ཟླ་བ་ཆོས་གྲགས།
སྤྱི་ལོ་༢༠༡༣ ཟླ་༤ ཚེས་༡༨ ཉིན་གྱི་ཞོགས་པ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཁམས་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་བྱུང་སྟེ་ཡུལ་མི་རྣམས་ལ་སྡོད་གནས་དང་ཁང་པ་གསར་བཟོ། དཔལ་འབྱོར་གྱི་གྱོང་གོད། རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་སྣ་ཚོགས་སོགས་ལག་ལེན་བསྟར་བའི་དཀའ་ངལ་མི་ཉུང་བ་ཞིག་དང་ཕྲད་དང་འཕྲད་མུས་ཡིན་པ་ལྟར། དེ་རིང་དང་ཁ་སང་གི་གནས་ཚུལ་ཡང་མི་སྤྱོད་ལས་འདས་པའི་གཏོར་གཤིགས། རྡེག་རྡུང་། བཙོན་འཇུག །ཁྲིམས་ཆད། མནར་གཅོད་བྱེད་བཞིན་པ་ནི། ངའི་གྲོགས་པོ་ཞིག་གིས་བཤད་དོན།
“དེང་སང་རྒྱལ་ཁབ་ནི་ཉིན་རེའི་གསར་འགྱུར་རེད་པས། ཆབ་སྲིད་དེ་ཚོ་ཡང་ཉི་མ་རེ་རེ་ལ་སྲིད་བྱུས་རེ་ཡོང་གིན་འདུག སྐབས་རེ་ཁང་པ་ཡར་རྒྱག་གིན་འདུག་བསམ་བསམ་རེད། སྐབས་རེ་ཁང་པ་མར་བཤིགས་ཀྱིན་འདུག་བསམ་བསམ་རེད། ཨར་ལས་དེ་ཚོ་ལ་ནི་མཐའ་ཞོག་འགྲོ་རྒྱུ་གཅིག་ཀྱང་ཡོད་ས་མ་རེད།
དེ་འདྲ་གཅིག་གི་དུས་ཚོད་ལ། ས་གནས་འདིའི་མི་སེར་རྣམས་ལ་དཀའ་སྡུག་མེད་པ་ནི་གཅིག་ཀྱང་ཡོང་ས་མ་རེད། དེ་འདྲའི་དཀའ་སྡུག་ཞིག་གི་འོག་ཏུ་ཡོད། ཁ་སང་ཤག་གནས་ཚུལ་མང་པོ་ཞིག་བྱུང་སོང་།
ཤིང་ཟེ་ཞེས་པའི་ས་ཤོག་གཅིག་ནས་ཁང་པ་ཉིས་བརྒྱ་ལྷག་ཙམ་བཤིགས་སོང་། བཀྲ་ཤིས་དར་ཐང་གི་ས་ཤོག་ནས་ཁང་པ་བརྒྱ་ལྷག་ཙམ་བཤིགས་འདུག་ཟེར།
རྒྱུ་མཚན་ནི་གཞུང་འབྲེལ་མ་ཡིན་པའི་ཁང་པ་རེད། ཁྲིམས་འགལ་གྱི་ཁང་པ་རེད། དེ་འདྲ་ཞིག་ལབ་ཀྱིན་འདུག གང་འདྲ་ཡིན་མིན་ཅི་ཧ་མི་གོ ཁང་པ་གོང་ཆེ་བ་ལ་རྒྱ་སྒོར་ཁྲི་བརྒྱད་ཅུ་དང་དྲུག་བཅུའི་བར་འགྲོ་སོང་བཏང་ཡོད་རེད་ཟེར་གྱིན་འདུག དེ་ཚོ་ནི་མི་སྒེར་པས་བརྒྱབས་པ་རེད་འདུག
དེ་ཡིན་དུས་ཙམ་པར་དེང་སང་དཔེ་མི་སྲིད་པའི་འཚུབ་ཆ་དང་ཟིང་ཆ་ཆེན་པོ་རེད་འདུག ཁ་སང་ཁྱིམ་བདག་འགའ་ཤས་ཀྱིས་ཁང་པ་བཤིག་མི་བཅུག་པའི་ངོ་རྒོལ་བྱས་ཡོད་པ་རེད། མི་གྲངས་སུམ་ཅུའི་ནང་འཛིན་བཟུང་བྱས་ཟིན་པ་རེད། ཨ་ཞེ་ཁ་ཤས་ཤིག་རྒྱུག་ཡོད་ས་རེད། ཨ་ཞེ་ལྔ་དྲུག་ཙམ་ཞིག་སྨན་ཁང་དུ་སྐྱེལ་དགོས་པ་བཟོས་འདུག དཔེ་མི་སྲིད་པའི་རྒྱག་རྡུང་བྱས་ནས། ཤི་དང་མི་ཤིའི་གནས་ཚུལ་རེད་འདུག །”
ཕྲན་གྱིས་དྲིས་པ། ཁྱེད་ཚོའི་ཁང་པ་གང་འདྲ་སོང་།
“ང་ཚོའི་ནང་གི་ཁང་པ་དེ་ལ་གཞུང་གིས་ཁ་བརྒྱད་ཅུ་ཅན་ཞིག་བཀབས་ཡོད་རེད། དེ་མ་གཏོགས་གང་ཡོད་པ་མ་རེད། གསང་སྤྱོད་ཅིག་བཟོས་ཡོད་རེད། དེ་ཁ་སང་ཁོ་ཚོས་གཤིགས་ནས་སྐྱག་པ་དང་མཉམ་དུ་ཁུར་སོང་།”
ཁོས་བཤད་པའི་སྐད་ཆ་འཕྲིན་ཕྲིན་ནས་འབྱོར་བ་རྣམས་ཕྲན་གྱིས་ཕ་ཡུལ་གྱི་ཁ་སྐད་ནང་བཞིན་ཡིག་ཐོག་ཏུ་ཕབ་པ་འདིར། ཀློག་པ་པོ་འགའ་རེས་ཅུང་གོ་མི་བདེ་བ་ཡོད་སྲིད་ནའང་དགོངས་འགལ་མེད་པར་ཞུ།
ཁང་པ་བཤིག་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ཤེས་པ་གནང་དགོས། ཁྲིམས་འགལ་གྱི་ཁང་པ་ཡིན་མིན་ཡང་བལྟ་ཞིབ་གནང་དགོས་པ་འདུག།
ཁ་ཧུམ་ཧུམ་ནས་གཏམ་ཕཊ་ཕཊ་་་་་་འདི་འདྲ་ཅང་ཟེར་ནས་རྒྱུ་མཚན་དང་ཁུང་ལུང་གང་ཡང་མེད་པ་ཅང་ཅང་་་་་་ཧཧཧཧཧཧཧཧ