ལོག་སྨྲ་ཚར་གཅོད།
སྲིད་སྐྱོང་མཆོག་དང་སྤྱི་འཐུས་
རང་བཙན་བར་དུ་བདག་གིས་རེ་བ་བཅོ
བདག་གིས་འོས་ཤོག་ཕུལ་བ་འདི་དག་
ས་ཡ་དྲུག་གི་འདོད་དོན་འགྲུབ་པར་
རང་བཙན་རང་བཙན་ཟེར་ནས་སུམ་བཅུ་
རང་སྐྱོང་རང་སྐྱོང་ཟེར་ནས་ཉི་ཤུ
རྒྱ་ཡི་ཁྲིམས་འོག་ཟེར་ནས་ཅུང་
དམིགས་ཡུལ་བརྟན་པོ་མེད་པའི་རྣམ་
བོད་གཞུང་བོད་གཞུང་ཟེར་ནས་ལྔ་
བཀའ་ཁྲི་བཀའ་ཁྲི་ཟེར་ནས་ཉི་ཤུ་
སྒྲིག་འཛུགས་སྲིད་སྐྱོང་ཟེར་ནས་
ལང་ཕྱོགས་བརྟན་པོ་མེད་པའི་རྣམ་
རང་དབང་སྒེར་ལང་བྱས་ནས་ལྔ་བཅུ་
རྒྱ་བོད་གྲོས་མོལ་བྱས་ནས་བཞི་
རང་ལུས་མེ་ལ་བསྲེགས་ནས་ཅུང་འགའ་
བོད་མི་རྩ་སྟོང་འགྲོ་བའི་རྣམ་
རང་དབང་རང་དོན་ལོ་ངོ་སྟོང་དུ་སྒྲུབས།།
གྲོས་མོལ་དུས་རབས་བགྲང་བྱ་འབུམ་དུ་རེམས།།
གཞན་ཆེད་རང་ལུས་དོར་དགོས་འགྱོད་པ་མེད།།
བོད་མིའི་སྙིང་སྟོབས་རབ་བརྟན་རྩ་བར་ངེས།།
བོད་གཞུང་སྒྲིག་འཛུགས་མཚན་བསྒྱུར་བཏགས་ཙམ་ལགས།།
བཀའ་ཁྲི་སྲིད་སྐྱོང་བཏགས་པའང་མིང་ཙམ་ལགས།།
ཡུལ་དུས་སྐབས་བསྟུན་མིང་འདོགས་ཇི་ལྟར་ཡང་།།
ཀུན་ཕན་དབུ་མའི་ལམ་བརྟན་རྩ་བར་ཚུགས།།
རང་བཙན་ལོ་རྒྱུས་བདེན་པ་རྡོ་བོར་བརྐོས།།
རང་དབང་བདེ་སྐྱིད་བྲལ་ན་རང་བཙན་ཅི།།
བདེ་སྐྱིད་ཡོད་ན་སུ་ཡང་བཀུར་འོས་ན།།
རང་དབང་བདེ་སྐྱིད་དམིགས་ཡུལ་ཅི་ལས་མིན།།
རང་བཙན་རྩོད་དང་མ་རྩོད་བཙན་བཀའ་མེད།།
རང་བཙན་སྒེར་ཚུགས་ཁེར་རྐྱང་འཐོབ་འདོད་ན།།
རང་ནུས་རང་ལ་མང་ཞིག་ཚང་དགོས་ལགས།།
རང་ལ་ཚང་དང་མ་ཚང་ཞིབ་དཔྱད་འཚལ།།
མི་དམངས་གཞུང་ལ་སྡང་དུས་རྒྱལ་ཁབ་འཇིག །
གཞུང་གིས་གནས་གཞི་གཡར་དུས་སྐྱབས་བཅོལ་གྱུར།།
དུས་ངན་ཟེར་ན་མི་ངན་མང་དུས་སྙམ།།
བདག་གིས་རང་སེམས་བརྟག་ནས་མི་ངན་བསད།།
བོད་མིའི་མཐུན་སྒྲིལ་ཕ་ལམ་རྡོ་ལས་མཁྲེགས།།བོད་མིའི་སྙིང་སྟོབས་ཏེ་སེ་གངས་ལས་མཐོ།།བོད་དོན་ལོ་ངོ་ཁྲི་ལ་བསྒྲུབ་དགོས་ཀྱང་།།སྐྲག་ཤོར་རྣམས་ཀྱིས་སྐད་ངན་ཤོར་དགོས་མིན།།
རང་བཙན་རང་བཙན་ཟེར་ནས་ལོ་མང་ཕྱིན།།
རང་སྐྱོང་རང་སྐྱོང་ཟེར་ནས་ལོ་མང་ཕྱིན།།
རང་བཙན་རང་སྐྱོང་རྩོད་ནས་ལོ་འགའ་ཐལ།།
རང་དབང་སྟོང་པར་གྱུར་པའི་རྣམ་ཐར་ཡིན།།
རང་བཙན་ལེན་རྒྱུ་ཡོད་མདོག་ཡུལ་བགྱར་བྱས།།
རང་སྐྱོང་འཐོབ་རྒྱུ་ཡོད་མདོག་གྲོས་མོལ་བྱས།།
རང་དབང་རང་ཡུལ་ལོག་དུས་མེད་པ་འདི།།
གཞན་ཡུལ་གཡོག་པོར་འགྲིམས་རྒྱུའི་རྣམ་ཐར་ཡིན།།
རང་དབང་རང་དབང་ཁ་གཡང་བསྒྲོགས་དང་གཅིག།།
རང་ལ་ཅི་ཡང་དབང་རྒྱུ་མེད་དང་གཉིས།།
རང་ཡུལ་བཞག་ནས་གཞན་ཡུལ་འགྲིམས་དང་གསུམ།།
རང་དབང་གཞན་ལ་བཙོང་བའི་རྣམ་ཐར་ཡིན།།
རང་བཙན་མགོ་བསྐོར་བཏང་ནས་ལོ་མང་ཕྱིན།
རྒྱ་བོད་གྲོས་མོལ་ཟེར་ནས་ལོ་མང་ཕྱིན།
དབུ་མ་རང་སྐྱོང་བསྒྲགས་ནས་ལོ་འགའ་ཕྱིན།
ཅི་ཡང་མེད་པ་མགོ་བཏགས་ཞུ་ཐབས་ཡིན།
རང་བཙན་རྩོད་མཁན་རྒྱ་གཞུང་རྒྱུ་ཁྱི་ཟེར།
དབུ་མའི་ལམ་དེ་གོང་སའི་བཀའ་དགོངས་ཟེར།
བོད་མིའི་རྨོངས་དད་རང་དབང་འཐབ་རྩོད་ཟེར།
གང་ཟེར་ཆ་མེད་རྒྱ་ཁྲིམས་སྲུང་ཐབས་ཡིན།
མང་གཙོ་ལམ་ལུགས་གཅིག་གིས་ཁ་ཕྱོགས་བསྒྱུར།
ཆོས་དད་རང་དབང་གཅིག་གིས་བཀའ་སྒོས་ལྟར།
བོད་མིའི་བདེ་སྡུག་གཅིག་གིས་སྒྲུབ་པ་བསྒྲགས།
བོད་མི་ས་དྲུག་སྟོང་ཟད་འགྱུར་བའི་རྟགས།
སྡུག་སྐད་མ་རྒྱགས། མ་གོ་མ་ཐོས་མེད་པར་གསལ་བསྒྲག་ལ་ཉོན།
སང་ཉིན་ནས་བཟུང་། འཛམ་གླིང་གི་ནུས་པ་ཅན་སྐྱེས་བུ་སྒེར་དང་ཚོགས་པ་ཆེ་ཆུང་གང་དང་། ཆེ་བ་རྒྱལ་ཁབ་གང་ཞིག་གིས་བཙོན་པ་ཆུང་ཤས་སུ་གྱུར་མྱོང་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཙོན་གྲོལ་བཏང་ཏེ་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་དང་ལྡན་པ་ཞིག་བྱེད་ནུས་ན། ནུས་ཅན་དེ་ལ་བདག་གིས་ཨ་སྒོར་ས་ཡ་དྲུག་ཅུ་སྤྲོད་པའི་ཁས་བླངས་པ་ཡིན།
མཇུག་མཐར་བོད་མི་ཡོངས་ལ་གུས་པས་ཞུ་རྒྱུར། རང་ཉིད་ཀྱི་རྐང་པར་བརྟེན་ནས་ཨ་སྒོར་བཅུ་རེ་བསོགས་སྟེ་གཏམ་བཟང་ལ་སྒུག་ཨ། ཆིག་སྒྲིལ་གྱི་ནུས་པར་གཟིགས་ཨ། བཀྲ་ཤིས་བདེ་ལེགས།