རིགས་སློབ། མཚོ་སྒོ་འཇམ་དབྱངས།
ཁྱེད་ཀྱི་ཉེ་འཁྲིས་སུ་རླུང་གི་ནང་དུ་རོལ་དབྱངས་ཡོད། ཁྱེད་ཀྱི་ཉི་འཁྲིས་སུ་རླུང་གི་ནང་དུ་མིའི་སྐད་ཆའི་སྒྲ་ཡོད། རོལ་དབྱངས་ཀྱི་སྒྲ་དང་གྲོས་མོལ་ཀྱི་སྐད་སྒྲ་དེ་དག་རླུང་འཕྲིན་གྱི་རླབས་རྒྱུན་བརྒྱུད་ནས་གོ་གིན་ཡོད། རླུང་འཕྲིན་གྱི་རླབས་རྒྱུན་དེ་དག་ཕྱི་ནང་གང་སར་ཡོད། རླུང་འཕྲིན་གྱི་རླབས་རྒྱུན་རྣམས་མངོན་མི་ཐུབ་ལ་ཁྱེད་ཀྱི་མཐོང་མི་ཐུབ་པ་འམ་ཡང་ན་ཚོར་མི་ཐུབ། གལ་སྲིད་སྐུ་ཉིད་ཀྱིས་རླུང་འཕྲིན་སྤར་ན་ཁྱེད་ཀྱིས་རླུང་འཕྲིན་གྱི་རླབས་རྒྱུན་གཅིག་པུ་གོ་ཐུབ། རླུང་འཕྲིན་གྱི་རླབས་ལས་སྒྲ་ཐོན་པར་བྱེད་ཀྱིན་ཡོད།
རླུང་འཕྲིན་གྱིས་ལས་ཀ་ཇི་ལྟར་བྱེད།
རླུང་འཕྲིན་བེད་སྤྱོད་བྱེེད་པར་གློག་དགོས། འཁྱེར་བདེ་བའི་ཁྱེད་ཀྱི་རླུང་འཕྲིན་ལ་གློག་རྗས་ཀྱིས་གློག་སྤྲོད་ཀྱིན་ཡོད། ཁྱེད་ཀྱི་(དུས་སྟོན་རླུང་འཕྲིན།) རླུང་འཕྲིན་ཆུ་ཚོད་ལ་གློག་མཐུད་འཛུགས་ས་ནས་གློག་ངེས་པར་དུ་འཁྲིད་དགོས། རླུང་འཕྲིན་ལ་བཀོད་སྤྱོད་མཐུད་སྒོ་འམ་སྟངས་འཛིན་ཡོ་ཆས་ཡོད། དེས་རླུང་འཕྲིན་སྤར་བ་འམ་གསོད་དུ་འཇུག་གི་ཡོད། རླུང་འཕྲིན་ལ་སྒྲ་ཤུགས་ཚོད་འཛིན་ཡོད། དེའི་སྐད་ཤུགས་ཆེན་པོ་འམ་སྐད་ཤུགས་ཆུང་དུ་གཏོང་གིན་ཡོད། རླུང་འཕྲིན་ལ་ཡོད་པའི་གྲིབ་ཚོད་འཁོར་ལོ་འམ་གནོན་རྒྱག་(རླུང་འཕྲིན་གྱི་མཛུབ་ཐེབ་)དེས་སོ་སོའི་དགའ་ཤོས་ཀྱི་རླུང་འཕྲིན་ས་ཚིགས་སྟོན། ས་ཚིགས་སོ་སོའོ་གྲིབ་ཚོད་འཁོར་ལོའི་སྟེང་དུ་དམིགས་བསལ་གྱི་ཨང་གྲངས་རེ་ཡོད། རླུང་འཕྲིན་ལ་དམིགས་གསལ་གྱི་ཏར་སྐུད་སྒྲ་སྡུད་གནམ་སྐུད་ཟེར་བ་ཞིག་ཡོད་པ་དེས་རླུང་འཕྲིན་གྱི་རླབས་རྒྱུན་དེ་དག་རླུང་གི་ནང་དུ་འདྲེན་ཐུབ། རླུང་འཕྲིན་གྱིས་ཐོག་མར་གློག་གི་བརྡ་འཕྲིན་ནང་དུ་སྒྱུར་བར་བྱེད་ཀྱི་ཡོད། དེའི་རྗེས་སུ་དེ་དག་གིས་གློག་གི་བརྡ་འཕྲིན་སྒྲའི་དབྱངས་དང་། འབྲེལ་མཐུད་དང་། གནམ་གཤིས་གནས་ཚུལ་དེ་མིན་གྲོང་ཁྱེར་ནང་གི་རྩེད་མོའི་རུ་ཁག་གི་གནས་ཚུལ་སོགས་ཤེས་རྟོགས་བྱེད་ཐུབ།
