ཧི་མ་ལ་ཡའི་འཕྲུལ་སྨྱུག
ཐེག་ཆེན་པའི་རང་སྐད་ལྟར་ན་སྟོན་པས་གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་རིམ་པ་གསུམ་དངོས་སུ་བསྐོར་མྱོང་བ་ཡིན་ཡང༌། ཁོང་དགོངས་པ་རྫོགས་མ་ཐག་གློ་བུར་དུ་མི་ཡུལ་འདིར་ཐེག་ཆེན་གྱི་གདུལ་བྱ་གཅིག་ཀྱང་གོ་རྒྱུ་མེད་པ་ཆགས་པས། སྲས་ཀྱི་ཐུ་བོ་བྱམས་འཇམ་དབྱངས་སོགས་བྱ་ཐབས་ཟད་དེ། ཐེག་ཆེན་གྱི་སྡེ་སྣོད་རྣམས་བསྣམས་ནས་ལྷ། ཀླུ། ལྷ་མིན། དྲི་ཟའི་ཡུལ་བཅས་སུ་ཕེབས་ཏེ། དུས་ཡུན་རིང་པོའི་བར་འཁྱམ་པོ་ལྡོམ་པོའི་འཚོ་བ་རོལ་བཞིན་བཞུགས་དགོས་བྱུང་བ་ཡིན་འདུག ༼ཅེས་པ་དེ་ནི། ཐེག་ཆེན་མདོ་ཕྱོགས་ཀྱི་ཆོ་གའི་ནང་དུ་འཁོད་པའི་བླ་བརྒྱུད་གསོལ་འདེབས་སོ་སོ་ལས་བྱུང་བ་དེས་མི་གྲུབ་པ་གང་ཡང་མེད་ལ།༽
བྱམས་འཇམ་དབྱངས་ཞུ་བ་འདི་དག་ཁ་ཅིག་གིས་རྒྱ་གར་ལུང་པའི་ནང་དུ་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཡིན་ཟེར་བ་༼འང་བདེན་པའི་གཏམ་དུ་བཟུང་འོས་ཏེ། ཁོང་ལས་ལྷག་པའི་ལི་ཙཱ་བི་ཡང་མི་ཡིན་པའི་ཕྱིར་༽དང༌། ༼ཟླ་འོད་ཞུ་ནུ་ཡང་མི་ཡིན་པར་གྲུབ་པས། མོའུ་འགལ་གྱི་བུས་འཇམ་པའི་དབྱངས་གནས་དབྱུང་ལ་གཏང་བའི་གླིང་གཞི་ཡང་ཡོད་པའི་ཕྱིར་ན།༽ ཁ་ཅིག་གིས་འཇིག་རྟེན་གཞན་ནས་འཁྱར་འོང་བའི་ལྷ་རེད་ཟེར་བཞིན་འདུག་སྟེ། དོན་དུ་དངོས་ཡོད་དངོས་མེད་གང་ཡིན་བརྗོད་ཚོད་མི་ཐིག་པ་ཞིག་ཏུ་སྣང༌། ༼ཞེས་པའི་ཐེ་ཚོམ་དེ་ཡང་རྡུལ་ཕུང་རླུང་གིས་སྤུར་བ་བཞིན་དུ་འཐོར་སོང་བའི་ཕྱིར་རོ།།༽
རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
ཐེག་ཆེན་པའི་སྡེ་སྣོད་རྣམས་ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་གྱི་ཡུལ་གྲུ་རྣམས་སུ་བཞུགས་ཙམ་མ་ཡིན་ཡིན་པར། མི་ཡུལ་དུའང་བཞུགས་ཡོད་པའི་སྒྲུབ་བྱེད་ནི། བོད་བརྒྱུད་ནང་པ་ཡོངས་རྫོགས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་ཐེག་ཆེན་པའི་ལུགས་ཀྱི་ཆོ་ག་ཁག་གི་རྒྱུན་འདེབས་རྣམས་དང༌། བཀའ་བརྒྱུད་པའི་ལུགས་ཀྱི་བཀའ་བབ་རྣམས་པ་བཞིའི་བརྒྱུད་ཚུལ་རྣམས་ལས། དེའི་ལུགས་ཀྱི་འགྲོ་སྟང་ནི་གསལ་པོར་འཁོད་འདུག་ན་དེ་རྣམས་སུ་གཟིགས་པར་མཁྱཻན།
རྒན་ལ་ཐགས་པ་བློ་བཟང་འཇམ་དཔལ་ལགས། སྤྱི་ཡོངས་ཀྱི་ཡི་གེ་བྲི་ཚུལ་ལ། དཔེན་ན། དྲ་གྲོགས་ལགས་ཞེས་བྲི་ཚུལ་ཡོད་ཀྱང༌། རིག་གཞུང་གང་ཅིའི་ཐད་མཁྱེན་སྤྱན་ཡང་བ་ཁྱེན་ཀྱིས་མཆན་བུ་རྣམས་སུ། ཀརྡོ་གཉེར་ཕྱག་པ་ལེགས་ཞེས་པ་ལྟ་བུའི་(ལེགས་)དང་ལགས་ཀྱི་ཁྱད་པར་གང་འདྲ་ཞིག་ཡོད་མེད་གསུང་རོགས་ཞུ་ཡི་ཡིན།
རི་རྒྱལ་ཏི་སེ་ལེགས།
དྲི་བ་མཛད་པ་འདི་སྟེས་དབང་གིས་མཐོང་། འདིའི་སྐོར་སྔོན་མ་ལོ་མང་ནས་བྲིས་ཟིན་པ་ཞིག་ཡིན། སླར་འབྲི་བ་ལ་དཀའ་ངལ་མེད། མིང་གི་རྗེས་སུ་ཞེ་སའི་ཆེད་དུ། ཁ་སྐད་དུ། ལ་དྭགས་སོགས་ཀྱིས། ལེ། དབུས་གཙང་སོགས་ཀྱིས། ལ། ཞེས་ཟེར། ཁ་སྐད་དུ། ཨ་ཡིག་ཨེ་རུ་འབོད་པ་དང་། ཨེ་ཡིག་ཨ་རུ་འབོད་པ་མང་། ལ། ཞེས་པ་དེ་རྣམས་ལས་གཅིག་ཡིན། ཟུར་མ་ཆག་པ་འབྲི་ན། ལེགས་དགོས་པས་བདག་གིས་ལགས་མ་ཞེས་མ་འབྲི་བར་ལེགས་ཞེས་འདྲི། དེ་བཞིན་དུ། དགོང་མོ་ལ་ཡང་ཟུར་མ་ཆག་པར་དགོངས་མོ་ཞེས་འབྲི། ལེགས་བྲིས་མ་ཞེས་པའི་དཔེ་ཞིག་ཡོད། དེ་ལ་གཙང་པས། ལགས་བྲིས་མ། ཞེས་ཟེར་བཤད་པ་ང་ལོ་བཅུ་གསུམ་བཅུ་བཞི་ཡིན་སྐབས་ལ་ལ་དྭགས་པ་གྲྭ་པ་ཞིག་གིས་བཤད་སོང་། བཀའ་འགྱུར་གྱི་དཔེ་ཆ་མང་པའི་སྔོན་མ་ནས་ཁ་སྐད་ཀྱིས་ཡི་གེའི་དག་ཆ་མང་པོ་ལ་སྐྱོན་ཤོར་ཡོད་པ་མཐོང་། ངས་ལེགས་སྦྱར་དང་ཨིན་སྐད་སྦྱོང་བ་ན། བོད་ཀྱི་སྐད་འགྲོ་སྟངས་ལ་སྦྱངས་དང་སྦྱོང་བཞིན་པ་ཡིན། དིང་སང་ལྷག་པར་དུ། ཨ་ཡིག་མང་པོ་ཨེ་ཡིག་ལ་ཁ་སྐད་དུ་བཀོལ་བ་བཞིན་དུ་འབྲི་བ་ན། གཟབ་གཟབ་མ་བྱེད་ན། ཉེ་བའི་ལོ་ཁ་ཤས་སྔོན་རྒྱ་ནག་ཏུ་ཀྲིན་ཏུར་སྤར་པའི་དཔེ་བསྡུར་བཀའ་་བསྟན་རྣམས་ན་ཨ་ཡིག་ཡོད་པའི་མིང་ཚིག་ཨེ་ཡིག་ཅན་གྱི་མིང་ཚིག་ཨེ་ཡིག་ཅན་འགྱུར་ངེས། ལན་ཞེས་པ་ལེན་ཞེས་པར་གྱུར་ཡོད་པ་ཁ་ཤས་མཐོང་། གཞན་དུ་ཡང་ཞབས་བརྟན་ལ་ཞབས་བརྟེན་སོགས་འབྲི་བར་མཐོང་ངོ་།།
ཐེག་ཆེན་གྱི་སྡེ་སྣོད་མང་པོ་ཅིག་ལྷ་དང་། ཀླུ། ལྷ་མིན། དྲི་ཟས་གདན་འདྲེན་པ་འདི་བདེན་པ་ཡིན་ཚོད་འདུག ཡང་མང་པོ་ཅིག་ཕྱིས་སུ་མི་ཡུལ་དུ་གདན་འདྲེན་ཐུབ་པ་ཡོད་པའི་ལོ་རྒྱུས་ཀྱི་ཁུངས་ཀྱང་མང་ངོ་། །ད་ལས་ཀར་འགྲོ་རན་སོང་། རྗེས་སུ་མཇལ་ཡོང་།
མཆན་གྲོགས་ཀརྡོ་གཉེར་ཕྱག་པས་བཀོད་པ་ལྟར་མང་པོ་ཞིག་ལྷ་ཀླུ་དྲི་ཟིའི་ཡུལ་དུ་གདན་དྲང་ནས་ཕྱིས་སུ་མི་ཡུལ་གདན་ཞུས་པ་དེ་འདྲའང་ཡོད་དེ། དཔེར་ན། བཀའ་བརྒྱུད་པའི་ལུགས་ཀྱི་བཀའ་བབ་བཞིའི་རྒྱུད་རིམ་ལས། བཀའ་བབ་དང་པོ་ནི། རྡོ་རྗེ་འཆང་གིས། ཨིནྡྲ་བྷུ་ཏི། ཀླུའི་རྣལ་འབྱོར་མ། དེས་བཱི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། མ་ཏང་ཀི་ལས། ཕ་རྒྱུད་གསང་བ་འདུས་པ། དེའི་རྫོགས་རིམ་རིམ་ལྔ་དམར་ཁྲིད། གདན་བཞིའི་རྒྱུད་མན་ངག་དང་བཅས་པ། གྲོང་འཇུག་རྣམས་ཏེ། བཀའ་བབ་དང་པོའོ།།
བཀའ་བབ་གཉིས་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཙཱརྱ་པ་ལས། སྒྱུ་འཕྲུལ་ཆེན་མོའི་རྫོགས་རིམ་སྒྱུ་མ་གསུམ་རྒྱུད་སོགས། སྒྱུ་ལུས་ཀྱི་སྐོར་རྣམས་གསན་ཏེ། བཀའ་བབ་གཉིས་པའོ།། ཞེས་པ་ལྟ་བུ་དང༌།
ལྷ་ཀླུ་སོགས་ཀྱི་ཡུལ་ནས་གདན་འདྲེན་མ་ཞུས་པ་མི་ཡུལ་རང་དུ་དར་བའང་ཡོད་དེ། བཀའ་བབ་གསུམ་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེེ། ཌོམྦྷི་པ། བི་ནཱ་ས་བཛྲ། ལྭ་བ་པ་ལས། རྒྱུད་སྡེ་མཐའ་དག་གི་དགོངས་པའི་དོན། འོད་གསལ་གཙོ་བོར་གྱུར་པའི་རྫོགས་རིམ་བསྲེ་བའི་སྐོར་རྣམས་གསན་ཏེ། བཀའ་བབ་གསུམ་པའོ།།
བཀའ་བབ་བཞི་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ། པདྨ་བཛྲ། མཁའ་འགྲོ་མ་སྐལ་བ་བཟང་མོ། དེ་ལས་དཔལ་དགྱེས་པ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་རྣམས་དང༌། དེ་ལ་བརྟེན་པའི་གཏུམ་མོ་གཙོ་གྱུར་གྱི་གདམས་པ་ཆོས་དྲུག་སོགས་གསན་པ་ནི། བཀའ་བབ་བཞི་པའི་བརྒྱུད་རིམ་མོ། །ཞེས་པའི་དཔེར་མཚོན་དེ་ལྟ་བུ་ཡོད་བཞིན་དུ་གྲགས་ཅན་གྱི་རྩོམ་པ་པོ་རྣམ་པ་ཚ་བ་མདའ་སྨྱུག་པ་ལ་སྐྲག་དགོས་དོན་རྩ་བ་ནས་མི་འདུག་གོ།
༧༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༢ གི་ཆུ་ཚོད་ ༢ སྐར་མ་ ༤༣
ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །