ཧི་མ་ལ་ཡའི་འཕྲུལ་སྨྱུག
ཕྱོགས་གཅིག་ནས་སྟོན་པ་ཁོང་སྐྱེ་འཆི་འཕོ་འགྱུར་ལ་རང་དབང་ཐོབ་ཅིང༌། གདུལ་བྱ་འདུལ་བའི་དུས་ལས་སྐད་ཅིག་ཀྱང་མི་ཡོལ་བར་ནས་དགོས་ན་ནམ་ཡིན་པར་བཤད་པ་དང༌། ཕྱོགས་གཞན་ཞིག་ནས་དུས་ཚོད་མ་རན་གོང་ནས་ཆོས་འཁོར་སྟོང་བསྐོར་མཛད་ཅིང༌། སྲས་ཀྱི་ཐུ་བོ་ཚོ་སྒུག་ལོངས་མེད་པར་སྐུ་ཚེའི་འཕེན་པ་རྫོགས་འགྲོ་བ་འདི་དག་ལ་འགྲེལ་བཤད་ཇི་ལྟར་བརྒྱབ། དགུང་གྲངས་དྲུག་བརྒྱ་བཞུགས་པའི་སྐུ་ཚེ་ཞིག་ཡོད་ན་ཀླུ་སྒྲུབ་ལས་སྟོན་པ་ཉིད་ལ་མཁོ་ཆེ་བར་མི་འདུག་གམ། ༼ཞེས་པའི་དོགས་གནས་དེ་ཡང་མི་དགོས་ཏེ། སངས་རྒྱས་སྐུ་འཚོ་གཞེས་ཀྱི་སྐབས་སུ། ལི་ཙ་བྱི་དྲི་མ་མེད་པ་ནི་དེའི་དུས་ཀྱི་དཔལ་མགོན་ཀླུ་སྒྲུབ་ཡིན་པར་གསུངས་པའི་ཕྱིར་དང༌།༽ གདུལ་བྱ་དབང་པོ་ཡང་རབ་དེ་ཚེ་བསྟན་པ་ཡར་དར་གྱི་སྐབས་སུ་གཅིག་ཀྱང་འོང་རྒྱུ་མེད་པར་ལྔ་བརྒྱ་ཐ་མ་ཚེས་ལ་ཉེ་དུས་གཞི་ནས་ཁྱུ་དང་ཁྱུ་བྱས་ཏེ། གང་ནས་གར་ཡོང་བ་ཡིན་སུས་ཤེས། ༼ཐེག་ཆེན་བཀའ་བསྡུ་རྣམས་སུ་ལྟ་དགོས།༽
ཐེག་ཆེན་གསུང་སྐབས་སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ་དང༌། ཞུ་མཁན་གནས་བརྟན་ཀུན་དགའ་བོ། ཉན་མཁན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ། ད་དུང་དགེ་བསྙེན་ཕ་མས་གཙོས་པའི་བྲམ་ཟེ་དང་ཁྱིམ་བདག་དེ་འདྲའི་མང་པོ་ཞིག་ཡོད་འདུག་པ། སྟོན་པ་མྱ་ངན་ལས་མ་ཐག་སུ་ཞིག་གིས་དེ་ཚོ་ཡོད་ཚད་ལ་བརྗེད་ཟས་བརྗེད་ཆུ་དྲངས་པ་ཡིན་ན་མ་གཏོགས། ཁོ་ཚོས་ཐེག་ཆེན་གསུང་སའི་སྣོད་ལྡན་གྱི་སློབ་མ་མ་རྙེད་པའི་དབང་དུ་བཏང་རུང༌། མི་ཚེ་ལོ་རྒྱུས་གསུང་སའི་མི་རེ་གཉིས་ཤིག་ཅི་ལ་མི་རྙེད་༼དེ་རྙེད་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་བརྒྱུད་རིམ་ལས་ཀྱང་གསལ་སྟོན་ནུས་པའི་ཕྱིར།༽ དེས་ན་ཉན་ཐོས་སྡེ་པ་དག་གིས། ཐེག་ཆེན་སངས་རྒྱས་ཀྱིས་གསུངས་པའི་བཀའ་མ་རེད། ཀླུ་སྒྲུབ་སོགས་ཀྱིས་རང་བཟོ་བྱས་པའི་བསྟན་བཅོས་རེད་ཅེས་སྨྲ་བ་ལ་ནི། ཐུགས་ཁག་ཁྱོན་ནས་མི་འདུག་༼པ་ཞིག་མ་ཡིན་༽སྟེ། ༼སངས་རྒྱས་དངོས་སུ་མཇལ་མྱོང་མཁན་གྱི་ཉན་ཐོས་ཆེན་པོ་གྲངས་མེད་པ་རྣམས་ཀྱི་ངོར། དགྲ་བཅོམ་ཆེན་པོར་མཁས་བླངས་ཏེ། ཁོ་བོ་ཅག་ལ་གྲགས་པའི་མཐུན་མིན་གྱི་ཡོན་གཏན་དེ་ཙམ་ཞིག་ཡོད་བཞིན་དུ། དེ་དང་དེ་སྒྲུབ་ཚུལ་རྣམས་བཀའ་འདྲི་ཙམ་ཡང་ཞུ་མ་ཕོད་པ་ནི། བརྗེད་ཟས་བརྗེད་ཆུ་དྲངས་པ་ཡིན་མིན་གྱི་རིགས་པ་དེ། སྐུ་ཉིད་ལ་ཕར་ལྡོག་སོང་བའི་ཕྱིར་རོ།།༽
