ཧི་མ་ལ་ཡའི་འཕྲུལ་སྨྱུག
སྐད་གྲགས་ཆོད་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ཟེར་བའི་མི་དེ་རྣམས་ཀྱི་འགྲོ་ལུགས་འདུག་སྟངས་ལ་གཅིག་ལྟོས་དང༌། ཁོ་ཚོའི་ཁྲོད་དུ་མི་གསོད་མཁན། དམག་རྒྱག་མཁན། རྐུ་མ་རྐུ་མཁན། སྐྱག་རྫུན་ཤོད་མཁན། ཆང་རག་འཐུང་མཁན། ཤོ་རྒྱན་འགྱེད་མཁན། གཞང་འཚོང་མཁན། ཕྱུགས་བཤའ་མཁན། ཉ་བཟུང་མཁན་སོགས་བྱ་བ་སྡུག་རིགས་ངན་ཚད་བྱེད་མཁན་རྐྱང་མ་གཏོགས་ཡ་རབས་ཚུལ་མཐུན་གྱི་འཚོ་བ་རོལ་བའི་མི་མང་པོ་བགྲང་རྒྱུ་མེད། ༼ཁྱོད་རང་གིས་སྐབས་འདིར་ཚད་ལྡན་དུ་བརྩིས་ཏེ། ལུང་གང་མང་དྲངས་གནང་བའི་ཨ་མདོ་བ་དགེ་འདུན་ཆོས་འཕེལ་ཡང་དེར་ཐལ་ཏེ། ཁོང་གི་སྤྱོད་པ་ཅི་ཞིག་མཛད་ཀྱི་ཡོད་མེད་ནི། ཁོང་རང་གིས་རྩོམ་དེབ་རྣམས་ཁྱེད་ནས་མ་མཐའ་ཡང་ཚར་གཅིག་ཀློག་ཟིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ།
དེར་བརྟེན་སྐུ་ཉིད་ནས་དགེ་ཆོས་ཁོང་གི་མཛད་རྣམ་ཡ་མ་ཟུང་རྣམས་ལ་འགྲེལ་བཤད་ཇི་ལྟར་བྱེད་པ་ལྟར་དུ། ཁོ་བོས་ཀྱང་མགོ་སྦྲེལ་གྱི་རིགས་པ་དེ་བཞིན་དུ་སྨྲ་ཏེ། དེའི་ལན་ནི་གང་དང་གང་བཏབ་པ། །དེ་དང་དེའི་དམ་མཚུངས་པར་མཐོང༌། །རྩོད་དེ་བསེལ་བྱེད་མཁས་པ་རྣམས་ཀྱི་ནི། །དགར་ཡང་དབྱེ་གསལ་འདི་ཡིན་མ་གསུངས་སོ། །ཞེས་དཔལ་ལྡན་ཟླ་བས་དབུ་འཇུག་ལས་རིག་པ་དེ་མཚུངས་ཤིག་གསུངས་པ་དེ་ཁ་སྒྱུར་བྱས་པ་ཡིན་ལ།
གལ་སྲིད་ཁྱེད་ཀྱིས་བཞེད་འདོད་ལྟར་དུ་གྱིས་ན། འཇིག་རྟེན་འདིར་ལམ་ནོར་ལྡོག་ཤེས་ཀྱི་བྱ་བ་ལ་འཇུག་མཁན་ཞིག་ཡེ་ནས་མི་སྲིད་པར་ཐལ་བ་དང༌། ད་ལྟའི་ཁྱེད་རང་ཡང་སྔོན་དུས་ཁྱེད་རང་གི་ཨ་མ་ལས་སྐྱེས་མ་ཐག་པའི་བྱིས་པ་དེ་ག་རང་ཡིན་པ་ཐལ། མི་ལ་བཟང་ངན་དང༌། ཤེས་རྒྱ་ཆེ་ཆུང༌། སྔ་ཕྱིའི་འགྱུར་ལྡོག འཕྲལ་ཡུན་གྱི་དགོས་སྟུན་སོགས་འགྱུར་བ་གཏན་ནས་འགྲོ་རྒྱུ་མེད་པ་ནི། གོང་བཀོད་གྲུབ་ཆེན་རྣམ་པའི་སྤྱོད་པ་ལ་སྙོན་འཛུག་མཛད་པའི་གཏན་ཚིག་དེ་རྣམས་ཀྱིས་ཆེས་གསལ་བར་གྲུབ་བོ།།༽
