འདི་ལ་རློམ་རྒྱུ་རེ་ཨེ་ཡོད། Posted on 2008-08-10 By ཡེ་ཤེས་ 5 Comments on འདི་ལ་རློམ་རྒྱུ་རེ་ཨེ་ཡོད། ད་ནངས་ནས་བོད་ནང་དང་རྒྱ་ནག་ཏུ་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ལ་ལྟ་ཀློག་བྱེད་ཐུབ་ཀྱི་འདུག་པས། འདི་ནི་རྒྱ་ནག་གི་གཡོ་ཇུས་ཤིག་རེད་དམ་བཟང་ཕྱོགས་ཀྱི་རྣམ་འགྱུར་ཕྲན་བུ་ཞིག་རེད། རེ་བ་ཅན་གྱི་དྲ་གྲོགས་ཚོ། གསར་འགྱུར།
བདུན་ཕྲག་སྔོན་མའི་གཟའ་ལྷག་པ་ཙམ་ཞིག་ལ་ང་ལ་ཡང་དེ་འདྲ་བརྗོད་མཁན་ཞིག་བྱུང་། ཨ་རིའི་བོད་སྐད་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གཉིས་ཆ་ལ་དགག་བྱ་མེད་པ་བྱས་པ་རེད་ཟེར། ད་དུང་ཨེ་ཤ་ཡ་ནས་གསར་འགོད་པ་ཞིག་ཀྱང་པེ་ཅིན་ལ་སོང་སྐད་འདུག “ཨེ་ཤི་ཡ། ཨེ་ ད་ ཤི་ཡ། ཨེ་ ཤི་ཡ”
ཨེ་ཤི་ཡ་ལ་ཤི་རེ་བྱེད་རྒྱུ་ཅི་ཡོད། ཐ་ན་ཨ་མདོ་ནས་ངའི་ཨ་ཞང་གིས་རྒྱལ་བ་ཚང་གི་སྐོར་ལ་མ་གཏོགས་དེ་ཚོའི་སྐད་ཆ་ལའང་ཉན་རྒྱུ་ཆེན་པོ་མེད་ཀི་ཟེར། ཁོ་ནི་ཞིང་པ་ཞིག་རེད། རིག་གནས་ཡོད་མཁན་ཚོས་དེ་ལས་ཀྱང་གདེང་འཇོག་ཆུང་བ་འདུག ངས་དེ་ཚོས་ཁྱེད་ཚོས་གོ་མི་ཐུབ་པའི་གནས་ཚུལ་བཤད་ཀྱི་ཡོད་པ་རེད། གསར་འགྱུར་ནི་གསར་འགྱུར་རེད། དེ་ལ་འཐད་མི་འཐད་དང་བཟང་ངན་ཞིག་འབྱེད་རྒྱུ་ཡོད་དམ་ཅེས་དྲིས་པ་ན། བོད་ནང་གི་གནས་ཚུལ་ཁོང་ཚོ་ལས་ང་ཚོས་ཤེས་ཀྱི་རེད་ཟེར།
འདི་ལ་རྩ་ནས་མ་རློམ་ན་འགྲིགས་ཀྱི་མི་འདུག་ལ་རློམ་རྒྱུ་མང་དྲགས་ན་ཡང་འགྲིགས་ཀྱི་མི་འདུག དེ་ནི་རྒྱ་ནག་ལ་རེ་བ་མ་རྒྱབ་ན་མི་འགྲིགས་ལ་རེ་བ་རྒྱག་རྒྱུ་མང་དྲགས་ནའང་འགྲིགས་ཀྱི་མེད་པ་ནང་བཞིན་མ་རེད་དམ། གལ་སྲིད་ངས་རེ་བ་རྒྱག་རྒྱུ་མང་དྲགས་མེད་ན་ང་ཚོ་རེ་བའི་སྐེ་མཚམས་ཤིག་ལ་སླེབས་བསྡད་ཡོད་པ་རེད་སྙམ།

ངའི་ཁོག་སྟོང་ཡིན་པའི་མགོ་བོ་འདི་ད་ནི་གདུགས་བཞིན་འཁོར་སོང་།

མགོན་པོ་བདེན།