པཀྵི
སྙན་ངག་མ་བྲིས་མི་ལོ་མང་དུ་ཐལ།།
སྙན་ངག་མ་བཀླགས་ལོ་ཡི་ཕྲེང་བ་
སྙན་ངག་འབྲི་དུས་དགོས་པའི་ཡིད་
སྙན་ངག་ཀློག་དུས་ཡོད་པའི་ཚོར་བ་
སྙན་ངག་འབྲི་བསམ་གློག་ཀླད་མདུན་
སྙན་ངག་མ་ཡོང་གློག་ཀླད་ཕར་ལ་དེ
སྙན་ངག་བཙུར་ནས་མི་ཡོང་རེ་ཐག་
སྙན་ངག་བཙན་གྱིས་མི་ཕྲིས་ངེས་ཤེ
སྙན་ངག་བློས་བསླངས་བྱེད་ཚུལ་དྲ
སྙན་ངག་སྙན་མོའི་ཚིག་ལ་བརྒྱུས་
སྙན་ངག་ཚོར་བའི་ཀློང་དུ་བསྟིམ་
སྙན་ངག་འགྱུ་བག་དབྱིངས་སུ་སྤུར་
སྙན་ངག་ཉམས་དང་འགྱུར་བར་ཨེ་འདྲོ
སྙན་ངག་མ་འདྲོང་ར་བཟིའི་བྲོ་ལྟ
སྙན་ངག་ཆུ་བཞིན་སེམས་ནས་ཨེ་བཞུ
སྙན་ངག་མ་བཞུར་འདམ་ཆུ་བཞིན་དུ་
སྙན་ངག་དེ་ལ་སྲོག་ཅིག་ཨེ་རྙེད་
སྙན་ངག་སྲོག་དེས་ལུས་ཤིག་ཨེ་ལོ
སྙན་ངག་ལུས་ལ་རྒྱན་ཞིག་ཨེ་ཐོགས་
སྙན་ངག་རྒྱན་ལ་ཉམས་འགྱུར་ཨེ་ཐོ
སྙན་ངག་སྤྲིན་པའི་ཀློང་ནས་ལེན་
སྙན་ངག་རུམ་ནས་སྤྲིན་པ་རྒྱང་དུ་
སྙན་ངག་ཟླ་བའི་ཞལ་ནས་འཐུ་ན་བསམ།
སྙན་ངག་ཟླ་བ་ཆུ་མོའི་གཞུང་ལ་ཐི
སྙན་ངག་ཁུ་བྱུག་ངག་ལས་བྲིས་ན་
སྙན་ངག་མ་ཕྲིས་ཁུ་བྱུག་མོན་དུ་
སྙན་ངག་རྨ་བྱའི་སྒྲོ་ལས་རྙེད་ན་
སྙན་ངག་མ་རྙེད་ལྷོ་འབྲུག་གཉིད་
སྙན་ངག་རི་བོའི་རྩེ་ནས་མཐོང་ན་
སྙན་ངག་མ་མཐོང་རི་རྩེ་སྤྲིན་པས་
སྙན་ངག་རི་བོའི་འདབས་ནས་རིག་ན་
སྙན་ངག་མ་རིག་རི་འདབས་སྨུག་པས་
སྙན་ངག་བརྩེ་བ་ཟབ་མོའི་ཀློང་དུ་
བརྩེ་བའི་བདག་མོ་རྒྱང་རིང་ཡུལ་
སྙན་ངག་དྲན་ཤིང་རྣོན་པོའི་རྩེ་
དྲན་པའི་སྙིང་སྡུག་གཞན་གྱི་བདག་
སྙན་ངག་གངས་དཀར་རི་བོའི་མདངས་ལ་
གངས་དཀར་རི་བོའི་རང་མདངས་དམར་པོ
སྙན་ངག་གངས་དཀར་ཕྲེང་བའི་སུལ་ན་
གངས་དཀར་རི་བོའི་རི་སུལ་མུན་པས་
སྙན་ངག་ཨ་མའི་བྱམས་བརྩེའི་ཀློང་
ཨ་མའི་བྱམས་བརྩེ་བསྣམས་ནས་གཏན་
སྙན་ངག་ཨ་ཕའི་ལར་ཞེན་དབུས་ན་
ཨ་ཕས་་ལར་ཞེན་འཁུར་ནས་གཏན་དུ་གྱ
སྙན་ངག་སྐྱིད་སྡུག་འཚོ་བའི་ནང་
སྐྱིད་སྡུག་འཚོ་བའི་ཁ་དོག་མོག་
སྙན་ངག་དགའ་སྡུག་ཚོར་བའི་ཀློང་
དགའ་སྡུག་ཚོར་བའི་འགྱུ་བག་དལ་མོ
སྙན་ངག་བཙལ་ནས་ནམ་མཁའི་དབྱིངས་
སྙན་ངག་བཙལ་ནས་རྒྱ་མཚོའི་ཀློང་
སྙན་ངག་བཙལ་ནས་དོག་མོའི་ས་གཞི་
སྙན་ངག་མ་རྙེད་སྐྱོ་བའི་གླུ་འདི
སྙན་ངག་དང་ཁ་བྲལ་ནས་མི་ལོ་བཅུ་
བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་བཙུར་བཙིར་
གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་གྱིས་བོད་ནང་གི་མཚར་གཏམ་ཞིག་འདི་ལྟར་བཤད་བྱུང་། ཟི་ལིང་ན་བོད་ཀྱི་གཞོན་སྐྱེས་ཤིག་ཡོད་པ་དང་། ཁོང་གིས་སྙན་ངག་མ་བྲིས་པར་ཡུན་རིང་འགོར། དེ་ནས་ཁོང་གིས་རང་གིས་གྲོགས་པོ་ཞིག་ལ། “དཀོན་མཆོག་གསུམ། ད་སྙན་ངག་མ་བྲིས་པར་ཟླ་བ་གཅིག་འགོར་སོང་། དེ་རིང་ང་ཁྱིམ་ལ་སོང་ནས་ དཀོན་མཆོག་གསུམ། སྙན་ངག་ཅིག་འབྲི་དགོ་གི་” ཞེས་བཤད་པ་རེད་ཟེར།
མེ་ཏོག་དཀར་པོ་བདེན། བཙུར་ནས་བཙིར་ལ་བཟོ་བཅོས་འཚལ།
ཧ་ཧ་ཧ། ཟླ་གཅིག་ཅི་ཡང་མ་རེད། ང་༩༩ལོ་ནས་བཟུང་སྙན་ངག་དང་རྦད་དེ་བྲལ་བ་རེད། གང་ལྟར་དགེ་རབ་ཕེབས་པ་ཐུགས་རྗེ་ཆེ།
ལོ་ཡི་འཕྲེང་འགོར་བ་ཡིན་ན། ག་ཚོད་ཅིག་འགོར་བ་རེད་ཟེར་གི་ཡོད་པ་རེད།
སྙན་དངགས་ལ་དུངས་མཁན་ཞིག་གི་ངོས་ནས་ལོ་བཅུ་ལྷག་ལ་སྙན་དངགས་མ་བྲིས་པ་འདི་དཔེར་ན། རང་ཉིད་ཀྱི་དགའ་མ་ལ་ལོ་བཅུར་དགའ་མགུར་མ་སྤྱད་དང་མི་འདྲའམ། སྡིག་པ་ལྕིའོ། འགྱོད་བཤགས་ཀྱིས་དུས་ཚོད་ཁ་གསབ་བྱོས་ཤིག་་་་་་་་་་་་་
གནམ་ལགས། ལོ་ཡི་ཕྲེང་བ་གོང་དུ་བཀོད་པ་ལྟར་རེད། ༩༩ ལོ་ནས་ད་ལྟའི་བར་དུ་རེད།
ཆབ་བྲག་ལགས་ཐུགས་རྗེ་ཆེ། ཐུབ་ཚོད་ཀྱིས་ཆུ་ཚོད་ཁ་གསབ་བྱེད་ངེས་ཡིན།
མཛའ་མོ་བདག་འཛིན་མ་ཐུབ། སྙན་དངགས་བདག་གཅེས་མ་ཐུབ། ལས་ངན་རེད།
ད་ཅི་ཞིག་ཐོབ་ཡོད། ཐོབ་ཤོར་གྱི་ཡང་ལྕི། ཞེས་པ་ཞིག་འབྲི་རྒྱུ་ཡོད་དམ།
ད་དགའ་མ་ཕྱིར་མ་ཁུག་ན་ཡང་སྙན་དངགས་ཡོང་རྒྱུའི་ཚུགས་ཀ་ཡོད་གི རེ་བ་ཡོད། སྙན་དངགས་པ་མ་གཤེགས་གོང་ནས་སྙན་དངགས་ཤི་སོང་ན་བོར་སོང་ན་འདི་ངོ་མ་ཕངས་སོ།
རྩོམ་དགའ་སུ་དང་སུ་ཡིན་ན། དེང་སང་གློག་ཀླད་ཅིག་གི་ཆ་རྐྱེན་ལོས་རག རྩོམ་ཡིག་འབྲི་རོགས། འབྲི་མ་ཐུབ་ན་ཡང་ཀློག་རོགས།
དེ་སྔོན་ས་རཱ་མཐོ་སློབ་ནས་ཡོང་བའི་སློབ་བུ་རེ་བ་ཅན་མང་པོ་ཞིག་ཀྱང་དེང་སང་ལག་པ་ཞ་སོང་ནས་ན་་ངག་ལྐུགས་སོང་ནས་ན་་་གྲག་རྒྱུ་ཞིག་མེད་ཀི ངོ་མ་ཕངས་ན་ཞིག་རེད།
དེ་ན་ཉི་མའི་ཕྲེང་བ་དང་ཟླ་བའི་ཕྲེང་བ། དུས་ཀྱི་ཕྲེང་བ་དང་སྐར་ཆའི་ཕྲེང་བ། སྐལ་བའི་ཕྲེང་བ་དང་གཟའ་དྲུག་གི་ཕྲེང་བ། སྟོང་ལོའི་ཕྲེང་བ་དང་སྐལ་ཆེན་གྱི་ཕྲེང་བ། སྐད་ཅིག་མའི་ཕྲེང་བ་དང་གྲངས་མེད་ཀྱི་ཕྲེང་བ་ཟེར་བ་དེ་འདྲ་བྲིས་ན་ག་འདྲ་ཡོད་པ་རེད།
ཟས་བཅད་ནས་ཉི་མ་གཅིག་ལ་སྡོད་ཐུབ། ཡིན་ཡང་སྙན་ངག་མ་བྲིས་པའམ་སྙན་ངག་གི་སྐོར་ལ་བསམ་བློ་མ་བཏང་བར་ཉི་མ་གཅིག་ལ་ཡང་སྡོད་ཐབས་བྲལ།
གནམ་ལགས། ཕྲེང་བ་སྐབས་འདིར་མང་པོའི་དོན་ལ་གོ་དགོས་པ་རེད། ལོ་ཡི་ཕྲེང་བ་ཟེར་ན་ལོ་མང་པོ་ཟེར་བ་རེད། དེ་བས་ཉི་མའི་ཕྲེང་བ་ཟླ་བའི་ཕྲེང་བ་ཟེར་ནའང་ཉི་མ་མང་པོ་དང་ཟླ་བ་མང་པོ་ལ་གོ་བས་དེ་ལྟར་འབྲི་ཆོག་པ་རེད་ལགས།
ཧ་ཧ་ཧ། ཆབ་བྲག་འདིའི་ཁ་ཚ་ནོ་ལྟོས། བདེན་པ་རེད། ཅི་ཞིག་སྦྱངས་སྦྱངས་ནས་གཡུག་བཞག་ན་མ་སྦྱངས་པ་དང་གཅིག་པ་ཆགས་སོང་བས། མུ་མཐུད་རྒྱུ་གལ་ཆེན་པོ་རེད། ང་ལ་མཚོན་ན་ད་སྙན་ངག་ཅི་འདྲ་ཞིག་འབྲི་ཐུབ་མིན་མི་ཤེས་ནའང་། དཔེ་ཀློག་གི་ཞོར་ནས་རྩོམ་ཡིག་ཐར་ཐོར་རེ་མུ་མཐུད་འབྲི་འདུན་ཡོད་ལགས། ཉིད་ཀྱི་སློབ་བུ་དག་ལའང་སྐབས་རེར་འབོད་སྐུལ་འདི་འདྲ་ཞུ་ཐུབ་ན་ཟང་ཟིང་གི་འཚོ་བའི་ཁྲོད་ནས་རྩོམ་རིག་གི་དགའ་མའི་སར་སླར་ལོག་རྒྱུའི་རེ་བ་ཡོད་པ་རེད། གང་ལྟར་གཞེན་སྐུལ་ལ་ཐུགས་རྗེ་ཆེ།
ཀླུ་སྨྱོན་ལགས་ཕེབས་པ་བཟང་། གསུངས་དེ་ཁྱེད་ལ་མཚོན་ན་ཧ་ཅང་བདེན་པ་རེད། ལྷོ་ཕྱོགས་ཀྱི་འཚོ་བ་སྐྱ་བོ་དེའི་ནང་དུའང་ངས་ཉིད་ཀྱིས་ནམ་ལངས་ནས་ས་མ་རུབ་བར་དུ་ཅིག་བྲིས་ནས་སྡོད་པ་ད་དུང་དྲན་སོས་ཀྱི་འདུག བྲིས་པ་ལྟར་བྱང་ཆའང་སླེབས་འདུག་འདུག་པས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་གསུངས་པ་ཐུགས་ལ་བརྣགས་ནས་་མུ་མཐུད་འབྲི་རྒྱུའི་རེ་བ་ཡོད་ལགས། སྙན་ངག་གི་ཆ་ནས་ངས་ཀླུ་སྨྱོན་ལགས་ནི་དེང་དུས་ཀྱི་ནག་མོ་ཁོལ་རེད་ཟེར་གི་ཡོད། ངོ་མ་བཤད་པ་ཡིན། ཁ་ཡག་ངོ་དགའ་བཤད་རྒྱུར་ང་མི་དགའ། བཟང་བོར་གཟེངས་བསྟོད་དང་ངན་པར་སྐྱོན་བརྗོད་བྱེད་རྒྱུ་དེ་མི་དྲང་མོ་ཞིག་གི་ལས་དཀའ་རེད། ཐུགས་རྗེ་ཆེ།
སྙན་ངག་ཞེས་པའི་ཚིག་དེ་མ་ཐག།
ལྷ་མོ་དབྱངས་ཅན་མི་ཡུལ་བྱོན་འདྲ་བའི།།
སུས་ཀྱང་དོ་མེད་དགེ་ཆོས་སྨྱོན་པ་དེ།།
རང་དབང་མེད་པ་ཡིད་ལ་ལྷང་ངེ་ཤར།།
དྲི་བཞོན་བུ་མོ་ལྷ་ལས་བབས་པས་དཔྱིད་ཀྱི་རྒྱལ་མོའི་རྨི་ལམ་དཀྲོགས།།
འཇམ་གཉེན་རྩི་ཤིང་གཉིད་ལས་བསླངས་ཏེ་གཅེར་གཟུགས་སྒྲིབ་པའི་གོས་སུ་བསྟེན།།
སྐྱེ་དངོས་འབུམ་ཕྲག་ལང་ཚོ་ལྡེམ་པའི་དུས་བཞིའི་ཐོག་མ་བདག་གིར་བཞེས།།
མི་ཡི་ཡུལ་ལ་ལྷ་ཡི་སྐྱེད་ཚལ་མངོན་སུམ་བྱས་འདི་ཨེ་མ་སྐྱིད།།
དཔྱིད་ཀྱི་དཔལ་མོའི་ལང་ཚོའི་དྲོད་ཀྱིས་འཁྱག་གིས་བསྡམས་པའི་ཆུ་ྐླུང་འབུམ།།
བཞུས་པའི་ཞུན་མས་གཡུ་འབྲུག་ཟོལ་གྱིས་ས་ཡི་མུ་འཁྱུད་གཅིག་ཏུ་སྦྲེལ།།
ལེགས་བྱས་དེ་ཡིས་ས་འཛིན་སྒེག་མོར་སྣ་ཚོགས་མེ་ཏོག་རྒྱན་དུ་བཏེགས།།
ངོ་མཚར་སྲིད་པའི་མཛེས་སྡུག་བསྡུས་འདྲའི་དཔྱིད་ཀྱི་དུས་འདི་སྙིང་ལ་ཞུམ།།
དཔྱིད་རླུང་མངར་མོས་འཁྱག་གིས་གླན་པའི་ལྗོན་པ་སྟེང་ལ་རེག་དང་ལྷན།།
སྣ་ཚོགས་གཡུ་ལོ་རྒྱན་དུ་བཏགས་ནས་སྔོ་ལྗང་ལང་ཚོ་རྫོགས་པར་བྱས།།
འདབ་ཆགས་རི་དྭགས་མགོན་མེད་སེམས་ཅན་ཡི་མུག་སྲེད་པས་གདུང་བའི་ཚོགས།།
སྤྲོ་དགའི་བྱེད་པོ་དཔྱིད་ཀྱི་དཔལ་འདི་དོན་ཡོད་འཕྲུལ་གྱི་ཞགས་པ་བཞིན།།
དཔྱིད་ཀྱི་སྦྲང་ཆར་བདུད་རྩི་མངར་མོས་སྣོད་བཅུད་བྲན་པའི་དགེ་མཚན་གྱི།།
རི་མོ་འབུམ་ཕྲག་སྡུག་གུར་ཆར་འདིས་ལྷ་དང་ལྷ་ཡི་གྲོང་ཁྱེར་ན།།
མཆོག་ཏུ་འབར་བ་མཛེས་སྡུག་སྙིང་པོ་བསོད་ནམས་རླུང་གི་རྟས་དྲངས་ཏེ།།
མི་ཡི་ཡུལ་ལ་ལེགས་པར་སྤུངས་སྙམ་ངོ་མཚར་རྒྱན་གྱི་རྩེ་མོར་བསྙེགས།།
དགུན་གྱི་རང་བཞིན་སྲིན་མོའི་ཁྲོ་གཉེར་དཔྱིད་འདིས་ལྷ་ཡི་ཞལ་དུ་བསྒྱུར།།
མདོར་ན་ཕྱོགས་བཞིའི་ཁོར་ར་ཁོར་ཡུག་དགའ་བ་སྟོང་གི་དཔལ་གྱིས་སྙེམས།།
སྙན་ངག་མཁན་པོ་བྱེ་བ་རྒྱ་མཚོས་གཅིག་ཏུ་བྱས་ཀྱང་འགོད་དཀའ་བའི།།
རྫོགས་ལྡན་དཔྱིད་ཀྱི་མཛེས་སྡུག་བཞིན་མདངས་ཡོངས་སུ་བརྗོད་པའི་སྐལ་བ་ཕྲ།།
སྙན་བཟང་གི་ངོ་དེབ་ལས་འདིར་བཀོད།
སྙན་ངག་འབྲི་མ་ཐུབ་ན་དགའ་མ་ལ་འཁྲིག་མ་ཐུབ་པ་དང་གཅིག་རེད། འདི་གཉིས་དོར་ཐུབ་མཁན་ཡོད་ན་ངོ་མ་དཔའ་བོ་རེད། སྡར་མ་ངས་འདི་གཉིས་ལ་མགོ་བཏགས་ཞུ་ཡོད།
སྙན་ངག་མེད་ན་མཇེ་འདི་ཉལ་བ་བཞིན།།
སྙན་ངག་མེད་ན་སྟུ་འདི་སྐམ་པོ་བཞིན།།
སྙན་ངག་མེད་ན་མུན་པར་རྒྱོ་བ་བཞིན།།
སྙན་ངག་མེད་ན་གང་ཡང་མེད་པ་བཞིན།།
འབའ་སྲས་ལགས་ཀྱི་སྐད་ཆ་འདི། ཀླུ་སྨྱོན་ལས་ཀྱང་ཁ་ཐུག་རེད།
རང་གཤིས་ཧ་ཅང་དྲང་གྱུར་ན། གླེན་ལྐུགས་ཤེས་ནི་མ་རྣམས་གླེང།
་་་་་་སྙན་ངག་འབྲི་མ་ཐུབ་ན་དགའ་མ་ལ་འཁྲིག་མ་ཐུབ་པ་དང་གཅིག་རེད། འདི་གཉིས་དོར་ཐུབ་མཁན་ཡོད་ན་ངོ་མ་དཔའ་བོ་རེད། སྡར་མ་ངས་འདི་གཉིས་ལ་མགོ་བཏགས་ཞུ་ཡོད།་་་་་་
འབའ་སྲས་ཀྱི་གསུང་ལ་མངོན་པར་བསྟོད་དོ།།
ང་ལ་མཚོན་ན་སྙན་ངག་ནི་ང་ཡི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། གངས་རྒྱན་མེ་ཏོག་ནི་ང་དང་འབྲལ་མེད་ཀྱི་སྲུང་བ་དང་། དེའི་ནང་གི་སྙན་ངག་ནི་ང་ཡི་རྒྱུན་གྱི་ཁ་འདོན་ལྟ་བུ་ཆགས་ཡོད།
དོལ་སྨྱོན་ཁོ་རེ། དེང་སང་གོ་མེད་ཚོར་མེད་རེད་འདུག་ཏ ཅི་རེད་ཐི