སད་མ་དཀར།
ལོ་ངོ་ཁ་ཤས་སྔོན་ངས་སྐྱུག་བྲོ་བའི་བོད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་མྱོང་ཡོད། དེ་ནི་བོད་ཀྱི་གནས་སྟངས་ཐད་འགྲེལ་བཤད་རྒྱག་ཕྱོགས་ཀྱིས། བོད་ནི་ཉེ་རབས་བཙན་བྱོལ་བའི་གཞོན་སྐྱེས་ཚོའི་མིག་ནང་། ཡ་ང་བ་དང་སྐྱུག་བྲོ་བ། སྐྲག་སྣང་སྐྱེས་དགོས་པའི་མཐོང་སྣང་སྐྲུན་པར་སེམས་ཀྱིས་མ་བཟོད་ནས་བྲིས་པ་ཡིན། ད་རེས་ཡང་ངས་འདིར་སྐྱུག་བྲོ་བའི་ང་ཚོའི་སྤྱི་ཚོགས་ཞེས་པ་ཞིག་བྲིས་ཏེ། སྤྱི་ཚོགས་འདིའི་ཞབས་འདྲེན་གྱི་གནས་ཚུལ་འགའ་ཞིག་ཕྱིར་བཏོན་བྱ་ངེས་ཡིན། སྔ་མོ་བོད་ཀྱི་གཏམ་དཔེར། ཙི་ཙིའི་དཔོན་པོ་ཨབ་ར་རེད། དགྲ་སྲེ་མོང་ཡོང་ན་འདྲ་མཉམ་རེད། ཟེར་བའི་དཔེ་དེ་ཡང་དག་པའི་འདྲ་མཚུངས་ཞིག་མ་ཡིན་ཀྱང་། ཕྱོོགས་ཁ་ཤས་ནས་འདྲ་ཙམ་ཡིན།
མ་གཞི་བྱས་ན་ང་ཚོ་ནང་པ་སངས་རྒྱས་པ་ཡིན་པའི་ཁུལ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པས་མ་ཟད། སེམས་ཅན་ཐམས་ཅད་རང་གི་ཡབ་ཡུམ་མ་བྱས་པ་མེད་ཅེས་པའི་གདམས་ངག་ཅིག་གིས་ང་ཚོར་ཡ་རབས་བཟང་སྤྱོད་ཀྱི་ཉིང་བཅུད་དང་ལྷན་དུ་འཚོ་བའི་འོད་སྣང་འབར་བར་བྱས་ཡོད།
འོན་ཀྱང་ང་ཚོས་ཉམས་ཞིབ་ཅིག་བྱེད་དུས་ང་ཚོ་བོད་པ་ཚོས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ནང་དུ་སོ་སོ་བོད་པ་རང་ཉིད་རྩ་བ་ནས་ཚུད་མེད་ལ། རྒྱུ་འབྲས་ཀྱི་འཁོར་ཕྱོགས་ཀྱང་བོད་པ་དང་བོད་པའི་བར་ལ་འཁོར་མི་སྲིད་པ་ལྟ་བུའི་ངོས་འཛིན་ཞིག་བྱེད་པ་འདྲ། རྒྱུ་མཚན་ནི་ང་ཚོ་ནང་ཁུལ་དུ་མགོ་བདེ་དྲན་འཁྲུལ་གང་ཐུབ་བྱེད་པ་དང་གཅིག།། སྤྱི་ཚོགས་སྟེང་གི་གནད་ཡོད་མི་སྣ་ཇི་འདྲ་ཞིག་ཡིན་ནའང་། མདུང་རྩེ་ཁ་གཏད་དུ་ལང་པ་དང་། ངན་བཤད་གང་ཐུབ་བྱེད་པ། ཐ་ན་རྒྱ་གུང་ཁྲན་ལའང་མི་སྤྱོད་པའི་ཚིག་རྩུབ་ངན་སྨྲས་སྣ་ཚོགས་བྱེད་ཀྱི་ཡོད། དེས་ང་ཚོ་བོད་པ་རང་ཉིད་ཚེ་རབས་ཀྱི་ཡབ་ཡུམ་དུ་ཁས་ལེན་བྱེད་འདོད་མེད་པའམ། ཐ་ན་རང་ཉིད་ཚེ་ད་རེས་སྐྱེས་སའི་ཡུལ་ལུང་ལས། བོད་ཀྱི་ཡུལ་ལུང་གཞན་དུ་ཧ་ལམ་སྐྱེ་གནས་ལེན་འདོད་མེད་པ་ལྟ་བུ་ཡིན། གཅིག་བྱས་ན་རང་ཉིད་ཀྱི་བྱེད་ལས་ལ་བལྟས་ནས་སྐྱེ་བ་ཕྱི་མ་རེ་བ་བྱེད་ཀྱི་མེད་པ་ལྟ་བུ་རེད།
