ཁེར་རྐྱང་གི་རྣམ་ཤེས།
ཕྱིས་སུ་ངའི་པ་ཕ་དམག་སྒར་གཞན་ཞིག་ཏུ་སྤོས་ཞིང་ངའི་ཨ་མ་ལས་ཀའི་རྐྱེན་གྱིས་མཉམ་དུ་འགྲོ་མ་ཐུབ་སྟབས་ངའི་ཨ་མས་མོ་གཅིག་པུས་ང་དང་གཅུང་པོ་གཉོར་སྐྱོང་བྱ་རྒྱུ་ཁག་པོ་འདུག་ཞེས་བཤད་ནས་པ་ཕར་རེ་ཞིག་ཁོ་རང་ལ་འཁྲི་བའི་འགན་དེ་འཁུར་དུ་བཅུག་རྒྱུ་བྱས། དེར་བརྟེན་ང་དང་གཅུང་པོ་པ་ཕ་མཉམ་དུ་སྡོད་དུ་ཕྱིན། དེ་ནས་ང་སྤྱང་ཀའི་ཚང་ནང་ལྷུང་པ་རེད། ཨ་མ་དང་བྲལ་བ་ནས་བཟུང་ཉིན་ལྟར་ཉིན་གུང་ང་ངལ་གསོ་རྒྱབ་བསྡད་ཡོད་དུས་ངའི་པ་ཕས་ངའི་ཉལ་ཁྲིའི་སྟེང་འཛེག་ཡོང་གི་རེད། ང་ཚོ་སོ་སོར་དམངས་སྤྱོད་སྡོད་ཁང་ནང་ཉལ་ཁང་རེ་ཡོད་ཀྱང་ངའི་པ་ཕས་གཅུང་པོ་ཉིན་གུང་གཉིད་རྒྱུར་མི་དགའ་བས་ཁོ་ཕྱི་ལ་དོན་དགོས་ཐུག་པར་ཁ་གཡར་གི་རེད། ཉིན་དང་པོ་ཁ་ཤས་ཤིག་རིང་ཁོའི་ལག་པས་ངའི་གཟུགས་པོ་ཕུར་ཕུར་གཏོང་བ་ཙམ་བྱས། རྗེས་སུ་ཁོས་བཙན་གྱིས་ཁོའི་ལྕེ་ངའི་ཁ་ནང་བཅུག་ཞིང་དེ་རྗེས་ཁོའི་གཟུགས་པོའི་སྨད་ཆ་ལ་ཡོད་པའི་ཅ་ལག་མཁྲེགས་པོ་དེ་ངའི་ནང་ལ་བཅུག། ཉིན་དཀར་དང་མཚན་གུང་ཡིན་མིན་གང་ལའང་མི་ལྟ་བར་ཁོ་ངའི་ཉལ་སའི་ནང་འཇབ་ཡོང་གི་རེད། ཁོས་ཁོ་རང་གི་ལག་པ་ང་ཁ་འབྱེད་པ་དང་གང་འདོད་བྱེད་པར་བེད་སྤྱོད་བྱེད་ཀྱི་རེད། ཐ་ན་ཁོ་རང་གི་འཛུབ་མོ་ཡང་ངའི་ནང་དུ་བཅུག་བྱུང༌།
མཚམས་དེ་ནས་ཁོས་དེ་པ་ཕའི་བརྩེ་གདུང་ཡིན་པའི་བཟོ་ལྟ་དེ་འཚམས་བཞག་ནས་ཁོས་ང་ལ་” གལ་སྲིད་ཁྱོད་རང་གིས་གཞན་ལ་བཤད་ན་ཁྱོད་རང་མགོ་ལ་སོག་མ་བཀོན་ནས་ཁྲོམ་སྐོར་ལ་འཁྲིད་སྟེ་མི་མང་གི་དགག་བརྡུང་མྱོང་དགོས་ཀྱི་རེད་ “ཅེས་འཇིགས་སྣང་བསྐུལ་བྱུང༌། གང་ཡིན་ཟེར་ན་ང་ནི་སྔོན་ནས་ཁོ་ཚོས་བཤད་རྒྱུའི་”ལྷམ་རལ་ཏོ་”ཞེས་པ་དེར་གྱུར་ཟིན་པ་རེད། ངའི་མྱུར་དུ་རྒྱས་བཞིན་པའི་ལང་ཚོ་དེས་ཁོ་ལ་ཉིན་རེ་བཞིན་སྤྲོ་སྣང་སྦྱིན། ཡིན་ཡང་ང་ནི་འཇིགས་སྣང་ཆེ་རུ་ཆེ་རུ་རེད། ངས་ཉལ་ཁང་གི་སྒོ་ལ་སྒོ་ལྕགས་ཞིག་བསྒྲིགས་པ་ཡིན། འོན་ཀྱང་ཁོས་ངས་སྒོ་མ་ཕྱེ་བར་དུ་ཁྱིམ་མཚེས་གཞན་ཚོ་གཉིད་དཀྲོགས་མིན་ལ་མ་ལྟོས་པར་སྒོ་བརྡུང་གི་རེད། མཚམས་རེ་ཁོས་དམངས་སྤྱཽད་སྡོད་ཁང་ནང་ཡོད་པའི་མི་གཞན་ཚོ་ལ་ང་གཉིད་ཧ་ཅང་མཐུག་པས་ཁོ་ནང་ལ་ཅ་ལག་ལེན་པར་འགྲོ་དགོས་པར་ཁ་གཡར་སྟེ་སྒོ་ཤུགས་ཀྱིས་ཕྱེ་བར་རོགས་པ་བྱེད་པར་བོས་པའམ་ཡང་ན་ང་གཉིད་ལྗི་བས་ཁོ་ཅ་ལག་ལེན་པར་ཐོག་ཁ་ནས་འགྲོ་དགོས་ཀྱི་འདུག་ཅེས་མགོ་སྐོར་གཏོང་གི་རེད། སྐབས་རེ་ངའི་གཅུང་པོས་ཀྱང་གནས་ཚུལ་གང་ཡིན་ཧ་མི་གོ་བས་ཁོ་ལ་རོགས་བྱེད་པ་རེད། བྱས་ཙང་ངས་སྒོ་ལྕགས་རྒྱབ་ཀྱང་རུང་མ་རྒྱབ་ཀྱང་རུང་ དེ་ལ་མ་ལྟོས་པར་ཁོས་ཚང་མས་མཐོང་སར་ངའི་ཉལ་ཁང་ནང་འཛུལ་ཡོང་གི་རེད། སྒོ་བརྡུང་བ་གོ་དུས་སྐབས་རེ་ང་སྐྲག་ནས་འགུལ་མེད་དུ་གྱུར་བའམ་འདར་བཞིན་ཕོ་ཁེབས་ནང་གཏུམས་ནས་བསྡད་རྒྱུ་མ་གཏོགས་ཡོད་པ་མ་རེད། ཁྱིམ་མཚེས་ཚོས་ང་ལ ་”ཁྱོད་རང་གཉིད་ཁུག་དུས་ཤི་བ་ནང་བཞིན་རེད་ ཁྱོད་ཀྱི་པ་ཕ་ཐོག་ཁ་འཛེག་ནས་ཅ་ལག་ལེན་པར་འགྲོ་དགོས་འདུག སྙིང་རྗེ་”ཟེར་གྱི་རེད་ ང་ང་རང་གི་ཉལ་ཁང་ནང་ཉལ་མི་ཕོད་ལ་ཉལ་ཁང་ནང་གཅིག་པོར་སྡོད་ཡང་མི་ཕོད། པ་ཕས་ངས་ཕྱི་ལ་མང་པོ་འགྲོ་རྒྱུར་ཁ་གཡར་རྒྱུ་འཚོལ་གི་ཡོད་པ་རྟོགས་ཙང་ཁོས་ཉིན་ལྟར་དགུང་ཟས་ཟ་དུས་ནང་ལ་ལོག་དགོས་པའི་ཁྲིམས་ཡང་བཟོས། འོན་ཀྱང་མཚམས་རེ་ངས་ཁ་ལག་ཟས་མ་ཚར་གོང་ནས་རིལ་འགྲོ་གི་འདུག། ཁོས་ངའི་ཁ་ལག་ནང་གཉིད་སྨན་བླུགས་འདུག། ངས་ང་རང་སྲུང་སྐྱོབ་བྱེད་པར་ཐབས་ཤེས་གང་ཡང་མི་འདུག། ངས་རང་ཤི་རྒྱག་རྒྱུའི་བསམ་བློ་ཐེངས་མང་འཁོར་བྱུང༌། འོན་ཀྱང་ངས་སེམས་ནས་ཁ་བལྟ་ས་མེད་པའི་ངའི་གཅུང་པོ་བསྐྱུར་ཐུབ་ཀྱི་མི་འདུག། ང་སྐམ་དུ་སྐམ་དུ་ཕྱིན་ནས་ཚབས་ཆེན་ན་སོང༌།
ཐེངས་དང་པོར་ང་དམག་མིའི་སྨན་ཁང་དུ་སྡོད་དུས་ལས་འཁུར་སྨན་ཞབས་མས་བརྟག་དཔྱད་པ་སྨན་པ་ཀྲུང་ལ་ངའི་གཉིད་ལ་དཀྲོགས་སྐྱོན་ཆེན་པོ་བྱུང་འདུག། སྒྲ་ཆུང་ངུ་ཞིག་གིས་ཀྱང་ང་སྐྲག་ནས་འཕག་གི་འདུག་ལབ་སོང༌། འོན་ཀྱང་དོན་དངོས་གང་ཡིན་མི་ཤེས་པའི་སྨན་པ་ཀྲུང་གིས་དེ་ངའི་ཚ་བའི་རྐྱེན་གྱིས་རེད་ཟེར། གང་ལྟར་ང་ཚབས་ཆེན་ན་བཞིན་ཡོད་དུས་ཀྱང་པ་ཕ་སྨན་ཁང་ནང་ཡོང་ནས་ང་གནམ་ཁབ་རྒྱབ་ནས་འགུལ་མི་ཐུབ་པའི་སྐབས་སུའང་གོ་སྐབས་འཚོལ་བར་ཡོང་གི་རེད། ཐེངས་ཤིག་ངས་ཁོ་ངའི་ཉལ་ཁང་ནང་ཡོང་བ་མཐོང་བ་དང་ངས་མཚམས་མེད་པར་སྐད་ཤུགས་ཆེན་པོས་སྐད་ཅོར་རྒྱབ་པ་ཡིན། འོན་ཀྱང་པ་ཕས་རྒྱུགས་སླེབས་པའི་སྨན་ཞབས་དེ་ལ་ང་རླུང་ཧ་ཅང་ལྡང་པོ་ཡོད་ཅེས་བཤད་སོང༌། ཐེངས་དང་པོ་དེར་ང་སྨན་ཁང་ལ་བདུན་ཕྲག་གཉིས་གཅིག་པུ་བསྡད་པ་ཡིན། ང་ནང་ལ་ལོག་དུས་ངས་གཅུང་པོའི་མགོ་ལ་རྨ་ཧྲད་ཞིག་དང་སྟོད་ཐུང་ཆུང་ཆུང་དེའི་སྟེང་ཁྲག་རྗེས་ཏོག་ཙམ་ཡོད་པ་མཐོང་བྱུང༌།
ཁོས་བཤད་རྒྱུར་ང་སྨན་ཁང་ལ་སྡོད་ཤུལ་རིང་པ་ཕ་དོན་དག་མེད་པར་ཁྲོས་ཤེས་གནས་ཚུལ་ཆུང་ཙག་ཞིག་གི་ཆེད་དུའང་ཁོ་ལ་བརྡུང་གི་འདུག་ཟེར།