རླུང་འཕྲིན་གྱི་རླབས་རྒྱུན་རླུང་གི་ནང་དུ་ཇི་ལྟར་འགྲོ་གི་ཡོད།
རླུང་འཕྲིན་ས་ཚིགས་ཀྱིས་ཏར་སྐུད་བརྒྱུད་ནས་གློག་གི་བརྡ་འཕྲིན་རྣམས་གནམ་སྐུད་བརྐྱང་སྲིངས་ཟེར་བའི་གློག་གི་ལྕོག་མཁར་ལ་གཏོང་གིན་ཡོད། གནམ་སྐུད་ནང་དུ་གློག་གི་བརྡ་འཕྲིན་རླུང་འཕྲིན་རླབས་རྒྱུན་དུ་བརྗེ་འགྱུར་ཐེབས་ཀྱིན་ཡོད། གནམ་སྐུད་དེས་རླུང་འཕྲིན་གྱི་རླབས་རྒྱུན་ཕྱིའི་ཁ་ཕྱོགས་ཚང་མར་གཏོང་གིན་ཡོད།
རླུང་འཕྲིན་ས་ཚིགས་ཁ་ཤས་ཀྱིས་ཨེ་ཨེམ་AM(རླུང་འཕྲིན་ལེ་ཚན་རྒྱང་བསྲིང་གཏོང་བྱེད་མ་ལག)རླུང་
འཕྲིན་གྱི་རླབས་རྒྱུན་ཐོག་ནས་རྒྱང་བསྲེང་བྱེད་ཀྱི་ཡོད། ལེ་ཚན་ཁ་ཤས་ཨེཕྷ་ཨེམ་FM(རླུང་འཕྲིན་ལེ་ཚན་རྐྱང་བསྲིང་གཏོང་བྱེད་མ་ལག)
རླབས་རྒྱུན་ཐོག་ནས་རྒྱང་བསྲིང་བྱེད་ཀྱི་ཡོད། ཨེ་ཨེམ་AMརླུང་འཕྲིན་གྱི་རླབས་རྒྱུན་ནི་ཨེཕྷ་ཨེམ་FMརླབས་རྒྱུན་ལས་རྒྱང་ཐག་རིང་བ་འཁོར་སྐྱོད་བྱེད། ཡིན་ཡང་ཨེཕྷ་ཨེམ་FMརླབས་རྒྱུན་གྱིས་སྒྲ་གཙང་མ་བཟོ་གིན་ཡོད། རླུང་འཕྲིན་མང་ཆེ་བས་(FM)དང་(AM)གཉིས་ཀའི་རླབས་རྒྱུན་འདེམས་ཐུབ་ཀྱིན་ཡོད།
གཏོང་ལེན་གཉིས་ལྡན་གྱི་རླུང་འཕྲིན།
རླུང་འཕྲིན་རྒྱང་བསྲིངས་ཁ་ཕྱོགས་ཅིག་ནས་ཁྱེད་ཀྱི་རླུང་འཕྲིན་ས་ཚིགས་སུ་བསྐྱོད་དེ་ཁྱེད་ཀྱིས་རླུང་འཕྲིན་ཉན་ཐུབ། ཡིན་ཡང་ཁྱེད་ཀྱི་ཕར་སྐད་ཆ་བཤད་མི་ཐུབ། གཏོང་ལེན་གཉིས་ལྡན་གྱི་རླུང་འཕྲིན་ཐོག་ཏུ་མི་ཕན་་ཚུན་རླབས་རྒྱུན་སྟེང་དུ་སྐད་ཆ་བཤད་ཆོག་གི་ཡོད། ཉེན་རྟོག་འགོ་དཔོན་དང་མེ་རྒོལ་བས་གཏོང་ལེན་གཉིས་ལྡན་གྱི་རླུང་འཕྲིན་བེད་སྤྱོད་བྱེད།
མེ་རྒོལ་བས་མེ་ལྕེ་ཆེ་བའི་དུས་ཕན་ཐོགས་ཆེན་པོ་ཡོང་ཆེད་དུ་གཏོང་ལེན་གཉིས་ལྡན་གྱི་རླུང་འཕྲིན་སྟེང་སྐད་བཏོང་ཐུབ། དམག་མི་རྣམས་ཀྱིས་དམག་སའི་སྟེང་དུ་གཏོང་ལེན་གཉིས་ལྡན་གྱི་རླུང་འཕྲིན་བེད་སྤྱོད་བྱེད།
ལག་འཁྱེར་ཁ་པར་དང་སྐུད་མེད་གློག་ཀླད།
ལག་འཁྱེར་ཁ་པར་ཐོག་རླུང་འཕྲིན་གྱི་རླབས་རྒྱུན་བེད་སྤྱོད་བྱེད། ཁྱེད་ཀྱི་ལག་འཁྱེར་ཁ་པར་གྱིས་ཁ་པར་སྐད་ཆ་གནམ་སྐུད་རླབས་རྒྱུན་ཞིག་ལ་གཏོང་བ་དང། གནམ་སྐུད་ཀྱིས་སྐད་ཆ་ཐག་རིང་དུ་བརྒྱུད་གཏོང་བྱེད། ཁྱེད་ཀྱི་རླང་འཁོར་ནང་དུ་འགྲོ་བ་དང་རང་ཉིད་གོམ་པ་བརྒྱབ་ནས་འགྲོ་བའི་ཚེ་ཁ་པར་ཐོག་སྐད་ཆ་ཤོད་ཐུབ།
གློག་ཀླད་ཁ་ཤས་དྲ་རྒྱ་དང་རླུང་འཕྲིན་རླབས་རྒྱུན་མཉམ་དུ་མཐུད་སྦྱོར་བྱས་ཡོད། གློག་ཀླད་འདི་དག་ལ་སྐུད་མེད་ཏར་འཕྲིན་འཚོལ་བའི་དམིགས་བསལ་གྱི་གནམ་སྐུད་ཡོད། གློག་ཀླད་དེ་དག་ལ་ཁ་པར་གྱི་ཐག་པ་མཐུན་ཁ་བྱེད་མི་དགོས་པར་དྲ་རྒྱ་བེད་སྤྱོད་བྱེད་ཆོག་གི་ཡོད།
རླུང་འཕྲིན་གྱི་རླབས་རྒྱུན་བེད་སྤྱོད་བྱེད་པའི་ཕྱོགས་གཞན།
རིག་བརྡ་(རེ་ཌཱར།)དེས་རླུངའཕྲིན་རླབས་རྒྱུན་བེད་སྤྱོད་བྱས་ཏེ་གནམ་གྲུ་དང་གྲུ་གཟིངས་ཐག་རིང་སྨུག་པའི་ནང་དུ་མཐོང་དུ་འཇུག་གི་ཡོད། རིག་བརྡའི་མ་ལགས་དིས་རླུང་འཕྲིན་རླབས་རྒྱུན་ཕྱིར་གཏོང་གི་ཡོད། རླུང་འཕྲིན་རླབས་རྒྱུན་དེ་ཅ་དངོས་ཆེན་པོ་གང་ཞིག་ནས་ཕྱིར་འཕར་བ་དང་དེར་བརྡབས་ཏེ་རིག་བརྡའི་འཆར་ཤེལ་སྟེང་དུ་སྣང་བརྙན་བཟོ་གི་ཡོད། རླུང་འཕྲིན་རླབས་རྒྱུན་གྱིས་གཏིང་ཚད་འཚོལ་ཞིབ་བྱེད་རྒྱུར་ཁེ་ཕན་ཡོད། རླུང་འཕྲིན་རྒྱང་ཤེལ་གྱིས་འཇིག་རྟེན་ཁམས་ནང་གི་རླུང་འཕྲིན་རླབས་རྒྱུན་དེ་དག་ཐག་རིང་ནས་ཉན་འཇོག་བྱེད། མཁའ་སྐྱོད་པས་རླུང་འཕྲིན་གྱིས་རླབས་རྒྱུན་བེད་སྤྱད་དེ་འཛམ་གླིང་མཐོ་སྒང་དབུས་སུ་འཇིག་རྟེན་འཕུར་གྲུའི་ནང་དུ་སྐད་ཆ་བྱས་ཏེ་སྟངས་འཛིན་བྱེད།
རླུང་འཕྲིན་རླབས་རྒྱུན་གྱིས་མཁའ་དབྱིངས་ནས་པར་ཆས་བརྒྱུད་དེ་གཟའ་སྐར་གཞན་ལ་འགྲོ་བའི་འདྲ་བརྙན་དེ་དག་འཛམ་གླིང་ལ་གཏོང་གི་ཡོད། སྨན་པས་མིའི་གཟུགས་པོའི་ནང་དུ་རླུང་འཕྲིན་རླབས་རྒྱུན་བདེ་སྤྱོད་བྱེད། ཁོང་ཚོས་MRIརླུང་འཕྲིན་རྒྱུན་བེད་སྤྱོད་བྱས་ཏེ་ནད་རྟགས་འཕྲུལ་འཁོར་གྱིས་མིའི་གཟུགས་པོའི་ནང་དུ་དཔར་ལེན་བྱེད་ཀྱི་ཡོད།
རླུང་འཕྲིན་སུས་གསར་གཏོད་བྱས་པ་རེད།
ཕྱི་ལོ་ ༡༨༠༠s དུས་སྐབས་སུ་ཚན་རིག་པ་འགའ་ཤས་ཀྱིས་རླུང་འཕྲིན་གསར་རྙེད་བྱེད་ཐུབ་པ་བྱུང་བ་རེད། ཨི་ཊ་ལིའི་རླུང་འཕྲིན་གསར་གཏོད་པ་གྷུ་ལི་མོ་མཱ་ཁོ་ནི་ (Guglielmo Marconi)ཡིས་ཕྱོ་ལོ་༡༨༩༥ལོར་རླུང་འཕྲིན་གྱི་རླབས་རྒྱུན་སྟེང་སྒྲ་ཐོག་མར་གཏང་བ་རེད། ཁོང་གིས་སྒྲ་དེ་དག་མཐུད་ཐུབ་པ་བྱུང་བ་མ་ཟད། སྒྲ་དེ་དག་མཐུད་པ་ལས་ཏར་ཡིག་ཨང་རྟགས་མི་འདྲ་བས་བརྡ་འཕྲིན་སྐྱེལ་འདྲེན་བྱས་པ་རེད། མི་མང་པོས་དེ་སྔ་ནས་ཏར་སྐུད་རྒྱུད་དེ་བརྡ་འཕྲིན་གང་འདྲ་སེ་གཏོང་དགོས་མིན་ཤེས་ཀྱི་ཡོད། བརྡ་འཕྲིན་དེ་རླུང་འཕྲིན་རླབས་རྒྱུན་རྒྱུད་དེ་རྒྱ་མཚོའི་ནང་དུ་ཏར་སྐུད་མེད་པར་གྲུ་གཟིངས་གང་དུ་ཡོད་མེད་རོགས་པ་བྱེད་ཀྱིན་ཡོད། ཆུའི་ནང་དུ་དིམ་པའི་གྲུ་གཟིངས་དག་གིས་རོགས་རམ་སླད་འབོད་བརྡ་གཏོང་ཐུབ་ཀྱི་ཡོད། རླུང་འཕྲིན་གསར་གཏོད་པ་གཞན་དག་ཚོས་རོལ་དབྱངས་དང་སྒྲ་གདངས་རླུང་འཕྲིན་གྱི་རླབས་རྒྱུན་དེ་གང་འདྲ་བྱས་ནས་གཏོང་དགོས་མིན་སློབ་སྦྱོང་བྱས་ཡོད། ཕྱོ་ལོ་༡༩༢༠ནང་རླུང་འཕྲིན་ས་ཚིགས་ཀྱིས་རྒྱང་སྲིང་རླུང་འཕྲིན་ལེ་ཚན་གཏོང་འགོ་ཚུགས་པ་རེད། གསར་གཏོད་པས་རླུང་འཕྲིན་གྱི་རླབས་རྒྱུན་མང་དག་ཅིག་འཛུགས་ཐུབ་པ་
བྱུང་ཡོད། རླུང་འཕྲིན་གྱི་རླབས་རྒྱུན་དེ་དག་རང་ཉིད་ཀྱི་ཕ་མ་དང་གྲོགས་པོ་བར་ལ་འབྲེལ་བ་གནས་རྒྱུར་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད།
2009 Encarta ནས་ཟུར་བཏོན་བྱས་ཏེ་བསྒྱུར།
ཐུགས་རྗེ་ཆེ། འདི་ལས་ཤེས་དགོས་པ་མང་ཙམ་མཐོང་།