞིག་འབྱུང་ངེས་གཏན་རེད། ཐུགས་རྗེ་ཆེ།
རྒྱ་གར་བ་རྣམས་ཅི་འདྲའི་འཚེ་བ་མེད་པ་ཅིག་རེད་ཨང་།
བན་དེའི་བཀོད་པའི་གསར་འགྱུར་ནང་གི་བཙུན་པ་དེ་གསུམ་བོད་པ་ངོ་མ་ཡིན་ན་་་་་་་་་ད་ནི་དངོས་གནས་་་་་། ང་ཚོའི་ཤུལ་ན་ཡོད་པའི་ཕ་ཡུལ་གྱི་མིས་གོ་ན་ཇི་འདྲའི་ཡིད་སྐྱོ་བ་དང་རེ་ཐག་ཆད་པ་ལ་ཨང་་་་་་་་་་་ངོ་མ་བཤད་ན་ང་ཚོ་བཙན་བྱོལ་བ་ཚང་མའི་ངོ་ཚ་རེད།
ན་ནིང་རྒྱལ་སྤྱིའི་ཐོག་བཙོན་མར་སྲོག་ཁྲིམས་བཅད་པའི་ཚད་གཞིའི་རེའུ་མིག
1 རྒྱ་ནག 1000+
2 ཨི་རན།314
3 ཨི་རག་ཀི129
4 སའོ་སྒྲི་ཨ་རབ་བྷི་ཡ།79
5 ཨ་རི།43
6 ཡེ་མན།28
7 སུའུ་ཌན།19
8 ཨབ་གྷན་ནི་སི་ཐྲན།14
9 གྷམ་བྷི་ཡ།9
10 ཉི་ཧོང་།7
11 ཐེ་ཝན།6
12 ཕ་ལི་སི་ཐྲིན་གྱི་རང་སྐྱོང་ཁུལ། གྷ་རྫ།6
13 སོ་མ་ལི་ཡ།6
14 བྱང་ཀོ་རི་ཡ།6
15 ལྷོ་སུའུ་ཌན །5
16 བྷི་ར་སི།3
17 བྷོ་ཐྲི་སི་ཝ་ན།2
18 ཡུ་ཨེ་ཨིས།1
19 པ་ཀི་སི་ཐྲན།1
20 རྒྱ་གར།1
21 བྷང་ལ་རྡེ་ཞིས།1
ཐོབ་ཆ་འདི་ནི་མི་གྲངས་མིན་ངེས་ཤིང་བརྩི་སྟངས་དམིགས་བསལ་བ་ཞིག་ཡིན་གྱི་རེད།
ཚེ་བཙོན་འཐུས་པར་བྱས་ནས། །
སྲོག་ཆད་ཁྲིམས་ལུགས་མེད་དགོས། །
འབྲས་ལྡན་ལགས་་་གྲྭ་བ་གསུམ་པོ་དེ་བོད་པ་མ་རེད་ཟེར། ཀ་ལིང་པུང་དང་ཉེ་འགྲམ་དུ་ཡོད་པའི་འབྲུག་རྒྱལ་པོས་བཏབ་པའི་འབྲུག་དགོན་གྱི་འབྲུག་པའི་གྲྭ་བ་རེད་ཅེས་དུས་བབ་སྟེང་བྲིས་འདུག དུས་བབ་ཀྱི་གསར་འགྱུར་དུ་གཟིགས་རོགས་དེར་པར་དང་བཅས་པ་བཀོད་ཞག
ཚོད་རྩིས་བྱས་ན་དེ་སང་རྒྱལ་གར་གཙོས་པའི་འཛམ་གླིང་ནང་གིས་རྒྱ་ཆ་ཉི་ཤུ་གིས་རྒྱལ་ཁབ་ནང་ལ་འགྲུས་བཞུད་བྱས་ཡ་ལ་ཞེད་སྣང་དང་ཉེན་ཚབས་ཅན་བརྩི་གི་ཡོད་་་ཡིན་ན་ཡང་རྒྱ་ནག་ནང་ལ་འགྲུས་བཞུས་ལ་སུ་གང་གིས་ཉན་ཚབ་ཞེད་སྣང་བྱས་གི་མེད། ཉི་མ་རེ་ལ་རྒྱ་ནག་ནང་ལ་ཕྱི་མི་ཚོང་པ་དང་ཡུར་བསྐོར་བ་རྒྱལ་གར་ལས་ལྡབ་ཉི་ཤུ་གིས་མང་བ་ཡོད།། རྒྱར་གར་ནི་ཞི་བདེ་མ་རེད་ཁྲིམས་མེད་རེད།
མི་བསད་པ་དང། བཙན་གཡབ་བྱེད་པ་སོགས་ལ་ནག་ཉེས་ཆེ་ཆུང་མེད་པས། དོལ་རྒྱལ་བ་ལའི་མི་བསད་པས་དེ་གྲྭ་བ་མིན་ན་མི་ཤེས། གལ་དེ་དེ་རྣམས་གྲྭ་བ་ཡིན་ན་གྲྭ་བ་དེ་རྣམས་གྱིས་མི་བསད་པ་ཡིན་པས་ནང་བའི་ཞབས་འདྲེན་ཡིན་པ་ཚང་མའི་ཧ་གོ་དགོས་ལ་བཙན་གཡེམ་བྱེད་པ་ཡང་དེ་དང་གཅིག་པ་ཡིན་པས། རྒྱལ་གཞུང་གིས་བཙན་བྱེད་པ་རྣམས་ལ་ཆད་པ་ཅི་བྱེད་ན་དོལ་རྒྱལ་བ་རྣམས་ལ་དེ་ལྟར་བྱེད་དགོས། བཙན་བྱོལ་ཁྲོད་ན། ད་སྔ་དེ་ལྟར་བྱུང་མ་མྱོང་པའི། གྲྭ་བའི་མི་བསད་པའི་ཐོག་མ་གྲྭ་གཟུགས་ནང་རུལ་བ་དེ་དག་ཡིན་པའི། བཙན་གཡབ་བྱེད་པ་ཡང། རབ་བྱུང་གི་བཅས་ཁྲིམས་རྩི་སྲུང་མི་དགོས་པ་དེ་རྣམས་ཡིན་ངེས་སོ། ཡང་ན་གྲྭ་ལོག་རྣམས་མང་ཆེ་བ་བུ་མེད་གྱི་ཐོག་ལ་ཡིན་པས། འདི་རྣམས་ཀྱིས་ལོག་འདོད་ནས་དེ་ལྟར་སྤེལ་བ་ཡིན་པ་འདྲ། དེ་ལྟར་ཡིན་ན་དེ་ལ་དེ་ཙམ་ཧང་སང་དགོས་ཡ་མི་འདུག། དེ་ལས་གདན་ས་ཆེན་པོ་གསུམ་གྱིས་མཚོན་པའི་ཆོས་རྒྱུད་ཁེག་གིས། དོལ་རྒྱལ་བ་ལ་ཆོས་དང་ཟང་ཟང་གི་འབྲེལ་བ་མི་བྱེད་པའི་མནང་བསྐྱལ་དམ་འཇོག་བྱེད་བཞིན་ཡོད་ན་འང། གཞུང་དང་ཆོས་རིགས་གིས། དོལ་ཚོགས་རྣམས་ལ་ཁྱིམས་ཆད་བཅད་པ་འམ། ཡང་ན་ཐོབ་ཐང་གྱི་མཐར་སྤྲད་དགོས་པ་ལ། དེ་ལྟར་མི་བྱེད་པར་ཐམས་ཅད་ལ་ཐོབ་ཐང་གཅིག་མཚུང་བྱས་ནས་གསོ་སྐྱོང་བྱེད་པ་འདི་ནི་མི་འོས་པ་ཞིག་ཡིན་པ་མ་ཟད་རྒྱ་རྒན་སང་གི་གསོ་སྐྱོང་བྱེད་པ་ལ་ཁོ་བ་ལ་དགོས་པ་ཡོད་ན་འང་བཙན་བྱོལ་གཞུང་གི་གསོ་སྐྱོང་བྱེད་པ་ལ་དགོས་ཅུང་ཟད་ཀྱང་མེད་པར་མ་ཟད་རང་གི་གཤེད་མ་གསོ་བ་དང་གཅིག་མཚུངས་ཡིན་ལ། སྔོན་ཆོས་རྒྱལ་རྣམས་ཀྱི་སྐབས་སུ་འང་ཉེས་ཅན་རྒྱང་ཕུད་གཏོང་བ་ནི་འོས་པ་ཞིག་ཡིན་ལ། ཉེས་ཅན་ལ་འོས་བབ་ཀྱི་ཉེས་ཆད་མ་བཅད་ན་ཚོད་མེད་ཀྱི་བྱ་བ་སྣ་ཚོགས་ཞིག་བྱེད་པ་ནི་ཤེས་དགོས།
གོང་དུ་བཀོད་པའི་གསར་འགྱུར་ལོ་གཅིག་ལ་མི་ག་ཚོད་བསད་པའི་ཐིག་རིས་ཙམ་ལ་སྐྲག་སྟེ་གསར་འགྱུར་གྱི་ནང་དོན་དང་མཆན་སོགས་གང་ཡང་མ་བཀླགས་པར་ཕྲན་དྲ་ངོས་ནས་ཕྱིར་ཆས་སོ།
བན་དེ་ལགས་ཀྱིས་གསལ་འདེབས་གནང་བ་ངོ་མ་བཀའ་དྲིན་ཆེ། ད་ནི་སེམས་ཡང་བདེ་སོང་།