དེང་སྐབས་ཀྲུང་གོའི་བོད་ལྗོངས་ཞེས་པའི་དྲ་རྒྱ་འདིའི་གསར་འགྱུར་དག་ཏུ་གོང་ས་མཆོག་ལ་ཞེ་ས་སྦྱོར་བ་ཧ་ཅང་མང་བ་འདི་ག་རེ་ཡིན་ནམ། གཅིག་བྱས་ན་འདི་ཨེ་རླུང་ཚང་གིས་རྒྱ་དཔོན་ཚོའི་སྐོར་འགོད་དུས་ཕེབས་དང་གསུང་ཞེས་པའི་ཞེ་ས་འདི་ག་དུས་ཡིན་ན་ཡང་སྦྱོར་གིན་ཡོད་པ་དེར་ཁ་གཏག་བཅག་པ་ཞིག་མིན་འགྲོ
གསར་འགྱུར་ཆ་ཚང་གཤམ་དུ་དྲངས་ཡོད།
༢༠༠༥ ལོར། ཏཱ་ལའི་བླ་མ་ཨ་རིར་མཚམས་འདྲི་གནང་བར་ཕེབས་སྐབས།དབྱི་ལི་ནུ་དབྱི་ཁུལ་གྱི་ སྤྱི་གྲོས་པ་ཨོ་པ་མ་དང་མཇལ་འཛོམས་ཐེངས་གཅིག་གནང་མྱོང་བ་རེད།
ཨ་རིའི་ཕེང་པོ་གསར་འགྱུར་ཁང་ནས་སྤྱི་ཟླ༩པའི་ཚེས༡༧ཉིན་གསར་འགྱུར་སྤེལ་གསལ། ཨ་རིའི་ཕོ་བྲང་དཀར་པོའི་མཐོ་རིམ་བློ་འདྲི་ས་ཝ་ཚའེ་ལི·ཅ་ ལེ་ཐེས་གོང་ཚེས་ཉིན་གསུངས་པ་ལྟར་ན། ཨ་རིའི་སྤྱི་ཁྱབ་སྲིད་འཛིན་ཨོ་པ་མས་སྤྱི་ཟླ༡༡པའི་ནང་ཀྲུང་གོར་འཚམས་འདྲི་ ཞུས་ཟིན་གྲུབ་རྗེས། ཁོང་གིས་ཏཱ་ལའི་བླ་མ་དང་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད་ཟེར།
ཝ་ཚའེ་ལི·ཅ་ ལེ་ཐེས་གསུང་དོན། ཏཱ་ལའི་བླ་མ་སྤྱི་ཟླ༡༠པའི་ནང་ཝ་ཧྲིང་ཐོན་ལ་འཚམས་འདྲི་གནང་བར་ཕེབས་རྒྱུ་ཡིན་ ཡང་། དེའི་རིང་ཨ་རིའི་སྤྱི་ཁྱབ་སྲིད་འཛིན་ཨོ་པ་མ་ཡིས་ཏཱ་ལའི་བླ་མ་དང་མཇལ་འཛོམས་ གནང་རྒྱུ་མིན་པ་གསལ་བོར་བསྒྲགས་ཡོད། འོན་ཀྱང་ཨོ་པ་མས་ཀྲུང་གོར་འཚམས་འདྲི་ཞུས་ཟིན་གྲུབ་ནས་ཕྱིར་ལོག་ཕེབས་འབྱོར་ བྱུང་རྗེས། ཝ་ཧྲིང་ཐོན་དུ་ཏཱ་ལའི་བླ་མ་དང་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད་ཟེར།
མི་རིང་བའི་གོང་དུ། ཝ་ཚའེ་ལི·ཅ་ལེ་ཐེ་དང་ཏཱ་ལའི་བླ་མ་རྣམ་གཉིས་ཏཱ་ལའི་བླ་མའི་བཞུགས་གནས་རྒྱ་གར་གྱི་རྡ་ལན་ས་ལར་མཇལ་འཛོམས་གནང་བ་དང་། སྐབས་དེ་དུས་ཝ་ཚའེ་ལི·ཅ་ ལེ་ཐེས་ཏཱ་ལའི་བླ་མར་ཨོ་པ་མ་སྲིད་གཞུང་ཕྱོགས་ནས་ཀྲུང་གོའི་བོད་ལྗོངས་ཀྱི་ གནས་ཚུལ་ཐད་འཛིན་པའི་ལྟ་ཚུལ་སྟབས་བདེ་ཞིག་གསུངས་གནང་བ་རེད།
ཝ་ཚའེ་ལི·ཅ་ ལེ་ཐེས་གསལ་བསྒྲགས་ཤིག་གནང་བའི་ནང་བསྟན་པར། ཁོང་གིས་གཙོ་བོ་སྤྱི་ཁྱབ་སྲིད་འཛིན་ཨོ་པ་མས་མངགས་བཅོལ་གནང་བ་ལྟར། ཨ་རིའི་སྲིད་གཞུང་ཕྱོགས་ནས་བོད་ལྗོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མི་དམངས་ ཀྱི་ཁེ་དབང་ཐད་ཀྱི་ལས་དོན་སྐོར་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞིང་། ཨོ་པ་མས་ཏཱ་ལའི་བླ་མས་བོད་ལྗོངས་རང་སྐྱོང་ཡོང་བའི་རྨང་གཞིའི་ཐོག་གནད་དོན་ ཐག་གཅོད་བྱེད་རྒྱུའི་ཐད་ཕྱག་ལས་བསྐྱངས་མཛད་པར་བསྔགས་བརྗོད་གནང་གིན་ཡོད་ ལུགས་གསུང་གནང་བ་རེད། གཞན་ཡང་གསལ་བསྒྲགས་གནང་སྐབས། ཏཱ་ལའི་བླ་མས་ཀྱང་ཨོ་པ་མས་ཨ་རིའི་སྤྱི་ཁྱབ་སྲིད་འཛིན་གྱི་འགན་བཞེས་གནང་རིང་ དུ་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུའི་ཐུགས་འདུན་ཡང་བཅོལ་གནང་བ་རེད།
ཀྲུང་ གོའི་ཕྱི་འབྲེལ་པུའུའི་མགྲིན་ཚབ་པ་ཅང་ཡུས་ནས་སྤྱི་ཚེས༡༥ཉིན་ཕྱི་འབྲེལ་ པུའུའི་རྒྱུན་སྲོལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གསུངས་དོན“ང་ ཚོས་ཏཱ་ལའི་བླ་མས་མིང་དང་ཐོབ་ཐང་ཇི་འདྲ་ཞིག་སྤྱད་ནས་རྒྱལ་ཁབ་གང་འདྲ་ཞིག་ཏུ་ ཀྲུང་གོ་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ ཡིན་ལ། རྒྱལ་ཁབ་གང་འདྲ་ཞིག་གི་དཔོན་རིགས་མི་སྣས་རྣམ་པ་གང་རུང་ཞིག་གི་ཐོག་ནས་ཏཱ་ ལའི་བླ་མ་དང་ཐུག་འཕྲད་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་མ་ཟད། ཕྱི་རོལ་གྱི་ཕྱོགས་གཏོགས་གང་འདྲ་ཞིག་གིས་བོད་ལྗོངས་ཀྱི་གནད་དོན་ལ་ཁ་གཡར་ནས་ ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་ཡང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ ཡིན། ཨ་རིའི་སྲིད་གཞུང་ཕྱོགས་ནས་ཀྲུང་གོའི་སྲིད་གཞུང་གིས་དེའི་ཐད་ལ་ལངས་ཕྱོགས་ ཇི་འདྲ་འཛིན་མིན་ཧ་ཅང་ཤེས་གསལ་རེད”ཅེས་ཀྲུང་གོའི་སྲིད་གཞུང་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་གནང་བ་རེད།
ད་ལོའི་སྤྱི་ཟླ་བརྒྱད་པའི་ནང་། ཏཱ་ལའི་བླ་མ་ཐའེ་ཝན་ལ་འཚམས་འདྲི་གནང་བར་ཕེབས་པར་ཀྲུང་གོའི་སྲིད་གཞུང་གིས“ངོ་རྒོལ་མཐའ་གཅིག་ཏུ་བྱས་པ”དང་། ཐའེ་ཝན་དང་ཏཱ་ལའི་བླ་མས་བྱ་འགུལ་དེ་འདྲ་སྤེལ་བ་དེས། མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བར་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་རེད།
གསར་འགྱུར་འགོད་མཁན་ལགས། ཀྲུང་གོའི་བོད་ལྗོངས་དྲ་ཐོག་ཏུ་གོང་གི་འདྲ་པར་འདི་ཡང་བཀོད་ཡོད་པ་རེད་དམ། གསར་འགྱུར་འདི་མགོ་སྔ་མེད་པ་ཞིག་རེད་མི་འདུག་གམ།
དགོངས་པ་མ་ཚོམས། ང་ཙོའི་འདིར་ཀྲུང་གོའི་བོད་ལྗོངས་ཀྱི་དྲ་ཚིག་ལྟ་ཐུབ་ཀྱི་མི་འདུག་ལོ།
སྤྱིར་རྒྱ་ཕྱོགས་ཀྱི་སྐད་ཆ་ཤོད་སྟངས་ལ་གྱུར་བ་ཏོག་ཙམ་ཕྱིན་འདུག་ཀྱང༌། དེ་ལ་ཡིད་ཆེས་བྱེད་ཐབས་ཡོད་པ་མ་རེད། གང་ཡིན་ཟེར་ན་རྒྱ་ནག་སྲིད་གཞུང་གིས་བོད་པར་ད་ལྟ་བར་དུ་བརྫུན་རྐྱང་རྐྱང་བཤད་དེ་བསྡད་པ་རེད། ད་ལྟའི་འཛམ་གླིང་གི་གནས་སྟངས་དང་ཡང་དགོས་རྒྱ་ནག་གི་གནས་སྟངས་སོགས་ལ་གཞིག་ན་ཁོ་པ་ཚོས་དེ་ལྟར་༸གོང་ས་མཆོག་ལ་ཁ་ཡག་ཚིག་ཡག་བེད་སྤྱོད་མི་གཏོང་དཀའ་མེད་རེད། གང་ལྟར་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པར་སྨོན།
ཀྲུང་གོའི་བོད་ལྗོངས་ཞེས་པའི་དྲ་རྒྱའི་གསར་འགྱུར་ནང་དགོས་མཁོའི་ཆེད་དུ་བེད་སྤྱོད་བྱས་པའི་ གོང་ས་མཆོག་ལ་ཚིག་སྐམ་ཁ་ཤས་ཞིག་གི་ཞེ་ས་བྱས་པར་ རྫུན་དང་མགོ་བསྐོར་བསླུ་འཁྲིད་ཁོ་ནའི་ངང་བཙན་བསྣོན་གཏོང་བའི་རྒྱ་དམར་གཞུང་དེར་ གསར་འགྱུར་འགོད་བདག་ཁྱེད་རང་དེ་འདྲའི་ཡིད་མཆེས་མདོང་ཁ་བ་ལ་ ལོ་ངོ་ལྔ་བཅུའི་རིང་ཀྲང་གོ་གུང་ཕྲན་ཏང་ནས་བོད་མཆོལ་ཁ་གསུམ་ཡོངས་ལ་རྫུན་གཏམ་གྱི་དབང་ཤེད་ཁོ་ན་བྱས་པའི་འབྲས་བུར་བོད་མིའི་ཀྲང་གོ་གུང་ཕྲན་ཏང་གི་ལར་རྒྱའི་མཐོང་ཚུལ་ནི་ཞང་ཁང་ནང་གི་ཞང་ཚོང་མ་ཞིག་ལས་ཀྱང་དམའ་བ་དང་ ཀྲང་གོ་གུང་ཕྲན་ཏང་གི་གང་བཤད་ལ་ཡིད་མཆེས་གཏིལ་འབྲུ་ཙམ་ཡང་མི་བྱེད་པ་ དཔེར་ན་ རྒྱ་དམར་གྱི་ཇི་བཤད་གོ་དོན་ངོ་མ་དེ་ཤེས་དགོས་ན་ ཁོ་པའི་གང་བཤད་པ་དེའི་འདོག་ཆོག་དེར་ངོས་འཛིན་ན་ བདེན་པ་དེ་ཤེས་པ་རེད་ དེར་རྟེན་དེང་སང་གོང་ས་མཆོག་ལ་ཞེ་ས་ཚིག་འགའ་རེ་བཏོན་པ་དེར་ ལམ་སེང་བཟང་ཕྱོགས་ཞིག་དུ་ངོས་འཛིན་དང་ཡིད་མཆེས་བྱེད་རྒྱུ་དེ་ད་ལྟ་སྔ་དྲགས་པ་མིན་ནམ་ གཡོ་དང་བསླུ་འཁྲིད་ལ་མཆོག་ཏུ་གྱུར་ཞིང གོ་སྐབས་ལའང་བེད་གཏོང་མཁས་པའི་གུང་ཕྲན་གྱིས་ད་ཆ་གཡོ་ཁྲམ་གྱི་རྣམ་པ་གསར་པ་ཞིག་བཏོན་པ་དེ་ནི་ངན་བྱུས་ཀྱི་ལག་ཆ་ཞིག་དུ་བེད་སྤྱོད་པ་ལས་ གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་མཚན་ཐོངས་བརྩི་བ་ཞིག་ལ་ཡིད་ཆེས་བྱེད་ཀྱི་མེད་ མཚན་ཐོངས་ཡིན་ནམ་ གཡོ་བཤད་ཡིན་ དེ་ནི་ཉི་མ་རིང་དུ་རིང་དུ་དང་ རྩམ་པའང་ཞིམ་དུ་ཞིམ་དུ་འགྲོ་དུས་ དོན་ངོ་མ་དེ་ཡང་གསལ་དུ་གསལ་དུ་ཤེས་རྒྱུ་ཞིག་རེད་།
གོ་སྐབས་དང་ཁེ་ཕན་ཁོ་ནར་འབད་རྩོད་གནང་པའི་གཞུང་ཞིག་ཡིན་ན་དགོས་མཁོའི་སྐབས་ཁ་སྙན་པོ་བཤད་པ་ནི་འགྲོ་སྟངས་ཤིག་རེད། ད་ཐེངས་ཁོ་ཚོའི་གུང་ཁྲན་ཏང་གི་རྒྱལ་ཁབ་བཙུགས་ནས་ལོ་དྲུག་ཅུ་འགྲོ་པའི་དུས་ཚོད་ད་སྔ་བཀོད་མ་མྱོང་པའི་༧གོང་ས་མཆོག་གི་མཛུམ་པའི་ཞས་རས་འཁོད་ནས་བོད་རིགས་ཚོ་མགོ་འཁོར་བཅུག་གི་ཡོད་པ་རེད། རྒྱ་གཞུང་གི་གཡོ་ཇུས་མཐོང་དུས་ང་ནི་སྙིང་ན་སྡོད་ཐུབ་མི་འདུག
ང་ཚོ་བོད་རིགས་ཚོས་འདི་ཡང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ཡིད་ཆེས་བྱེད་པ་ནི་ལྐུགས་དྲགས་པ་རེད་མ་གཏོགས་གཡོ་ཇུས་ཀྱི་རྒྱབ་ལྗོངས་ཙམ་ཡང་མཐོང་ག་ལ་སྲིད།
དམར་ཕྱོགས་ཀྱི་གསར་ཤོག་འདྲ་མིན་ཏེ་བོད་ཡིག་དྲ་ངོས་དང་ཚགས་པར་སོགས་ཀྱི་རྩོམ་སྒྲིག་དང་ཡིག་སྒྱུར་
ཡོད་ཚད་དེ་རུ་ལས་ཀ་གཉེར་བཞིན་པའི་བོད་མིའི་བྱ་བ་ཡིན་པ་ལས་རྒྱ་མི་བོད་ཤེས་པ་དག་གིས་ལས་ཀ་མིན་
པར་འདོད། དྲིལ་བསྒྲགས་ཀྱི་བྱ་བ་ནི་ཆབ་སྲིད་ལ་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན་ཏེ། དེ་ཡིས་
ཀློག་མཁན་དང་དམངས་ཀྱི་གླེང་གཞི་དང་བསམ་བློ་སྟེ་ཆུ་སྣ་གར་ཁྲིད་ཆོག་ལ། གླིང་ལ་ལྟ་བའི་མིག་མེད་མཁན་
དག་ལ་བདེན་པ་རྫུན་དུ་བཟོ་ཐུབ་ལ། རྫུན་གཏམ་དེ་བདེན་དོན་དུ་བསྒྲགས་སྲིད་པ་རེད།
དེ་བས་ཁ་སང་དམོད་པ་དང་དེ་རིང་ཞེ་ས་སྦྱོར་བ་ཙམ་ལས་དགའ་སྐྱོ་ཅི་ཡང་མེད་དེ། གཙོ་བོ་རང་ཉིད་ལ་
བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ནུས་པ་དེ་དགོས་པ་རེད།
དྲ་གྲོགས་གཅན་བཟོད་རྒྱམ་ལགས།
ཀྲུང་གོའི་བོད་ལྗོངས་དྲ་རྒྱ་ལ་ལྟ་ཀློག་བྱེད་ཐུབ་ཀྱི་རེད་བསམ། དེར་བཀོད་པའི་བོད་ཡིག་ནི་ཧི་གཟུགས་རེད།
གོང་གསལ་པར་དེ་ཀྲུང་གོའི་བོད་ལྗོངས་དྲ་ཐོག་ན་དངོས་སུ་འདུག ཁྱེད་རང་གཟབ་ནན་ངང་ཡང་བསྐྱར་དྲ་ཚིགས་ zw.tibet.cn འདིའི་ནང་འཛུལ་དང་འཆར་ངེས་ཡིན་སྙམ།
གྲོགས་པོ་ལགས། འདི་ངན་འཇུས་ཞིག་རེད་འདུག དཔང་རྟགས་ཡོད། ཁྱེད་ཀྱིས་རྒྱ་ཡིག་གི་གོང་གསལ་གསར་འགྱུར་ཁག་ལ་གཟིགས་དང་། དེའི་ནང་རྒྱལ་་བ་རིན་པོ་ཆེར་ངན་སྨྲས་སྔར་ལས་ཚ་བ་དང་། ཕྱོགས་ཡོང་ནས་ངོ་རྒོལ་བྱེད་ཀྱི་འདུག གཤམ་གྱི་དྲ་རྒྱ་འདི་རྒྱ་ཡིག་གི་དྲ་རྒྱ་དང་གོང་གི་འདི་བོད་ཡིག་རེད། ཁྱད་པར་ཆེན་པོ་རེད།
http://tibet.cn/news/zddx/index.htm
བསོད་ནམས་བདེ་སྐྱིད་ཀྱིས་ཟེར་བ་དེ་བདེན། བོད་རེ་བས་ཕུང། རྒྱ་དོག་པས་ཕུང། ཞེས་གཏམ་དཔེར་ཡོད། བྱས་ཙང་བོད་པ་ཚང་གི་གཟབ་གཟབ་གནང་རྒྱུ་གལ་ཆེ་་་་་་་་་་་་་་་་་་་་་་་་་་་་་་་