སྐད་གྲགས་ཆོད་པའི་རྒྱ་གར་གྲུབ་ཆེན་ཅིག་གིས་གཉུག་སེམས་མངོན་དུ་འགྱུར་བཞིན་པའི་སྐབས་ལ་ཕྱི་ཡི་བྱ་བ་རི་དྭགས་རྒྱག་པ་སོགས་ལས་བཟང་ངན་གང་བྱས་ནའང་། གཞན་ལ་ཕན་གནོད་ཀྱང་མེད་ལ། གྲུབ་ཆེན་རང་ཉིད་ལ་ལས་བཟང་ངན་གང་ཡང་མི་གསོག་པར། བདེ་བ་ཆེན་པོ་སྐྱེ་བའི་རྒྱུ་འབའ་ཞིག་ཏུ་གྱུར་བ་དེ་ཡང་། ཤེས་པ་ལ་བརྩོན་པར་མཛོད་ཅིག
འདི་ཚོ་ད་ལྟ་ཡོད་ན་བཙོན་ཁང་ནང་བཅུག་རྒྱུ།
དམག་རྒྱག་ཆང་འཐུང་བྱས་ན་ཡང་། །
ཀུན་གྱིས་སྤྱི་བོར་བཀུས་བ་འདི། །
རྟེན་འབྲེལ་རྒྱུ་ཚོགས་བཟང་བར་ངེས། །
དེ་མིན་མི་མངས་སྨྱོ་བར་ཐལ། །
གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དང་བརྒྱད་ཅུ་འདྲེན་ཚུལ་གཉིས་ཡོད་པ་གང་ཡིན་ཞེ་ན། གྲུབ་ཐོབ་ཕོ་བརྒྱད་ཅུ་དང་གྲུབ་ཐོབ་མོ་བཞི་ཡོད་པར་གསུངས། སེམས་ཉིད་ངལ་གསོ་ལས། གང་གིས་བསྐྱེད་རིམ་བསྐལ་བར་བསྒོམ་པས་ཀྱང་།།བླ་མ་སྐད་ཅིག་དྲན་པ་མཆོག་ཏུ་གསུངས།།ཞེས་གསུངས་པ་ལྟར་བླ་མ་འདི་དག་གི་ཡོན་ཏན་དྲན་པས་དད་ལན་གཅིག་སྐྱེ་བ་ཡང་བསོད་ནམས་ཆེའོ།།
ཧི་མ་ལ་ཡིས་འཕྲུལ་སྨྱུག་ཟེར་བ་འདི་ཡང་རྒྱ་མ་གང་གི་ནང་དུ་ཞོ་གཅིག་གཉིས་གཅིག་ཆད་པ་གདོན་མི་ཟ། སྙིང་རྗེ་གྲུབ་ཆེན་བརྒྱད་ཅུ་ལ་སྐྱོན་ཞིག་རྙེད་གི་འདོད་གི་ནི་རེད། སྙིང་རྗེ་ཡ་རེད
དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །
སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །
དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །
ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །
ཚུལ་འདི་བསམས་ན་མདུན་མ་ལེགས་ནས་གདའ། །
བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །
རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ནི་ཇག་པ་རྐྱང་རྐྱང་ཡིན་ལ། བོད་ཀྱི་རྣལ་འབྱོལ་བ་ཆེན་པོ་རྣམས་ཀྱང་སྨྱོན་པ་རྐྱང་རྐྱང་རེད།
རྟོག་གེ་རིག་པའི་གཞལ་ན་རྫོགས་པའི་སངས་རྒྱས་ལ་ཡང་
སྐྱོན་གྱི་གོང་བུར་མཐོང་ངེས་སོ།
ཉོན་མོངས་རྐུ་མ་རྒྱག་མཁན་ཉན་ཐོས་རེད། །
གཅེས་འཛིན་འབུར་བཅོམ་བྱེད་མཁན་བྱང་སེམས་རེད། །
ངར་འཛིན་ཇག་འཕྲོག་བྱེད་མཁན་སྔགས་པ་རེད། །
རྐུ་འཕྲོག་ཇག་པ་གསུམ་ནི་སྐྱབས་གནས་རེད། །
བདག་འཛིན་ནང་དུ་སྦེད་མཁན་ཉན་ཐོས་རེད།།
ཁ་ཤོབ་དོན་སྟོང་ཀླད་མེད་བྱང་སེམས་རེད།།
དུག་གསུམ་ཆོལ་པོར་སྤྱད་མཛད་སྔགས་པ་རེད།།
སླུ་འདྲིད་འཁོར་ལོ་སྐོར་བའི་ལྟེ་བོ་རེད།།
ཉན་ཐོས་ཀྱིས་ནི་སྡིག་སྤོང་ཚུལ་ཁྲིམས་བསྲུང་། །
བྱང་སེམས་ལྡན་པས་ཉེས་བྱེད་བསླབ་པ་བསྲུང་། །
རྡོ་རྗེ་ཐེག་པས་དམ་ཚིག་སྡོམ་པ་བསྲུང་། །
གསུམ་ལྡན་རིག་པ་འཛིན་པས་སྲུངས་འགྱུར་ཅིག །
གཞན་གནོད་བཞི་བཅས་སྤངས་བ་ཉན་ཐོས་ཏེ།
སྙིང་རྗེས་གཞན་དོན་ལྷུར་ལེན་བྱང་སེམས་ཏེ།
བདེ་མྱུར་ལམ་གྱིས་འཕགས་པ་གསང་སྔགས་ཏེ།
གསུམ་ལྡན་འཛིན་པས་འགྲོ་དོན་མཁའ་ཁྱབ་ཤོག།
སྔོན་གྱི་ཉན་ཐོས་རྫུ་འཕྲུལ་ཆེ་རབ་དང༌།།
སེམས་དཔའ་ཆེ་རྣམས་རྟོགས་པ་མངའ་རབ་དང༌།།
གྲུབ་ཐོབ་རྣལ་འབྱོར་གྲུབ་རྟགས་ཆེ་རབ་རྣམས།།
དེང་གི་དུས་སུ་ནམ་མཁའི་འཇའ་ལྟར་ཡལ།།
སྡིག་གསོག་མི་ཆོག་ཉན་ཐོས་ལུགས། །
རང་དོན་མི་ཆོག་བྱང་སེམས་ལུགས། །
རང་སྣང་མི་ཆོག་གསང་སྔགས་ལུགས། །
ལུགས་གསུམ་གོང་ནས་གོང་མཐོར་ཡོད། །
གྲུབ་ཆེན་བརྒྱད་ཅུ་ལ་ན་མོ།
དམག་ཐབ་དྲག་ཤུལ་སྤྱོད་པ་ངོམ་སྟེ་སྟན་པ་སྤེལ་མཁན་ཁ་ཆེ་དང༌།
སླུ་འདྲིད་འཇབ་བུའི་སིབ་འཛུལ་ངང་ནས་ཆོས་ལུགས་སྐྱོང་མཁན་ཡེ་ཤུའུ་བ།།
རང་ཚུགས་མ་ཟིན་གཞན་དཔེ་སྒྱུར་མཁས་ཉེ་དུས་བོན་པོའི་ཚུལ་ལུགས་དང༌།།
སྟོང་གཏམ་ཧད་སྒྲོགས་འཁོར་ལོ་བསྐོར་མཛད་ནང་བསྟན་དེ་ཡང་འབྲིང་ཙམ་སྙམ།
མི་བསད་རྟ་འགྱེལ་བོད་ཁམས་ཕུངས་མཁན་བོད་ཀྱི་ནང་བསྟན་པ། ནང་པ་གཞན་ལས་ཕོ་རོག་དཀར་པོར་འཐོན་མཁན་བོད་ཀྱི་ནང་པ། ད་གྲུབ་ཆེན་བརྒྱད་ཅུ་དང་འབྲུག་སྨྱོན་རྭ་ལོ་དེ་ཚོས་ཅི་བྱས་རབས་རང་ཉིད་ཀྱིས་རང་ཉིད་མདངས་གསོལ་བྱེད་ཡོང་གི་འདུག་གྭ