ཉིན་དེར་དུད་འགྲོ་ལས་ཞན་པའི་ངའི་ཕ་རྒན་དེས་ད་དུང་ཡང་སྟོབས་ཞན་ལ་ཡོངས་སུ་རིད་པའི་ངའི་གཟུགས་པོ་སྨྱོན་པ་དང་འདྲ་བར་མནན་ཞོར་ཁོས་ང་ཤི་བ་ཙམ་དུ་དྲན་བྱུང་ཟེར། ངས་ངུ་མཚམས་འཇོག་ཀྱི་མི་འདུག། འདི་མིའི་ལས་ཀ་རེད་དམ། ཁོས་ཁོ་རང་གི་དུད་འགྲོ་ལྟ་བུའི་འཁྲིག་སྤྱོད་ཀྱི་འདོད་པ་དེ་སྐོང་བར་བྱིས་པ་སྐྱེས་པ་རེད་དམ། ཁོས་ང་ལ་ཅིའི་ཕྱིར་ཚེ་སྲོག་སྦྱིན་ནམ། སྨན་ཁང་ལ་སྡོད་པའི་ཉམས་མྱོང་དེས་ང་ལ་གསོན་པའི་ལམ་ཞིག་བསྟན། ངས་བསམ་བློ་གང་འདྲ་སེ་བཏང་ཡང་པ་ཕ་མཉམ་དུ་སྡོད་པ་ལས་ཁབ་རྒྱབ་རྒྱུ་དང་སྨན་ཟ་རྒྱུ་ ཁྲག་བརྟག་དཔྱད་བྱེད་རྒྱུ་སོགས་དགའ་འོས་པ་ཞིག་རེད། བྱས་ཙང་ངས་ང་རང་ལ་ཡང་དང་བསྐྱར་དུ་རྨས་སྐྱོན་གཏོང་རྒྱུ་མགོ་བཙུགས་པ་ཡིན། དགུན་དུས་ངས་གཟུགས་པོ་ཆ་ཚང་ཆུ་གྲང་མོའི་ནང་སྦང་རྗེས་ཕྱི་རོལ་དུ་གངས་དང་འཁྱག་པའི་ནང་ལངས་སྡོད་པ་དང་སྟོན་དུས་ཁ་ལག་དུས་ཚོད་ཡོལ་ཟིན་པ་དེ་འདྲ་ཟ་བ་སོགས་བྱེད་ཀྱི་ཡོད། ཐེངས་ཤིག་ང་ཡིད་ཐང་ཆད་ནས་ལྕགས་དུམ་ཞིག་ཐོག་ཁ་ནས་ལྷུང་སོང་བ་དེ་ཟིན་ཆེད་ལག་པ་བརྐྱངས་པ་ཡིན། དེ་འདྲ་བྱས་ན་དེས་ངའི་ལག་པ་འཁྲིག་མ་ནསགཅོད་ཀྱི་རེད། གལ་སྲིད་དེའི་གཤམ་གྱི་ཤིང་སོབ་དེ་མེད་ན་ཏག་ཏག་དེ་ཉིན་ངའི་ལག་པ་བཅད་ཚར་བ་ཡོད།
དེ་ནས་ང་ཡང་བསྐྱར་ན་ནས་སྨན་ཁང་ལ་བསྐྱར་དུ་བསྡད། དེ་དུས་ང་ལ་དགོང་མོ་དྲུག་བཅུ་ཧྲིལ་པོའི་བདེ་འཇགས་དང་རང་དབང་འཐོབ། འོན་ཀྱང་རྫས་འགྱུར་སྨན་དང་རང་གིས་རང་ལ་རྨས་སྐྱོན་གཏོང་བ་གཉིས་ཀྱི་བར་ནས་ངའི་གཟུགས་པོ་ཤིན་ཏུ་སྐམ་པོར་གྱུར། ལོ་གཉིས་ལྷག་ཙམ་རྗེས་ནས་ཨ་མ་ལས་བསྒྱུར་བྱེད་ཐུབ་ནས་ང་ཚོ་མཉམ་དུ་སྡོད་པར་སླེབས། ཨ་མ་སླེབས་པ་དེས་ཁོས་ང་ལ་འཛིན་པའི་བྱ་སྤྱོད་སྐྱུག་བྲོ་པོ་དེ་ལ་ཁྱད་པར་གང་ཡང་སོང་མི་འདུག། ཁོས་བཤད་རྒྱུར་ཨ་མའི་གཟུགས་པོ་རྙིང་ལ་རྙེད་ཏོ་རེད་འདུག ད་ཁྱོད་རང་ངའི་ཟུར་བསྟེན་ཆུང་མ་ཡིན་ཟེར།
ཁ་སང་ཕྱི་ཟླ་གཉིས་པ་དེའི་ནང་ཉིན་ཞིག་པ་ཕས་ངས་ཁོ་ལ་དགོས་རྒྱུའི་ཅ་དངོས་ཞིག་ཉོས་མེད་པར་བསྟེན་བརྡུང་བྱུང་བ་དེ་དུས་མ་གཏོགས་ཨ་མས་ཀྱང་གནས་ཚུལ་དེ་ཤེས་མེད་པ་འདྲ། ཉིན་དེར་ང་སྡུག་བསྔལ་དང་ཁོང་ཁྲོས་མནར་ནས་ངས་མི་ཚེའི་ནང་ཐེངས་དང་པོར་ཁོ་ལ་ཁ་ལན་སློག་པ་ཡིན། ངས་” ཁྱོད་ག་རེ་རེད་ ཁྱོད་ཀྱིས་སུ་ཡིན་ནའང་ཁྱོད་རང་གི་འདོད་པ་བཞིན་བརྡུང་ཆོག་ཆོག་དང་སུ་ལའང་ཁྱོད་རང་གི་འདོད་པ་བཞིན་འདྲ་མི་འདྲ་བྱས་ཆོག་ཆོག་ ” ཞེས་བཤད་པ་ཡིན། ངའི་ཟུར་ནས་བལྟས་ནས་བསྡད་ཡོད་པའི་ངའི་ཨ་མས་ངའི་སྐད་ཆའི་དོན་གང་ཡིན་ཟེར། ངས་ཁ་གདངས་རྩིས་བྱེད་སྐབས་པ་ཕས་ང་ལ་ཁྲོ་ཚུགས་ངང་བལྟ་བཞིན་”སྐད་ཆ་ཆོ་མེད་པ་མ་ཤོད་”ཟེར། ངས་མྱོང་དགོས་རྒྱུ་ཚང་མ་མྱོང་ཟིན། བྱས་ཙང་ངས་ཨ་མ་ལ་དངོས་ཡོད་གནས་ཚུལ་ཚང་མ་བཤད། ངས་མོ་ཧ་ཅང་སེམས་སྡུག་ཡོད་པ་མཐོང་ཐུབ། འོན་ཀྱང་ཆུ་ཚོད་ཁ་ཤས་རྗེས་ངའི་རྒྱུ་མཚན་ལྡན་པའི་ཨ་མས་”ང་ཚོ་ནང་མི་ཚང་མའི་བདེ་འཇགས་ཀྱི་ཆེད་དུ་ཁྱེད་རང་གིས་ཡིན་ཅིག་དེའི་སྐོར་གསང་དགོས་ དེ་མིན་ང་ཚོ་ཚང་མས་ག་རེ་བྱེད་དགོས་སམ་” ཞེས་ཟེར། ངའི་རེ་བ་སྦད་དེ་སྟོང་ཟད་དུ་ཕྱིན་སོང༌། ཐ་ན་ང་རང་གི་ཨ་མ་གྲུང་གྲུང་གིས་ཀྱང་མོ་རང་གི་ཁྱོ་ག་སྟེ་ངའི་པ་ཕའི་བརྙས་བཅོས་དེ་འཁྱེར་དགོས་པར་ང་ལ་ཨུ་ཚུགས་བྱེད་ཀྱི་ཡོད་པ་རེད། དེའི་ནང་དྲང་བདེན་ཞིག་གང་དུ་ཡོད་དམ། དགོང་མོ་དེར་ངའི་ཚ་ཚད་ཏུའུ་༤༠ལ་སླེབས་སོང༌། ང་སླར་ཡང་སྨན་ཁང་ལ་བསྐྱལ་བ་དང་དེ་ནས་བཟུང་ད་ལྟ་བར་དུ་བསྡད་མུས་རེད་ ད་ཐེངས་ངས་ང་རང་གི་ནད་དཀྲུག་དགོས་པའི་ལས་ཀ་གང་ཡང་བྱེད་དགོས་ཀྱི་མ་རེད། ངའི་སེམས་སྟོབས་ཞུམ་ཚར་བས་ད་ང་ཡང་འགྱེལ་ཚར་བ་རེད། ད་ང་ལ་ནང་དུ་འབོད་པའི་ཁྱིམ་དེར་ལོག་པའི་འདུན་པ་མི་འདུག། བརྩེ་བའི་ཡུ་ལུང་ འདི་ནི་ངས་ང་རང་གི་པ་ཕ་མཐོང་མི་འདོད་པའི་རྒྱུ་མཚན་ཡིན། ཁོ་པ་ཕ་ག་འདྲ་ཞིག་རེད་དམ། ངས་ང་རང་གི་གཅུང་པོ་དང་ཨ་མ་གཉིས་ཀྱི་ཆེད་མོ་ང་ལ་དགའ་གི་མེད་ནའང་ ཁ་བཙུམ་ནས་བསྡད་ཡོད། ང་མེད་ནའང་ཁོང་ཚོ་སྔར་བཞིན་ནང་མི་རེད།
ངས་ཅིའི་ཕྱིར་སྦྲང་མའི་རི་མོ་བྲིས་པ་དང་ཅིའི་ཕྱིར་དེ་སྙིང་རྗེ་མོ་བཟོས་པ་རེད། གང་ཡིན་ཟེར་ན་ ངས་རྒྱུན་རིང་པོ་ཞིག་ནས་ང་ལ་དངོས་གནས་ཀྱི་ཕ་ཞིག་དང་མ་ཞིག། ང་རང་བྱིས་པ་བྱེད་ཆོག་པའི་ནང་མི་དངོས་གནས་ཞིག། ངས་ང་རང་གི་ཕ་མའི་ལག་ནང་ངུས་ཆོག་ལ་རང་གི་ནང་གི་ཉལ་ཁྲིའི་སྟེང་བདེ་འཇགས་ངང་ཉལ་ཆོག་པ་ཞིག། ད་དུང་བརྩེ་སེམས་ལྡན་པའི་ལག་ཟུང་གིས་ང་རྨི་ལམ་རྩུབ་མོ་ཞིག་ལས་སད་རྗེས་སུ་མགོ་ལ་བྱིལ་བྱིལ་བྱས་ནས་སེམས་གསོ་བྱེད་མཁན་གྱི་ཕ་མ་ཞིག་བྱུང་ན་སྙམ་པའི་འདུན་པ་ཞིག་ཡོད། ངའི་བྱིས་དུས་ཀྱི་སྐབས་ནས་བཟུང་ངས་དེ་འདྲའི་བརྩེ་སེམས་ཞིག་མྱོང་མ་མྱོང༌། ངས་བརྩེ་སེམས་དེ་ལ་རེ་བ་དང་ཐོབ་འདོད་བྱས། འོན་ཀྱང་ང་ལ་དེ་གཏན་ནས་མ་ཐོབ་ལ་ད་ལྟ་ང་ལ་དུས་གཏན་དུ་དེ་ཐོབ་མི་སྲིད་པ་ཞིག་སྟེ་ང་ཚོ་ཚང་མ་ལ་པ་ཕ་དང་ཨ་མ་གཅིག་མ་གཏོག་ས་མེད་པས་རེད། ཐེངས་ཤིག་བརྩེ་སེམས་ལྡན་པའི་སྦྲང་མ་ཆུང་ཆུང་ཞིག་གིས་ང་ལ་བརྩེ་བའི་ལག་ཟུང་གིས་རེག་བྱུང༌། དེའི་ཕྱིར་ངས་རི་མོ་དེ་བྲིས་ཤིང་ཁོའི་བརྩེ་སེམས་ལ་དྲིན་ལན་འཇལ་ཆེད་རི་མོ་དེ་སྙིང་རྗེ་པོ་བྲིས་པ་ཡིན།
བརྩེ་བའི་ཡུ་ལུང༌། སྨན་ཁང་ནས་དོན་རྗེས་ངས་ག་རེ་བྱེད་དགོས་མིན་ཤེས་ཀྱི་མི་འདུག། གཅིག་བྱས་ན་ང་ཁྱེད་རང་ལ་བལྟ་བར་ཡོང་ནས་ཁྱེད་ལ་ཕྱོགས་གང་རུང་ཞིག་ནས་རོགས་པ་བྱེད་ཀྱི་ཡིན། ངས་ལས་ཀ་མང་པོ་བྱེད་ཤེས་ཀྱི་ཡོད། ང་ཞི་བདེའི་ངང་གཉིད་རྒྱུ་བྱུང་ན་ང་དཀའ་ངལ་གང་ལའང་སྐྲག་གི་མི་འདུག། ང་ཡོང་ན་ཁྱེད་ལ་མ་འགྲིགས་པ་ཡོད་དམ། སྐུ་མཁྱེན་ཁྱེད་ཀྱིས་ང་ལ་ཡིག་ལན་བྲིས་ནས་ཤེས་སུ་འཇུག་རོགས། ངས་ངོ་མ་ཁྱེད་ག་འདྲ་ཡོད་མེད་ཤེས་འདོད་འདུག། ཁྱེད་ཀྱིས་ད་དུང་ར་ཤི་ཡའི་སྐད་སྦྱོང་བརྡར་བྱེད་ཀྱི་ཡོད་དམ། ཁྱེད་ལ་སྨན་ཡོད་དམ། དགུན་དུས་སླེབས་གྲབས་བྱེད་ཀྱི་འདུག། ཁྱེད་རང་གིས་རང་གིས་རང་ལ་བདག་གཅེས་ཡག་པོ་བྱེད་རོགས། ངའི་རེ་བར་ཁྱེད་ཀྱི་ང་ལ་གོ་སྐབས་ཞིག་སྤྲད་ནས་ཁྱེད་ལ་ལས་ཀ་གང་ཡང་རུང་བ་ཞིག་སྒྲུབ་བཅུག་རྒྱུའི་རེ་བ་ཡོད། ང་ལ་ནང་མི་མེད། ཡིན་ནའང་ང་ཁྱེད་ཀྱི་གཅུང་མོ་ཞིག་བྱེད་རྒྱུའི་འདོད་པ་ཡོད།
ཁྱེད་བདེ་སྐྱིད་དང་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།
ངས་ཁྱོད་དྲན། ཧུང་ཤིའུ་ནས། ༢༣ ༨ ༡༩༧༥
ཡི་གེ་དེས་ང་གཏིང་ནས་དཀྲུགས་ཅིང་དགོང་མོ་དེར་རླུང་འཕྲིན་རྒྱང་བསྲིངས་བྱེད་དུས་ངའི་བརྟན་ལྷིང་སོར་གནས་བྱེད་མ་ཐུབ་སྟབས་རྗེས་སུ་ཉན་པ་མང་པོ་ཞིག་གིས་ཡི་གེ་བསྐུར་ནས་ང་ན་མིན་འདྲི་གི་འདུག། ངའི་ལས་རིམ་དག་གྲུབ་རྗེས་ངས་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས་ནང་ལ་བུ་དང་རྨོ་ལགས་གཉིས་ལ་ལྟ་བར་འགྲོ་རྒྱུ་མངགས། དེ་ནས་ང་རང་ལས་ཁུངས་སྟོང་པའི་ནང་བསྡད་ནས་ཤོག་བུ་དྲས་ཧྲུག་རྣམས་གོ་རིམ་བསྒྲིགས་པ་ཡིན། དེ་ནས་ངས་ཧུང་ཤིའུ་ཡི་ཉིན་ཐོ་བཀླགས་ཐུབ་པ་རེད།
༢༧ ཟླ་གཉིས་པ། གངས་མཐུག་པོ།
དེ་རང་ང་ཅི་འདྲིའི་སྐྱིད་པ་ལ་ ངའི་རེ་སྨོན་སླར་ཡང་སྒྲུབ་སོང་ ང་སླར་ཡང་སྨན་ཁང་དུ་སླེབས་བྱུང༌། ད་ཐེངས་དེ་ཙམ་དཀའ་ངལ་མ་བྱུང་ཡང་ངས་སྔོན་ནས་མང་པོ་མྱང་ཟིན།
