ཧི་མ་ལ་ཡའི་འཕྲུལ་སྨྱུག
དེ་ལྟའི་ངང་ནས་མི་ལོ་བརྒྱ་ཕྲག་མང་པོ་ཞིག་སོང་བའི་རྗེས་གཞི་ནས་༼ཡོངས་གྲགས་སུ་གྱུར་པའི་སླད་དུ། སེམས་ཙམ་སྟོན་པའི་མདོ་བཅུ་ལ་སོགས་པའི་དགོངས་པ་རྣམས་༽སྔོན་གྱི་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སོགས་ཀྱིས་གསུང་རབ་རྣམས་འདོན་པ་ཅུང་ཟད་མི་འདྲ་བ་༼ཕྱི་དོན་རིགས་པས་འགོག་ཅིང་རྣམ་ཤེས་བདེན་པར་འདོད་པ་སོགས་༽ཁ་ཅིག་གིས་འདོན་ཞིང༌། འདས་རྗེས་ཀྱི་ལོ་ཆིག་སྟོང་ལ་ཉེ་བའི་སྐབས་སུ་༼གཏད་རབས་བདུན་ལ་སོགས་པའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་མ་བཀྲལ་བའི་ཆོས་མཛོད་ཆེན་མོ་འདི་ནི།༽ ད་གཟོད་༼གསར་དུ་བཀྲལ་བ་ཞིག་ཀྱང་མ་ཡིན་ཏེ། ཕྱག་ན་རྡོ་རྗེ་དང༌། འཇམ་པའི་དབྱངས་ལ་སོགས་པ་ནས་རིམ་པར་བབ་སྟེ། ཟབ་མོ་ལྟ་བའི་སྲོལ་འབྱེད་དཔལ་མགོན་འཕགས་པ་༽ཀླུ་༼སྒྲུབ་དང༌། རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་འཕགས་པ་༽ཐོགས་གཉིས་སོགས་བརྒྱུད་ནས་༼ཐེག་པ་འདྲ་འདྲའི་དཀྱིལ་ནས་༽ཤིན་ཏུ་མི་འདྲ་བའི་ཆོས་སྐད་རླབས་པོ་ཆེ་དག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་༼དེ་བྱུང་བ་༽རེད།
རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇགས་འཚལ།
ཐེག་ཆེན་སྡེ་སྣོད་ནི། སངས་རྒྱས་ཤྰཀྱ་ཐུབ་པས་བསྟན་པ་མ་ཡིན་པར། འདས་པའི་སངས་རྒྱས་གསུམ་འོད་སྲུངས་ཀྱིས་ཀྱང་གསུངས་ཟིན་པ་རེད།
རང་གིས་ག་རེ་བྱེད་བཞིན་པའི་ཁུལ་རེད། དོན་མེད་དོན་ལོག་དོན་དང་ལྡན།། ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་།། ཐོས་བརྩོན་སྒྲུབ་པ་ལྷུར་ལེན་པ།། བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད།། ཅེས་ཚད་འཇལ་བྱེད་ཅིག་གསུངས་ཡོད་པ་ལྟར་ན། ཚ་བ་མདའ་སྨྱུག་ཟེར་བ་དེས་དོན་མེད་དང་སྡུག་བསགས་ཀྱི་ལས་བགྱིས། རང་དམྱལ་བ་མནར་མེད་དུ་སྐྱེས་པའི་ལས་བསགས། གཞན་དམྱལ་བ་མནར་མེད་དུ་འཕེན་བྱེད་ཀྱི་རྒྱུ་བཞག་པ་དེ། ལས་ངན་ཁྱེད་གི་སྟེང་ནས་སྨིན་དེ། རིང་རྒྱུད་ད་དུང་མང་པོ་དང་ཉེ་རྒྱུད་ལ་ཁྱོ་རང་བྱུང་སྟེ་དོན་ལོག་གི་རྩོམ་ཡིག་བྲིས་དང་འབྲི་བཞིན་ཡོད་པས། རང་དེ་སྔ་གྲྭ་སྒོར་ཞུགས་པ་འདྲ་པས། གཞུང་ལ་སྦྱོང་བ་སྔོན་སོང་གི་གང་ཟག་མ་རེད་དེ། གལ་སྲིད་རང་གིས་གཞུང་སྦྱངས་མྱོང་ན། སྣོད་ཁ་སྤུད་ཞིག་ཡིན་པ་ཐག་ཆོད་པས། འདིར་ཚོགས་བན་མ་བསགས་ན་བསམ་ནས་ཁྱེད་རང་གིས་ངག་བཅལ་འཚམས་འཇོག་རོགས་ཞུ་བ་ལགས། སྣར་མེད་དུ་མི་སྐྱེས་པའི་སྨོན་ལམ་ཡོད། མཆོག་གསུམ་གྱིས་ཤིས་པ་བསྩོལ་ཅིག
འཕྲུལ་སྨྱུག་བེད་སྤྱོད་བྱས་ནས་བྲིས་པ་ཡིན་ས་རེད་རྩོམ་ཡིག་ཚང་མ་གུག་རྟགས་ཀྱིས་གང་བ་ཡིན་ཙང་རང་ལུགས་གཞན་ལུགས་གང་ཡིན་མགོ་ཚོས་ཡ་མི་འདུག དངོས་སྨྱུག་བེད་སྤྱོད་གནང་ནས་དགག་ལན་ཀློག་བདེ་པོ་དོན་བསྡུས་པ་ཞིག་འབྲི་རོགས་གནང་།
ཀརྡོ་གཉེར་ཕྱག་ནས་བྲིས་པ་དེ་ནི་ཐེག་ཆེན་པ་ཁོ་རང་གི་ལུགས་ལ་དེ་ལྟར་དུ་ཡིན་ཆུག་ཀྱང༌། ཉན་ཐོས་ཐེག་པའི་ལུགས་རྐྱང་པ་འཛིན་བཞིན་པའི་གང་ཟག་ཅིག་གི་ངོ་སྐལ་དུ་ཁྱེད་ཀྱིས་སྒྲུབ་བྱེད་ཏག་ཏག་འགྲོ་ཡི་ཡོད་མེད་འཕྱང་མོ་ཉུག་ཅིག་རེད་བསམ་གྱི་འདུག
དགྲ་བཅོམ་པ་དང་། དགྲ་བཅོམ་པ་ཆན་པོ་གཉིས་ལས། སྔ་མ་དེ། རྒྱུ་རྐྱེན་ལས་སྐྱེས་ཀྱང་། ཕྱི་མ་གཅིག་ཤོས་དེ་རྒྱུ་མེད་རྐྱེན་མེད་ལས་འབྱུང་བར་སྨྲ་འདོད་དམ།
ཁ་བརྡ་དྲྭ་བའི་ནང་ཡོད་པའི་མཁས་དབང་རྣམ་པར་དྲི་བ་ཆུང་ཆུང་ཞིག་ཡོད་
རྫས་རྒྱུན་དང་རིགས་རྒྱུན་གཉིས་ཀྱི་ཁྱད་པར་གསལ་པོ་གསུངས་རོགས་གནང་།
བསྟོད་པའི་རྩོམ་གྱི་རྫ་གོག་ཏུ།།
སྡོར་ཐལ་ཚྭ་གསུམ་མི་འདེབས་པར།།
རོ་བཅུད་རྩི་གསུམ་འདོན་པ་ལ།།
ཟྭ་ལ་ཟྭ་ཀ་བཏབ་པས་ཅི།།
རང་གྲོལ་གྱི་གསུང་དེ་ལས་མ་འདས་སོ།།
རྗེས་འཚོལ་དང་རང་གིས་གསར་དུ་གང་རྙེད་པ་དྲ་ཐོག་ཏུ་འབྲི་བ་ལ་ངལ་བ་མེད་པའི་སྤོབས་པ་མཐའ་ཡས་དངོས་མ་ཧི་མ་ལ་ཡའི་འཕྲུལ་སྨྱུག་ལ་སོགས་པའི་གངས་ཅན་རིག་གཞུང་དང་སྐད་ཡིག་སྲུང་བ་པོ་རྣམས་ལ་བཀྲ་ཤིས་བདེ་ལེགས། ཞར་དུ་ཞུ་བ་ཞིག་ཡོད། དེ་ནི་སྔོན་ལོ་ངོ་ཕལ་ཆེར་སུམ་ཅུ་མ་ཟིན་གོང་གི་གནས་ཚུལ། ཨ་རིའི་ཀོ་ལམྦི་ཡ་གཙུག་ལག་སློབ་གྲྭ་ཆེན་པོའི་སློབ་དཔོན་ཨེ་ལེགས་ཝཡ་མན་ཞུ་བ། ཁོང་གི་བོད་ཡིག་ཀློག་ཚུལ་དེ་གནའ་བོའི་ཀློག་སྟངས་། སོག་པོ་ཧོར་གྱི་བརྒྱུད་པ་ལས་བྱུང་བ། ཕལ་ཆེར་སྔོན་འཇུག་དག་ཟུར་ཕྱིན་པར་ཀློག་པ་པོ་ཁོང་གི་ཤག་ཏུ་སླེབས་དུས་ཤིག་ལ་འདི་ལྟར་མཐོང་ཏེ། པེ་ཅིང་བསྟན་འགྱུར་གྱི་སྤར་མའི་འདྲ་བཤུས་ཤིག་ན། ཕྱི་དོན་མངོན་སུམ་ཚད་མས་གྲུབ་པར་འདོད་པ་པོ་བྱེ་བྲག་སྨྲ་བ་དང་། ཕྱི་དོན་རྗེས་དཔག་ཚད་མས་གྲུབ་པར་འདོད་པ་པོ་མདོ་སྡེ་པ་དང་། ཕྱི་དོན་ཚད་མས་མི་གྲུབ་པར་འདོད་པ་སེམས་ཙམ་པ་དང་། ཕྱི་དོན་དང་ནང་སེམས་གཉིས་ཀ་ཚད་མས་མི་གྲུབ་པར་འདོད་པ། དབུ་མ་པའོ་ཞེས་པ་ལྟ་བུ་་མཐོང་། འདི་ཉིད་ཕྱིས་སུ་བསྟན་འགྱུར་གྱི་གླེགས་གང་ན་ཡོད་བཙལ་ཀྱང་མ་རྙེད། བཤད་པ་འདི་འདྲ་བ་ཞིག སྤྱི་ལོ་བརྒྱ་རབས་བཅུ་བཞི་པར་བྱུང་བའི་ཕྱི་རོལ་པ་རྣམ་ཤེས་དགེ་སློང་ཞེས་པས་བརྩམས་པའི་ལྟ་བ་ཐམས་ཅད་བསྡུས་པ་(sarvadarsanasamgraha)ཞེས་པའི་གཞུང་ན་ཡང་བཤད། སྔོན་མ་ཞིག་ཀྱང་འདི་ལྟར་དྲིས་ཀྱང་ད་བར་དུ་ལན་མ་བྱུང་། ཁྱེད་བོད་གཞུང་ཀློག་པ་པོ་རྣམས་ཀྱིས་གཟིགས་ཚེ། གསུང་གྲོགས་མཛོད་ཅེས་སོ།།
རྒན་བློ་བཟང་འཇལ་དཔལ་ལགས་ཀྱི་དྲི་བ་དེ་ནི་ཤིན་ཏུ་ནས་དཀའ་མོ་ཞིག་རེད་སྙམ་གྱི་འདུག གང་ཡིན་ཞུས་ན་དེང་དུས་བོད་བརྒྱུད་ནང་པའི་སྤྱི་ཚོགས་ནང་དུ་བཀའ་བསྟན་གཉིས་པོ་ནི། རྫིག་པོ་བྱས་ཏེ་མཆོད་གཤོམ་ནང་དུ་འཇོག་རྒྱུ་ཙམ་ལས། དངོས་སུ་ཁ་སྔོག་ནས་ཀློག་རྒྱུ་ཞིག་མ་ཡིན་པར་བརྟེན། ལན་དེ་ཕོག་རྒྱུ་ཁག་པོ་ཞིག་འདུག་གཱ།
མོའུ་ཕྲུག་གི་འཕྲུལ་སྨྱུག་ནི་ཆོ་མེད་རང་རེད། དེ་ལས་མ་གོ་མ་ཐོས་མེད་པར་གསལ་བསྒྲགས་ལ་གསན་གྲོགས།
སང་ཉིན་ནས་བཟུང་། འཛམ་གླིང་གི་ནུས་པ་ཅན་སྐྱེས་བུ་སྒེར་དང་ཚོགས་པ་ཆེ་ཆུང་གང་དང་། ཆེ་བ་རྒྱལ་ཁབ་གང་ཞིག་གིས་བཙོན་པ་ཆུང་ཤས་སུ་གྱུར་མྱོང་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཙོན་གྲོལ་བཏང་ཏེ་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་དང་ལྡན་པ་ཞིག་བྱེད་ནུས་ན། ནུས་ཅན་དེ་ལ་བདག་གིས་ཨ་སྒོར་ས་ཡ་དྲུག་ཅུ་སྤྲོད་པའི་ཁས་བླངས་པ་ཡིན།
མཇུག་མཐར་བོད་མི་ཡོངས་ལ་གུས་པས་ཞུ་རྒྱུར། རང་ཉིད་ཀྱི་རྐང་པར་བརྟེན་ནས་ཨ་སྒོར་བཅུ་རེ་བསོགས་སྟེ་གཏམ་བཟང་ལ་སྒུག་ཨ། ཆིག་སྒྲིལ་གྱི་ནུས་པར་གཟིགས་ཨ། བཀྲ་ཤིས་བདེ་ལེགས།
རྫས་རྒྱུན་དང་རིགས་རྒྱུན་གཉིས་ཀྱི་ཁྱད་པར་ནི། གསེར་རྡོག་རྡོག་དེ། བུམ་བ་བཟོས་པ་དང་། དེ་ནས་ལྷ་སྐུ་བཟོས་པ་ཡིན་ན། གསེར་རྡོག་གི་རིགས་རྒྱུན་དང་། བུམ་པའི་རིགས་རྒྱུན། ལྷ་སྐུའི་རིགས་རྒྱུན་སོ་སོར་ཡོད་ཀྱང་། རྫས་རྒྱུན་གསེར་གཅིག་ཉིད་དུ་འདོད།