དཔེར་ན་དེང་སང་མི་ཁ་ཅིག་གིས། ལྷ་ཡུལ་དང་ཀླུ་ཡུལ་ནས་བླངས་པའི་རྗེ་ཙོང་ཁ་པའི་གསུང་རྩོམ་ཡིན་ཟེར་ནས་བརྗོད་བྱ་ཆལ་ཆལ་ཅན་གྱི་དཔེ་དེབ་ཟད་རྒྱུ་རྫོགས་རྒྱུ་མེད་པ་ཞིག་ཕུད་འོང་བའི་དབང་དུ་བཏང༌། རྗེ་ཡི་ཆོས་བརྒྱུད་འཛིན་པའི་བསམ་ཤེས་ཅན་གྱི་མཁས་པ་སུས་ཀྱང་ཁས་ལེན་གནང་ཐབས་བྲལ་བ་དང་གཅིག་མཚུངས་ཡིན་པའི་ཕྱིར།
རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
ཨ་ལ་ལ་ད་ཐིག་ཆེན་ད་ཐིག་ཆེན། བརྗེད་ཟས་བརྗེད་ཆུ་ཟ་འཐུང་བྱེད་མཁན་གྱི་ཤཀྱིའི་སློབ་
མ་དེ་ཚོ་དང། དྲན་འཕྲུལ་གཡོ་རྒྱུས་རིལ་བུ་ཟ་མཁན་ཀླུ་སྒྲུབ་དགེ་སློབ་དེ་ཚོ་ད་ཀྱི་མ་རུང་་་ཧ་ཧོ།
ཧི་མ་ལ་ཡའི་འཕྲུལ་སྨྱུག་གིས་བསམ་ཚུལ་གནད་ལ་སྨིན་པོ་དེ་འདྲ་མང་པོ་བྲིས་ཡོང་བ་ལ་དགའ་བྱུང་། ང་ལ་བསམ་འཆར་ཆེན་པོ་ཞིག་ཞུ་རྒྱུ་ཡོད། དེ་ནི་ཁྱེད་ཀྱིས་བསམ་ཚུལ་རྣམས་ལ་ཁུངས་ལུང་དགོས་ཀྱི་འདུག དེ་མིན་ཁུངས་མེད་ལུང་མེད་ཆགས་འགྲོ་གི་འདུག དཔེར་ན་སྟོན་པ་སྲས་ཀྱི་ཐུ་བོ་རྣམས་ལ་སྒུག་ལོང་མེད་པར་གཤེགས་ཚུལ་བཤད་སྐབས་ཡིག་ཆ་གང་ཞིག་རྩ་འཛིན་བྱས་པ་ཡིན། བོད་ལ་ཡོད་པའི་ཡིག་ཆ་རྣམས་དུས་རབས་བདུན་པའི་རྗེས་ནས་ཡིན་པ་ཐག་ཆོད། དེའི་སྔོན་གྱི་ཡིག་ཆ་རྒྱ་ཡིག་ན་རྙེད་སྲིད། གཞན་ལེགས་སྦྱར་སོགས་ཀྱི་ཡིག་ཆ་ཡོད་དམ། ཡིག་ཆ་ལ་མ་བརྟེན་པར་བྱུང་རྒྱལ་དུ་སྨྲ་བ་འདིའི་ལུགས་སྲོལ་ནི་སྤོང་རན་འདུག དེ་མིན་བོད་ཀྱི་ཤེས་ཡོན་པ་རྣམས་ལ་འཕྱ་སྨོད་བྱེད་པའི་ལམ་སྣ་ཞིག་རེད་ལགས།
ད་མདའ་ཚན་པའི་དེབ་དེ་གཅིག་བལྟ་འདོད་ཤིན་ཏུ་ཆེ། མི་དེ་རིགས་ལ་ལོག་ལྟ་དང་ལྟ་ལོག དམ་ཉམས། བསྟན་བཤིག་བཅས་མི་བཤད་པར་་་་ལུང་དང་རིགས་པ་ཡང་དག་གིས་སྒོ་ནས་བསྒྲུབ་དགོས་པ་ནི་དཔྱོད་ལྡན་ང་ཡིན་ཁོ་ཡིན་སྟག་ཡིན་གཟིག་ཡིན་ཟེར་མཾན་དེ་ཚོ་རིག་པ་སད་རན་འདུག་ག སྐད་ཆ་དེ་རིགས་མདའ་ཚན་གཅིག་པོས་བཤད་པ་མ་རེད། བོད་ཀྱི་ཕྱི་རོལ་དུ་ཡོད་པའི་ནང་བསྟན་རྗེས་འཇུག་པ་མང་པོའི་བསམ་ཚུལ་རེད།་ འདི་ཡི་རིགས་ལ་ཚུལ་གསུམ་དང་ཚད་མ་གསུམ་ལས་སོགས་གཞུང་པོད་ཆེ་ལྔ་ལ་སྦྱངས་ཡིན་ཟེར་མཁན་དེ་ཚོས་གཟན་སྐེད་ལ་སྐྲིས་ཏེ་ལག་པའི་ཐལ་མོ་བརྡབ་རྒྱུའི་གནད་དང། འཁོར་གསུམ་བསྐོར་མཁན་ཡོད་ན་བསྐོར་རན་འདུག་ག