གཞན་ཡང་ང་ཚོའི་མི་རིགས་འདི་གཞན་རྟེན་གྱི་འཚོ་བར་རོལ་བར་འདོད་པ་ལས། རང་གི་ལག་པ་དང་རྣམ་དཔྱོད་བེད་སྤྱོད་བཏང་ནས་བྱ་བ་གྲུབ་འདོད་ཡེ་ནས་མེད། དཔེར་ན་ཕྱི་རྒྱལ་ཁག་ཏུ་བོད་པས་གཞན་གྱི་ལས་མི་བྱེད་པ་ལས། སོ་སོ་རང་ཉིད་སྦྱིན་བདག་དང་ཁེ་ལས་གཉེར་མཁན་ཧ་ཅང་གི་ཉུང་ཉུང་རེད། དེ་དང་དེ་དག་མང་པོ་ཞིག་ནི་༼བོད་རེ་བ་ཅན་༽ཞེས་པའི་དཔེ་དེབ་ལས་ཀྱང་ཆུ་དྭངས་ཀྱི་གྲམ་པ་ལྟར་གསལ་བར་མངོན་ཡོད།
རྒྱ་ནག་གུང་ཁྲན་གཞུང་གིས་ང་ཚོར་ཞྭ་མོ་ནག་པོ་གཡོག་པ་གྲངས་ཀྱིས་ག་ལ་ཆོད། རྩོམ་རིག་ཕྱོགས་ཀྱི་དཔེ་དེབ་དང་། བརྙན་འཕྲིན་གློག་བརྙན་སོགས་ཀྱི་བརྗོད་བྱ་མང་པོ་ཞིག་ནང་བོད་ནང་། གུང་ཁྲན་གྱི་བཏང་བཏང་བྱུག་བྱུག་མང་དག་ཅིག་འཁྲབ་ཡོད། མཐའ་ན་རྒྱལ་རྩེ་དབྱིན་འགོག་དམག་འཁྲུག་ནང་དུའང་རྒྱའི་མི་སེར་ཞིག་གི་བྱས་རྗེས་བཀོད་ཡོད། ཧམ་པ་གཡག་ལས་ཆེ་བ་ཞིག་མིན་ན་གང་ཡིན་ནམ།
དེ་བཞིན་དུ་སྐྱེ་མི་ཆོག་པའི་མི་དང་། བྱམས་པ། བོད་ནང་གི་གསང་བ་སོགས་སྔ་སྡིང་དུ་ང་ཚོར་གཞི་མེད་སྐྱོན་འཛུགས་ཀྱི་གློག་བརྙན་ག་ཚོད་ཅིག་འཁྲབ་ཡོད་དམ། འོན་ཀྱང་ང་ཚོས་ཁོང་ཚོའི་བྱས་ཉེས་བགྲངས་ཐུབ་པའི་གློག་བརྙན་སྣེ་གཅིག་ཀྱང་བཟོ་ཐུབ་མེད།
འོན་ཀྱང་ང་ཚོ་ནང་ཁུལ་དུ་དེ་འདྲ་ག་ལ་ཡིན་ཨང་། ང་ཚོ་ནང་ཁུལ་དུ་ཆོལ་ཁ་དང་ཆོལ་ཁ་ཕན་ཚུན། ཆོས་ལུགས་དང་ཆོས་ལུགས་ཕན་ཚུན། གྲོང་སྡེ་དང་གྲོང་སྡེ་ཕན་ཚུན། ས་གནས་དང་ས་གནས་ཕན་ཚུན། སློབ་གྲྭ་དང་སློབ་གྲྭ་ཕན་ཚུན། བྱང་ཕྱོགས་དང་ལྷོ་ཕྱོགས་ཕན་ཚུན། ཤར་ཕྱོགས་དང་ནུབ་ཕྱོགས་ཕན་ཚུན། ཐ་ན་བོད་པ་ཧ་ཅང་ཉུང་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་ས་གནས་ཕན་ཚུན་གྱི་བོད་པའི་ཕོ་གསར་ཚོས་དཔའ་བློ་ཁོག་ངོམ་པའི་གཏམ་རྒྱུད་དག་ཐོས་བྱུང་།
དེ་དང་དེ་དག་བྱེད་པར་སྤྲོ་བའི་མི་རིགས་ནི་ང་ཚོ་དམ་པའི་ལྷ་ཆོས་བྱེད་མཁན་གྱི་མི་རིགས་འདི་རེད་ལ། ཁ་ནས་མ་ཎི་བགྲང་བཞིན་ནང་པ་སངས་རྒྱས་པར་ཁས་ལེན་མཁན་གྱི་མི་རིགས་འདིའི་བྱ་སྤྱོད་ངོ་མ་དག་རེད་ཨང་། མ་གཞི་བྱས་ན་ངས་སྐྱུག་བྲོ་བའི་ང་ཚོའི་སྤྱི་ཚོགས་ཀྱི་ངོ་རིས་ཟུར་ཙམ་ཞིག་བསྟན་ཡོད་ཀྱང་། དེ་དག་ནི་མི་རེ་ཟུང་དང་དབང་རྩ་མ་ཐང་བའི་མི་དག་གི་བྱེད་ལས་ཡིན་པ་ལས་བོད་པ་ཕལ་མོ་ཆེས་གནས་སྟངས་དེ་དག་ལ་བརྒྱབ་ཀྱིས་ཕྱོགས་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།།།
ཞེ་པུ་ཅིག་ལབ་ཡ་རེད་འདུག་དྲན་ནས་དབུགས་ཐེངས་གཅུག་ལ་བཀླགས་མོད། འགོ་བཙུག་པ་དང་རྫོགས་པ་དུས་མཉམ་སོང་།།
བོང་བུ་དར་ཐོག་ལ་དེད་ན་རི་མོ་འདི་འདྲ་འབྲི་གི་རེད།
སད་མ་དཀར་བྱོན་པ་ལེགས།
རྒྱ་སེ་དམར་པོའི་ལེགས་སྐྱེས་གཅིག་དང་བཅས། གུས་པས། ཡང་བསྐྱར་མཇལ་ཡོང་།
ག་རེ་བཤད་ཡོད་ན་སྙམ་ནས་ཅིག་ཀློག་དུས་འཛིན་ས་འཇུ་ས་འདྲ་གེ་མི་འདུག འདི་འདྲ་བྲིས་ནས་ལག་པ་ན་རོགས་རེད།
ང་བོད་རིགས་ཡིན་ཡང་བོད་པ་ཞིག་མིན། ཡིན་ཡང་བོད་འདི་ང་ལ་བཀའ་དྲིན་བརྗེད་་ཐབས་མེད་པ་ཞིག་ཡིན་པ་ངའི་སེམས་ལ་འཁོར་གྱིན་ཡོད། ངའི་དངོས་ནས་བོད་ཆོལ་ཀ་གསུམ་གྱི་མི་རིགས་རྣམས་གཅིག་སྒྲིལ་དང་ཐུགས་མཐུན་ཁྲིམས་གཙང་ཡོད་ན་བསྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད་བསམས། ཤེས་ཡོན་གྱི་ལག་ཆ་ཡོད་ན་རང་འགོ་མི་ཐོན་པ་གང་ཡང་མེད། འདས་པའི་ལོ་ལྔ་བཅུ་ལྷག་ཙམ་ནས་ད་བར་ང་ཚོ་འཛམ་གླིང་གི་མི་མང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིགས་གཞུང་ཕར་ངོ་སྤྲོད་ཐུབ་འདུག་ཀྱང་། འཛམ་གླིང་སྤྱི་ལ་དགོས་པའི་ཤེས་ཡོན་ཤེས་ཚད་དེ་ལ་ང་ཚོས་ཏོག་ཙམ་སྣང་ཆུང་བཏང་འདུག་པ་ངས་མཐོང་བ་དེ་ཕལ་ཆེར་བདེན་པ་ཞིག་ཡོད་སྙམ། འཛམ་གླིང་སྤྱིའི་ཤེས་ཡོན་གྱི་ཚད་མཐོ་བོར་སོན་པའི་བོད་རིགས་ན་གཞོན་ག་ཚོད་ཡོད་མེད་དེ་བོད་ཀྱི་མི་མང་གི་འགྲམ་ལ་སྟོན་ཡག་གི་དུས་ཚོད་བསླེབས་ཡོད། སྐྱབས་བཅོལ་བའི་ཤེས་ཡོན་གྱི་ཐོག་ལ་འགྲོ་སོང་གཏོང་མཁན་གྱི་སྦྱིན་བདག་ཚོ་ཡང་རེ་བ་དེར་སྒུག་བསྡད་ཡོད།
སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་སྤེལ་ན་ཧ་ཅང་ཞིབ་ཚགས་དང་གོ་རིམ་ཅན་ཡིན་དགོས། དཔེ་མཚོན་རིགས་གང་མང་འགོད་དགོས།
སད་མ་དཀར་ལགས་ཀྱི་སྐད་ཆ་དེ་བདེན་པ་རེད། ང་ཚོའི་མི་འདི་ཚོས་དབྱིན་འཇི་མགོ་སེར་ཚོའི་སྐྱག་པ་ཡང་་གྲབ་ཡོད་ཀྱང་། བོད་རིགས་ནང་ཁུལ་ལ་ཅིང་ཟད་འགྲིག་མ་འགྲིག་ཙམ་ལ་ཡང་མཐོ་སྲིད་སྐྱོང་བས་དམའ་གད་པ་ཡན་ཆད་ལ་སྐྱོན་བརྗོད་ཁ་མིན་སྣ་མིན་བྱེད་ཡོང་བ་མ་ཟད་ཁ་ང་བདེ་ཁོ་བདེ་རྐྱང་རྐྱང་ཡིན། ད་དུང་དེ་ནི་ཕལ་ཆེར་རང་ཉིད་ཀྱི་འཇོན་ཐང་ཞིག་ཡིན་པར་བསམ་ནས་ཡོད།
༼སྤྱོད་ངོ་མ་དག་རེད་ཨང་། མ་གཞི་བྱས་ན་ངས་སྐྱུག་བྲོ་བའི་ང་ཚོའི་སྤྱི་ཚོགས་ཀྱི་ངོ་རིས་ཟུར་ཙམ་ཞིག་བསྟན་ཡོད་ཀྱང་། དེ་དག་ནི་མི་རེ་ཟུང་དང་དབང་རྩ་མ་ཐང་བའི་མི་དག་གི་བྱེད་ལས་ཡིན་པ་ལས་བོད་པ་ཕལ་མོ་ཆེས་གནས་སྟངས་དེ་དག་ལ་བརྒྱབ་ཀྱིས་ཕྱོགས་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།།།༽ དེ་འདྲ་ཡིན་ན་ང་ཚོའི་སྤྱི་ཚོགས་དེ་སྐྱུག་བྲོ་བ་ཆགས་དོན་མི་འདུག་ག ཁ་བྱང་དང་མཇུག་སྡོམ་གཉིས་འགལ་བ་ལ་ལྟོས་དང་།
བོད་མི་འདི་བོད་པའི་སྤྱི་ཚོགས་ནང་ལ་སྤྱང་དྲོང་འཛོམས་པ་ཡོད། དེ་ནི་དགའ་དགོས་བ་ཞིག་རེད། ཡག་སྡུག་ག་རེ་འཁྲབ་དགོས་ན་ཡང་འཁྲབ་མཁས་བོ་རེད། དེ་ནི་སྤོབས་པ་སྐྱེ་དགོས་བ་ཞིག་རེད། མི་རེ་རེ་ལ་རྣམ་དཔྱོད་རེ་ཡོད། ཚང་མ་གཅིག་པ་མིན། ཡ་རབ་དང་མ་རབ་གཉིས་ཀ་མཉམ་དུ་མེད་ན། ཡ་རབ་ཀྱི་ངོ་རྟགས་མི་ཆོད། མ་རབ་ཀྱི་བསླབ་བྱ་ལེན་ས་མེད་ན། ཡ་རབ་ཀྱི་ཕྱོགས་སུ་སྐུལ་འདེད་མ་ཐུབ།
སྤྱི་ཚོགས་གཞན་པའི་ནང་ལ་དེ་འདྲའི་ངར་ངར་རྫིག་རྫིག་ཞིག་བྱེད་ཐུབ་པ་མི་འདུག་ཀྱང་། སྤྱིའི་ཆ་ནས་ཡ་རབ་བདག་དུ་བཟུང་ནས་ལས་ལ་བརྩོན་བཞིན་སོ་སོའི་ཤེས་རིགས་དང་གོ་སྐབས་ལ་བབ་པའི་མྱི་ཚེ་ཡག་པོ་བསྐྱལ་དང་སྐྱོལ་བཞིན་པ་རེད། དེ་ལ་མཐོང་ཆུང་བྱེད་མི་ཉན། མཁས་བ། ཚོང་བ། སྨན་པ། དགེ་རྒན་སོགས་ཆེད་ལས་བ་ག་འདྲ་ཞིག་ཡིན་ན་ཡང་། ལོ་ཆུང་བྱིས་པ་ལོ་དྲུག་ནས་བཟུང་སྦྱང་བརྩོན་བྱས་པའི་གྲུབ་འབྲས་རེད། དེ་ལ་ཡང་དུས་རབས་དང་མཐུན་པའི་ཤེས་བྱ་རག་དགོས་བ་རེད། ང་ཚོ་བོད་མི་ཞིག་ཡིན་ཕྱིན། ཧ་ལམ་དེ་འདྲའི་འོད་སྟོང་ལྡན་པའི་གོ་སྐབས་ཡུན་རིང་བ་ཞིག་རག་མེད་པ་རེད། དེ་ན་ང་ཚོ་གང་ན་ཡོད་པ་དེ་ན་སྐྱུག་བྲོ་རང་མེད། བསམ་བློ་གཏོང་ཤེས་ནི་ཞིག་ཡིན་ན། ང་ཚོ་ཚང་མ་འཇོན་ཐོ་རྐྱང་རྐྱང་ཡིན།
ཨོ་པིསུ། སྤྱང་གྲུང་ལ་བཅོས།
གཅིག་བྱས་ན་སད་མ་དཀར་རང་ཉིད་བོད་པའི་སྤྱི་ཚོགས་ནས་བྱ་བ་ལམ་འགྲོ་དེ་ཙམ་མ་སོང་བ་མིན་འགྲོ
ཁ་བྱང་ལས་དོན་དངོས་ལ་ལག་པ་འཆང་མི་འདུག
ང་ནི་བོད་ཀྱི་སྤྱི་ཚོགས་ལ་དགའ།
ལུང་རྟོགས་ཀྱིས། “མཐོ་སྲིད་སྐྱོང་བས་དམའ་གད་པ”་ཟེར།
འདྲ་མཉམ་གྱི་ལྟ་བ་ཟུངས། སྲིད་སྐྱོང་མི་དམངས་ཀྱི་ཞབས་ཞུ་བ་རེད་ལ་གད་པ་ཡང་མི་དམངས་ཀྱི་ཞབས་ཞུ་བ་རེད། ཁོ་གཉིས་ལ་མཐོ་དམན་ཅི་ཡང་ཡོད་པ་མ་རེད། གླ་ཆ་ལ་མཐོ་དམན་ཡོད་སྲིད་ཀྱང་མི་ལ་མཐོ་དམན་ཡོད་པ་མ་རེད།
རྩོམ་པ་པོས་དཔྱད་བརྗོད་ཀྱི་མིང་རྫིག་རྫིག་འདྲ་ཞིག་ནས་འགོ་འཛུགས་འདུག
འོན་ཀྱང་དཔྱད་པ་བྱ་ཡུལ་མ་རེག་པའམ་ཡང་ན་ཁོང་གིས་དྲན་པ་མ་སེལ་བ་འདྲ།
ག་ལེར་འབྲི་ངེས་རེད་བསམ་སོང་།
འདྲ་མཉམ་གྱི་ལྟ་བ་བཟུང་ནས་ཅི་ཕན་ལེ་མ་རེད་ཨ་ཁུ་ཀླུ་སྨྱོན་ལོ་ལོ། སྤྱི་ཚོགས་ནང་འདྲ་མཉམ་མེད་པ་གསལ་གསལ་ཐིང་ཐིང་རེད་ལ། མི་ཚང་མའི་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་གནས་བབ་འདྲ་འདྲ་ཆགས་ན་མ་གཏོགས་འདྲ་མཉམ་ཡོང་མི་སྲིད་པ་རེད།
ཀླུ་སྨྱོན་གྱི་སྐད་ཆ་ནི་སྨྱོ་གཏམ་རེད། ལུང་རྟོགས་ཀྱི་སྐད་ཆ་བདེན་པ་རེད། ཤ་ཚ་བོད་པ་ཚོས་འདྲ་མཉམ་ཟེར་དུས་ཐམས་ཅད་ཐོབ་ཐང་དཔལ་འབྱོར་་་་རིག་གནས་ཚང་མ་གཅིག་པ་ཡིན་དགོས་པ་བསམ་གྱི་འདུག
འདྲ་མཉམ་གྱི་ལྟ་བ་ཟེར་ན་སྲིད་འཛིན་ནས་གད་པ་ཚུན་ཆད་མཐུན་མོང་གི་ལྟ་ཚུལ་དང་འཛིན་ཚུལ་གྱི་འདུ་ཤེས་འོག་ཕན་ཚུན་མཐོ་དམན་དབྱེ་འབྱེད་ཀྱིས་ང་རྒྱལ་དང་རློམས་སེམས། མཐོང་ཆུང་དང་བརྙས་བཅོས་འདི་འདོར་དགོས་པའི་གནད་དོན་ཞིག་རེད་མ་གཏོག། དཔལ་འབྱོར་དང་ཤེས་ཡོན་དབང་ཆ་སོགས་ཀྱི་སྒང་ནས་འཇོག་དགོས་ན་དེ་ནི་འདྲ་མཉམ་གྱི་ལྟ་བ་མ་རེད་ལ་འགྲན་རྩོད་དང་སྒེར་ཁེ་རིང་ལུགས་པ་རེད། དེས་ན་ནུབ་ཕྱོགས་དམངས་གཙོ་ཚད་མཐོ་བའི་སྤྱི་ཚོགས་ནང་སྐུ་དྲག་རིང་ལུགས་དང་རྒྱལ་རྒྱུད་རིང་ལུགས་བྲན་གཡོག་རིང་ལུགས་སོགས་མཇུག་སྒྲིལ་ནས་ད་ཆ་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་གད་པ་ཚུན་ཆད་ཕན་ཚུན་མཐོ་དམའི་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་ལྟ་ཚུལ་ཞིག་ཡོད་པ་རེད་ལ། དེ་ནི་ནུབ་ཕྱོགས་མ་རྩ་རིང་ལུགས་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཟེར་བ་དེ་དང་ཐད་ཀར་འབྲེལ་ཡོད་པ་རེད། འོན་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ནང་མཐོ་དམན་གྱི་ལྟ་ཚུལ་ཤུགས་ཆེན་ཡོད་པ་རེད་ལ་བླ་མ་དང་གྲྭ་པ། སྐུ་དྲག་དང་སྐུ་ངོ་། གཞུང་འཛིན་མི་སྣ་དང་དམངས་དཀྱུས་དབར་གནམ་སའི་བར་ཁྱད་ཀྱི་ལྟ་ཚུལ་ཞིག་ཡོད་པ་རེད་ལ་དཔེར་ན། བླ་མ་གྲྭ་པ་ལྟ་བུར་ཆ་མཚོན་ན་རང་རྒྱུད་ལ་ཉམས་རྟོགས་ཇི་ཙམ་འཁྲུངས་མི་ཇི་ལྟར་ཡང་ང་ནི་འཇིག་རྟེན་མི་ནག་ལས་ཁྱད་དུ་འཕགས་པ་ཞིག་ཡིན་མདོག་མདོག་ཀྱིས་འཇིག་རྟེན་མི་ནག་པ་ནི་མ་ཤེས་མ་རིག་པའི་མུན་ཁུངས་སུ་གནས་བསྡད་པའི་ལྟ་ཚུལ་འཛིན་གྱི་ཡོད་པ་རེད་ལ། སྐུ་ངོ་ཚོར་མཚོན་ན་མི་དམངས་ཀྱི་སྟེངདུ་ཡོད་མདོག་མདོག་ལས་མི་དམངས་ཀྱི་ཞབས་ཞུ་བ་ཡིན་བསམ་པའི་བསམ་བློ་དེ་ཕལ་ཆེར་མི་འདུག།
སྐྱུག་བྲོ་བའི་ང་ཚོའི་སྤྱི་ཚོགས་ཞེས་པའི་མགོ་བརྗོད་འདི་ཡི་ནང་ལ་ཁྱེད་རང་ཚུད་ཡོད་དམ་མེད། ཡོད་ན་སུ་ཡི་སྐྱོན་རེད། མེད་ན་ཁྱེད་ལ་སྐྱབས་སུ་འཆི།
ནུབ་ཕྱོགས་སྤྱི་ཚོགས་ནང་ལ་འདྲ་མཉམ་ཆེན་པོ་ཞིག་ཡོད་པར་བསམ་པ་འདི་ནི་བོད་པ་ཚོ་ནུབ་ཕྱོགས་པའི་སྒྲོ་ལོར་ལ་དགའ་དྲག་ནས་ནུབ་ཕྱོགས་པའི་སྐྱོན་ཆ་རྣམས་མ་མཐོང་བ་རེད། དོན་ངོ་མར་རང་ཉིད་ང་རྒྱལ་དང་གཞན་ལ་མཐོང་ཆུང་ཁྱད་གསོད་ཀྱི་ལྟ་བ་ནི་ནུབ་ཕྱོགས་པ་ལ་ཡང་ཡོད་ཡོད་པ་རེད། དོན་དངོས་ནི་རྩོམ་པ་པོ་ཤེས་རབ་དར་རྒྱས་ཀྱི་<>ཞེས་པའི་དཔེ་དེབ་ལས་གསལ།
ནུབ་ཕྱོགས་འགྲིམ་པའི་གཏམ།
རེད་ཡ། བོད་པ་ཚོ་རང་ཡུལ་དང་རང་ནོར་མདོར་ན་ལུས་སྲོག་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས་པ་གཞན་གྱི་བཙན་ཕྲོགས་ཀྱིས་ས་མཐར་འཁྱམས་དགོས་བཟོས་པ་འདིས་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཀྱི་སྒྲོ་ལོར་དང་ཡུ་སྒོར་འཐོབ་འདོད་ཀྱི་རྔམས་སེམས་སྐྱེ་བ་ནི་ཁྱིམ་གཞིས་སྐྱོང་མཁན་ཞིག་གི་ངོས་ནས་བཤད་ན་ནོར་འཁྲུལ་ཞིག་མིན་ཚོད་རེད་ལ། དེ་ལས་ལྡོག་ཏེས་ཡ་མཚན་སྐྱེས་དགོས་པ་ཞིག་ལ་བླ་མ་དང་གྲྭ་བཙུན་ཕལ་ཆེ་བ་ནུབ་ཕྱོགས་འགྲིམ་པའི་གཏམ་བརྒྱུད་དེ་ཚོར་གཞིག་ན་འདོད་ཆུང་མཆོག་ཤེས་དང་ལོག་འཚོ་ལ་མི་རོལ་བའི་སྟོན་པའི་བསླབ་བྱ་དེ་ཚོ་ཆ་རྒྱུས་ཡ་རྒྱུས་མེད་པ་འདྲ་ཞིག་འདུག། ད་དུང་ནུབ་ཕྱོགས་སྒྲོལ་ལོར་ལ་ཞེ་ལངས་སྐྱེས་མདོག་ནི་ཅི་འདྲའི་དགོད་སྤྲོ་བ་ཞིག་མ་རེད་པས། གཞི་རྩའི་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་དེ་ཚོ་སྔ་ས་ས་ནས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཆགས་ཚར་བ་དེ་སྒྲོ་ལོར་དང་ཡུ་སྒོར་ལས་བྱུང་བ་ཡིན་ཚོད་རེད་ལ། འབྱོར་བདག་ཚོས་འབྱོར་མེད་ཚོར་མཐོང་ཆུང་བརྙས་བཅོས་རིགས་བྱེད་ཀྱི་མི་འདུག་ལ། འབྱོར་བདག་ཚོས་གཞུང་ཁྲལ་བརྒྱབ་པ་དེས་འབྱོར་མེད་ཚོ་ཁ་གསོ་བྱེད་ཀྱི་ཡོད་པ་མ་ཟད། བོད་པ་སྐྱབས་བཅོལ་གསར་དུ་འབྱོར་ནས་ཁྲིམས་མཐུན་གྱི་ལག་འཁྱེར་དང་ལས་ཀ་ཞིག་མ་རག་བར་འབྱོར་བདག་ཚོའི་གཞུང་ཁྲལ་དེས་ཁ་གསོ་བྱེད་ཀྱི་ཡོད་པ་རེད། དེ་དེ་བཞིན་རང་རང་གི་ཁ་འཕོར་ཙམ་ཡང་འཁྱེར་རྒྱུ་མེད་པའི་བོད་པ་སྐྱབས་བཅོལ་བ་ཚོས་རང་རང་གིས་འཇོན་ནུས་ལ་བརྟེན་ནས་སྒྲོ་ལོར་དང་ཡུ་སྒོར་སོགས་གང་ནུས་གསོག་ཨེ་ཐུབ་ཀྱིས་ཆེ་ས་བཙན་བྱོལ་སྤྱི་ཚོགས་དང་ཆུང་ས་རང་རང་གི་ཉེ་འབྲེལ་ལ་མཐུན་རྐྱེན་གང་ལ་གང་ཙམ་བསྒྲུབ་ཀྱི་ཡོད་པ་མཐོང་ཚོད་དང་རིག་ཚོད་རེད། འོན་ཀྱང་ཟམ་གདོང་བཀའ་ཤག་ནས་བཟུངས་བོད་པ་ནུབ་ཕྱོགས་སུ་བསྐྱོད་རྒྱུར་དགྲ་མཐོང་མཐོང་གི་འདུ་ཤེས་ཡ་མ་བརླ་ཅན་ཞིག་མགོ་བུད་སོང་ལ་བཙན་བྱོལ་གཞུང་གིས་བོད་པ་ནུབ་ཕྱོགས་སུ་སྒྲོ་ལོར་དང་ཡུ་སྒོར་གྱི་རྗེས་སུ་རྒྱུགས་མི་དགོས་པའི་ཐབས་ཤེས་དང་ལམ་སྟོན་དམིགས་བསལ་ཞིག་ནི་ཅང་མཐོང་མ་སོང་། མ་ཟད་བཙན་བྱོལ་གཞུང་ལ་ཡོང་བབས་ཡོད་ན་མེད་ན་གཅིག་དང་བླངས་དཔྱ་ཁྲལ་མ་དངུལ་རེད་ལ་དེ་ནི་ཤུགས་ཆེ་ཤོས་ནུབ་ཕྱོགས་ནས་ཡོང་གི་ཡོད་པ་རེད། དཔེར་ན་རྒྱ་གར་ནང་གནས་སྡོད་བོད་མི་ཚོས་ལོ་རེར་ཧིན་སྒོར་༥༠ ལྷག་ཙམ་རེད་ལ་ནུབ་ཕྱོགས་ནང་གནས་སྡོད་བོད་མི་རེར་ལོ་རེའི་ཨ་སྒོར་དང་ཡུ་སྒོར་༡༦༠ རེ་ཡིན་པ་ཡོད། བྱས་ཙང་ཨ་སྒོར་དང་ཡུ་སྒོར་གཉིས་ཧིན་སྒོར་ལ་ཛ་བསྒྱུར་བྱས་ན་མི་རེ་ནས་ག་ཚོད་གཅིག་སླེབས་ཀྱི་ཡོད་པ་རེད། འདིས་ཡང་སྒྲིག་འཛུགས་གཞུང་ལ་ཕན་ཐོག་ངེས་ཅན་ལྡན་ཡོད་པ་རེད། མ་གཞི་ནས་ཁ་མང་ཇ་དང་དཀོར་ཟས་ཀྱི་བྲལ་མ་མྱོང་བའི་སེམས་གཙོ་སྨྲ་བ་རིང་ལུགས་པ་འདི་ཚོས་ནུབ་ཕྱོགས་ཀྱི་བོད་མི་ཚོས་རང་ཁ་རང་གསོའི་གནས་སྟངས་འོག་བསག་བསག་སྒྲིམ་སྒྲིམ་གྱིས་ཆེ་ས་སྤྱི་ཚོགས་དང་ཆུང་ས་རང་རང་གི་ཉེ་འབྲེལ་ལྟོས་བཅས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་ཇི་ཙམ་བསྒྲུབ་ཀྱིན་པ་ཡང་ཤེས་ཀྱི་མེད་པ་རེད།
ད་དུང་ནུབ་ཕྱོགས་ནང་ཚར་ལོངས་བྱས་པ་དང་ལོ་མང་སོང་བའི་བོད་མི་ཚོར་འདྲ་མཉམ་གྱི་ཐོབ་ཐང་ཞིག་ཡོད་པ་ནི་མི་སེར་གྱི་ཐོབ་ཐང་རག་གི་ཡོད་པ་རེད་ལ་གནས་ཡུལ་རྒྱལ་ཁབ་རང་གི་ཆབ་སྲིད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། རང་གིས་འཇོན་ན་མཐོ་རིམ་སྲིད་འཛིན་བར་དུ་འགྲོ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་དེ་རེད། དེ་ནི་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ནང་མེད་དུ་མི་རུང་བའི་དགོས་མཁོ་ཅན་ཞིག་རེད། དཔེར་ན་ནུབ་ཕྱོགས་ཁག་ནང་བོད་མི་གཞོན་སྐྱེས་གཙུག་ལག་སློབ་གྲྭ་ཆེན་མོ་ཐོན་མཁན་ཉུང་ཉུང་མ་རེད་ལ་ཁྲིམས་རྩོད་པའི་ལས་གནས་ཡོད་མཁན་ཡང་གང་ལ་གང་ཙམ་འདུག། ད་དུང་ཆབ་སྲིད་ཚོགས་པ་ཁག་ནང་གོ་གནས་ཡོད་མཁན་ཡང་མི་ཉུང་བ་ཞིག་འདུག། དེ་ནི་འདྲ་མཉམ་གྱི་ཐོབ་ཐང་རེད་བསམ་གྱི་འདུག།