ངས་ད་ནས་བཟུང་ནམ་ཡང་དེའི་སྐོར་ཡང་བསྐྱར་བསམ་བློ་བཏང་གི་མིན། ང་སུ་རེད། ང་ག་རེ་རེད། ངའི་ཀླད་པ་དང་ངའི་ལང་ཚོ། ངའི་སྤྱང་གྲུང། ངའི་མཉེན་པའི་མཛུབ་མོ་སྟེ་ངའི་ཡོད་ཚད་དང་འདྲ་བར་དྲི་བ་དེ་ཚོ་བེད་མེད་རེད། ད་ལྟ་ང་ལ་དགོས་པ་ནི་གཉིད་ཡག་པོ་ཞིག་དང་རིང་པོ་ཞིག་ཙམ་ཡིན། རེ་བར་སྨན་པ་དང་སྨན་ཞབས་ཚོས་གུ་ཡངས་ཙམ་བྱས་ནས་དེ་རིང་དགོང་དྲོའི་རེས་སྐོར་ལ་སྡོད་ཁང་ལ་བལྟ་སྐོར་མ་བྱེད་པ་ཤོག།
སྨན་ཁང་གི་ནད་ཁང་ནང་ལ་ཡི་གེ་བྲིས་ས་ལྷོད་པོ་དང་དྲོ་པོ་ཡང་འདུག །།
༢ ཟླ་གསུམ་པ། ཉི་མ་ཚ་པོ།
གངས་ཧ་ཅང་མགྱོགས་པོ་བཞུར་འདུག། ཁ་སང་ཞོགས་པ་དེ་དཀར་གཙང་རེད་ དེ་རིང་ང་ཕྱི་ལ་རྒྱུགས་དུས་གངས་ཅུང་ཟད་ལྷག་ཡོད་པ་དེ་ངའི་ནད་རོགས་ཐ་མག་དུ་ཁུང་བཞིན་འཐེན་མཁན་རྨོ་ཝང་གི་ལག་པའི་སོར་མོ་བཞིན་མདོག་སེར་པོ་འཛོར་པོ་ཞིག་ཏུ་གྱུར་འདུག། ང་གངས་མཐུག་པོ་རྒྱབ་པར་དགའ་བོ་ཡོད། གང་ས་གང་ལ་དཀར་ལ་གཙང་མ་རེད། རླུང་གིས་གངས་ཀྱི་ངོས་ལ་གཉེར་རིས་འགོད་ཅིང་མི་དང་མཆོང་བཞིན་པའི་བྱེའུ་ཕྲུག་རྣམས་ཀྱིས་སྣང་མེད་ངང་རྗེས་ཤུལ་སྙིང་རྗེ་མོ་དེ་འདྲ་བཞག་གི་རེད། ཁ་སང་ང་ཁ་ཁར་ལ་ཕྱི་ལ་ཐེངས་ཁ་ཤས་དོན་པ་ཡིན། སྨན་པ་ལེའུ་དང་སྨན་ཞབས་འགོ་གཙོས་ང་ལ་”ཁྱོད་ཚ་བ་དེ་འདྲ་རྒྱས་ཀྱང་ཕྱི་ལ་དོན་ནས་སྨྱོ་བ་ཡིན་གྱི་རེད་ ཁྱོད་རང་ཤི་འདོད་འདུག་གམ་” ཞེས་གཤེ་གཤེ་བཏང་བྱུང༌། ཁོ་ཚོས་གང་བཤད་ཀྱང་ངས་གང་བསམ་གྱི་མི་འདུག། ཁོ་ཚོ་ཁ་ཚ་བོ་ཡོད་ཀྱི་རེད། འོན་ཀྱང་ཁོ་ཚོའི་སེམས་གཏིང་འཇམ་པོ་ཡོད་པ་ངས་ཤེས་ཀྱི་ཡོད།
ང་ལ་དཔར་ཆས་མེད་པས་ཐབས་སྡུག་འདུག། གཞན་ངས་ཁ་བས་གཏུམ་པའི་ཕྱི་རོལ་གྱི་ཡུལ་ལྗོངས་དེ་དཔར་ལེན་ཐུབ་ན་མཛེས་པོ་ཡོད་རྒྱུ་རེད།།
༡༧ ཟླ་བ་བཞི་པ། ཉི་མ་ཤར། རྗེས་ལ་རླུང་བུ་ལྡང༌།
འདིར་ཡུ་ལུང་ཞེས་པའི་ནད་པ་ཞིག་འདུག་ཅིང་ཁོ་མོའི་རྒྱུན་རིང་གི་གྲུམ་བུའི་ནད་གཞི་དེས་ཁོ་མོ་ལོ་རེར་ཐེངས་ཁ་ཤས་སྨན་ཁང་ལ་ཡོང་དགོས་ཐུག་གི་འདུག། སྨན་ཞབས་མ་ཀའོ་ཡིས་རྟག་པར་མཛེས་ལ་སྤྱང་གྲུང་ལྡན་པའི་བུ་མོ་ཞིག་ལ་རྙོག་དྲ་ཚ་བའི་ན་ཚ་འདི་འདྲ་ཞིག་ཡོང་དགོས་རྒྱུ་ལ་ཨང་ཞེས་ཡ་མཚར་དང་སྙིང་རྗེའི་ངང་མགོ་གཡུག་རེ་བྱེད་ཀྱི་རེད། ཡུ་ལུང་གི་ང་ལ་བརྩེ་བའི་གཅུང་མོ་ཞིག་དང་འདྲ་བར་སྐྱོང་གི་རེད། ཁོ་མོ་འདིར་ཡོད་དུས་ང་ཉལ་ཁང་ནས་དོན་ཆོག་ཚེ་ནད་པ་ཚོ་ནད་ཁང་གཞན་ལ་འགྲོ་མི་ཆོག། ཁོ་ཚོས་ང་ཚོ་ཕན་ཚུན་ནད་འགོ་བ་དང་ སྨན་བཅོས་བྱེད་པ་ལ་སྐྱོན་ཡོང་བར་ཞེད་ཀྱི་ཡོད་པ་རེད།མོས་ང་རྒྱ་རྭའི་ནང་མོ་རང་གི་རོགས་པར་ཉར་གྱི་རེད། ང་གཉིས་དྲ་པོལ་དང་བྱ་སྒྲོ་ མིག་མང་བཅས་རྩེད་བའམ་ཡང་ན་ཁ་བརྡ་གློད་ནས་བསྡད་ཀྱི་ཡོད། མོས་ང་རྒྱུན་དུ་ཡུལ་པོ་མ་ཡོང་པ་བྱེད་ཀྱི་རེད། མོ་ལ་ཟ་རྒྱུ་ཞིམ་པའམ་རྩེད་རྒྱུ་ལེགས་པ་ཞིག་ཡོད་ན་མོས་ང་ལ་བགོ་བཤའ་རྒྱག་གི་རེད། ང་མོ་ལ་དགའ་བའི་རྒྱུ་མཚན་གཞན་ཞིག་ནི་མོ་སྙིང་རྗེ་བོ་ཡོད་ཙང་རེད། དེ་སྔོན་ངས་གྲོགས་པོ་གཉིས་འདྲིས་སོང་ན་གང་མཚམས་ནས་འདྲ་པོ་ཆགས་གི་རེད་ཟེར་བ་ཞིག་གོ་མྱོང་ཡོད། གལ་སྲིད་ང་ལ་ཡུ་ལུང་གི་མཛེས་སྡུག་གི་ཕྱེད་ཙམ་ཡོད་ནའང་འགྲིགས་ཐག་ཆོད་པ་རེད། ང་ཙམ་མིན་པར་ཚང་མས་ཡུ་ལུང་ལ་དགའ་པོ་བྱེད་ཀྱི་རེད། གལ་ཏེ་མོས་ཅི་ཞིག་བྱེད་འདོད་ཚེ་ཚང་མས་མོ་ལ་རོགས་པ་བྱེད་འདོད་བྱེད་ཀྱི་རེད། མོ་ལ་མི་གཞན་ལ་མ་ཐོབ་པའི་དམིགས་བསལ་གྱི་ལྟ་སྐྱོང་ཡང་ཐོབ་ཀྱི་རེད། དཔེར་ན་མོའི་ཉལ་ཁེབས་བདུན་རེ་ལ་རྒྱུན་གཏན་གྱི་ཐེངས་མ་གཅིག་མིན་པར་ཐེངས་མ་གཉིས་བརྗེ་བ་དང་། མོའི་ནད་ཁང་ནང་མོ་ལ་ཐུག་འཕྲད་བྱེད་མཁན་འགྲོ་ཆོག་པ། ད་དུང་མོས་ནམ་ཡང་སྨན་ཞབས་ཀྱི་དོ་སྣང་སྒུགས་དགོས་ཀྱི་མེད། སྨན་ཞབས་བུ་ཚོས་ག་དུས་ཡིན་ཡང་མོའི་ནད་ཁང་ནང་བསྐྱོད་རྒྱུའི་རྒྱུ་མཚན་ཞིག་འཚོལ་གྱི་རེད། མོ་ལ་ཁ་ལག་ཀྱང་ལེགས་པ་རག་གི་ཡོད་པ་ཏན་ཏན་རེད།
རྨོ་ཝང་གིས་ཁོ་མོའི་གདོང་དེ་ཁོ་མོའི་བསོད་ནམས་རེད་ཟེར་བ་ལྟར་ང་ཡང་ངོ་མ་མོ་ལ་ཡིད་སྨོན་ཤོར་གྱི་ཡོད། རྨོ་ཝང་ཡུ་ལུང་ལ་དགའ་གི་མ་རེད། བྱས་ཙང་ཁོ་མོས་ཡུ་ལུང་ནི་གཏམ་རྒྱུད་ནང་གི་ཕོ་རྣམས་བསླུས་ནས་འཆི་སར་བསྐྱེལ་མཁན་གྱི་ཝ་མོའི་ལྷ་མོ་ལྟ་བུ་རེད་ཟེར། ཅང་ཙེ་ཡང་ནང་གི་ཟླ་ཅི་བདུད་མོ་ཟེར་བ་དེ་མིན་ནམ།
ང་གསང་བའི་ངང་ལངས་ནས་ཉིན་ཐོ་འབྲི་བཞིན་ཡོད་དུས་སྨན་པ་ཡུ་ཡིས་མོའི་མཚན་མོའི་རེས་སྐོར་སྐབས་ང་ཐོག་སོང༌། མོས་ང་ལྟོགས་མིན་དྲིས་བཞིན་ང་ཕྱི་པོའི་སྟབས་བདེའི་དགོང་ཟས་ཟ་བར་སྐད་བཏང་བྱུང༌། མོས་ཁྱོད་རང་གྲོད་ཁོག་རྒྱགས་སོང་ན་གཉིད་ཐུབ་པར་ཕན་གྱི་རེད་ཟེར། ལས་འཁུར་ཁང་ནང་སྨན་ཞབས་མ་ཀའོ་ཡིས་ཚ་ཐབ་སྤར་ནས་ཐུག་སྐམ་དང་ཙོང་ལྗང་ཁུ་སྔོས་མའི་ཐུག་པ་བཟོ་རྒྱུའི་གྲ་སྒྲིགས་བྱས་འདུག། གློ་བུར་དུ་གློག་ཤི་སོང༌། ཚ་ཐབ་ནས་འོད་ཅུང་ཙམ་འཚེར་གྱི་འདུག་པ་དེ་མ་གཏོགས་ཚང་མ་ནག་ཐིང་ངེར་གྱུར། སྨན་པ་ཡུ་བྲེལ་འཚུབ་ངང་གློག་བཞུ་ཞིག་འཁྱེར་ནས་ནད་པ་ལ་བརྟག་དཔྱད་བྱེད་པར་ཕྱིན་སོང༌། སྨན་ཞབས་མ་ཀོའི་ཡིས་མུ་མཐུད་ནས་ཐབ་ལས་བྱས། གང་མཚམས་ནས་ཙོང་བརྔོས་པའི་དྲི་ཞིམ་གྱིས་ཁང་པའི་ནང་ཁེངས། ཁོ་མོ་རྒྱུན་དུ་ལས་ཀ་ནག་ཁུང་ནང་བྱེད་ཀྱི་ཡོད་པ་འདྲ། བྱམས་སེམས་ཅན་གྱི་སྨན་ཞབས་མ་ཀོའི་ཡིས་ང་ཙོང་ལ་དགའ་པོ་ཡོད་པ་ཤེས་ཙང་ཁོ་མོས་ང་ལ་དམིགས་བསལ་གྱིས་ཙོང་ཐུར་མ་གཉིས་ངའི་དཀར་ཡོལ་ནང་བཏོན་སོང༌། གང་མཚམས་ནས་གློག་སླེབས་ཅིང་སྨན་པ་ཡུ་ཡང་སླེབས་བྱུང་བས་ང་ཚོ་གསུམ་ལྷོད་ལྷོད་ངང་མར་བསྡད་ནས་ཁ་ལག་ཟ་རྩིས་བྱས། ང་ཙོང་ཐུར་མ་གཉིས་པ་དེ་ཟ་བཞིན་ཡོད་དུས་ངས་སྨན་པ་ཡུ་ལ་སྨན་ཞབས་མ་ཀའོ་ཡིས་ང་ལ་ཙོང་བསལ་ནས་སྤྲད་དེ་ཇི་ལྟར་གཅེས་ལངས་བཏང་གི་ཡོད་ཚུལ་བཤད། གློ་བུར་དུ་སྨན་པ་ཡུ་ཡིས་ངའི་ཐུར་མ་ཕར་གཡུགས་ནས་ང་ལ་ཛ་དྲག་ངང་”ཁྱོད་ཀྱིས་ཙོང་མིད་ཚར་རམ་”ཟེར། ང་མགོ་རྨོངས་བཞིན་མགོ་ལྕོག་ལྕོག་བྱས་ནས་”འདི་ངའི་ཐུར་མ་གཉིས་པ་དེ་ཡིན་” ལབ་པ་ཡིན། སྨན་པ་ཡུ་ཡིས་གཟབ་ནན་ངང་ས་སྟེང་དུ་འཐོར་བའི་ཙོང་ལ་མཛུབ་མོ་བཙུགས། ཙོང་ལྗང་ཁུའི་ཁྲོད་འཚིག་ནས་ནག་པོར་གྱུར་བའི་སྦྲང་མ་གྲངས་ལས་འདས་པ་ཞིག་འདུག། སྦྲང་མ་དེ་ཚོ་ཚ་ཐབ་ཀྱི་འོད་དང་དྲོད་ཀྱིས་གབ་ཁུང་ནས་དོན་ནས་ཚ་ཐབ་ལ་འཁོར་ཞིང་དགུན་དུས་ཀྱི་རྐྱེན་པས་གཟུགས་པོ་ཤུགས་ཟད་ཙང་ཁོང་ཚོ་སྐྱོ་པོ་ཆགས་ནས་ཧ་ཡང་ནང་ལ་ལྷུང་བ་རེད་འདུག། ནག་ཁུང་ནང་སུས་ཀྱང་ཤེས་མེད།
སྨན་པ་ཡུ་དང་སྨན་ཞབས་མ་ཀོའོ་ཡིས་མགྱོགས་པོ་སྨན་ཁ་ཤས་བཙལ་སོང༌། ཁོ་གཉིས་སོ་སོས་སྨན་གཉིས་རེ་བཟས་པ་དང་ང་ལ་སྨན་བཞི་བཅུད་ལྡན་ཆུ་དང་མཉམ་དུ་ཟ་བཅུག་ཞིང་དྲི་མ་ཤིན་ཏུ་ཞིམ་པའི་ཐུག་པ་དེ་གསང་སྤྱོད་ནང་བཤོས་སོང༌། ཁོ་གཉིས་ཀྱིས་ང་ན་མིན་ཡང་དང་བསྐྱར་དུ་དྲིས། ངའི་མགོ་ནང་ཚང་མ་ངས་མིད་པའི་སྦྲང་མ་དེ་ཚོས་ཁེངས་སོང༌། ངའི་སོས་ཁོ་ཚོའི་གཟུགས་པོའི་རུས་པ་དེ་ཚོ་བཅག་ཡོད་དམ། ཡང་ན་ངས་ཁོ་ཚོ་རིལ་པོར་མིད་ཡོད་དམ། དཀོན་མཆོག་མཁྱེན། འོན་ཀྱང་ངས་སྒྲུང་མཚར་པོ་ཞིག་བྲིས་ཡོད།
མུ་འགོད་་་་་་
ཡཱ་གྲོགས་པོ་སྙན་པོ་བྱུང་མུ་མཐུན་ནས་ཤུགས་རྒྱོབ་ཤོག་ཨཱ།
ཡག་པོ་འདུག་་་་་མུ་མཐུད་བསྒུག་བསྡད་ཡོད་་་་་
ཨ་ཕས་རང་གི་བོ་མོ་དེ་ལ་གཡབ་སྟངས་ལ་ལྟས་ན། མོ་རང་གི་ཨ་མ་དེ་ལ་རྣམ་ཞེ་དྲག་མེད་པ་ཞིག་དང༌། ཁོ་རང་ལས་ལོ་ན་ཡང་ཡར་ཙམ་སོང་བ་ཞིག་ཏན་ཏན་དཔོག་ནུས་ཀྱི་འདུག
རང་གི་བུ་མོ་ལོ་ན་བཅུ་གཅིག་ཙམ་ནས་བརྙས་བཅོས་བཏང་འདུག བུ་མོ་དེ་ང་ཡིན་ཕ་དེ་ལ་དུག་བཏང་ནས་བསད་ས་རེད། མ་ཤི་བའི་སྔོན་ཙམ་ན་ངས་ཁོ་ལ་དུག་བཏང་བ་དང་། ད་ཤི་རྒྱུ་མ་གཏོགས་ལྷག་མེད་པའི་སྐད་ཆ་དེ་ཁོ་ལ་གོ་བཅུག་ས་རེད། དེ་འདྲ་མ་རེད་དམ།
ཡག་པོ་འདུག་་་་་མུ་མཐུད་བསྒུག་བསྡད་ཡོད་་་་