སྔ་རྒོལ་ཕྱི་རྒོལ་རང་འདོད་གཞན་འདོད་དང་།།
དགག་བྱ་བསྒྲུབ་བྱ་ཅིའི་ཕྱིར་ཇི་འདྲ་ཞེས།།
སུ་ཡིས་སུ་ལ་གང་དང་ག་དུས་སོགས།།
ངོས་གཏན་ནས་བྲལ་ལ་ཕྱག་འཚལ་ལོ།།
ད་ཡིན་ན་ནང་པ་སངས་རྒྱས་པའི་ལོ་ངོ་སྟོང་ཕྲག་གི་རིང་ལ་གསེར་བུམ་གྱི་ནང་དུ་གཅིན་སྐྱག་སྦས་བཞག་པ་ཡོད་དོ་ཅོག་གི་དྲི་ངན་ཕྱུར་ཡོང་གི་འདུག་གཱ།
ཏི་སེ་དགོད་རྒྱུ་མ་སྔ་ཞིག །
རྟིང་ནས་ངུ་དགོས་ཐུག་ཡོང་ངོ་།།
སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་ག་ཚོད་བཞུགས་དགོས་དང་མི་དགོས་ཐག་གཅོད་མཁན་དེ་སྟོན་པ་ཁོང་རང་ཉིད་ཁོ་ན་ཡིན་པ་ལས། ལོ་ངོ་སྟོང་གཉིས་དང་ལྔ་བརྒྱ་ལྷག་གི་རྗེས་སུ་སྐྱེས་པའི་གང་ཟག་རེ་གཉིས་ལ་དབང་ཆ་མེད། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་མཚན་སྙན་ཡོངས་སུ་འབར་བ་ཁོང་འཛམ་གླིང་འདིར་བྱོན་ནས་ནང་པ་སངས་རྒྱས་པའི་བསྟན་པ་སྲོལ་གཏོད་གནང་བ་ནི་ཐམས་ཅད་ཀྱིས་ཁས་ལེན་ཡོངས་གྲགས་རེད། ཤེར་ཕྱིན་འབུམ་སངས་རྒྱས་ཀྱི་བཀའ་མིན་དགོས་པའི་རྒྱུ་མཚན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་མ་དྲངས་པའི་གོང་ན་གོ་རྒྱུ་ཐོས་རྒྱུ་མེད་པའི་དབང་གིས་ཡིན་ཟེར་ན། འདི་ལ་དཔྱད་པ་འདི་ལྟར་ཡོད་དེ། ང་ཚོའི་ལག་ཏུ་གནའ་བོའི་རྒྱ་གར་དང་འབྲེལ་བའི་ཡིག་ཆ་ག་ཚོད་ཙམ་ཞིག་ཡོད་དམ། མཛུབ་མོ་ལྔའི་གྲངས་ཀ་ཡང་མི་ལོངས།
ཐ་ན་རྒྱ་གར་གྱི་སྐད་ཡིག་ནང་དུའང་ཡིག་ཆ་དཀོན་ཐག་ཆོད་ནས་ཇོ་ནང་ཏཱར་ནཱཐས་མཛད་པའི་རྒྱ་གར་ཆོས་འབྱུང་ཡང་ཁུངས་གཏུགས་ཡིག་ཆའི་གྲངས་སུ་ལུང་འདྲེན་མང་པོ་བྱེད་ཀྱི་ཡོད།
ཡང་ཐེག་ཆེན་བཀའ་མིན་པའི་རྙོག་དྲྭ་ཡོད་པས་སོ་ཟེར་ན། དེས་ཀྱང་ཐག་གཅོད་གང་ཡང་བྱེད་མི་ཐུབ། རྒྱ་གར་ནི་ས་རྒྱ་ཆེ་ཞིང་མི་འབོར་ཆེ་བའི་དབང་གིས་ཡིན་ནམ་གང་ལྟར་སངས་རྒྱས་ཀྱི་རྗེས་འབྲང་ཚོའི་ནང་དུ་དུས་རྟག་ཏུ་སྡེ་པ་དང་། ཐེག་པ་གང་ཞིག་གི་བསྟན་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་གནས་ཚུལ་མང་པོ་ལྷག་པའི་འབྲས་བུར་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་གནས་ཚུལ་བྱུང་བ་ཀུན་གྱིས་མཁྱེན་གསལ་རེད། དེ་བཞིན་དུ་ཉན་ཐོས་པ་ཚོའི་ནང་ནས་ཀྱང་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་མཁན་བྱུང་བའི་རྒྱུ་མཚན་དེས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་པ་ཐག་མི་ཆོད། དེས་ན་ལོ་རྒྱུས་ཀྱི་ལྟ་སྟངས་ཐོག་ནས་བཤད་ན། ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་དང་མིན་ཐག་གཅོད་བྱ་ཐུབ་ཐབས་མེད།
འོན་ཀྱང་བརྗོད་བྱའི་ཐོག་ནས་བལྟས་ན། ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པ་ལ་ཐེ་ཚོམ་སྤུ་ཙམ་མེད། ཀླུ་སྒྲུབ་ཡབ་སྲས་གཙོས་པའི་མཁས་གྲུབ་མང་པོས་ཐེག་ཆེན་བཀའ་སྒྲུབ་མཛད་ཡོད་དེ་དག་ལ་གཟིགས་ན་མཁྱེན་རྟོགས་ཡོང་ངེས་རེད།
ལུང་རིགས་དཔུང་གིས་བཅོམ་གྱུར་ན།།
ངུ་དགོས་བྱུང་ཡང་འགྱོད་པ་མེད།།
ལུང་རིགས་དཔུང་ཡང་་མི་དགོས་ཏེ།། ལུང་རིགས་གང་ཞིག་ཆོག་མོད་ཀྱང།།
ལུང་རིགས་སྟོང་གིས་བཅོམ་གྱུར་ན།།ངུ་དགོད་འབྱུང་གཞི་ཅི་ཞིག་གམ།།
དྲ་གྲོགས་རྣམ་པ་ལགས། བྲི་རྒྱུ་ཡོད་ན་ཕོ་རབ་ཧི་མ་ལ་ཡའི་ཕྲུལ་སྨྱུག་ལྟར་གཅིག་གཅིག་གཉིས་གཅིག་བྱས་ནས་བྲིས་དགོས་པ་རེད། རྩོམ་པ་པོ་འདིས་དེབ་འདིའི་ནང་གི་ཡིག་ཕྲེང་འདིའི་ནང་དུ་འདི་འདྲ་ཞིག་བྲིས་ཡོད་ཅེས་དངོས་སུ་བྲི་དགོས་པའི་དུས་ལ་བབ་འདུག དེ་མིན་མི་ཤེས་ཤེས་མདོག་རྐྱང་རྐྱང་བྱས་པས་མཐའ་འདི་ལ་ཐུག་པ་རེད། དུས་རབས་ཉེར་གཅིག་པའི་ནང་བསྟན་རིང་ལུགས་པའི་བསྟན་པ་སྐྱོངས་མཁན་གཤའ་མ་ཡོད་ན། ཐོན་དགོས་པའི་དུས་ལ་སླེབས་འདུག་གོ།
དྲ་གྲོགས་བན་དེ་བ་ལེགས་ཀྱིས་དགོངས་ཚུལ་གསུང་པ་དེ་ལ་རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། དེ་དེ་བཞིན་ནོ།།
དྲ་གྲོགས་བན་དེ་བ་ལགས། ཁྱེད་ཅག་བོན་པོའི་བསྟན་འགྱུར་གྱི་ནང་དུ་ཐེག་ཆེན་བཀའ་སྒྲུབ་དང་འདྲ་བ་ཡོད་མེད་དང༌། གལ་སྲིད་ཡོད་ན་དེའི་སྐོར་གང་རྒྱས་རྒྱས་ཤིག་བྲི་ཐུབ་ན་སྙམ་པའི་རེ་བ་བཅང་བཞིན་ཡོད།
ད་ཡིན་ན་དངོས་གནས་དེང་དུས་ཀྱི་མགོ་རིལ་ཚོས་སོ་སོའི་རང་མདོག་ཅུང་ཙམ་བསྟན་འདུག རྒྱ་གཞུང་ལ་བལྟ་དགོས་རེད་ཟེར་ནས་༧གོང་ས་མཆོག་གིས་མགྲིན་པ་མ་ཚ་ཙམ་གསུང་ཡོད་རེད། ཡིན་ནའང་ཆོས་རྒྱུད་འཛིན་མཁན་རྣམ་པ་ཕལ་ཆེར་གྱིས་དྲྭ་འབུས་རྒྱག་རེས་ལྟ་བུའི་གཞུང་འཐུག་པོ་དེ་འདྲར་ཤི་འཐམ་རོ་འཐམས་བྱས་ཏེ་བཞུགས་པ་རེད། གཟིགས་དང་།
གལ་ཏེ་འགྲོ་བ་དབུལ་བོར་ནས། །
སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །
ད་རུང་འགྲོ་བཀྲེན་ཡོད་ན་སྔོན། །
སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །
བདོག་པ་ཐམས་ཅད་འབྲས་བཅས་ཏེ། །
སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །
སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །
དེ་ལྟས་དེ་ནི་སེམས་ཉིད་དོ། །
སྦྱིན་པའི་ཕར་ཕྱིན་སེམས་རག་པའི་གནད་དང་།
ཉ་ལ་སོགས་པ་གང་ཞིག་ཏུ། །
དེ་དག་གསོད་མི་འགྱུར་བར་བསྐྲད། །
སྤོང་བའི་སེམས་ནི་ཐོབ་པ་ལས། །
ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །
ཚུལ་ཁྲིམས།
སེམས་ཅན་མི་སྲུན་ནམ་མཁའ་བཞིན། །
དེ་དག་གཞོམ་གྱིས་ཡོང་མི་ལང༌། །
ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །
དགྲ་དེ་ཐམས་ཅད་ཆོམ་དང་འདྲ། །
ས་སྟེངས་འདི་དག་ཀོས་གཡོག་ཏུ། །
དེ་སྙེད་ཀོ་བས་ག་ལ་ལང༑ །
ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །
ས་སྟེངས་ཐམས་ཅད་གཡོག་དང་འདྲ། །
དེ་བཞིན་ཕྱི་རོལ་དངོས་པོ་ཡང༌། །
བདག་གིས་ཕྱིར་བཟློག་མི་ལང་གི། །
བདག་གི་སེམས་འདི་ཕྱིར་བཟློག་བྱའི། །
གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །
བཟོད་པ།
སེམས་གསལ་གཅིག་བསྐྱེད་འབྲས་བུ་གང༌། །
ཚངས་ལ་སོགས་པ་ཡིན་པ་ལྟར། །
ལུས་ངག་བཅས་པའི་འབྲས་བུ་ཡང༌། །
སྤྱོད་པ་ཞན་པས་དེ་ལྟ་མིན། །
བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །
ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །
སེམས་གཞན་གཡེང་བས་བྱས་པ་ནི། །
དེ་ཉིད་རིག་པས་དོན་མེད་གསུངས། །
བསམ་གཏན།
གང་གིས་ཆོས་ཀྱི་དོན་པོ་མཆོག། །
སེམས་ཀྱི་གསང་འདི་མ་ཤེས་ན། །
བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་།།
དེ་དག་དོན་མེད་གྱི་ནར་འཁྱམ།།
ཤེས་རབ།
འོ་འདི་ཚོ་འགོག་པའི་རིགས་པ་བཀོད་མི་འདུག་ལ་འགོད་ཀྱང་ཤེས་ཀྱི་མ་རེད། སངས་རྒྱས་ནི་ང་ཚོ་དང་འདྲ་བར་གཅིན་སྐྱག་བཏང་མཁན་ཞིག་དང་ཡང་ན་ཕུན་ཚོགས་དགེ་ལེགས་བྱེ་བའི་བསྐྲུན་པའི་སྐུ་གསུངས་པ་ལྟར་འདོད་མཁན་ཤིན་ཏུ་མང་པོ་ཡོད་པ་རྒྱ་གར་གྱི་གཞུང་ལུགས་ནང་གསར་པ་གང་ཡང་མིན། མཇུག་མཐར་ཞུ་རྒྱུ་ནི་འུར་བརྗོད་འདི་འདྲ་བརྟེན་ནས་ཀྱང་གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །ཚད་མས་དྲངས་པས་སྐྱབས་གསུམ་དད་པ་བརྟན། །ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། ། ཅེས་གསུངས་པ་ལྟར་ཕྲན་གྱི་ནི་སྨོན་ལམ་འདེབས་སོ།
ཤཀྱའི་ཆོས་རྒྱུད་ནང་ལ་དོན་མེད་རྙོག་གྲ་བཟོ་མཁན་ཀླུ་སྒྲུབ་རེད་འདུག་བ། ཀླུ་སྒྲུབ་ཀྱི་
གར་ཡིན་འདི་ཡིན་མེད་པའི་དཔེ་ཆོས་ཞིག་ཁོར་ཡོང་སྟེང་ལྷ་ཡུལ་དང་འོག་ཀླུ་ཡུལ་ནས་
ཡིན་ཚུལ་ལུང་པ་གང་བཤད་ནས་ཚང་མ་ནང་འཁྲུག་བཟོས་པ་རེད། སྟོན་པ་ཤཀྱས་གང་
གསུང་གང་གནང་བ་དེ་རང་སོར་བཞག་ན་འདིའི་ནང་ཁུལ་རྙོག་གྲ་འདི་ཡོང་དོན་རྩ་བ་
ནས་ཡོད་མ་རེད།
རིན་ཆེན་འཕྲེང་བ་ལས།
ཐེག་པ་ཆེན་པོ་གང་ཞིག་ལས། །
སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང་། །
ཡེ་ཤེས་དྲི་མ་མེད་བཤད་པ། །
སེམས་ཡོད་སུ་ཞིག་དེ་ལ་སྨོད། །
ཐོག་མར་དགོས་པ་བརྩེ་བའི་འཕྲུལ་སྨྱུག་ཅིག །བར་དུ་མཁོ་བ་དྲང་བདེན་འཕྲུལ་སྨྱུག་གཉིས། །མཐའ་མར་དགེ་བ་རྨོངས་འཇོམས་འཕྲུལ་སྨྱུག་འགའ། །དེ་གསུམ་འཛོམས་ན་འཕྲུལ་སྨྱུག་ཟླ་མེད་དངོས། །
སངས་རྒྱས་ཀྱི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་རྒྱ་མཚོ་ལྟ་བུ་དག་ཟུར་དུ་བཞག་སྟེ་ལྟ་ཙམ་མི་བྱེད་པར། ཤེས་མེད་འགའ་རེས་འུར་སྒྲོག་བྱས་པ་ལ་ཧ་ལས་མདོག་དང་ཧང་སང་མདོག་བྱེད་པ་ནི་ཁྲོན་པའི་སྦལ་པའི་དཔེ་ལས་མ་འདས་སོ།
དྲ་གྲོགས་ལུང་རྟོགས་ནས་བྲིས་པ་བཞིན། ཁྲོན་པའི་སྦལ་པ་ཤེས་མེད་དགའ་རེས་འུར་སྒྲོག་བྱས་པ་ལ་ཧ་ལས་མདོག་དང༌། ཧང་སང་མདོག་བྱེད་མི་དགོས་ཀྱང༌། རྒྱ་མཚོར་གནས་པའི་ཉ་ཆེན་རྣམས་ནས་སངས་རྒྱས་ཀྱི་བཀའ་བསྟན་རྣམས་ཟུར་དུ་མ་བཞག་པར། ལུང་རིགས་ཀྱིས་རྐྱལ་རྩལ་ངོམས་དགོས་པ་ནི་དཀའ་གནད་དུ་བབ་བོ།
རྒྱ་མཚོར་གནས་པའི་ཉ་ཆེན་རྣམས་ཀྱིས་རྐྱལ་རྩལ་ངོམ་ཡོད་ཀྱང་། ཁྲོན་པའི་ནང་གི་སྦལ་པས་དེ་མ་མཐོང་བར་ཁོ་རང་གནས་སའི་ཁྲོན་པའི་ནང་གི་ཉ་ཆུང་འགའ་རེའི་རྐྱལ་རྩལ་ལ་ཧ་ལས་ནས་སྡད་འདུག ཧཧཧ
ཉ་ཆེན་ཉ་ཆུང་སུ་ཡིན་ཡང་རྫོགས་ཆེན་དེ་ལ་རྙོག་གྲ་འདུག་ད་ཡིན་ན། སྟོན་པས་རྫོགས་ཆེན་
གྱི་ཆོས་འཁོར་གནས་དུས་གང་དུ་བསྐོར་ཡོད་མེད་དང། དེ་དུས་སློབ་མ་སུ་སུ་ཡིན་མིན།
གཏེར་མ་དང་སྙན་རྒྱུད་མ་ཡིན་པའི་བཀའ་མའི་རྒྱུད་གཞུང་གང་དུ་གསལ་ཡོད་མེད་གསུང་ཐུབ་མཁན་
ཡོད་ན་གསུང་རོག་གནང།
སྔ་འགྱུར་རྙིང་མའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེ་ནང་ལ་ལྟོས་དང་། སྟོན་པས་རྫོགས་ཆེན་གང་དུ་གསུང་ཡོད་མེད་ཤེས་ཡོང་།
ཐེག་པ་ཆེ་ཆུང་མདོ་གསང་སྔགས་གསར་སྙིང་དང་བཅས་པ་ཐམས་ཅད་ལ། གདུལ་བྱ་སོ་སོའི་ངོ་སྐལ་དུ་གྱུར་པའི་དོགས་གཞི་གང་འདྲ་ཞིག་བྱུང་ནའང༌། དེ་སེལ་ནུས་པའི་ཐབས་ལམ་ཡང་དག་པ་ཞིག་ཡོད་ཚེ། གཅིག་གཅིག་མུག་མུག་ཅིག་གི་ནང་དུ་ཡོད་རེད་ཅེས་བརྗོད་པ་ཙམ་མ་ཡིན་པར། རྩོམ་པ་པོ་འདིའི་བརྩམས་ཆོས་འདིའི་ཤོག་གྲངས་འདིའི་ནང་དུ་ཚིག་ཕྲེང་འདི་འདྲ་ཞིག་འཁོད་ཡོད་ཅེས། ཚིག་འབྲུ་ཇི་མ་ཇི་བཞིན་འགོད་རོགས་ཞུ་རྒྱུ་ཡིན།
ལུང་རྟོགས་ལགས་ ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེ་ སུས་མཛད་ཡོད་མེད་དང་དུས་རབ་ག་དུས་
ཡིན་མིན་གསུང་རོག་ཞུ།
ཆོས་འབྱུང་འདི་སྔགས་འཆང་ཆེན་པོ་འཇིག་བྲལ་ཡེ་ཤེས་རྡོ་རྗེའམ་ཡོང་གྲགས་ལ་བདུད་འཇོམ་རིན་པོ་ཆེས་མཛད་པ་ཞིག་རེད། བཙན་བྱོལ་ནང་མཛད་པ་ཞིག་རེད།
ནང་པའི་གཞུང་ལུགས་ནང་དུ། དབང་བཅུའི་ནང་ནས་ཚེ་ལ་དབང་ཐོབ་རྒྱུ་ཡོད་པ་ཤོད་ཀྱི་ཡོད་རེད། མ་མཐའ་ཐུན་མོང་གི་དངོས་གྲུབ་ཀྱི་གྲས་སུ་གཏོགས་པའམ། ཉན་ཐོས་རྒྱུན་ཞུགས་པ་རྣམས་ལའང་ཡོད་རབ་མངོན་མཛོད་སོགས་སུ་གསལ་ལ། ཡ་མཐའ་སངས་རྒྱས་ཟེར་བ་དེ་ལ་མེད་པ་ནི་མི་སྲིད་པ་ཞིག་ཡིན་པར་བརྟེན། ཤཱཀྱ་ཐུབ་པ་ནི་ཁོང་རང་གི་སྲས་ཀྱི་ཐུ་བོ་ཚོར་སྒུག་ལོང་ཙམ་ཡང་མེད་པར། གང་ཟག་སྤྱི་ཡོངས་ལྟར་དབང་མེད་དུ་གཤེགས་སོང་བ་དེ་ལ། ནང་ཆོས་འཛིན་པར་ཁས་འཆེ་བའི་བླ་མ་ཟོག་པོ་རྐྱང་རྐྱང་གི་ཁྲབ་སྟོན་ངོམ་མཁན་ཚོས་འགྲེལ་བཤད་ཇི་ལྟ་བུ་རྒྱག་རྒྱུ་ཡོད་མེད་ལྟ་རྒྱུ་ཡོད་རེད། རྒྱུ་མཚན་དང་ལྡན་པའི་མཆན་བུ་འགོད་མཁན་ཡོན་ན་ཐོན་ཤོག་ཕོ་ཁྱོ་ག་ཞིག་ལ་རྩི་རྒྱུ་ཡིན།
འུར་མ་རྒྱག ཤཱཀྱ་ཐུབ་པའི་སྲས་ཀྱི་ཐུ་བོ་སུ་ཡིན་ཁྱོད་ཚོས་ཅི་ཤེས། ད་དུང་སྒུག་ལོང་ཡོད་མེད་འདྲ་ཞིག་བཤད་ཁུལ་བྱེད་པ་ནི་གད་མོའི་གནས་རེད།
དགོང་དག་ཁྱེད་ལ་ཁུངས་ལུང་ཡག་པོ་མི་འདུག། བདུད་འཇོམ་ཡིན་ན་ཉེ་དུས་རེད། དེ་ལ་ཁུངས་ལུང་
བཙན་པོ་གང་ཡང་མི་འདུག། བདུད་འཇོམ་གྱི་རྒྱལ་རབ་དང་རྩོམ་ཡིག་མང་པོ་མཐོང་མྱོང་ཡོད།
དྲང་བདེན་མིན་པའི་ཕྱོགས་རིས་ཀྱི་འཆོག་བཤད་མང་དག་ཡོད།
བདུད་འཇོམས་རིན་པོ་ཆེས་མཛད་པའི་ཆོས་འབྱུང་དེ་ལ་ཁུངས་བཙན་པོ་ཡོད་མེད་དཔྱད་པ་བྱེད་རྒྱུ་མ་བྱུང་ཡང༌། ཁོང་གི་ཆོས་འབྱུང་དེ་ཁུངས་གཏུགས་ས་གཙོ་བོ་ནི། དགེ་བརྩེ་རིན་པོ་ཆེ་སྐུ་ཕྲེང་གཅིག་གི་མཛད་པའི་དེབ་གཅིག དར་ཐང་རིན་པོ་ཆེའི་དཔར་སྐྲུན་བྱས་པ་ཞིག་འཇལ་མྱོང་ཡོད་པས།
གཏེར་མ་དང་སྙན་རྒྱུད་མ་ཡིན་པའི་སྟོན་པས་གསུང་པའི་བཀའ་མ་ཞིག་ཡོད་ན་དེ་ནི་ཀུན་གྱི་
གོང་ལ་བཀུར་འོས་ཞིང་ཁས་མི་ལེན་མཁན་སུ་གང་ཡང་མེད། དེ་མིན་གཞན་གྱི་ག་ཚོད་བཤད་
ཀྱང་ཆོག་ལ་ཁས་ལེན་བྱེད་འོས་འཚམས་མིན།
ཁྱེད་རང་གིས་ཁས་ལེན་འདོད་མེད་ན་མ་ལེན་ན་ཆོག་པ་རེད། ཁས་ལེན་རོག་ཅེས་སུ་གང་གིས་ཞུ་བ་རྒྱག་གི་ཡོད་པ་མ་རེད་ལ་ཕན་གནོད་གང་ཡང་ཡོད་མ་རེད་ལོ།
སྟོན་པའི་སྲས་ཀྱི་ཐུ་བོ་བརྒྱད། །
ལྷ་རིགས་ཡིན་པས་སྒུག་དོན་མེད། །
གདུལ་བྱ་རྟག་འཛིན་གྲོལ་བའི་ཕྱིར།
བརྒྱད་ཅུར་ཕེབས་པར་དོན་དང་ལྡན། །
གཏེར་མ་ཞེས་པ་འདི་རྒྱ་གར་མེད་པ་མིན་ཏེ། གྲུབ་ཆེན་ཏི་ལོ་པས་སྒྲོལ་མའི་གྲུབ་ཐབས་ཁྲིའི་ཞིག་རོ་ཞིག་གི་འོག་ལས་འོད་ཟེར་འཕྲོས་པ་གཟིགས་ནས་དེར་སྒྲོལ་མའི་གྲུབ་ཐབས་རྙེད་པ་འདི་ཡང་གཏེར་མ་ཡིན་པ་དགོས་པར་འདོད་དགོས་པས་སོ། །
ད་དུང་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེ་སྦས་སོ་གསུངས་པ་ཡང་འདུག
ཧཧཧཧཧ་་དངོས་གནས་ལུང་རྟོགས་ལགས་དགོངས་པ་འཚོམས་བཞག་་་བཀའ་མ་ནས་ལུང་འདྲེན་
བྱེད་ཡ་རག་གི་ཡོད་ས་མ་རེད་བ། དེ་འདྲ་སོང་ཙམ་ཚ་བ་མདའ་སྨྱུག་གི་ལབ་འདུག་བ།
ད་གས་ཡོད་མ་རེད་ལོ་།
༧༽ ཀརྡོ་གཉེར་ཕྱག་པ་ནས།
ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །