རྩོམ་པ་པོ། བཀྲ་ཤིས་སྐྱིད། ཟླ་བ་གཞོན་ནུས་བསྒྱུར།
མོན་ཆ་ར་ཡི་ལོ་མའི་ཚོགས་ནི་དྲག་ཆར་ཀློང་ནས་རྩེད་འཇོར་རོལ།།
ཆར་ཆུའི་རྡོག་པས་སྒེའུ་ཁུང་ངོས་སུ་ཐག་ཐག་སྒྲར་བཅས་རྡུང་བར་བྱེད།།
གློག་དམར་འཁྱུགས་པས་གྲིབ་གཟུགས་ནག་པོ་དྲ་མའི་ཡོལ་བའི་ངོས་སུ་འཆར།།
དགའ་དང་ཚིམས་པས་རྒྱབ་ཏུ་ཕྱོགས་པར་མཚན་དང་ཆར་བས་བདག་ཉིད་མྱིད།།
སྤྱི་ལོ་ ༡༣།༣།༢༠༡༢
ཞི་མོ་འདི་གང་ན་ཡོད་ཀི ཡང་ངའི་སེམས་པ་འགུལ་བྱུང་།
ཁོ་མོས་མཚམས་མཚམས་ལ་འདི་ལྟའི་སྙན་ཚིག་ཐུང་ངུ་སྙིང་རྗེ་བོ་རེ་གཡུག་གི་རེད། ད་ལྟ་རྒྱལ་སྲས་ཆུང་ཆུང་ཟེར་བའི་བྱིས་སྒྲུང་གྲགས་ཅན་དེ་ཧྥ་སྐད་ནས་བོད་སྐད་ལ་སྒྱུར་གྱིན་ཡོད། འདིར་པར་ཡག་པོ་ཞིག་བཞག་འདུག གལ་ཏེ་ཁ་ཚུར་འཁོར་བའི་པར་ཅིག་ཡིན་ན་་་་ད་ཀླུ་སྨྱོན་གྱིས་གཅིན་པ་འཆོར་ཐག་ཆོད་ཡིན་ཡཧཧཧཧཧཧ
ཀླུ་སྨྱོན་ལགས། ད་འདོད་ཆུང་ཆོག་ཤེས་བྱས་ན་མ་གཏོགས། ཞི་མོ་འདིས་ད་ངོ་མ་མི་ཉན་ཡ།
རྣམ་པ་གཉིས་ཀའི་སེམས་འགུལ་རེད།
མེ་ཏོག་མ་ཞིག་གང་ཤེས་ཐལ།། བདག་མེད་མ་ཞིག་ཡིན་སོད་ཀི།
སྙན་ངག་མ་ཞིག་གང་ཤེས་ཐལ།། སྒྱུ་རྩལ་མ་ཞིག་ཡིན་སོད་ཀི།
རྒན་ལ་དགོས་བའི་མཇིང་པ་དེ། ཚོད་ཚོད་ཚོད་ལ་བསྲིངས་བཞག་གི།
ད་ཀླུ་སྨྱོན་འདི་ལ་ཞི་མོ་བརྒྱ་ཡོད་ཀྱང་ངོམས་ས་མ་རེད།
ཐེ་ཀོར་གི་སྙན་ངག་གི་ཉམས་འདུག། རྩོམ་པ་པོ་བོད་མོ་ཞིག་ཡིན་ནི་མིན་ན།
ཨ་མདོ་རྔ་བའི་སྔ་མོ་སྨན་ཆུང་མ། ཁྱེད་ཀྱིས་གདེང་འཇོག་བྱས་པ་མཐོ་མ་སོང་ངམ། མོས་ཟེར་ན་ཟླ་བ་གཞོན་ནུས་བསྒཡུར་བ་མ་ཡིག་ལས་ལྡབ་གཅིག་ཡག་གི་ཟེར། ཧཧཧཧཧཧཧ
ཕ་ཡུལ་མེད་པའི་འཁྱམ་པོ་ཚོའི།
ཀླད་པའི་ཡོད་ཚད་ཆགས་པ་རེད།
ཀྱལ་པ་ངག་དང་དེ་བཞིན་ཡིད།
འདི་ལྟར་འཚོ་བ་ངོ་རེ་གནོངས།
ཕ་ཡུལ་གྲང་མོ་རེད།
ཁྱེད་ཚོ་དྲོན་པོ་རེད།
དཔའ་བོར་མ་ལོག་རུང་།
ཞབས་འདྲེན་མ་ཞུ་ཨ།
༄།། དབྱངས་ཅན་ལྷ་མོའི་མཉེན་ལྕུག་ཕྱག་གིས་སྙན་པའི་པི་ཝང་སྒྲོགས་དང་ལྷན།།
ལྷ་དབང་བརྒྱ་བྱིན་གར་སྟོབས་ཉམས་འགྱུར་གླག་རྒོད་བཞིན་དུ་ཡོངས་སུ་བཏེགས།།
ཟླ་བའི་ལྷ་མོས་མཚམས་སྤྲིན་བླ་གོས་མུ་ཏིག་སིལ་མའི་དོ་ཤལ་བཀླུབས།།
ལྷ་ཆེན་ཚངས་པ་དབང་པོའི་སྒོ་ནས་ངོ་ཚའི་སྨྲེ་ངག་དབང་མེད་ཤོར།།
རོང་པོ་འཇོ་ན་ནས།།
རབ་རིབ་གྲིབ་མ་འཁོར་བའི་ས་སྲོད་དུས།
མག་མོག་མར་མེ་ལྷབ་ལྷུབ་འབར་བའི་ངོགས།
དར་དིར་འདར་དབྱངས་སྒྲོག་པའི་བུང་བ་ཞིག
ཐན་ཐུན་སྔུར་བ་འཐེན་མའི་རུམ་ཁར་འཛུལ།
ཞི་མོ་ཡག་མ་ཞིག་ཡིན་མིན་གང་ཤེས་ར་་་་་སྙན་ངག་དཔེ་མེད་ཅིག་འབྲི་མཁན་རེད་འདུག
འདིར་སྙན་ངག་འདི་ཐེངས་འགར་མོད། སྙན་ངག་འདིའི་དོན་ཅི་ཞིག་བཤད་ཀྱིན་ཡོད་པ་དང་གང་ཞིག་དཔེ་ལ་འགོད་ཀི་ཡོད་པ་ཅི་ལྟར་བསམ་ཡང་ཤེས་ཀི་མི་འདུག རང་གི་ཤེས་ཚད་དང་མ་རེན་པ་འདྲ། གང་ལྟར་སྙང་ངག་རློན་ཤ་ཅན་འདིས་བོད་ཡིག་ལ་དོ་སྣང་ཡོད་མཁན་དག་དང་། ལྷག་པར་སྐད་གཉིས་བྱང་ཆུབ་པ་དག་ལ་སྤྲོ་སྣང་ལྷག་མ་ཞིག་སྤྲོད་སྲིད་མོད། བདག་ལ་མཆོན་ན་སྙན་ངག་འདི་ལྟ་བུ་མུན་ནག་ནང་གི་ནག་ཁུངས་རང་རེད། གོང་འདིར་ལྷ་མོ་སྐྱབས་ཀྱིས་བུ་མོ་འདིས་ཧྥ་རན་སའི་སྐད་ཡིག་ཐོག་ཡོད་པའི་རྒྱལ་སྲས་ཆུང་ཆུང་ཟེར་བའི་བྱིས་སྒྲུང་གྲགས་ཅན་ཞིག་ཡོད་པ་དེའི་ཧྥ་སྐད་ནས་བོད་ཡིག་ཐོག་ལ་སྒྱུར་གྱིན་ཡོད་པ་གླེང་ཀི་འདུག སྒྲུང་དེའི་སྔ་མོ་ནས་སྙན་བཟང་གཡང་དྲུང་ཀྱིས་བོད་ཡིག་ལ་བསྒྱུར་ཟིན་པ་མ་ཟད་ང་རང་ཉིད་འང་ཁོང་གི་འགྱུར་ཡིག་གི་ལེའུ་རེ་གཉིས་འབྱོར་ཟིན། དངོས་ནས་ཡིད་སྨོན་འཆོར་བ་རང་རེད། གང་ལྟར་བུ་མོ་འདིས་སྒྲུང་གཏམ་དེའི་བསྒྱུར་ཡོད་ཆེ་ང་ཆོ་སྐད་གཉིས་སྨྲ་བ་དག་གིས་འགྱུར་ཡིག་དེ་དང་། དེའི་མ་ཡིག་ལ་ལྟོས་ནས་གང་ཞིག་ཡག་སྡུག་གི་བགྲོ་གླེང་དང་བསམ་འཆར་ལྷུག་པོ་བྱེད་ཆོག་ཆོག་རེད།
སྙན་ངག་ཡག་པོ་ཞིག་བྲིས་འདུག་སྙམ།་་སྙན་ངག་བྲིས་པ་མང་བོའི་ཁྲོད་ནས་ཟླ་བ་དང་སྐར་མའི་དཔེ་རེད།་་ད་ལྟའི་བར་གཞན་གྱིས་འདི་འདྲ་བྲིས་མ་མྱོང་།་་སྐྱོ་སྣང་རང་ལུགས་པ་ཞིག་གིས་ཀློག་ན་དམིགས་བསལ་གྱི་བྲོ་བ་ཞིག་ཡོད་ངེས།་་ཡིན་ན་ཡང་་་རྩེད་འཇོར་རོལ་ཞེས་པའི་ཚིག་དེས་རྐང་བ་འོག་མ་གསུམ་ལ་རྨ་བཟོས་སོང་།་་ཟས་རིགས་ཀྱི་ནང་དུ་ཚ་ཡོད་ན་བྲོ་རྫས་ཡག་ཤོས་དེ་རེད་་་ཡིན་ན་ཡང་མོས་མངར་ཆའི་ནང་དུ་ཚ་བླུགས་སོང་།་་་དེས་སྙན་ངག་གི་ཉམས་ལ་བཟོ་ལྟ་ཤོར་དུ་བཅུག་སོང་།་་ཐེ་ཀོར་གྱི་སྙན་ངག་དང་བར་ཐག་ལེ་བར་སྟོང་གིས་ཆོད་ཡོད།་་ཡིན་ན་ཡང་རྒྱ་གར་བའི་སྙན་ངག་གི་གཤིས་ཀ་འདུག་ལགས།་་་་ཡ་ང་འགྲོ་རན་སོང་་་རྗེས་ནས་བཤད་་་
འཇར་པན་པ་ཚོར་བུ་མོ་མཛེས་མི་མཛེས་སྐེ་ཤ་ལ་ལྟ་སྲོལ་ཞིག་ཡོད་རབས་ཐོས། ད་ནི་བོད་པ་ཚོར་ཡང་ཅིག་ལོབས་ཡོད་ས་རེད།
ཐོས་པའི་མ་ཟད་མིག་གིས་ཀྱང་མཐོང་ཡོད་མཁན་མང་པོ་འདུག འཛམ་གླིང་ནང་ལ་མི་སསྡུག་པ་སྒོམ་མཁན་དཀོན་པོ་རེད།
“་་ཐེ་ཀོར་གྱི་སྙན་ངག་དང་བར་ཐག་ལེ་བར་སྟོང་གིས་ཆོད་ཡོད། ” འདིའི་དོན་ཅི་ཡིན་ནམ།
ཁོར་ཡུག་གི་སྣང་ཚུལ་དང་འདྲེས་པའི་སེམས་ཚོར་གྱི་སྣང་རིས་ཟུར་གསུམ་མ་འདི་འདིར་གསང་བ་ཞིག་ཡོད་ཆོག་ལ་མེད་ཀྱང་ཆོག གང་ལྟར་རྡོག་རྡོག་ཅིག་ཁྱོད་ཀྱིས་མ་རྙེད་ན་ལྷག་པར་བཟང།
དགེ་འདུན་རྒྱ་མཚོ་ཟེར་བ་འདིས་ཅི་ཡང་ཤེས་ཀྱི་མི་འདུག
སྐྱོ་སྣང་རིང་ལུགས་པ་ཞིག་གི་སྙན་རྩོམ་ཇི་ལྟར་ཡིན་འདུག སྙན་རྩོམ་མཆོག་ཏུ་གྱུར་བ་འདིར་སྐྱོ་སྣང་གི་སྐོར་ཅི་ཡང་བཤད་ཀྱིན་མི་འདུག
ད་དུང་ཚིག་རྐང་འོག་མ་རྣམས་སུ་དགའ་དང་ཚིམས་པས་རྒྱབ་ཏུ་ཕྱོགས་པར་ཅེས་པར་ལྟོས་དང་། འདིར་སྐྱོ་སྣང་གི་སྐོར་བཤད་ཀྱི་མེད་པ་ཧ་ཅང་གསལ། ལོང་བ་རང་རེད། ག་བ་ལྟ་ཡིན་ཡོད་མེད་སུས་ཤེས།
གོ་བ་ལེན་སྟངས་སྐྱོ་བ་ལ།
གང་ལྟར་སྙན་ངག་འདི་ལ་ཉམས་མ་འདྲ་བ་ཞིག་འདུག
སྙན་ངག་རློན་ཤ་ཅན་ལ་བྲོ་བ་མྱངས་ཡོད་བསམ་མཁན་མང་བོ་ཡོད་པ་འདྲ།
སུས་འདི་ལ་འགྲེལ་བྱེད་ཐུབ་བམ།་་ང་ཚོས་ལྟོས་ཆོག་་་དང་པོར་སྲོད་དུང་མོས་དང་མེ་ཏོག་ཆུང་ཆུང་སུ་ཡིན་ཡང་ཆོག
ངས་སྒུག་ཡོད་དོ།
རྔ་མོང་གི་མཇིང་པ་དང་འདྲ་བའི་མཇིང་རིང་དེ་ཤེལ་སྒོའི་དངོས་དྲ་ནས་ཐར་ཐབས་མེད་དམ། མཇིང་པ་ལ་ན་ཚ་འདུག་ན་སྨན་པ་ཞིག་ལ་སྟོན་དང་།