བྱང་ཨ་རིའི་ཝེ་སི་ཀོན་སིན་གྱི་མེ་ཌི་སིན་གྲོང་ཁྱེར་ནང་ལོ་རྟག་པར་ཕྱི་ཟླ་བཞི་བའི་ཚེས་ ༢༧ ཉིན་མངའ་སྡེ་མི་མང་རྣམས་འདུ་འཛོམས་གྱིས་རྒྱང་རྒྱུགས་ཀྱི་འགྲན་བསྡུར་དང་། གོམ་བགྲོད་ཀྱི་འགྲན་བསྡུར་ཁག་གཉིས་སུ་བགོས་ཏེ་མི་མང་སྟོང་ཕྲག་བཅུ་ལྷག་ཙམ་མཉམ་ཞུགས་བྱེད་བཞིན་ཡོད་ལ། གོ་སྐབས་དེ་དང་བསྟུན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ལོ་སྔོན་མར་མཉམ་ཞུགས་ཀྱིས་གྲུབ་འབྲས་ཡག་པོ་ཐོན་པ་མ་ཟད། ད་ལོར་ཡང་མུ་མཐུད་དུ་མཉམ་ཞུགས་བྱས། བོད་མི་བཅུ་གྲངས་ཤིག་གིས་བོད་ཀྱི་རྒྱལ་དར་འཕྱར་བཞིན་རྒྱང་རྒྱུགས་བགྲན་བསྡུར་ནང་བོད་དོན་དྲིལ་བསྒྲགས་བྱས་པ་དང་། བོད་མི་བཅུ་གྲངས་ཅིག་གིས་གོམ་བགྲོད་ནང་བོད་ཀྱི་རྒྱལ་དར་འཕྱར་བཞིན་མཉམ་ཞུགས་བྱས། སྟོད་གོས་སྟེང་( Tibet needs you) ཞེས་འཁོད་ཡོད་སྟབས་ས་གནས་མི་མང་གིས་དོ་སྣང་ཆེན་པོས་ལྟ་བཞིན་འདུག་ལ། རྒྱང་རྒྱུགས་འགྲན་བསྡུར་ནང་ཞུགས་མཁན་ཨ་མེ་ལེ་ཞེས་པའི་གཞོན་ནུ་མ་ཞིག་ལ་དོ་སྣང་ཅི་ཡོང་བཀའ་མོལ་ཞུས་པར་ཁོང་གིས་གསུང་ན། འདི་ནི་ཐབས་ལམ་ཡག་པོ་ཞིག་རེད། འགྲན་བསྡུར་ནང་ཞུགས་མཁན་དང་ལྟད་མོ་བ་རྣམས་ལ་བོད་དོན་ཐེངས་གཅིག་དྲན་གསོ་གཏོང་བཅུག་པ་རེད། ང་དང་མཉམ་དུ་ཡོད་པའི་མི་མང་དེ་ཚོས་བོད་དོན་གླེང་སློང་བྱས་པ་མ་ཟད། མི་འགྱངས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདི་གར་དངོས་སུ་ཕེབས་རྒྱུ་ཡིན་པའི་སྐོར་ཀྱང་གསུངས་སོང་ཞེས་ཟེར། ས་གནས་འདི་ནི་མི་མང་རྣམས་་༧གོང་ས་མཆོག་ལ་དད་མོས་ཆེ་བའི་ས་ཆ་ཞིག་ཡིན་པ་མ་ཟད། ༧གོང་ས་མཆོག་ཐེངས་མང་ཤོས་ཕེབས་མྱོང་བའི་ས་ཆ་ཞིག་ཀྱང་ཡིན་པ་རེད། །
བོད་དོན་འཐབ་རྩོད་བྱེད་སྟངས་རྣམ་པ་མ་འདྲ་སྣ་ཚོགས་ཡོད་པའི་ནང་དེང་སང་མི་རྣམས་ལུས་རྩེད་རིགས་ཐད་དོ་སྣང་ཆེ་བའི་སྐབས་འདིར། ང་ཚོའང་དེའི་སྡིངས་ཆའི་ཐོག་སླེབས་ཐུབ་ན་བཟང་ཞིང་། མ་མཐའ་ཡང་ང་ཚོ་ལྟད་མོར་ལྟ་བར་འགྲོ་བའི་གོ་སྐབས་ཤར་ངེས་ན་དེའི་སྐབས་སུ་བོད་དར་སྒྲེང་བའམ་ཐ་ན་སྟོད་གོས་བོད་དོན་ཁྱབ་བསྒྲགས་གྱོན་ཅི་ལ་མི་ཐུབ། དེང་སང་རྒྱ་གར་ནང་དབྱིག་སྤོལ་ cricekt ལ་རྒྱ་གར་གཅིག་པུའི་ནང་ཉིན་རེར་མི་གྲངས་དུང་ཕྱིར་འགས་ལྟ་ཡི་ཡོད་རེད།
དབྱིག་དབྱུག་མ་ཡིན་པར་ཤོག
ཐུགས་རྗེ་གྲངས་མེད་ཞུ་ཕྱི་ལོག་ན་གནས་བཞུགས་བྱེད་བའི་བོད་མི་དག་ལ་ངས་ནམ་ཡང་མཆོག་གསུམ་ལ་སྨོན་ལམ་ཞུ་མཆོག་ཁྱོད་ཚོ་ནི་ཤུལ་ལས་བོད་མི་དག་གི་སེམས་ནང་རེ་བ་ཆེ་ཤོས་རེད།
༼གོ་སྐབས་དེ་དང་བསྟུན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ལོ་སྔོན་མར་མཉམ་ཞུགས་ཀྱིས་གྲུབ་འབྲས་ཡག་པོ་ཐོན་པ་མ་ཟད། ད་ལོར་ཡང་མུ་མཐུད་དུ་མཉམ་ཞུགས་བྱས། ༽ཁ་ཡོད་ལག་ཡོད་ང་ཚོ་བཙན་བྱོལ་པ་རྣམས་ཀྱི་བྱེད་ཐུབ་པའི་ལས་འགུལ་རེད་ཧ་ཅང་ཡག་པོ་བྱུང་འདུག་གཞོན་ནུ་ཚོགས་པ་ལ་ཐུགས་རྗེ་ཆེ་ཞུ་ཡག་ཡིན། ཁྱེད་རྣམས་ཀྱི་ད་བར་བྱས་ཡོད་ལ་ད་དུང་བྱེད་བཞིན་པ་རེད། མ་འོངས་པ་ལ་ཡང་གཞིས་བྱེས་མི་མང་གི་རེ་བ་གཞོན་ནུ་ལས་སུ་ཡོད། གཞོན་ནུ་ལ་ཁ་བརྡུང་དང་བཀའ་སྐྱོན་མོ་ཕོག་པའི་སྨོན་ལམ་ཡོད།
བཀའ་དྲིན་ཆེ་་་བོད་རྒྱལ་ལོ་་