༄༅། །ཕྱི་ལོ་༢༠༡༣ ཟླ ༤ ཚེས ༡༣ ཉིན་རྒྱབ་ཆུ་ཚོད་༣།༣༠ཐོག་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་རྡ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་ངོ་བོའི་སྐོར་བཀའ་སློབ་དང་། མཇུག་ཏུ་མང་ཚོགས་ཀྱི་དྲི་བ་ཁག་ལ་བཀའ་ལན་སྩལ་བ་གཤམ་གསལ།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན། དེ་རིང་འདིར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང། བཀའ་ཟུར་རྣམ་པ། སྤྱི་འཐུས་རྣམ་པ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་མཛད་གཙོ་རྣམ་པ། གཞན་ཡང་ཁུལ་འདིའི་མི་མང་ཡོངས་ལ་ད་ལྟ་འདིར་ངོ་སྤྲོད་གནང་བ་ནང་བཞིན། དེ་རིང་འདིར་ས་གནས་མང་ཚོགས་ལ་དབུ་མའི་ལམ་གྱི་སྐོར་ལ་གཏམ་བཤད་ཅིག་བྱེད་དགོས་ཞེས་མཛད་གཙོ་རྣམ་པ་གཉིས་ངའི་རྩར་བཅར་ནས་ཨུ་ཚུགས་གནང་གི་འདུག །ངས་དེ་དུས་ཀྱང་ཞུ་རྒྱུ་བྱུང་མོད་ད་རེས་བསྐྱར་དུ་ཞུ་རྒྱུར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ་ཉི་མ་གཅིག་ལ་བྱུང་བའི་གནས་ཚུལ་ཞིག་དང། གང་ཟག་གཅིག་གིས་ཐག་བཅད་པའི་གནས་ཚུལ་ཞིག་མ་ཡིན་པར་འདས་པའི་ལོ་བཞི་བཅུ་ལ་ཉེ་བ་ཞིག་གི་རིང་ལ་གཞིས་བྱེས་བོད་མི་མང་ཚོགས་གིས་བསམ་བློ་བསྡུར་བའི་ཐོག་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་གྱི་འོག་མང་གཙོའི་བརྒྱུད་རིམ་དང་མཐུན་པར་ཐག་གཅོད་བྱས་པ་དང་། དེའི་བར་གྱི་མཇུག་འབྲས་དང་འཕེལ་རིམ་སོགས་ཚང་མ་ཕྱི་གསལ་ནང་གསལ། གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱིས་ཆེ་མཐོང་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཙམ་དུ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་དང་། མང་ཚོགས། གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་མང་པོ་ཞིག་བརྒྱུད་ནས་དེའི་སྐོར་ལ་བགྲོ་གླེང་ཡང་མང་པོ་བྱུང་ཡོད་པ་རེད། དྲིལ་སྒྲོག་ཀྱང་མང་པོ་བྱས་ཡོད་པ་རེད། དེར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་སྐོར་ལ་གོ་རྟོགས་མེད་མཁན་ཧ་ལམ་ཡོད་པ་མ་རེད་བསམ་གྱི་ཡོད། ཚང་མར་གོ་རྟོགས་ཡོད་བཞིན་པ་ཞིག་བསྐྱར་ཟློས་ཡང་ཟློས་བྱས་ནས་བཤད་བསྡད་པ་ཡིན་ན་དེར་དགོས་པ་རྒྱུ་མཚན་ཆེར་མེད་པ་ལྟ་བུར་མཐོང་སོང།
ལྷག་པར་དུ་ཡང་འདས་པའི་ལོ་གཉིས་ལྷག་ཅིག་གི་རིང་ལ་སྒྲིག་འཛུགས་ཀྱི་ལས་དོན་གང་གི་ནང་ལའང་ད་ལྟའི་བཀའ་མོལ་ཞུས་ཡོད་པ་མ་རེད། དེར་བརྟེན་བར་ལམ་གྱི་བྱུང་རིམ་དང་འགྱུར་བ་གང་ཡིན་པ་དེ་ངས་གསལ་བོ་ཤེས་ཀྱི་ཡོད་པ་མ་རེད། དེ་འདྲ་ཡིན་པས་དེ་རིང་འདིར་མི་མང་མང་པོ་ཞིག་གིས་ཐུགས་རེ་གནང་ནས་ངས་གསར་པ་ཞིག་ལབ་ཀྱི་མེད་དམ་དགོངས་པ་ཡིན་ན་རེ་བ་དེ་སྟོང་ཟད་དུ་འགྲོ་གི་རེད། མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་སྐོར་བཤད་རོགས་ཀྱིས་ཞེས་གསུངས་པས་རྩ་བ་ནས་མིན་ཞེས་ཞུས་ནའང་སྟབས་མ་བདེ་བ་ཞིག་འདུག །དེ་འདྲ་ཡིན་པས་མི་མང་ལས་འགུལ་ཁང་གི་དགོངས་གཞི་འགྲུབ་པའི་ཆེད་སྔ་མ་ནས་མང་པོ་ཞིག་བཤད་ཟིན་པ་ཚང་མས་མཁྱེན་བཞིན་པ་དེ་དག་བསྐྱར་བལྡབ་བྱེད་དགོས་ཡོད་པ་མ་རེད་བསམ་གྱི་འདུག །དེར་བརྟེན་དུས་ཚོད་མང་པོ་ཞིག་དོགས་འདྲི་དེ་འདྲ་ཡོད་ན་དྲི་བ་དྲིས་ལན་གྱི་ཐོག་ལ་བཏང་ན་གནས་ཚུལ་གསལ་བོ་མེད་པ་གསལ་བོ་བཟོ་བ་དང་། ཡང་དོགས་པ་མ་ཆོད་པ་དོགས་པ་ཆོད་པ་ལ་ཕན་ཐོགས་ཆེ་བ་ཡོང་མདོག་ཁ་པོ་རེད། ངའི་ངོས་ནས་འདིའི་སྐོར་མང་པོ་ཞིག་ཞུས་བསྡད་པ་ཡིན་ན། ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །གསུངས་པ་ནང་བཞིན་རེད། སྔོན་ཆད་མ་བྱུང་བ་ཞིག་གསར་པ་བཤད་རྒྱུ་མེད་པས་ཀུན་གྱི་ཐུགས་ལ་ཡོད་བཞིན་པ་ཞིག་བསྐྱར་བལྡབ་བྱེད་པ་དེ་དུས་ཚོད་ཆུད་ཟོས་གཏོང་བ་ཙམ་མ་གཏོགས་དམིགས་བསལ་གྱི་དགོས་པ་དམིགས་ཡུལ་ཞིག་བསྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་ངས་གོང་དུ་ཞུས་པ་ནང་བཞིན་མི་མང་ལས་འགུལ་ཁང་གིས་ལས་རིམ་འདི་འདྲ་ཞིག་གོ་སྒྲིག་ཞུས་པ་ལ་ཏན་ཏན་དགོས་པ་ཞིག་གཟིགས་ཡོད་མདོག་ཁ་པོ་རེད།
དེ་ལ་བརྟེན་ནས་ང་ཚོ་ཚང་མས་ཡང་ཡང་བཀའ་མོལ་གནང་ཟིན་པ་ཞིག་བསྐྱར་བལྡབ་བྱེད་པའི་འབད་བརྩོན་ཞུ་གི་ཡིན། ད་ལྟ་འདིར་མི་མང་ལས་འགུལ་ཁང་གི་མཛད་གཙོ་རྣམ་པ་ཚོས་ངོ་སྤྲོད་ནང་གསུངས་པ་བཞིན་དབུ་མའི་ལམ་གྱི་སྲིད་ཇུས་དེ་༸སྐྱབས་མགོན་རིན་པོ་ཆེས་ཐོག་མར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ཐུགས་ལ་ཡོད་པ་ཞིག་དང་། ཐུགས་ལ་ཡོད་པ་ནང་བཞིན་ཕྱག་ལེན་དུ་བསྟར་དགོས་པའི་གནས་བབས་ཤིག་བྱུང་བ་རེད། དེའི་རྗེས་ལྔ་བཅུ་ང་དགུའི་འབྱུང་རྐྱེན་གྱི་རྗེས་ལ་༸གོང་ས༸སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་གང་ཡོད་པ་དེ་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་བསམ་ཚུལ་དང་། ལྷག་པར་དུ་བོད་ནང་གི་མི་མང་གི་ང་བཅུ་ང་དགུའི་གྱེན་ལངས་ཀྱི་གནས་བབས་དེའི་འོག་ནས་ང་ཚོས་ཐབས་ལམ་གསར་པ་ཞིག་དང་དམིགས་ཡུལ་གསར་པ་ཞིག་མ་བཟུང་ཐབས་མེད་བྱུང་བ་རེད། ཡིན་ནའང་དེའི་གནས་སྟངས་དེ་རྒྱུན་རིང་པོ་ཞེད་པོ་ཞིག་ལ་འགྲོ་ཐུབ་ཀྱི་མེད་པ་དེ་༸གོང་ས་སྐྱབས་མགོན་ཆེན་པོས་སྔོན་ཚུད་ནས་ཐུགས་ལ་དགོངས་ཀྱི་ཡོད་པ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན་བཙན་བྱོལ་གཞུང་གི་ཡོངས་གྲགས་སྲིད་ཇུས་ཀྱི་ནང་ལ་རང་བཙན་བསྐྱར་གསོ་བྱེད་པའི་ལས་འགན་རྩོམ་བཞིན་པའི་སྐབས་དང། དབུ་མའི་ལམ་གྱི་སྲིད་ཇུས་གསལ་བསྒྲགས་མ་གནང་བའི་སྐབས་ནས་༸སྐྱབས་མགོན་རིན་པོ་ཆེས་བཀའ་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་དང་ཆོས་སྲུང་འཕྲིན་བསྐུལ་དེ་ཚོའི་ནང་རང་དབང་ཟེར་བའི་ཚིག་དེ་མ་གཏོགས་རང་བཙན་ཟེར་བའི་ཚིག་དེ་ཆེད་དུ་གཉེར་ནས་བེད་སྤྱོད་གནང་ཡོད་པ་མ་རེད། སྡེབ་སྦྱོར་གྱི་ཆ་ནས་བཤད་ན་རང་དབང་ཞེས་པའི་ཚིག་དེ་དང་རང་བཙན་ཞེས་པའི་ཚིག་དེ་གཉིས་ཀའང་ཚིགས་བཅད་རྩོམ་པའི་སྐབས་ལ་མ་འགྲིགས་པ་གང་ཡང་ཡོད་པ་མ་རེད། རང་དབང་ཞེས་པ་ཡོད་སར་རང་བཙན་ཞེས་པའི་ཚིག་དེ་བཅུག་པ་ཡིན་ནའང་ཚིག་གི་སྡེབ་སྦྱོར་ཉམས་ཀྱི་མ་རེད། ཡིན་ནའང་དེ་བེད་སྤྱོད་མ་གནང་བར་རང་དབང་ཞེས་པའི་ཚིག་དེ་བེད་སྤྱོད་གནང་བ་ནི་མཐའ་མའི་དུས་ལ་དབུ་མའི་ལམ་གྱི་ཐོག་ལ་མ་ཕེབས་ཐབས་མེད་ཀྱི་གནས་ཚུལ་ཞིག་ཡོང་གི་ཡོད་པ་དེ་མ་འོངས་མངོན་གཟིགས་ཀྱི་ལམ་ནས་དེ་ལྟར་གནང་བ་རེད་བསམ་གྱི་ཡོད། དེ་མ་གཏོགས་༸སྐྱབས་མགོན་རིན་པོ་ཆེས་གློ་བུར་གློ་བུར་ལ་དགོངས་པ་བཞེས་པ་དང་། འཕྲལ་སྒང་གི་དགོས་མཁོ་ལ་གཟིགས་ནས་ཐག་གཅོད་དང་ལྗགས་རྩོམ་གནང་བཞག་པ་དེ་འདྲ་གཅིག་ཀྱང་ཡོད་མ་རེད་ཅེས་ལབ་ཐུབ་ཀྱི་རེད་བསམ་གྱི་འདུག །
དྲུག་ཅུ་རེ་གྲངས་ནས་ཁ་བྲལ་དུ་མ་སོང་བ་བྱས་ནས་ཚད་ལྡན་གྱི་རང་སྐྱོང་ཞིག་གི་གནས་བབས་འོག །བོད་དོན་བདེན་མཐའ་སེལ་རྒྱུའི་ཐབས་ཤེས་གནང་བའི་དགོངས་གཞི་དང་བཀའ་མོལ་དེ་བཀའ་ཤག་དང་། སྤྱི་འཐུས་ཚོགས་གཙོ་རྣམ་པས་མཚོན་སྐབས་དེའི་གྲོས་ལ་དབང་བའི་མཛད་གཙོ་རྣམ་པ་ཚོ་དང་བཀའ་མོལ་ཡོང་གི་ཡོད་པ་རེད། ཧ་ལམ་ལོ་གྲངས་བཅུ་ཕྲག་བརྒལ་བ་ཞིག་གི་རིང་ལ་ཞིབ་འཇུག་དང་། བརྟག་དཔྱད། གྲོས་བསྡུར་ཞིབ་ཚགས་པོ་གནང་བའི་རྗེས་སུ། ཕྱི་ལོ་༡༩༧༤ནས་ཡོངས་གྲགས་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་གཟུང་བར་ཐུགས་ཐག་ཆོད་པ་དང་། དེ་ནས་ལོ་ཁ་ཤས་ཀྱི་རྗེས་བོད་རྒྱའི་འབྲེལ་ལམ་མགོ་བཙུགས་པའི་སྐབས་སུ་གཞི་ནས་ལམ་ཁ་གསར་པ་ཞིག་ལ་གོ་བསྡུར་དང་དགོངས་པ་བཞེས་མི་དགོས་པའི་ཐོག་ནས། རྒྱ་ཕྱོགས་ལ་ཡ་ལན་གནང་བདེ་བོ་ཞིག་ཆགས་ཡོད་པ་དེ་ཕྱི་ལོ་༡༩༧༤ ནས་བཟུང་སྟེ་ནང་དོན་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱུང་ཡོད་པ་དེའི་ཉེར་ལེན་ལ་བརྟེན་ནས་བྱུང་བསྡད་པ་ཞིག་རེད། ཡིན་ནའང་དེ་ཡོངས་གྲགས་དང་རྒྱལ་སྤྱིའི་ནང་ལ་གསལ་བོ་བཟོས་མ་གནང་བའི་གོང་དུ་ཡང་༸གོང་ས་མཆོག་གིས་ཡང་ནས་ཡང་དུ་བཙན་བྱོལ་བོད་མི་མང་ཚོགས་དང་གཞིས་ལུས་བོད་མི་ཡོངས་ཀྱི་བསམ་ཚུལ་དང་སློབ་སྟོན་གསལ་བོ་ཞིག་མཁྱེན་རྒྱུའི་ཐབས་ཤེས་ཡང་ཡང་གནང་བ་རེད།
རྒྱལ་སྤྱིའི་ནང་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་མར་གསལ་བསྒྲགས་གནང་བའི་གོང་སྟེ(Strasbourg Proposal)དེར་ཧ་ཅང་གཞི་རྒྱ་ཆེ་བའི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་ནས། དེའི་སྐབས་ཉིན་གྲངས་བཞི་ལྔ་ཞིག་གི་རིང་ལ་ཚང་མས་རང་རང་སོ་སོའི་བསམ་ཕྱོགས་དང་རྒྱུ་མཚན་གང་ཡིན་པ་ཆ་ཚང་ཞིག་བརྡར་ཤ་ཆོད་པའི་ཐོག་ནས་ཞུ་རྒྱུ་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་སྤྲད་ནས་སུ་ཏྲས་སི་སྦག་གི་གསུང་བཤད་ཀྱི་ཟིན་བྲིས་ལ་གཞིས་བཞུགས་བོད་མི་དང་བཙན་བྱོལ་བོད་མི་གཉིས་ཀའི་སྐུ་ཚབ་མཚོན་པའི་མང་ཚོགས་ཀྱི་ཚོགས་འདུ་ཞིག་གི་སྟེང་ནས་ཐག་ཆོད་རྒྱབ་གཉེར་གནང་བ་ཞིག་རེད། ༡༩༨༨ཕྱི་ཟླ ༦ པའི་ནང་ལ་འཚོགས་པའི་ཚོགས་ཆེན་དེ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེ་མང་ཚོགས་ཀྱིས་ཐག་གཅོད་བྱས་པའི་ལས་རིམ་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། ༡༩༨༨ ནས་ ༡༩༩༦ གི་བར་དུ་དེའི་ཐོག་ལ་མུ་མཐུད་ནས་ཆ་ཤས་གནང་བའི་རྗེས་ལ་ཐོག་མའི་དམིགས་ཚད་དང་འཚམ་པའི་གྲུབ་འབྲས་མ་བྱུང་བས་བསྐྱར་དུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེ་མུ་མཐུད་ནས་འགྲོ་དང་མི་འགྲོ་མང་མོས་ཐག་གཅོད་འོས་བསྡུའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་གྱི་འོག་ནས་གནང་བར་ཐུགས་གཏན་ཁེལ་བའི་ཉེར་ལེན་ལ་བརྟེན་ནས་བཀའ་སྤྱི་ཐུན་མོང་གིས་བཙན་བྱོལ་བོད་མི་འདུས་སྡོད་ཁག་དང་། བོད་ནང་ལ་ཡོད་པའི་བོད་མི་ཚོའི་བསམ་ཚུལ་བསྡུ་ཐབས་སོགས། དེ་འདྲའི་ཐབས་ལམ་མང་པོ་ཞིག་གི་ཐོག་ནས་མང་མོས་ཐག་གཅོད་འོས་བསྡུའི་ལས་གཞི་ཧ་ལམ་ལོ་གཅིག་མ་ཟིན་ཙམ་ལ་ཞིབ་ཚགས་པོ་དང་ཧུར་པོ་བྱས་ནས་གནང་བ་རེད།
དེའི་སྐབས་གཉིས་སྨན་དབུ་མའི་ལམ་དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་ཡིན་པ་དང་། ཚང་མས་དེ་ལ་མོས་མཐུན་བྱ་དགོས་པ་ཟུར་ཙམ་ཡང་བཙན་པོ་དབང་ཡོད་ཀྱི་ཐོག་ནས་བཀའ་གནང་ཡོད་པ་མ་རེད། མང་མོས་ཐག་གཅོད་འོས་བསྡུའི་ནང་ལ་གདམ་བྱའི་དོན་ཚན་ག་ཚོད་ཡོད་པ་དེར་མི་མང་གི་མངོན་འདོད་འདོན་རྒྱུའི་གོ་སྐབས་ཆ་ཚང་གནང་བ་རེད། གནང་བ་གཞིར་བཟུང་མང་ཚོགས་ནས་བསམ་ཚུལ་བསྡུས་པའི་དངོས་དོན་ལ་གདམ་བྱ་དོན་ཚན་བཞི་ཕལ་ཆེར་ཡིན་ནམ། ད་དུས་ཚོད་རྒྱུན་རིང་སོང་བས་ཧ་ཅང་གསལ་བོ་ཞིག་དྲན་གྱི་མི་འདུག་སྟེ། དེ་ཚོ་ཡང་མང་ཚོགས་ཀྱི་མངོན་འདོད་བསམ་ཚུལ་དང་མཐུན་པ་བྱས་ནས་གཏན་ཁེལ་བ་ཞིག་མ་གཏོགས་བཀའ་ཤག་དང་༸གོང་ས་མཆོག །ཡང་ན་སྤྱི་འཐུས་ཀྱིས་གཏན་འབེབས་གནང་བའི་གདམ་བྱ་དོན་ཚན་དེ་འདྲ་མ་རེད། གདམ་བྱ་དོན་ཚན་རེ་རེའི་སྟེང་ལ་དེར་རྒྱབ་སྐྱོར་གནང་མཁན་གྱི་སྲི་ཞུ་བ་ཡིན་ནའང་འདྲ། ཆབ་སྲིད་དབུ་འཁྲིད་ཡིན་ནའང་འདྲ། གཞུང་འབྲེལ་མ་ཡིན་པའི་གང་ཟག་སྒེར་པ་ཡིན་ནའང་འདྲ། ཚང་མས་བརྒྱུད་ལམ་ཁག་དང་། ཚོགས་འདུ་ཁག། །མང་ཚོགས་ཀྱི་ནང་བཅས་ལ་རང་གི་བསམ་ཚུལ་དགོས་པ་རྒྱུ་མཚན་དང་བཅས་པ་ཆ་ཚང་ཞིབ་ཚགས་པོ་བྱས་ནས་བཤད་པ་དང་། སྒྲ་ཐག་འབུལ་བ། རྒྱུ་མཚན་བགྲང་བ་བཅས་ཆ་ཚང་གནང་ཡོད་པ་རེད། ཐབས་ལམ་དེ་ཚོ་ཆ་ཚང་བེད་སྤྱོད་བཏང་བའི་ཐ་མ་དེ་ལ་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ་དྲུག་ཅུ་རེ་བཞི་དང་གྲངས་ཆུང་ཁ་ཤས་ཤིག་གིས་མང་མོས་ཐག་གཅོད་འོས་བསྡུ་གནང་མི་དགོས་པའི་ཐོག་ནས། ཡང་ན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་སྐྱོང་གནང་རྒྱུའམ། ཡང་ན་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་གནང་བར་གསོལ་འདེབས་ཞུ་བ་དེ་གཉིས་ཀྱི་ཐོག་ལ་མོས་མཐུན་བྱུང་བ་རེད།
དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱུང་བ་དེ་བཙན་བྱོལ་རྐྱང་རྐྱང་མ་རེད། གཞིས་བཞུགས་མང་ཚོགས་ཀྱི་ནང་ནས་ཀྱང་གང་ཐུབ་ཐུབ་ཀྱིས་སྐུ་ཚབ་མཚོན་པའི་བསམ་ཚུལ་བསྡུ་བའི་འབད་བརྩོན་སྐབས་དེ་དུས་གནང་བ་རེད། བརྒྱ་ཆ་དྲུག་ཅུ་རེ་བཞི་ལྷག་དགོངས་ཚུལ་གཅིག་གྱུར་བྱུང་བ་དེ་གཞི་ལ་བཞག་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་བརྡར་ཤ་ཆོད་པོའི་བགྲོ་གླིང་གཏིང་ཟབ་གནང་བའི་རྗེས་ལ། སྤྱི་མོས་ཀྱི་ཐོག་ནས་མང་མོས་ཐག་གཅོད་འོས་བསྡུ་དངོས་སུ་གནང་མ་དགོས་པར། རྒྱ་ནག་གི་གནས་སྟངས་དང་རྒྱལ་སྤྱིའི་གནས་སྟངས་ལ་བསྟུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་བོད་ཀྱི་རྩ་དོན་གྱི་ཆེད་དུ་སྲིད་ཇུས་གང་འདྲ་ཞིག་འཛིན་པ་གནང་བ་ཡིན་ནའང་དེ་༸སྐྱབས་མགོན་རིན་པོ་ཆེས་ཤན་འབྱེད་ཀྱིས་ལམ་སྟོན་གནང་རྒྱུ་དང་། ༸སྐྱབས་མགོན་རིན་པོ་ཆེས་གང་ལམ་སྟོན་གནང་བ་དེ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱས་པ་དང་གནས་ཚད་མཚུངས་པའི་ཐག་གཅོད་ཅིག་ལ་སྤྱི་འཐུས་ལྷན་ཁང་གིས་ངོས་འཛིན་ཞུ་རྒྱུ་དང་། སྤྱི་འཐུས་གྲོས་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་གྲོས་ཆོད་ཀྱི་ལམ་ནས་༸སྐྱབས་མགོན་རིན་པོ་ཆེ་ལ་མང་མོས་ཐག་གཅོད་འོས་བསྡུའི་གྲུབ་འབྲས་དང་གནས་ཚད་མཉམ་པའི་ཐག་གཅོད་ལ་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་ཞུས་པ་དེས། ༡༩༩༨ལོར་བསྐྱར་དུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་གནང་རྒྱུའི་གནས་བབས་དེ་བྱུང་བ་རེད།
དེར་བརྟེན་དེའི་རྗེས་ལ་ཡང་དངོས་གནས་བྱས་པ་ཡིན་ན་སྲིད་ཇུས་དེ་ལ་འགྱུར་བ་གཏོང་བའི་ལམ་ཁ་ནི་མང་མོས་ཐག་གཅོད་འོས་བསྡུའི་ལམ་ཁ་རྐྱང་པ་མ་གཏོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་དང་སྤྱི་མོས་ཀྱི་ཐོག་ནས་འགྱུར་བ་གཏོང་ས་མེད་པའི་གནད་དོན་ཞིག་རེད། ཆབ་སྲིད་དང་ཁྲིམས་ལུགས་གཉིས་ཀའི་ཐོག་ནས་བལྟས་པ་ཡིན་ནའང་སྐབས་དེ་དུས་ཀྱི་སྤྱི་མོས་གྲོས་ཆོད་དེའི་ནང་ནས་མ་འོངས་པ་ལ་ཡང་སྲིད་ཇུས་དེ་ལ་འགྱུར་བ་གཏོང་བའི་ལམ་ཁ་མང་མོས་ཐག་གཅོད་འོས་བསྡུ་མ་གཏོགས་གཞན་པ་གང་ཡང་མེད་པ་གསལ་བོ་ཞུས་པ་དེ་ད་ལྟ་ཡང་རང་འཇགས་བསྡད་ཡོད་པ་རེད། ཡིན་ནའང་ཉིས་སྟོང་བརྒྱད་ཀྱི་ལོ་ལ་བོད་ཕྱི་ནང་གཉིས་ཀྱི་ནང་ཛ་དྲག་གི་གནས་བབས་ཆེན་པོ་ཞིག་བྱུང་བ་དང་། རྒྱལ་སྤྱིའི་ནང་ལའང་དེའི་དབང་གིས་ཤུགས་རྐྱེན་ཆེན་པོ་ཐེབས་པས། ༸གོང་ས་སྐྱབས་མགོན་ཆེན་པོས་བསྐྱར་དུ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུ་པའི་ཆ་རྐྱེན་གྱི་འོག་ནས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་ནས། སྐབས་དེ་དུས་༸གོང་ས་མཆོག་གིས་ད་རེས་དམིགས་བསལ་ཚོགས་ཆེན་འདིའི་སྟེང་སྤྱི་མོས་མང་མོས་གང་འདྲ་ཞིག་གི་ཐོག་ནས་ཐག་གཅོད་བྱུང་བ་ཡིན་ན། དེ་རང་གི་ཐོག་ལ་ཕེབས་རྐྱང་མ་གཏོགས་ཐེ་ཚོམ་ནེམ་ནུར་གང་ཡང་མེད་ཅེས་སྐབས་དེ་དུས་ཀྱི་བཀའ་ཤག་ལ་གསལ་བོར་བཀའ་གནང་སོང་ལ་ཚོགས་ཆེན་རང་དུའང་ཞལ་གསལ་བོས་བཀའ་གནང་ཡོད་པ་རེད། སྐབས་དེ་དུས་དམིགས་བསལ་ཚོགས་ཆེན་ལ་ཕེབས་མཁན་ཚོགས་མི་དེ་འདྲ་དེ་རིང་འདིའི་ནང་ལའང་ཡོད་མདོག་ཁ་བོ་རེད། བོད་པའི་སྤྱི་ཚོགས་ནང་ཧ་ཅང་མང་པོ་བསྡད་ཡོད་པ་རེད། སྐབས་དེར་ཡང་དགོངས་འཆར་གསུང་མཁན་ཚང་མས་ཕྱོགས་གང་འདྲ་ཞིག་གི་ཐོག་ལ་གཞུང་གི་སྲིད་ཇུས་དང་མཐུན་པ་དང་མི་མཐུན་པ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དང་མཐུན་པ་དང་མི་མཐུན་པ་དང་དེ་ལས་གཞན་པའི་ལངས་ཕྱོགས་གང་འདྲ་ཞིག་ཡོད་པ་ཚང་མ་འཛེམ་ཟོན་མེད་པའི་ཐོག་ནས་འཇིགས་ཞུམ་མེད་པའི་ཐོག་ནས་ཞིབ་ཚགས་བྱས་ནས་གོ་བསྡུར་ལྷུག་པོར་གནང་བའི་གོ་སྐབས་བྱུང་ཡོད་པ་དེ་ཧ་ཅང་གསལ་པོ་རེད་བསམ་གྱི་ཡོད། གོ་སྐབས་བྱུང་མ་སོང་གསུངས་པ་ཡིན་ན་དེ་དངོས་ཡོད་ཀྱི་གནས་ཚུལ་ཐོག་ལ་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། ད་ལྟ་ཡང་སྐབས་དེ་དུས་ཚོགས་འདུ་ལ་ཕེབས་མྱོང་མཁན་ཚང་མའི་དགོངས་པར་མངའ་གསལ་ཡིན་རྒྱུ་རེད། དེའི་སྐབས་ལ་ཡང་ཚོགས་འཐུས་བརྒྱ་ཆ་བརྒྱད་ཅུ་བརྒལ་བ་ཞིག་གི་འདོད་མོས་ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་སྐྱོང་གནང་རྒྱུར་ཐག་གཅོད་བྱུང་བ་རེད། དེའི་རྗེས་ལ་ཡང་བསྐྱར་སྣོན་པ་རྒྱག་དགོས་པ་དང་རྒྱབ་སྐྱོར་བཙལ་དགོས་པའི་གནས་བབས་ཤིག་མ་ལྷག་པ་རེད།
ཡིན་ན་ཡང་དེ་ནས་ལོ་གཉིས་ཀྱི་རྗེས་༢༠༡༠ ལོ་ལ་སླར་ཡང་སྤྱི་འཐུས་གྲོས་ཚོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་གྲོས་ཆོད་ཀྱི་ཐོག་ལ་བགྲོ་གླེང་རྒྱས་པ་ཞིག་གནང་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེར་སྤྱི་མོས་ཀྱི་ཐོག་ནས་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གྲོས་ཆོད་བཞག་ཡོད་པ་རེད། དེ་འདྲ་ཡིན་པས་དེ་རིམ་པ་བཞི་པ་དེ་རེད། ལོ་བཞི་བཅུའི་རིང་ལ་ང་ཚོས་ཕྱིར་ལྟས་ཤིག་སློག་པ་ཡིན་ན་ཡང་དག་པའི་མང་གཙོའི་ལམ་སྲོལ་དང་མཐུན་པའི་ཐོག་ནས་མི་མང་གི་བསམ་ཚུལ་དང་གྲོས་ཚོགས་ཀྱི་བསམ་ཚུལ་ཚང་མ་བསྡུས་ནས་སྤྱི་མོས་དང་མང་མོས་ཚད་མཐོའི་མང་མོས་བཅས་ཀྱི་ཐོག་ནས་ཐག་གཅོད་བྱས་པའི་སྲིད་ཇུས་ཤིག་ཡིན་པ་དེ། ང་ཚོས་མ་བསྙེལ་བ་བྱས་ནས་ཐུགས་ལ་ཡང་ཡང་དྲན་གསོ་གནང་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག
།འགན་འཁུར་མེད་པའི་མི་ཁ་ཤས་ཀྱིས་བརྒྱུད་ལམ་ཁག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ་༸རྒྱལ་བ་རིན་པོ་ཆེ་མི་གཅིག་གིས་ཐག་གཅོད་བྱས་པ་རལ་གྲི་གནམ་གཡུག་དབང་ཤུགས་ཀྱིས་མང་ཚོགས་ཀྱི་ཐོག་ལ་བཀུར་བཞག་པའི་སྲིད་ཇུས་ཡིན་པ་འདྲ་པོ་དེ་འདྲ་བཤད་མཁན་བྱུང་ཡོད་པ་རེད། ཡིན་ནའང་དེ་དག་ལ་བདེན་པའི་གཞི་རྩ་ནམ་ཡང་མེད་པ་གསལ་བོར་མཁྱེན་དགོས་པ་རེད་ཅེས་ནན་པོ་བྱས་ནས་ཞུ་རྒྱུའི་འདོད་པ་བྱུང་སོང་། དབུ་མའི་ལམ་གྱི་སྲིད་ཇུས་དེའི་ངོ་བོ་ཞུས་པ་ཡིན་ན། རྒྱ་ནག་དང་ཁ་བྲལ་བྱས་ནས་རྒྱལ་ཁབ་ལོགས་པ་བཟོ་མི་དགོས་པ་དེ་ཕྱོགས་གཅིག་རེད། རྒྱ་ནག་ནས་ཁ་བྲལ་འགྲོ་བ་དེ་ཁག་གཅིག་རེད། ད་ལྟའི་གནས་བབས་ནང་གཞིན་སྡོད་རྒྱུ་དེ་ནི་ཁག་གཞན་པ་ཞིག་རེད། དེ་གཉིས་ཀ་དང་བྲལ་བ་བྱས་ནས་བོད་མི་མང་ཚོགས་ཀྱི་མངོན་འདོད་སྒྲུབ་ཐུབ་པ་བྱེད་རྒྱུ་དེ་དབུ་མའི་ལམ་གྱི་རགས་པའི་གོ་དོན་རེད། ཡིན་ན་ཡང་དེ་ལས་ཞིབ་ཚགས་པོ་བྱས་ནས་ཕྱི་ལོ ༢༠༠༢ ནས ༢༠༡༠ བར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོའི་བར་ལ་འབྲེལ་མོལ་རིམ་པ་དགུ་ཙམ་ཞིག་གནང་བའི་རིང་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཞིབ་ཚགས་པོའི་གནས་སྟངས་དེ་གསལ་ཁ་དོད་དུ་སོང་ཡོད་པ་རེད། ཞིབ་ཚགས་ཆེ་རུ་དང་གསལ་དུ་ཕྱིན་པ་རེད།
དེ་འདྲ་ཡིན་པས་ད་ལྟ་ང་ཚོས་ཕྱག་ལེན་གནང་བཞིན་པའི་དབུ་མའི་ལམ་གྱི་སྲིད་ཇུས་དེ་གང་འདྲ་ཞིག་ཡོད་པ་རེད་ཟེར་ན། མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་ལ་བསྟར་བཞིན་པའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་བོད་ཀྱི་གནས་བབས་གསལ་རྒྱུ་དེ་ཐ་མའི་འབབ་ས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་མདོ་དོན་སྙིང་པོ་དེ་རེད། དེ་ལ་ཡང་ཡན་ལག་ཆ་ཤས་ཁ་ཤས་ཤིག་ཡོད་པ་རེད། ཡན་ལག་གི་ཆ་ཤས་དང་པོ་དེ་བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ལ་ཚུད་དགོས་པ་དེ་འདོར་དུ་མི་རུང་བའི་ཆ་ཤས་སམ་ཆ་རྐྱེན་གཅིག་རེེད། ཆོལ་ཁ་གསུམ་ཞེས་ལབ་པ་ཡིན་ནའང་འདྲ། ད་དུང་ཆོལ་གསུམ་གྱི་ནང་དུ་མ་ཚུད་པའི་བོད་རིགས་ཡོད་སྲིད་པ་ཡིན་ནའང་འདྲ། གང་ལྟར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་ལ་གྲངས་ཉུང་མི་རིགས་ལྔ་བཅུ་ང་བཞིའི་ནང་ནས་བོད་གྲངས་ཉུང་མི་རིགས་ཟེར་བ་དེའི་ནང་ལ་ཚུད་མཁན་གྱི་བོད་རིགས་ཡོངས་སུ་རྫོགས་པ་དེ་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ལ་ཟླ་སྒྲིལ་གཏོང་དགོས་པ་དེ་དབུ་མའི་ལམ་གྱི་འདོར་དུ་མི་རུང་བའི་ཡན་ལག་གཅིག་རེད། དབུ་མའི་ལམ་གྱི་ཐབས་ལམ་ལ་འབད་བརྩོན་བྱེད་པའི་སྐབས་དང་། དབུ་ལམ་གྱི་དམིགས་ཡུལ་གྲུབ་པའི་རྗེས་ག་དུས་ཡིན་ན་ཡང་བོད་མི་རིགས་ཀྱི་མངོན་འདོད་བསྒྲུབ་རྒྱུའི་ཐབས་ལམ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བརྟེན་ནས་འགྲོ་རྒྱུ་ནི་དབུ་མའི་ལམ་གྱི་འདོར་དུ་མི་རུང་བའི་ཡན་ལག་གཅིག་རེད།
དེ་དང་ཕྱོགས་མཚུངས་དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་བོད་མིའི་མ་འོངས་པའི་མདུན་ལམ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བཙལ་རྒྱུ་ཡིན་ནའང་། ཕྱི་ལོ་༡༩༥༡སྔོན་གྱི་འདས་པའི་བྱུང་རབས་སུ་གང་བྱུང་བ་དེ་བསྐྱར་གསོ་བྱེད་ཀྱི་མེད་པས། འདས་པའི་བྱུང་རབས་ལ་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་འགྱུར་བ་གཏོང་རྒྱུ་དང་། ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྟོག་བཟོ་བྱས་པའི་འཁྱོག་བཤད་ཀྱི་བྱུང་རབས་ལ་ངོས་ལེན་རྩ་བ་ཉིད་ནས་མི་དགོས་པ་བཅས་གསུམ་པོ་དེ་དབུ་མའི་ལམ་གྱི་སྲིད་ཇུས་དང་མཉམ་དུ་ཡོད་པའི་ཆ་རྐྱེན་རེད། ད་ཚང་མས་མཁྱེན་གྱི་ཡོད་མོད་ངས་བསྐྱར་དུ་དྲན་གསོ་བའི་ཆེད་དུ་ཞུ་བཞིན་ཡོད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་ལ་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་ལ་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་རང་སྐྱོང་དང་མི་རིགས་ས་གནས་རང་སྐྱོང་གཉིས་ཀའི་ཐོབ་ཐང་ཞིབ་ཚགས་པོ་བྱས་ནས་སྤྲད་ཡོད་པ་རེད། ས་ཁུལ་མེད་པའི་གྲངས་ཉུང་མི་རིགས་ཡིན་ན་མི་རིགས་རང་སྐྱོང་གི་སྐད་ཆ་རེད། ས་ཁུལ་ཡོད་པའི་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་དེ་སྤྲད་ཡོད་པ་རེད། ཐོབ་ཐང་དེའི་ཆ་རྐྱེན་གྱི་འོག་ནས་མིང་ཙམ་གྱི་རང་སྐྱོང་བོད་རིགས་མང་ཆེ་བ་ལ་སྤྲད་ཡོད་པ་རེད།
ཡིན་ན་ཡང་བོད་རིགས་དེ་དག་དུམ་བུ་བཅུ་གཅིག་གམ་དུམ་བུ་བཅུ་གཅིག་ལས་མང་བ་ཞིག་ཏུ་ཆ་བགོས་བྱས་ནས་རང་སྐྱོང་ལྗོངས་གཅིག་མ་གཏོགས་ཡོད་པ་མ་རེད། དེ་ནས་རང་སྐྱོང་ཁུལ་རང་སྐྱོང་རྫོང་རང་སྐྱོང་གྲོང་སྡེ་ལྟ་བུ་བྱས་ནས་བོད་རིགས་གཅིག་ཡིན་པ་དེ་དུམ་བུ་མང་པོ་ཞིག་ལ་བགོ་བཤའ་བརྒྱབ་ནས། གནའ་སྔ་མོའི་བཙན་རྒྱལ་རིང་ལུགས་པ་དེ་ཚོས་དུམ་བུར་བགོས་ནས་དབང་བསྒྱུར་བྱེད་ཟེར་བའི་གཏམ་དཔེ་ཞིག་དང་ཐབས་ལམ་ཞིག་ཡོད་པ་རེད། དེ་ད་རེས་དངོས་སུ་རྒྱ་མི་རང་གིས་ལག་བསྟར་བྱས་ནས་འགྲོ་གི་ཡོད་པ་རེད། དེ་འདྲ་ཡིན་པས་རྩ་ཁྲིམས་ཀྱི་ཆ་རྐྱེན་གྱི་ནང་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་བསྐྲུན་རྒྱུའི་སྐད་ཆ་མ་གཏོགས། གྲངས་ཉུང་མི་རིགས་གཅིག་དུམ་བུ་མང་པོར་བགོས་ནས་རང་སྐྱོང་མང་པོ་སྤྲོད་པའི་ཆ་རྐྱེན་དེ་གང་དུའང་གསལ་གྱི་ཡོད་པ་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དེ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་གནད་དོན་གཅིག་རེད། དོན་ཚན་བཅུ་གཅིག་ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་ཡིག་ཐོག་ལ་ཡོངས་གྲགས་རེད་ཚང་མས་གཟིགས་ཡོད་ཤག་རེད།
ཕྱི་ལོ་༢༠༠༨ ཕྱི་ཟླ ༡༠ པའི་ནང་འབྲེལ་མོལ་ཐེངས་བརྒྱད་པ་གནང་བའི་སྐབས་ང་ཚོས་ཡིག་ཐོག་ལ་སྤྲད་ཡོད་པ་རེད། འབྲེལ་མོལ་ཐེངས་བདུན་པའི་སྐབས་ཁོ་ཚོས་༸རྒྱལ་བ་རིན་པོ་ཆེས་རང་སྐྱོང་གསུངས་པ་དེ་གསལ་པོ་མི་འདུག་ཅེས་ཟེར་བར་བརྟེན། དེ་གསལ་བོ་བཟོ་ཆེད་ང་ཚོས་མི་རིགས་ས་གནས་རང་སྐྱོང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་གང་འདྲ་བྱས་ནས་ལག་ལེན་བསྟར་བའི་རེ་འདོད་འདོན་གྱི་ཡོད་པ་དེ་ཞིབ་ཚགས་པོ་བྱས་ནས་དེའི་ནང་ལ་བྲིས་ཡོད་པ་རེད། དེ་ལ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གནས་ཚུལ་མང་པོ་ཞིག་དྲང་བདེན་མ་ཡིན་པའི་འཁྱོག་བཤད་བྱས་པས། འཁྱོག་བཤད་དེ་དག་གསལ་བོ་བྱེད་པར་འགྲེལ་བརྗོད་དོན་ཚན་བདུན་ཡོད་པ་ཞིག་ཕྱི་ལོ་༢༠༡༠ ཕྱི་ཟླ ༡ ནང་གི་འབྲེལ་མོལ་ཐེངས་དགུ་པའི་སྐབས་རྒྱ་ནག་མི་མང་སྤྱི་མཐུན་ཁབ་ལ་སྤྲད་ཡོད་པ་རེད། ཡིག་ཆ་དེ་ཡོངས་གྲགས་རེད།
དེ་འདྲ་ཡིན་པས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་སྙིང་དོན་ཞིབ་ཚགས་པོ་བྱས་ནས་ཤེས་ཡོན་དཔལ་འབྱོར་སྤྱི་ཚོགས་འཕྲོད་བསྟེན་བཅས་དོན་ཚན་རེ་རེ་དང་། ཆོས་ཕྱོགས་ལེགས་བྱང་ལ་སོགས་པའི་དོན་ཚན་རེ་རེའི་ཐོག་ནས་རང་སྐྱོང་གི་གནས་བབས་ང་ཚོས་དགོས་འདུན་བཏོན་ཡོད་པ་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་ཟེར་བའི་ཡིག་ཆ་དེ་དང་བསམ་འཆར་གྱི་ཐོག་ནས་འགྲེལ་བརྗོད་ཟེར་བའི་ཡིག་ཆ་དེ་གཉིས་ལ་གཟིགས་པ་ཡིན་ན་ཞིབ་ཚགས་པོ་མཁྱེན་པ་ཞིག་རེད། ཡིག་ཆ་དེ་གཉིས་ཀྱི་དོན་དག་རྡོག་རྡོག་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཟེར་ན། རྩ་ཁྲིམས་ཀྱི་ནང་ལ་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་དང་ཁེ་དབང་ཡོངས་སུ་རྫོགས་པ་དེ་གཅིག་ཀྱང་མ་ལུས་པ་མིང་དོན་མཚུངས་པ་ཞིག་གི་ཐོག་ནས་བོད་རིགས་ལ་ལག་ལེན་བསྟར་དགོས་ཀྱི་འདུག་ཅེས་འཁོད་ཡོད་པ་རེད། བོད་རིགས་ཙམ་མ་ཡིན་པའི་གྲངས་ཉུང་མི་རིགས་གཞན་པ་ཚོ་ལ་ཡང་རྩ་ཁྲིམས་ནང་ཡོད་པ་དེ་དག་ལག་ལེན་བསྟར་ཡོད་པ་མ་རེད། ཡིན་ན་ཡང་ལག་ལེན་བསྟར་རྒྱུའི་ལས་རིམ་གྱི་ནང་ལ་མི་འདྲ་བ་སྣ་ཚོགས་ཡོད་པ་རེད། གྲངས་ཉུང་མི་རིགས་ཁ་ཤས་ལ་རང་སྐྱོང་ཡག་པོ་རག་པ་དང་ཁ་ཤས་ལ་རང་སྐྱོང་ཉུང་བ་རག་པ་སོགས་དེ་ཚོ་ཡང་ལག་ལེན་བསྟར་སྟངས་ས་གནས་སོ་སོའི་གནས་བབས་ཀྱི་དབང་གིས་འདྲ་མི་འདྲ་སྣ་ཚོགས་བྱུང་ཡོད་པ་རེད།
གང་ལྟར་རྩ་ཁྲིམས་དེ་གཞི་རིམ་གྱི་ཁྲིམས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ཁྲིམས་ཀྱིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་ལེན་བྱེད་པའི་གཞི་རྩའི་ཁྲིམས་ལུགས་སམ་རྩ་ཁྲིམས་དེ་རེད། དེའི་ནང་ཡོད་པའི་ཆ་རྐྱེན་དེ་དག་སྔ་ཕྱི་མ་གཏོགས་ངེས་པར་དུ་ལག་ལེན་བསྟར་དགོས་པ་ཁྲིམས་ཀྱིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་གི་འདོར་དུ་མེད་པའི་ལས་འགན་ཞིག་ཆགས་ཀྱི་ཡོད་པ་ཡིན་པས་དེ་དགོས་ཀྱི་འདུག་ཟེར་ནས་ང་ཚོས་དགོས་འདུན་དེ་བཏོན་ཡོད་པ་རེད། དེ་འདྲ་ཡིན་པས་ང་རང་ཚོའི་ངོས་ནས་བལྟས་པ་ཡིན་ན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེ་དངོས་སུ་ལག་ལེན་བསྟར་བ་ཡིན་ན་བསྟར་ཐུབ་པ་ཞིག་དང་བསྟར་འོས་པ་ཞིག་ཡིན་པ་ད་ལྟའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཁོ་རང་གི་ཐོག་ནས་རྙེད་ཐུབ་པ་དེ་བསམ་འཆར་དང་འགྲེལ་བརྗོད་ཡིག་ཆ་དེ་གཉིས་པོ་ཞིབ་ཚགས་པོའི་ངང་གཟིགས་ཐུབ་པ་ཡིན་ན་གསལ་བོར་མཁྱེན་ཐུབ་པ་རེད་ཅེས་ཞུ་གི་ཡོད། ད་ལྟ་ངས་འདིར་འགྲེལ་བརྗོད་ཆ་ཚང་ཞུས་བསྡད་ན་དུས་ཚོད་འགོར་རོགས་རེད། དེ་ལ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་དོན་ཚན་རེ་རེ་བཞིན་རྒྱུ་མཚན་ལྡན་པའི་ལན་ཐེབས་ཀྱི་ཡོད་པ་མ་རེད།
དེར་བརྟེན་རྒྱལ་སྤྱིའི་ནང་ལ་མི་ཚོ་མགོ་རྨོངས་སུ་འཇུག་ཆེད་འདིའི་ནང་ལ་ཁོང་ཚོས་སྤྱི་མ་སྤོམ་གྱི་སྐྱོན་བརྗོད་ཁ་ཤས་ཅིག་བྱེད་ཀྱི་ཡོད་པ་རེད། དེའི་ནང་རྒྱ་ནག་མི་མང་མགོ་སྐོར་ཆེད་བོད་ཆེན་པོ་དགོས་ཀྱི་ཡོད་ཟེར་གྱིན་འདུག །༸སྐྱབས་མགོན་རིན་པོ་ཆེས་སྐུ་ཚབ་རྣམ་པ་བརྒྱུད་ནས་བོད་ཆེན་པོ་དགོས་ཀྱི་ཡོད་གསུང་གིན་འདུག །བོད་ཆེན་པོ་ཟེར་བ་དེ་འདི་འདྲ་ཞིག་རེད་ཟེར་ནས་ས་ཁྲའི་ཐོག་ལ་ཐིག་དམར་པོ་ཞིག་འཐེན་ནས་ཕྱི་རྒྱལ་གྱི་མི་དེ་ཚོར། འདི་བོད་པས་ཁྱེར་བ་ཡིན་ན་རྒྱ་ནག་ལ་ག་ཚོད་ལྷག་གི་འདུག་ཟེར་བ་ལྟ་བུ་ཧོབ་སྟེ་བལྟས་ན་བཤད་སྟངས་རྫིག་པོ་འདྲ་ཞིག་ཡོད་པ་རེད། ཧ་ཅང་མ་འོས་པ་དང་མ་འཚམ་པ་ཞིག་གི་སྒོ་ནས་གང་ལྟར་ཆོལ་གསུམ་ཆིག་སྒྲིལ་ཟེར་བ་དེ་ང་ཚོའི་བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ཡིན་པས་དེ་ཁོང་ཚོའི་སྙིང་ལ་ཞེད་པོ་ཞིག་ཕོག་གི་ཡོད་པ་རེད། དེའི་དབང་གིས་ཕྱི་རྒྱལ་གྱི་མགོ་ཁྲིད་མང་པོ་ལ་ཡང་རྒྱ་ནག་ནང་ལ་ཕྱིན་སྐབས་ས་ཁྲ་ཞིག་རྩིག་ངོས་སུ་བཀྲམ་ནས་ཏཱ་ལའི་བླ་མས་བོད་ཆེན་པོ་དགོས་ཀྱི་འདུག་ཟེར་གྱིན་ཡོད་པ་རེད། བོད་ཆེན་པོ་ཟེར་བ་ཤེས་ཀྱི་ཡོད་དམ་བོད་ཆེན་པོ་ཟེར་བ་དེ་འདི་དག་རེད་ཅེས་སྟོན་གྱི་ཡོད་པ་རེད། བོད་ཆོལ་ཁ་གསུམ་གྱི་ས་ཁྲ་དེ་རྒྱ་ནག་གི་ས་ཁྲའི་ནང་ནས་ཟུར་དུ་བཏོན་སྐབས་ཧ་ལམ་གསུམ་ཆའི་གཅིག་ལྷག་ཞིག་ཁྱབ་འགྲོ་གི་ཡོད་པ་རེད། དེར་བརྟེན་མི་ཚང་མས་འདི་འདྲ་ཆེན་པོ་ཤོར་འགྲོ་གི་ཡོད་ན་རྒྱ་ནག་ལ་ཁག་མི་འདུག་དྲན་གྱི་ཡོད་པ་རེད།
ང་ཚོས་བོད་ཆེན་པོ་དང་བོད་ཆུང་ཆུང་གི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ཟེར་བ་དེ་སུ་རེད་ཟེར་ན་གྲངས་ཉུང་མི་རིགས་ལྔ་བཅུ་ང་བཞི་འདི་དང་འདི་རེད་ཟེར་ནས་ངོས་འཛིན་གསལ་བོ་ཡོད་པ་རེད། ང་ཚོ་བོད་པ་ཡང་གྲངས་ཉུང་མི་རིགས་ནང་གི་གཅིག་རེད། གྲངས་ཉུང་མི་རིགས་དེ་དག་ཕ་ཚ་བུ་རྒྱུད་ནས་སྡོད་སའི་ས་ཆ་དེ་ལ་ཁོང་ཚོས་ས་གནས་ཡིན་ལབ་ཀྱི་ཡོད་པ་རེད། མི་རིགས་ས་གནས་རང་སྐྱོང་ཟེར་བའི་ས་གནས་དེ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཟེར་ན། གྲངས་ཉུང་མི་རིགས་དེ་ཚོ་ཕ་རྒྱུད་བུ་རྒྱུད་ནས་གནས་སྐབས་ཞིག་ལ་གཞིས་ཆགས་པ་མ་ཡིན་པར་གནའ་སྔ་མོ་བོད་ཀྱི་སྲིད་པ་ཆགས་པ་ནས་བཟུང་སྟེ་བོད་རིགས་སྡོད་ས་དེ་ལ་ཟེར་གྱི་ཡོད་པས། ད་ལྟ་བོད་རིགས་སྡོད་ས་ཆོལ་ཁ་གསུམ་གྱི་ས་ཁུལ་དེ་ང་ཚོས་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་ལོགས་ནས་སྤོས་བཞག་ཡོད་པ་གཅིག་ཀྱང་ཡོད་པ་མ་རེད། བོད་སྲིད་པ་ཆགས་པ་ནས་བཟུང་བོད་ཆོལ་ཁ་གསུམ་གང་དུ་ཡོད་པ་དེ་ད་དུང་ཡང་དེ་ལ་བསྡད་ཡོད་པ་རེད། འབྲོག་པ་ཡིན་ན་འབྲོག་པ་བྱས་ནས་བསྡད་ཡོད་པ་རེད། ཞིང་པ་ཡིན་ན་ཞིང་པ་བྱས་ནས་བསྡད་ཡོད་པ་རེད། དེ་མ་གཏོགས་ང་ཚོས་ས་ཆ་གསར་པ་ཞིག་དགོས་ཀྱི་ཡོད་ཟེར་གྱི་ཡོད་པ་མ་རེད།
དེར་བརྟེན་བོད་ཟེར་བ་དེ་བོད་རང་རེད་མ་གཏོགས་བོད་ཆེན་པོ་ཟེར་བ་ཞིག་དང་བོད་ཆུང་ཆུང་ཟེར་བ་ཞིག་བཤད་རྒྱུ་གང་ཡང་ཡོད་པ་མ་རེད། བོད་ཆེན་པོ་དང་བོད་ཆུང་ཆུང་ཟེར་བ་དེ་རྒྱ་གར་གྱི་སྐད་དུ་ཡོད་པ་རེད། རྒྱ་གར་ནས་ཕར་བོད་ལབ་པའི་སྐབས་བོད་ཟེར་བ་དེ་རྒྱ་གར་གྱི་ས་མཚམས་ན་ཡོད་པ་ཞིག་དང་བོད་ཆེན་པོ་ཟེར་བ་དེ་རྒྱ་གར་ནས་ཐག་རིང་པོ་ཞིག་ལ་ལབ་ཀྱི་ཡོད་པ་རེད། རྒྱ་ནག་ནང་ལ་བོད་ཆེན་པོ་ཟེར་བའི་སྐད་ཆ་དེ་གསར་དུ་བཟོས་པ་རེད། རྒྱ་ནག་གི་ནང་ལ་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་བོད་ཕྱི་ནང་གི་སྐད་ཆ་ཡོད་པ་རེད། བོད་ཕྱི་མ་ཟེར་བ་ཞིག་དང་། བོད་ནང་མ་ཟེར་བ་ཞིག །སོག་པོ་ལ་ཡང་ཕྱི་ནང་གི་དབྱེ་བ་བྱས་པ་ནང་བཞིན་རྒྱ་སྡེའི་འོག་ཡོད་པའི་བོད་པ་དེ་ཚོ་ལ་བོད་ནང་མར་རྩི་བཞིན་ཡོད་པ་རེད། དགའ་ལྡན་ཕོ་བྲང་གི་འོག་ལ་ཡོད་པ་དེ་ཚོ་ལ་བོད་ཕྱི་མ་ཟེར་གྱིན་ཡོད་པ་རེད། བོད་ཕྱི་ནང་གི་སྐད་ཆ་དེ་(Macmohan Lines)སྐབས་ལ་ཡང་ཡོད་བསྡད་པ་ཞིག་རེད།
དེར་བརྟེན་དེ་ཡོངས་གྲགས་རེད་མ་གཏོགས་བོད་ཆེ་ཆུང་གི་སྐད་ཆ་ཡོད་པ་མ་རེད། དེ་བས་ན་བོད་ཆེན་པོའི་སྐོར་ལ་ཞིབ་ཚགས་པོ་བྱས་ནས་གསར་འགོད་པར་དྲི་བ་དྲིས་ལན་བྱས་པ་དང་། ལྡི་ལི་ལ་(Round Table Conference)བྱས་པའི་ཡིག་ཆ་དེ་དག་གི་ནང་གསལ་བོ་བྱས་ནས་ཡོད་པ་རེད། དེ་ཚོའི་ནང་གཟིགས་པ་ཡིན་ན་བོད་ཆེན་པོ་ཟེར་བའི་སྐད་ཆ་དེ་མི་དཀྲོག་པའི་སྐད་ཆ་རེད་མ་གཏོགས་དེ་མ་འོས་པ་དང་མ་འཚམ་པ་ཞིག་རེད། རྩ་ཁྲིམས་ཀྱི་ཚིག་བརྗོད་དང་མཐུན་པ་ཡིན་ན་དེ་མ་འོས་པ་དང་མ་འཚམ་པ་རྩ་བ་ཉིད་ནས་མེད་པ་ཞིག་རེད། དེ་ནས་ཁོང་ཚོས་གཞན་པ་ག་རེ་ལབ་པ་རེད་ཟེར་ན། ཚད་མཐོའི་རང་སྐྱོང་དགོས་ཀྱི་ཡོད་ཟེར་གྱིན་འདུག་ཅེས་ལབ་པ་རེད། ང་ཚོའི་ཡིག་ཆ་གང་དུའང་ཚད་མཐོའི་རང་སྐྱོང་ཟེར་བ་ཞིག་ཡོད་པ་མ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་ལོགས་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་འདི་དང་འདི་ཡོད་ཟེར་བ་མ་གཏོགས་ཚད་མཐོ་བ་འདི་ཡིན་ཚད་དམའ་བ་འདི་ཡིན་ཟེར་བ་ཞིག་ཡོད་པ་མ་རེད། ང་ཚོ་བོད་པས་རྩ་ཁྲིམས་ནང་ལ་ཡོད་པའི་གནས་བབས་དེ་རྩོད་ཀྱི་ཡོད་པ་རེད་མ་གཏོགས་དེ་ལས་ལྷག་པའི་གནས་ཚུལ་གཞན་པ་ཞིག་རྩ་བ་ཉིད་ནས་རྩོད་ཀྱི་ཡོད་པ་མ་རེད། བོད་ཆེན་པོ་དགོས་ཀྱི་ཡོད་ལབ་ཀྱིན་འདུག་ཟེར་བ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེར་རྩ་ཁྲིམས་ཀྱི་ནང་ལ་ཡང་ཆ་རྐྱེན་ཡོད་པ་མ་རེད། ཧོང་ཀང་ལ་ཡང་ཚད་མཐོའི་རང་སྐྱོང་རག་ཡོད་པ་མ་རེད་ཟེར་ནས་ལབ་སྡོད་ཀྱི་ཡོད་པ་རེད། དེ་ཚོ་འབྲེལ་མེད་དོན་གཞན་སེའུ་བཅུ་པའི་ངག་ཤ་སྟག་རེད་མ་གཏོགས་དོན་དག་ལ་རྒྱུ་མཚན་ཡོད་པ་ཞིག་རྩ་བ་ཉིད་ནས་མེད་པ་དེ་ཧ་ཅང་གསལ་པོ་རེད། དེ་དག་ངས་མདོར་དྲིལ་ནས་ཁྱེད་རང་ཚོ་ཐུགས་དྲན་སོས་པའི་ཆེད་དུ་ཞུས་པ་ཡིན།
སྤྱིར་བཏང་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡིག་ཐོག་ལ་རིགས་པའི་གཞུང་ལུགས་ཕྲ་ཞིང་ཕྲ་བ་བྱས་ནས་ཡོད་བསྡད་པ་ཞིག་རེད། ཕལ་ཆེར་ཕྱི་ལོ་ཉིས་སྟོང་བཅུའི་ལོ་ལ་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ངོ་སྤྲོད་རྒྱལ་སྤྱིའི་ཡིག་ཆ་ཁག་ཕྱོགས་བསྒྲིགས་ཟེར་བའི་དེབ་ཅིག་ཡོད་པ་རེད། དེབ་དེ་བོད་ཡིག་དང་དབྱིན་ཡིག་ནང་ལ་ཡོད་པ་རེད། ཆ་ཚང་བ་རྒྱ་ཡིག་ནང་ལ་ཕལ་ཆེར་ཡོད་མདོག་ཁ་པོ་མ་རེད་དེ་ནང་གི་ཆ་ཤས་ཁ་ཤས་རྒྱ་ཡིག་ནང་ལའང་ཡོད་པ་རེད། དཔེར་ན་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། དེའི་འགྲེལ་བརྗོད་སོགས་དེ་རིགས་ཚང་མ་རྒྱ་ཡིག་ནང་ལའང་ཡོད་པ་རེད། གསར་འགོད་པའི་དྲི་བ་དྲིས་ལན་མང་ཆེ་བ་ཞིག་རྒྱ་ཡིག་ནང་ལ་ཡོད་པ་རེད།
དེར་བརྟེན་དེ་དག་གང་ལ་གཟིགས་འདོད་ཡོད་པ་ཡིན་ན་ཡང་སྔ་ཕྱི་བར་གསུམ་གྱི་བྱུང་རིམ་དང་དངོས་ཡོད་ཀྱི་གནས་ཚུལ་ཕྲ་ཞིང་ཕྲ་བ་དེའི་ནང་ལ་བཀོད་ཡོད་པ་རེད། དེབ་དེའི་སྔོན་གླེང་གི་ནང་སྐབས་དེ་དུས་ཀྱི་བཀའ་བཤག་དང་ཕྱི་དྲིལ་་ལས་ཁུངས་ཀྱིས་གང་བྲིས་ཡོད་པ་རེད་ཟེར་ན། ང་ཚོས་ད་ལྟ་འཛིན་སྐྱོང་བྱེད་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་བྱུང་རིམ་འདི་འདྲ་ཞིག་ཡིན། འདི་ལ་བརྟེན་ནས་སྲིད་ཇུས་ལ་རྒྱབ་སྐྱོར་དང་དགག་བྱ་གནང་མཁན་སུ་ཡིན་ན་ཡང་མུན་ནག་མདའ་འཕེན་ལྟ་བུ་མ་ཡིན་པར་དངོས་དོན་རྟོགས་པའི་སྒོ་ནས་རྒྱབ་སྐྱོར་རམ་དགག་བྱ་གནང་ཐུབ་པའི་རེ་བ་ཡོད་ཅེས་བྲིས་ཡོད་པ་རེད། དབུ་མའི་ལམ་ལ་དགག་བྱ་གནང་མཁན་ཞིག་ཡིན་ཡང་དབུ་མའི་ལམ་གྱི་སྲིད་ཇུས་ནང་མེད་པ་ཞིག་ཡོད་པ་རེད་ཟེར་བ་དང་། མ་བྱས་པ་ཞིག་བྱས་པ་རེད་གསུངས་ནས་དགག་པ་བརྒྱབ་ན་དགོས་པ་ཡོད་པ་མ་རེད། སྔོན་ལ་དབུ་མའི་ལམ་གྱི་སྲིད་ཇུས་དེ་གང་འདྲ་བྱས་ནས་བྱུང་འདུག །གང་འདྲ་བྱས་ནས་ཐག་བཅད་འདུག །གང་འདྲ་བྱས་ནས་ད་ལྟའི་གནས་བབས་ལ་སླེབས་འདུག །ལྷག་པར་དུ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་ལ་ཡང་མ་འོས་པ་དང་མ་འཚམ་པ་ག་རེ་འདུག །དེ་དག་གཟིགས་ནས་དགག་བྱ་དང་དགག་བྱ་གནང་བ་ཙམ་དུ་མ་ཟད། དེ་ལས་ལོགས་སུ་དེ་ལས་ལྷག་པའི་སྲིད་ཇུས་འདི་འདྲ་ཞིག་དང་ཐབས་ལམ་འདི་འདྲ་ཞིག་ཡོད་པ་རེད་གསུངས་པ་ཡིན་ན་དེ་ཚད་ལྡན་གྱི་མིང་གཙོའི་ལས་འགན་འགྲུབ་པའི་ཆ་ཤས་སུ་གྱུར་པའི་དགག་པ་ཞིག་ཆགས་འགྲོ་གི་ཡོད་པ་རེད་མ་གཏོགས། གཞན་དགའ་མོས་དགའ་ཕྱོགས་ཀྱི་སྐད་ཆ་བཤད་བསྡད་པ་ཡིན་ན་དེ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དག་ལ་དེ་ཙམ་གྱིས་ཕན་ཐོགས་མེད་པ་ཞིག་རེད།
རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ན་ཡང་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ག་རེ་རེད་འདུག འདིའི་ནང་ལ་འོས་ཤིང་འཚམ་པ་ག་རེ་འདུག །ལྷག་པར་ཡང་ཐག་གཅོད་བྱས་པའི་བྱུང་རིམ་དེ་དག་གང་འདྲ་བྱས་ནས་ཆགས་འདུག །༸རྒྱལ་བ་རིན་པོ་ཆེ་མི་གཅིག་གིས་ཐག་གཅོད་བྱས་པ་རེད་འདུག་གམ། དེ་ཚོ་ཞིབ་ཚགས་པོ་དང་། ལྷག་པར་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ལ་ང་ཚོ་བོད་པའི་མངོན་འདོད་བསྒྲུབ་པའི་ཐབས་ཤེས་བྱས་པ་ཡིན་ན་དེའི་ནང་ལ་མ་འདངས་པ་ག་ཚོད་འདུག །དེ་ལས་ལྷག་པ་ཞིག་ཐབས་ཤེས་བྱས་པ་ཡིན་ན་ཐབས་ཤེས་བྱ་ཐུབ་ཀྱི་འདུག་གམ། ལོ་བརྒྱ་ཕྲག་མང་པོའི་རྗེས་ཀྱི་སྐད་ཆ་གང་ཡང་བཤད་ཀྱི་མེད། ད་ལྟའི་འཇིག་རྟེན་འདིའི་རྒྱལ་སྤྱིའི་གནས་བབས་དང་། རྒྱ་ནག་གི་གནས་བབས། བོད་ནང་གི་གནས་བབས་བཅས་ད་ལྟའི་གནས་བབས་ཆ་ཚང་བའི་གནས་ཚུལ་གཞི་ལ་བཞག་པའི་ཐོག་ནས་འདི་ལས་ལྷག་པ་ཞིག་ག་རེ་བྱ་རྒྱུ་འདུག་ཅེས་དགག་བྱ་གནང་མཁན་ཡིན་ནའང་འདྲ་རྒྱབ་སྐྱོར་གནང་མཁན་ཡིན་ནའང་འདྲ། གནས་ཚུལ་ཆ་ཚང་བ་དགོངས་པ་ཡག་པོ་བཞེས་ནས་རྟོགས་པའི་ཐོག་ནས་དགག་བྱ་དང་རྒྱབ་སྐྱོར་ག་རེ་ཡིན་ན་ཡང་གནང་དགོས་པ་དེ་གལ་ཆེན་པོ་རེད།
མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་མི་སུ་དང་སུ་ཡིན་ན་ཡང་རང་རང་སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་འཁྱེར་བ་དང་། ལྟ་གྲུབ་དེ་དྲིལ་སྒྲོག་བྱེད་པ་དང་། དེའི་ཐོག་ལ་ཕྱོགས་གང་ས་ནས་རྒྱབ་སྐྱོར་བཙལ་བ་དེ་དག་མི་མང་གི་གཞི་རིམ་གྱི་ཐོབ་ཐང་ཞིག་རེད། དེ་སུས་ཀྱང་འགོག་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་དེ་དག་ཚང་མ་བློ་གཟུ་བོར་གནས་པ་ཞིག་ཐོག་ནས་དགོས་པ་རེད། འདི་ངའི་རེད་དེ་འདྲ་ཡིན་པས་ཡག་གི་རེད། དེ་ཁོའི་རེད་དེ་འདྲ་ཡིན་པས་སྡུག་ཅག་རེད་ཟེར་བ་ཨ་ཕའི་ཁ་ཕོར་གཙང་ཞེན་ལྟ་བུའི་ཐོག་ལ་སོང་ན་བྱ་བ་ཡོད་པ་མ་རེད། མང་གཙོའི་ཁེ་ཕན་དང་མང་གཙོའི་ལས་འགན་གཉིས་ཀ་ཡག་པོ་བྱས་ནས་འགྲུབ་ཐུབ་པ་ཞིག་དང་། མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་མང་གཙོའི་སྤྱི་ཚོགས་ཤིག་གི་ཆ་ཤས་ཡིན་པའི་མང་གཙོའི་ལམ་སྲོལ་ཡོད་མཁན་རྒྱལ་ཁབ་ཅིག་གི་ཡུལ་མི་ཡིན་པའི་མཚན་ཉིད་ཚང་བ་ཞིག་ག་དུས་ཡོང་གི་རེད་ཟེར་ན། འདྲ་མཉམ་དྲང་བདེན་གཉིས་ཀ་ལ་ལྕི་ཡང་མ་ཤོར་བར་ གཅིག་གྱུར་བྱེད་པ་དེ་མ་བྱུང་བ་ཡིན་ན་མང་གཙོའི་ལེགས་བྱང་གི་མཚན་ཉིད་ཡོངས་སུ་རྫོགས་ཞིག་ཚང་ཐུབ་ཀྱི་ཡོད་པ་མ་རེད།
དེ་འདྲ་ཡིན་པས་ཕྱོགས་གང་ཐད་ནས་དགོངས་ཚུལ་དང་ལྟ་གྲུབ་ལ་རིགས་ལམ་ནས་ཞིབ་འཇུག་བྱེད་པ་དང་། ལྟ་གྲུབ་གཞན་པ་དེ་ལ་ཡང་མི་གཅིག་གཉིས་ཤིག་མ་གཏོགས་དེ་ལ་མོས་མཐུན་རྒྱབ་སྐྱོར་བྱེད་མཁན་མེད་པ་ཡིན་ན་ཡང་། ལྟ་གྲུབ་ཅིག་ཡིན་པའི་ཆ་ནས་དང་གང་ཟག་རེ་ཟུང་གི་བསམ་ཚུལ་ཞིག་ཡིན་པའི་ཆ་ནས་དེ་ལ་ངེས་པར་དུ་ལྗིད་ཁོག་ཅིག་དང་དོ་སྣང་ཞིག་སྤྲད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཡིན་ན་ཡང་དེའི་སྐབས་ལའང་ངེས་པར་དུ་རིགས་པའི་རྗེས་སུ་འབྲང་བའི་རྒྱུ་མཚན་ཅན་གྱི་རྒྱབ་སྐྱོར་བྱེད་པ་མ་གཏོགས། འུར་ཤོབ་བཤད་པ་དང་གཞི་རྩ་མེད་པའི་གནས་ཚུལ་གྱི་ཐོག་ནས་མི་མང་གི་བསམ་བློ་བསྒྱུར་བའམ་ཡང་མིན་ན་དཀྲོག་གཏམ་སློང་བ་སོགས་ཀྱི་ཐབས་ཚུལ་བྱས་པ་ཡིན་ན་མང་གཙོའི་ལེགས་བྱང་དང་ལྡན་པའི་གནང་སྟངས་ཤིག་ཆགས་ཀྱི་ཡོད་པ་མ་རེད། ད་ངས་བཤད་མཚམས་འཇོག་གི་ཡིན། མི་མང་ཚང་མས་མཁྱེན་བཞིན་པ་ཞིག་མ་གཏོགས་ངས་གསར་པ་ཞིག་ཞུ་རྒྱུ་ཡོད་པ་མ་རེད། ངས་ག་རེ་ཞུས་པ་ཡིན་ཟེར་ན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེ་ང་ཚོས་མང་གཙོའི་ལམ་ནས་ཐག་གཅོད་བྱས་ཡོད་པ་དེ་ག་དུས་ཡིན་ནའང་བརྗེད་རྒྱུ་ཡོད་པ་མ་རེད། གཞིས་བྱས་བོད་མི་ཡོངས་རྫོགས་ཀྱི་ཆ་ཤས་བླངས་ནས་ཞིབ་ཚགས་པོའི་ཐོག་ནས་ཐག་གཅོད་བྱས་པ་དེ་གཞི་རྩ་ར་འཇོག་དགོས་ཀྱི་ཡོད་པ་རེད།
གཞི་རྩ་གཉིས་པ་དེ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐ་མའི་འབབ་ས་དེ་གང་ལ་བབས་ཡོད་པ་རེད་ཟེར་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་ལ་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་ལ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཡོངས་སུ་རྫོགས་པ་དེ་ཚིག་དང་དོན་མཐུན་པ་ཞིག་ལག་ལེན་ལ་བསྟར་དགོས་ཀྱི་འདུག་ཟེར་ནས་ཐ་མའི་འབབ་ས་དེ་དེའི་སྟེང་ལ་བབས་ཡོད་པ་རེད། ང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་ཡིག་ཆ་དེ་རྒྱལ་སྤྱིའི་ནང་ལ་ཡོངས་གྲགས་ཆགས་པའི་རྗེས་ལ་ཡང་དངོས་དོན་གྱི་ཐོག་ནས་རྒྱ་ནག་གིས་ལན་ཚད་དང་ལྡན་པ་ཞིག་རྒྱག་ཐུབ་ཡོད་པ་མ་རེད། བརྒྱབ་རྒྱུའི་ལན་ཡོད་པ་མ་རེད། ཡང་མིན་ན་རྩ་ཁྲིམས་ཁས་ལེན་གྱི་མིན་ཟེར་དགོས་པ་ཆགས་ཀྱི་རེད། ཡང་མིན་ན་རྩ་ཁྲིམས་ནང་ཡོད་པ་དེ་ཁོང་ཚོས་ལབ་པ་ནང་བཞིན་ཡོད་པ་རེད་ཅེས་ལབ་དགོས་པ་ཆགས་ཀྱི་རེད་མ་གཏོགས་རྩ་ཁྲིམས་སྦ་རྒྱུ་ནི་གང་ཡང་ཡོད་པ་མ་རེད།
དེ་རྗེས་རིང་པོ་མ་སོང་བའི་ནང་རྒྱ་ནག་གི་ཤེས་ཡོན་ཅན་དང་ཉམས་ཞིབ་པའི་ཁོངས་ནས་ད་ལྟའི་རྩ་ཁྲིམས་ཀྱི་ནང་ལ་གྲངས་ཉུང་མི་རིགས་ལ་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་གིས་མཚོན་པའི་ཁེ་ཕན་དེ་དག་མེད་པ་བཟོ་དགོས་པ་རེད་ཟེར་ནས་རྩོམ་ཡིག་མང་པོ་ཁྱབ་བསྡད་ཡོད་པ་རེད། གཅིག་བྱས་ན་གཞུང་རང་ངོས་ནས་ཀྱང་དེ་འདྲའི་བསམ་ཚུལ་ཡོད་མི་སྲིད་པ་མ་རེད། ག་ལེ་ག་ལེར་རྒྱལ་སྤྱིའི་ནང་ལ་ཁྲིམས་མཐུན་གྱི་ལམ་ཁར་འགྲོ་བའི་འབད་བརྩོན་ཞིག་རྒྱ་ནག་ནང་ལ་བྱེད་དགོས་པ་བྱུང་ན། གྲངས་ཉུང་མི་རིགས་ལ་ཁེ་ཕན་དེ་དག་སྤྲད་ཀྱི་མིན་ཞེས་ལབ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དངོས་གནས་ཁྲིམས་ཁང་ཞིག་གི་ནང་ལ་ཁྲིམས་རང་གི་ཐོག་ནས་བརྡར་ཤ་གཅོད་པའི་གོ་སྐབས་ཤིག་བྱུང་བ་ཡིན་ན་ལན་རྒྱག་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་པས་རྩ་ཁྲིམས་འགྱུར་བ་གཏོང་བ་དང་རྩ་ཁྲིམས་ཀྱི་ནང་གི་ཁེ་ཕན་དག་མེད་པ་བཟོ་རྒྱུའི་བསམ་བློ་འཁོར་མཁན་འགོ་ཁྲིད་ནང་ལའང་མང་པོ་ཡོད་པ་རེད་བསམ་གྱི་འདུག །གལ་སྲིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་འདི་འགྱུར་བ་འདྲ་ཕྱིན་ཏེ། རྩ་ཁྲིམས་ཀྱི་སྒྲོམ་གཞི་དེ་མེད་པ་ཆགས་པ་ཡིན་ན། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ་གཞི་ནས་གཞི་རྩ་གསར་པ་ཞིག་གི་ཐོག་ནས་བསམ་བློ་གཏང་དགོས་པ་ཞིག་མ་གཏོགས་ད་ལྟ་ང་ཚོས་འབད་བརྩོན་བྱེད་བཞིན་པའི་སྒྲོམ་གཞི་དེ་ཞིག་འགྲོ་གི་རེད། སྒྲོམ་གཞི་དེ་ག་དུས་ཡིན་ནའང་རྩ་ཁྲིམས་ཀྱི་ཐོག་ལ་བསྙེས་བརྒྱབ་ནས་བཞག་ཡོད་པས། ཇི་སྲིད་བར་ད་ལྟའི་རྩ་ཁྲིམས་གནས་པ་ཡིན་ན་དེ་སྲིད་བར་ང་ཚོའི་རྩོད་ལེན་དེ་ཁྲིམས་མཐུན་ཆགས་ཀྱི་ཡོད་པ་རེད།
རྩ་ཁྲིམས་མེད་པ་ཆགས་པ་ཡིན་ན་ཉིན་མོ་དེར་རྩ་ཁྲིམས་མེད་པ་བྱས་ནས་སྡོད་ཐུབ་ཀྱི་མེད་པས་རྩ་ཁྲིམས་ནང་འགྱུར་བ་ཕྱིན་ནས་གྲངས་ཉུང་མི་རིགས་ཀྱི་གནས་བབས་དེ་གཞན་ཞིག་ལ་ཕྱིན་པ་ཡིན་ན། བོད་པ་རྐྱང་རྐྱང་མ་རེད་གྲངས་ཉུང་མི་རིགས་ལྔ་བཅུ་ང་བཞི་ཡོད་པ་རེད། མི་འབོར་གྱི་ཆ་ནས་བཤད་ན་ཧ་ཅང་ཁྱབ་ཆེན་པོ་ཞིག་ཡོད་པ་མ་རེད་དེ་ཆོས་ལུགས་དང་རིགས་ཀྱི་ཆ་ནས་རྒྱལ་སྤྱིའི་ནང་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པའི་གྲངས་ཉུང་མི་རིགས་ཁ་ཤས་ཤིག་ཡོད་པ་རེད། དེ་ཚོ་ཚང་མ་ལ་ད་ལྟའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཆེ་ཆུང་ལ་མ་ལྟོས་པའི་ཕྲན་བུ་ཕྲན་བུའི་ཁེ་ཕན་ཞིག་རག་བསྡད་ཡོད་པ་རེད། དེར་བརྟེན་དེ་ཚོ་ཚང་མ་མེད་པ་ཆགས་པ་ཡིན་ན། བརྟག་པ་མཐའ་བཟུང་གི་ཚོད་དཔག་བྱས་པ་འདྲ་བོ་ཞིག་རེད་དེ། མ་འོངས་པར་སྐབས་དེ་དང་དུས་དེ་ལ་གནས་བབས་གསར་པ་ཞིག་ཡོང་རྒྱུ་ཡིན་པ་དེ་བཤད་མི་དགོས་པ་རེད།
ཡིན་ན་ཡང་དེའི་གནས་སྟངས་དེ་མགྱོགས་པོར་ཡོང་ཐུབ་པ་ཧ་ཅང་ཁག་པོ་རེད། བསམ་བློའི་ནང་ལ་ཡོད་པ་ཡིན་ནའང་ཧ་ཅང་ཁག་པོ་རེད། དེ་འདྲ་ཞིག་ཡིན་པས་གཅིག་བྱས་ན་གནས་སྟངས་དེའི་ཐོག་ནས་ཁྱོན་ཡོངས་ནས་རྒྱ་ནག་གི་སྒྲོམ་གཞིའི་ཐོག་ལ་འགྱུར་བ་འགྲོ་བའི་མཐུན་རྐྱེན་ཞིག་ཆགས་མི་སྲིད་པ་མ་རེད། ག་རེ་ཡིན་ནའང་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀར་ལྟ་རྒྱུ་ཡོད་པས་དེ་ལ་ངས་ཧ་ཅང་ཧ་ལས་པའི་ཞེད་སྣང་བྱེད་དགོས་པ་ཞིག་ཡོད་པ་མ་རེད་བསམ་གྱི་འདུག །འདི་ནས་མཚམས་འཇོག་གི་ཡིན་དྲི་བ་གནང་རོགས་གནང་།
དྲི་བ་མཐའ་མའི་བཀའ་ལན།
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ ༡༩༠༤ ལོར་དབྱིན་ཇུས་བོད་ལ་དམག་གི་བཙན་འཛུལ་བྱས་པ་ཡིན་པས་སོག་ཡུལ་ལ་བཙན་བྱོལ་གྱི་བཟོ་འདྲ་བོར་ཕེབས་པ་རེད། དེ་ནས་རྒྱ་ནག་མན་ཇུ་གོང་མ་སོགས་ལ་དམིགས་བསལ་གྱིས་མཇལ་འཕྲད་གནང་། དེ་ནས་ཡར་ཕེབས། ཡར་ཕེབས་པའི་རྗེས་སུ་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་གྱི་འོག་ལ་ཡག་པོ་ཞིག་མེད་པའི་ས་མཚམས་ཀྱི་མཐའ་དམག་དེ་འདྲའི་ནང་ནས། ཡུན་ནན་དང་ཀན་སུའུ་སི་ཁྲོན་དེ་དག་གི་ནང་ལ་ཡོད་པའི་རྒྱ་མིའི་དམག་མི་ཚོ་བོད་ལ་ཡོང་ནས་༸རྒྱལ་བ་རིན་པོ་ཆེ་ཁྲི་ནས་ཕབ་རྒྱུ་དང་དེ་འདྲའི་གནས་ཚུལ་མང་པོ་བྱུང་ནས་ ༡༩༡༠ ལོར་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད།
སྐབས་དེར་བོད་པ་རང་གིས་དམག་འཐབ་བྱས་ནས་རྒྱ་དམག་དེ་དག་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་པ་དང་། རྒྱ་ནག་རང་གི་ནང་ལ་མན་ཇུ་གོང་མའི་དབང་ཚད་རྫོགས་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཆགས་ནས་དེ་འདྲའི་དབང་གིས་རྒྱ་དམག་དེ་དག་མཐར་སྐྲོད་བཏང་བའི་གོ་སྐབས་བྱུང་བ་རེད། ༡༩༡༣ ལོར་༸སྐྱབས་མགོན་རིན་པོ་ཆེ་བོད་ལ་ཕྱིར་ཞབས་སོར་འཁོད་པ་རེད། བོད་ལ་ཞབས་སོར་འཁོད་པའི་རྗེས་སུ་ཆུ་གླང་རྩ་ཚིག་ཆེན་མོ་ཟེར་བ་དེ་བཀྲམ་གནང་བ་ཡོད་པ་རེད། ཆུ་གླང་རྩ་ཚིག་ཆེན་མོ་གསུངས་པ་དེར་བོད་རང་བཙན་གྱི་གསལ་བསྒྲགས་ཞེས་མི་དེ་ཚོས་ལབ་སྡོད་ཀྱི་འདུག །ངས་ནི་དེ་བདེ་པོ་འདྲ་ཞིག་མཐོང་གི་མི་འདུག །
ཡིན་ནའང་སྐུ་ངོ་ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཟེར་བ་དེའི་ནང་ལ་ཡིག་ཆ་དེ་བཀོད་པའི་སྐབས་ལ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་བཙན་གསལ་བསྒྲགས་བསྐྱངས་པའི་ཡིག་ཆ་ཞེས་བཀོད་གནང་འདུག །དེ་མ་གཞི་ཀ་ལོན་སྦུག་ནས་སྐུ་ངོ་ཞྭ་སྒབ་པ་སོགས་ཁོ་རང་ཚོས་སྐབས་དེ་དུས་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་མཉམ་སྦྲེལ་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུ་ཞིག་ཡོད་པ་རེད། དེའི་ནང་ནའང་ཡིག་ཆ་དེ་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་ཡིན་ཟེར་ནས་བོད་རང་བཙན་ཡིན་པའི་སྒྲུབ་བྱེད་དུ་དེ་འདྲ་ཞིག་བཀོད་ཡོད་པ་རེད། དེ་འདྲའི་དབང་གིས་ མི་མང་པོ་ཞིག་གི་བསམ་བློའི་ནང་ལ་ཕྱི་ལོ་༡༩༡༣ བར་དུ་བོད་རང་བཙན་མིན་པའི་བསམ་བློ་ཞིག་འཁོར་སྡོད་ཀྱིན་འདུག །
ཁ་སང་དགོངས་པ་རྫོགས་པ་མར་གྷ་རེཊ་ཐེ་ཆར་(Margaret Thatcher) ཟེར་བ་དེས་བྲིས་པའི་ཕྱག་དེབ་དེའི་ནང་ཕྱི་ལོ་༡༩༡༣ ནས ༡༩༥༡ བར་དུ་བོད་དེ་རང་བཙན་གཙང་མ་རེད་ཅེས་བྲིས་ཡོད་པ་རེད། (de facto independence) སྙན་ཐོའི་ནང་ལའང་༡༩༡༣ ནས་ ༡༩༥༡་བར་དུ་དངོས་དོན་དང་ཁྲིམས་མཐུན་གཉིས་ཀྱི་ནང་ནས་དངོས་དོན་གྱི་ཐོག་ནས་རང་བཙན་རེད་འདུག ཁྲིམས་མཐུན་གྱི་ (de jure) ཐོག་ཆགས་མི་འདུག །དེ་ཡང་རྒྱལ་སྤྱིའི་ནང་ལ་འབྲེལ་ལམ་མ་ཆགས་པས་རེད་ཅེས་བྲིས་འདུག (international relations) སྐུ་ངོ་ཞྭ་སྒབ་པས་ལྗགས་རྩོམ་གནང་བའི་རྒྱལ་རབས་དེ་ལས་གཞན་པའི་ཡིག་ཆའི་ནང་ལ་ཆུ་གླང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་ཡིན་ཟེར་ནས་གསལ་པོ་དེ་འདྲ་ཕལ་ཆེར་ངས་མཇལ་མ་སོང་།
ད་རྩ་ཚིག་གི་ངོ་གདོང་ལ་བལྟ་དགོས་རྒྱུ་རེད། རྩ་ཚིག་ཁོ་རང་གི་ངོ་གདོང་ལ་བལྟས་པ་ཡིན་ན་མགོ་མཇུག་བར་གསུམ་དུ་རང་བཙན་ཟེར་བའི་ཚིག་ཅིག་བེད་སྤྱོད་གནང་ཡོད་པ་མ་རེད། བོད་རང་བཙན་ཟེར་བའི་ཚིག་གཅིག་ཀྱང་བེད་སྤྱོད་བཏང་ཡོད་པ་མ་རེད། བོད་དང་རྒྱ་ནག་གི་འབྲེལ་བ་དེ་མཆོད་ཡོན་གྱི་འབྲེལ་བ་ཡིན་མ་གཏོགས་གཅིག་འོག་གཅིག་ལ་ཡོད་པའི་འབྲེལ་བ་མིན་གསུངས་པ་དེ་འདས་པའི་བྱུང་རབས་གསུང་གི་ཡོད་པ་རེད། དེ་རིང་ནས་གསར་པ་བྱུང་བ་ཡིན་ཞེས་གསུང་གི་ཡོད་པ་མ་རེད། རང་བཙན་གསལ་བསྒྲགས་ཟེར་བའི་གོ་དོན་ག་རེ་རེད་འདུག་དེ་གསལ་བོ་གཟིགས་དགོས་ཀྱི་རེད། སྔོན་མ་ནས་རང་བཙན་ཡིན་པ་ཞིག་ཡིན་ན་༡༩༡༣གོང་ལ་བོད་འདི་རྒྱ་ནག་གི་འོག་ལ་རེད་མ་རེད་དེ་རྩོད་གཞི་རེད།
ད་ལྟ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐུ་ཚབ་ཚོགས་པ་ལ་དུས་དང་རྣམ་ཀུན་ཏུ་ང་ཚོས་བཀའ་མོལ་མདུན་ལ་འགྲོ་བ་ལ་ཁྱེད་ཚོས་བོད་འདི་རྒྱ་ཁོངས་མིན་ཟེར་ནས་འདས་པའི་བྱུང་རབས་ལ་ལྟ་སྟངས་འགྱུར་བ་མ་བཏང་བར་དུ་ཁ་བྲལ་དུ་འགྲོ་རྒྱུའི་ས་བོན་དེ་མེད་པར་འགྲོ་གི་མ་རེད། དེར་བརྟེན་ང་ཚོས་བཀའ་མོལ་གནང་ཐུབ་ཀྱི་ཡོད་པ་མ་རེད་ཅེས་ཟེར་གྱི་ཡོད་པ་རེད། ང་ཚོའི་སྐུ་ཚབ་ཚོས་དེ་ལ་ལན་ག་རེ་ལབ་བསྡད་ཡོད་པ་རེད་ཟེར་ན། འདས་པ་དེ་འདས་པ་རེད། དེ་ཡང་བསྐྱར་བཟོ་ཐུབ་ཀྱི་མ་རེད། ན་ནིང་བྱུང་ཚར་བའི་ལས་ཀ་ཞིག་བྱེད་རྒྱུ་མེད་པ་གསལ་བོ་རེད། དེ་བཟོ་བཅོས་རྒྱག་གིན་བསྡད་པ་ཡིན་ན་ལོ་རྒྱུས་དེ་རྫུན་མ་ཆགས་འགྲོ་གི་རེད། མ་ཡིན་པ་ཞིག་རེད་ཟེར་ནས་ལབ་ཐུབ་ཀྱི་མ་རེད་ཅེས་ལབ་པ་རེད། འགག་ས་གཙོ་བོ་དེ་ཆོལ་གསུམ་ཆིག་སྒྲིལ་ཟེར་བ་དེ་འགག་ས་གཅིག་རེད། བྱུང་རབས་ཀྱི་གནས་སྟངས་དེ་འགག་ས་གཅིག་རེད། གནས་ཚུལ་འདིའི་ཐོག་ང་ཚོས་གུ་བཤངས་བྱེད་མ་ཐུབ་པ་རེད་མ་གཏོགས། དེའི་ཐོག་གུ་བཤངས་བྱས་པ་ཡིན་ན་ཁོང་ཚོས་ཏག་ཏག་དེ་ལ་བསྒུགས་བསྡད་ཡོད་པ་རེད།
༸སྐྱབས་མགོན་རིན་པོ་ཆེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་ཡིག་རིང་པོ་ཞིག་སྩལ་བའི་ནང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དང་རྒྱ་ནག་ལ་ཕེབས་ཤིང་དེ་རྗེས་བོད་ལ་ཕེབས་ནས་བོད་ཀྱི་མངའ་དབང་གི་གནས་བབས་གསལ་བཤད་གནང་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། ཆུ་གླང་རྩ་ཚིག་ཆེན་མོ་དེ་ག་རེའི་དོན་དག་ལ་གནང་བ་རེད་ཟེར་ན། བོད་ཀྱི་མངའ་དབང་གི་གནས་བབས་དང་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ཡིན་པ་གསལ་པོ་བཟོ་བའི་དོན་དག་ལ་རྩ་ཚིག་དེ་གནང་བ་རེད། དེར་བརྟེན་རྩ་ཚིག་གི་ནང་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་དང་ལྷག་པར་དུ་༸རྒྱལ་མཆོག་ལྔ་བ་ཆེན་པོ་ནས་བཟུངསྟེ་མན་ཇུ་གོང་མ་རིམ་བྱོན་དང་བོད་གཉིས་པོ་དེ་མཆོད་ཡོན་སྦྱིན་བདག་སྟེ། བོད་པ་དེ་མཆོད་གནས་བྱས་རྒྱ་ནག་དེ་ཡོན་བདག་བྱས་ནས་མཆོད་ཡོན་གྱི་འབྲེལ་བ་དེ་(Priest and Patron relationship) བྱས་པ་མ་གཏོགས་ཆབ་སྲིད་ཀྱིས་གཅིག་འོག་གཅིག་ལ་གནས་པའི་འབྲེལ་བ་དེ་མ་རེད་ཅེས་དེ་གསལ་བཤད་གནང་བ་རེད། དེ་གསལ་བཤད་གནང་བ་དེ་གལ་སྲིད་རང་བཙན་གྱི་གསལ་བསྒྲགས་ཡིན་ན། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་རང་བཙན་ཡིན་ཟེར་ནས་གསུང་གི་ཡོད་པ་ལ་ཆ་བཞག་དགོས་ཀྱི་རེད་བསམ་གྱི་འདུག །
ད་ལྟ་ཕྱི་རྒྱལ་གྱི་མི་མང་པོ་ནོར་འཁྲུལ་འགྲོ་བའི་གཞི་༡༩༡༣ ནས་དངོས་དོན་ཐོག་ལ་བོད་རང་བཙན་བྱས་ནས་བསྡད་པ་རེད་ཅེས་ལབ་བསྡད་པ་དེ་ཕལ་ཆར་འདི་འདྲའི་འཁྲུལ་གཞིའི་ཐོག་ལ་ལབ་བསྡད་པ་རེད་བསམ་གྱི་འདུག །ཡི་གེ་དེ་མགོ་ནས་མཇུག་བར་དུ་བཀླགས་པ་ཡིན་ན་ང་ཚོས་རང་བཙན་གསལ་བསྒྲགས་ཟེར་ནས་ཞེད་པོ་ཞིག་ལབ་ཀྱི་ཡོད་པ་རེད་དེ། རང་བཙན་ཟེར་བའི་ཚིག་དེ་མགོ་མཇུག་གང་ལ་ཡང་བེད་སྤྱོད་གནང་ཡོད་པ་མ་རེད། གླེང་གཞིའི་ནང་ལ་དབུས་གཙང་ནས་རྒྱ་དམར་ཁ་བྲལ་བཏང་ཟིན་པ་ཡིན། ཡིན་ནའང་ཁམས་ཕྱོགས་ནས་ད་ལྟ་ཁ་བྲལ་གཏོང་རྒྱུ་བསྡད་ཡོད་ཅེས་པ་དེའི་ནང་ལ་མདོ་སྨད་ཀྱི་སྐད་ཆ་གང་ཡང་ཡོད་པ་མ་རེད། རྒྱུ་མཚན་གང་ཡིན་ཟེར་ན་སྐབས་དེ་དུས། མདོ་སྟོད་ཕྱེད་ཀ་ཞིག་འབྲི་ཆུ་ཕན་ཆད་ཚུན་ཆད་ཅེས་རྒྱ་སྡེའི་ཁོངས་གཏོགས་བརྩིས་པས་དབུས་གཙང་དང་མདོ་སྟོད་ཕྱེད་ཀ་ཞིག་གི་སྐད་ཆ་མ་གཏོགས་ཡོད་པ་མ་རེད། རྩ་ཚིག་གི་ནང་ལ་མདོ་ཁམས་ཟེར་བའི་ཚིག་དེ་བེད་སྤྱོད་གཅིག་གནང་ཡོད་པ་རེད། མདོ་སྨད་ཟེར་བའི་ཚིག་དེ་བེད་སྤྱོད་གཅིག་གནང་ཡོད་རེད། དེའི་ནང་ལ་ཡོད་པའི་མདོ་སྨད་ཟེར་བ་དེ་ཨ་མདོ་ལ་གསུང་གི་ཡོད་པ་མ་རེད། སྐབས་དེ་དུས་ཁམས་ལ་མདོ་སྨད་ཅེས་ལབ་སྡོད་ཀྱི་ཡོད་པ་རེད། ཆབ་མདོ་ས་དབང་ལ་མདོ་སྨད་ས་དབང་ཞེས་ལབ་པའི་སྐབས་རེད།
མདོ་སྟོད་མདོ་སྨད་ཟེར་བའི་སྐད་ཆ་གསལ་པོ་ཆགས་པ་དེ་ ༥༦།༥༧ ནས་གཞི་ནས་བོད་ལ་དུས་འཁོར་དབང་ཆེན་གྱི་སྐབས་ལ་མདོ་སྟོད་སྨད་ཀྱི་སྐད་ཆ་གསལ་པོ་ཆགས་པ་རེད། རྒྱ་གར་དུ་སྤྱི་འཐུས་ལྷན་ཁང་གསར་པ་འཛུགས་སྐབས་མདོ་སྟོད་སྤྱི་འཐུས་མདོ་སྨད་སྤྱི་འཐུས་ཞེས་མདོ་སྨད་དེ་ཨ་མདོ་ཞེས་ཆོལ་ཁ་གསུམ་གསལ་པོ་ཆགས་སྟངས་དེ་ལྟར་རེད། དེའི་སྔོན་ལ་ཡིན་ན་ང་ཚོ་བོད་པའི་ནམ་རྒྱུན་ཁ་སྐད་ལ་ཁམས་པ་ལ་ཡང་མདོ་སྨད་ཅེས་ལབ་ཀྱི་རེད། མདོ་ཁམས་ཞེས་ལབ་ཀྱི་རེད། ཆབ་མདོ་ས་དབང་ཆེན་མོ་ལ་ཡང་མདོ་སྨད་ས་དབང་ཆེན་མོ་ཡང་ལབ་ཀྱི་ཡོད་པ་རེད། ཡིན་ནའང་ཆབ་མདོ་ས་དབང་ཆེན་མོའི་ཁྱབ་ཁོངས་དེ་འབྲི་ཆུ་ཡར་འདབས་རེད་མ་གཏོགས་དེ་ལས་ཕར་བརྒལ་ནས་ཅི་ཡང་མེད་པ་གསལ་བོ་རེད། ཆོལ་ཁ་གསུམ་ཞེས་པའི་བཀའ་མོལ་དེའི་ནང་ལ་ཡོད་པ་མ་རེད། རང་བཙན་བཀའ་མོལ་དེའི་ནང་ལ་ཡོད་པ་མ་རེད། དེའི་ནང་ལ་བཀའ་མོལ་ཡོད་པ་དེ། ༧གོང་ས་ལྔ་པ་ཆེན་པོ་ཚུན་ཆད་ནས་མན་ཇུ་དང་བོད་ཀྱི་འབྲེལ་བ་དེ་མཆོད་ཡོན་གྱི་འབྲེལ་བ་ཡིན་གསུངས་ཡོད་པ་རེད། དེ་ག་ནང་བཞིན་དེའི་སྔོན་ལ་ཡང་སོག་པོ་དང་རྒྱ་ནག་གོང་མ་རིམ་བྱོན་གྱིས་བོད་ལ་སྤྱི་བོའི་གཙུག་ཏུ་བཀུར་བ་རེད་ཅེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་མན་ཆད་ནས་བོད་ཀྱི་གནས་བབས་དེ་གསུངས་ཡོད་པ་རེད།
ད་དོན་དག་གཙོ་བོ་དེ་དོན་ཚན་ལྔ་ཡོད་པ་རེད། དོན་ཚན་ལྔ་པོ་དེ་འདིར་འབྲེལ་བ་ཆེན་པོ་ཆགས་ཀྱི་མི་འདུག པས་ངས་རེ་རེ་ནས་ཞུ་གི་མིན། དགོན་པ་ཁག་ལ་ཇི་ལྟར་ལྟ་རྟོག་བྱེད་དགོས་ཀྱི་རེད། ས་ཆ་སྟོང་པ་དེ་དག་ཇི་ལྟར་བེད་སྤྱོད་གཏོང་དགོས་ཀྱི་རེད། དཔལ་འབྱོར་ཡར་རྒྱས་ཇི་ལྟར་གཏོང་དགོས་ཀྱི་རེད། ཞིང་ལས་དང་སོ་ནམ་ཡར་རྒྱས་ཇི་ལྟར་གཏོང་དགོས་ཀྱི་རེད་ཅེས་དོན་ཚན་ལྔ་དེ་རེད། དོན་ཚན་ལྔ་དེ་ཆབ་སྲིད་དང་འབྲེལ་བ་ཅི་ཡང་ཡོད་པ་མ་རེད། སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཀྱི་སྐོར་དང་འབྲེལ་བ་ཤ་སྟག་ཅིག་རེད། དེའི་འགོ་བརྗོད་དེ་ལ་བར་ལམ་ང་ཚོ་དཀའ་ལས་ཁག་པོ་བྱུང་བ་རེད་དེ། ད་ང་ཚོ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་དམག་མཐར་བསྐྲད་ཟིན་པ་ཡིན་པས། ཁམས་ནས་མཐའ་སྐྲོད་གཏོང་རྒྱུ་ལྷག་བསྡད་པ་དེ་ཚོ་ད་མགྱོགས་པོ་གཏོང་དགོས་པ་རེད། དེ་རྗེས་ལ་ཡང་ང་ཚོས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་འདི་འདྲ་འདི་འདྲ་བྱེད་དགོས་པ་རེད་ཟེར་བའི་རྩ་ཚིག་དེ་རེད།
ད་འདིའི་ཐོག་ལ་དྲི་བ་ངོ་མ་གཅིག་ག་རེ་ལྷག་གི་ཡོད་པ་ཟེར་ན། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་༡༩༡༢བར་དུ་བོད་དེ་རྒྱ་མིའི་མངའ་འོག་ལ་ཡོད་ཀྱང་༡༩༡༣ནས་བོད་རང་བཙན་ཐོབ་པ་རེད་ཟེར་ནས་དེ་གསལ་བསྒྲགས་གནང་བ་རེད་ལབ་པ་ཡིན་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཤད་བཞིན་ཡོད་པའི་བྱུང་རབས་དེ་ལ་ང་ཚོས་ཐེལ་ཙེ་བརྒྱབ་པ་རེད། དེ་བར་དུ་ང་ཚོ་རྒྱ་འོག་ལ་རེད་འདུག །རྒྱ་མིའི་ཆ་ཤས་རེད་འདུག །ཁ་འབྲལ་ཐབས་མེད་པའི་ཆ་ཤས་རེད་འདུག །༡༩༡༣ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་དེ་རང་བཙན་བཟོས་གནང་འདུག་ཅེས་ལབ་པ་ཡིན་ན། ང་ཚོས་ད་ལྟ་བཤད་བསྡད་པའི་བྱུང་རབས་དེ་ཆ་ཚང་བ་འཕྲོ་བརླག་འགྲོ་དགོས་པ་ཞིག་ཆགས་པ་རེད། ད་དེ་མ་ཡིན་པ་བྱས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་བཟུང་སྟེ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བར་བོད་པ་ནང་ཁུལ་ལ་ཕན་ཚུན་འགྱུར་བ་དགའ་རབ་བྱུང་བ་རེད། ཐོག་མ་ས་སྐྱ་དེ་ནས་ཕག་གྲུ། དེ་ནས་རིན་སྤུངས། དེ་ནས་གཙང་པ། རིམ་པ་བཞིན་༸རྒྱལ་བ་སྐུ་ཕྲེང་ན་རིམ་བཅས་དེ་དུས་ནས་རང་བཙན་ཡིན་པ་གསལ་བསྒྲགས་གནང་བ་རེད་ཞེས་ཟེར་བ་ཡིན་ན། དེ་ལས་རང་བཙན་གསལ་བསྒྲགས་ཟེར་བའི་ཚབ་ལ་རང་བཙན་ཡིན་པའི་ངོ་བོ་དེ་བསྐྱར་བལྡབ་ཅེས་བཤད་ན་ད་ལྟ་བོད་སྐད་ཀྱི་ཐོག་དེ་འདྲའི་འཕྲོས་གཞི་མ་བྱུང་བ་ཡིན་ནའང་། སྐད་ཡིག་གཞན་པའི་ཐོག་ལ་འཕྲོས་གཞི་ཆེན་པོ་ཡིན་ས་རེད་(Declaration of Independence) དེ་ནས་བཟུང་སྟེ་ཟེར་བ་ཞིག་རེད་མ་གཏོགས་དེ་སྔོན་ཟེར་བ་ཞིག་གང་ཡང་ཡོད་པ་མ་རེད། དེར་བརྟེན་དེ་ནས་བཟུང་སྟེ་རང་བཙན་ཡིན་པ་གསལ་བསྒྲགས་གནང་བ་རེད་ཟེར་ནས་ང་ཚོས་དེ་ངོས་ལེན་བྱས་པ་ཡིན་ན་༡༩༡༢བར་དུ་མན་ཇུའི་འོག་ལ་ཡིན་ནའང་འདྲ་རྒྱ་མིའི་འོག་ལ་ཡིན་ནའང་འདྲ། དེ་འདྲ་ཞིག་ཡིན་པ་ཁས་ལེན་དགོས་པ་ཆགས་འགྲོ་གི་རེད།
ད་དེ་མ་ཡིན་པར་ཐོག་མ་ནས་རང་བཙན་ཡིན་པ་གསུངས་པ་རེད་ཟེར་གྱི་ཡིན་ན་གསལ་བསྒྲགས་(Declaration)ཟེར་བའི་ཚབ་ལ་བསྐྱར་བལྡབ་(Retreat) ནན་བརྗོད་ཅེས་པ་ལྟ་བུའི་ཚིག་ཅིག་བེད་སྤྱོད་གནང་བ་ཡིན་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག །ད་གང་ལྟར་ངས་ལྷན་རྒྱས་ཚོ་ལ་ཞུ་རྒྱུ་ཞིག་ལ། དེ་ག་རེ་རེད་ཟེར་ནས་ང་ལ་དྲི་བ་གནང་བའི་ཚབ་ལ། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རང་གིས་གནང་བའི་ཆུ་གླང་རྩ་ཚིག་དོན་ཚན་ལྔ་ཅན་འདི་ཆ་ཚང་ཀློག་གནང་དང་དེ་ནས་དེ་ག་འདྲ་ཞིག་ཡིན་པ་དེ་མཁྱེན་གྱི་རེད། དོན་དག་གཅིག་དེ་བྱས། དོན་དག་གཉིས་པ་དེ་ང་ཚོས་བྱུང་རབས་ག་འདྲ་ཞིག་ཁས་ལེན་གྱི་ཡིན། ༸རྒྱལ་དབང་ལྔ་པ་ཚུན་ཆད་ནས་རང་བཙན་གཙང་མ་བྱས་ནས་བསྡད་པར་ཁས་ལེན་གནང་གི་ཡིན་ནམ། ༡༩༡༣ གྱི་རྗེས་ལ་རང་བཙན་ཆགས་པར་ཁས་ལེན་གནང་གི་ཡིན། དེ་གཉིས་པོ་དེ་ང་རང་ཚོའི་བསམ་བློའི་ནང་ལ་གསལ་བོ་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
སྔོན་མ་ནས་རང་བཙན་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་ན། དུས་རབས་བརྒྱ་ཕྲག་བཅུ་གསུམ་པའི་ནང་ལ་ལོ་བཞི་བཅུ་ཞེ་གྲངས་ཤིག་གམ། ལྔ་བཅུ་མ་ཟིན་ཙམ་ཞིག་ལ་སོག་པོའི་འོག་ལ་བསྡད་པ་མ་གཏོགས། ཆོས་རྒྱལ་ཚོའི་སྐུ་རིང་ནས་བོད་དེ་ལྔ་བཅུ་ང་གཅིག་གི་བར་དུ་གཞན་པའི་བཙན་དབང་འོག་ལ་སོང་ཡོད་པ་མ་རེད། དབྱིན་ཇིའི་དམག་བོད་ལ་སླེབས་པའི་སྐབས་ལ་ཡང་། བོད་ཀྱི་མངའ་དབང་འཕྲོགས་ཡོད་པ་མ་རེད། རྒྱ་མིའི་དམག་བོད་ལ་སླེབས་ནས་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་ཕེབས་དགོས་བྱུང་བའི་སྐབས་ལ་ཡང་དམག་སླེབས་པ་རེད་མ་གཏོགས། བོད་ཀྱི་མངའ་དབང་འཕྲོགས་ཡོད་པ་མ་རེད། བོད་ཀྱི་གཞུང་དང་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་ཇི་མ་ཇི་བཞིན་བསྡད་ཡོད་པ་རེད། དེས་ན་དེའི་ཞིབ་ཆ་དེ་ང་ཚོའི་བསམ་བློའི་ནང་ལ་གསལ་བོ་ཡོད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག །དོན་དག་གཅིག་དེ་རེད། ད་དོན་དག་གཉིས་པ་དེ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ཁོང་ལ་བཀའ་དྲིན་རྗེས་དྲན་བྱ་དགོས་པ་ཡིན་ལྟ་ཡིན། བཀའ་དྲིན་རྗེས་དྲན་བྱེད་པའི་སྐབས་ལ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་གསུང་བྱེ་བྲག་པ་གཅིག་ཆབ་སྲིད་ཀྱི་དགོས་མཁོ་འདྲ་བོ་བྱས་ནས་ཟུར་དུ་བཏོན་ཏེ་ཆ་འཇོག་ཞེད་པོ་ཞིག་བྱས་པ་ཡིན་ན་དེ་ཕན་ཐོགས་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག །
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཆུ་སྤྲེལ་ཞལ་གདམས་དེ་ལས་ཀྱང་གནད་འགག་ཆེ་བའི་ཡིག་ཆ་ཞིག་ཆགས་བསྡད་ཡོད་པ་རེད། གང་ལྟར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བཀའ་ལ་བོད་གཞུང་མང་གིས་ཅི་གསུངས་བཀའ་སྒྲུབ་ཞུ་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས་ད་ལྟའི་གནས་བབས་འདི་བྱུང་བ་རེད། ད་སྐུ་ཕྲེང་བཅུ་བཞི་པས་ཅི་གསུངས་བཀའ་སྒྲུབ་མ་ཞུས་པ་ཡིན་ན་མ་འོངས་པ་ལ་གནས་བབས་ག་འདྲ་ཞིག་ཡོང་གི་རེད། དེ་ཚོ་ཚང་མ་དྲི་བ་བཏང་ནས་བྱས་པ་ཡིན་ན་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག ད་དེ་ལས་ཀྱང་ཚབས་ཆེ་བ་ཞིག་བསམ་བློའི་ནང་ལ་མཚམས་མཚམས་མ་བདེ་བ་ཆེན་པོ་ཡོང་བ་ཞིག་ག་རེ་ཡོད་པ་རེད་ཟེར་ན། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་ཞེད་པོ་ཞིག་གཟེངས་བསྟོད་བྱས་ནས་ཆ་འཇོག་བྱས་ཏེ་དེའི་ཟུར་ལ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་དེ་ཙམ་ཞིག་རང་མ་རེད་མདོག་མདོག་གི་བརྡ་ཞིག་སྟོན་པའི་ཐབས་ཤེས་བྱེད་ཀྱི་མེད་དམ་བསམས་ནས་མཚམས་རེར་ང་ལ་ཚོར་སྣང་དེ་ཡོང་གི་ཡོད་པ་རེད། དེ་ལྟར་ཡིན་མདོག་ཁ་པོ་མ་རེད་དེ་གལ་ཏེ་ཡིན་ན་ཚང་མས་ཧ་ཅང་དོ་སྣང་གནང་དགོས་པ་ཆགས་ཀྱི་རེད།
༸སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་གནང་བ་རེད་༸སྐུ་ཕྲེང་བཅུ་བཞི་པས་རང་བཙན་བཙོངས་པ་རེད་ཟེར་བ་དེ་འདྲའི་རྣམ་འགྱུར་ཞིག་སྟོན་པའི་དོན་དག་ལ་ད་རེས་འདི་སྲུང་བརྩི་ཞུ་གི་ཡོད་པ་ཡིན་ན་དེ་སུ་གང་ཞིག་གིས་ཀྱང་ངོས་ལེན་བྱ་ཐུབ་པའི་གནས་སྟངས་ཞིག་ཆགས་ཀྱི་ཡོད་པ་མ་རེད། སྔོན་ལ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་དེའི་ཚིག་དོན་དེ་དག་ཡོངས་སུ་རྫོགས་པ་ཤེས་པར་བྱས་ནས་གཞི་ནས་འགྲེལ་བརྗོད་གང་འདྲ་བྱེད་ཀྱི་ཡོད་མེད་ད་ལྟ་ངས་གོང་དུ་ཞུས་པ་ནང་བཞིན་རེད། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དང་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཕེབས་པའི་དུས་ཚོད་དང་བཅས་པ་དེ་ཚོ་ཚང་མ་ཕལ་ཆེར་སྐུ་ཕྲེང་གཉིས་ཀས་འཆར་གཞི་དང་ལྡན་པའི་ཐོག་ནས་བཟོས་གནང་བ་ཞིག་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དགོངས་གཞི་མ་འགྲུབ་པའི་ཕྱག་ལས་ཕྲན་ཚེགས་དེ་དག་༸སྐུ་ཕྲེང་བཅུ་བཞི་པའི་སྐབས་ལ་བསྐྱར་བལྡབ་གནང་བ་ཞིག་དང། ལྷག་པར་དུ་བོད་མི་རིགས་ལ་བོད་སྲིད་པ་ཆགས་པ་ནས་བཟུང་སྟེ་ད་ལྟའི་བར་དུ་ཆོས་རྒྱལ་རིམ་བྱོན། ལོ་པཎ་གོང་མ་རིམ་བྱོན། རྒྱལ་བ་སྐུ་ཕྲེང་རིམ་བྱོན་ཚང་མའི་མཛད་པ་འཕྲིན་ལས་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་ཞིག་དང་། འཇིག་རྟེན་སྤྱི་ཡོངས་སུ་བོད་ཟེར་བའི་མིང་དེ་མ་བརླགས་པར་བྱས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་གཏད་ལ་བསྡད་ཐུབ་པ་དེ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་འདིའི་མཛད་རྗེས་དང་བཀའ་དྲིན་ཡིན་པ་དེ་བོད་པས་བརྗེད་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་དང་། འཕྲལ་ཕུགས་གཉིས་ཀའི་འདུན་མ་བརླག་པའི་ཉེན་ཁ་ཡོད་པ་ཞིག་རེད། གོང་གི་དེ་འདྲའི་བསམ་ཚུལ་ཡོད་མདོག་ཁ་པོ་མ་རེད་དེ་དེ་འདྲའི་བསམ་ཚུལ་ཡོད་པ་ཡིན་ན་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ངོས་ལེན་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་རེད་བསམ་གྱི་འདུག །ད་དེ་ག་རང་ཡིན།
ཕྱི་ལོ་ ༢༡༣ ཟླ་ ༤ ཚེས་ ༡༤ ཉིན་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ནས་ཕབ་བཤུས་ཞུས་པའོ།།
་་་་་་་་་་་་ འགན་འཁུར་མེད་པའི་མི་ཁ་ཤས་ཀྱིས་བརྒྱུད་ལམ་ཁག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ་༸རྒྱལ་བ་རིན་པོ་ཆེ་མི་གཅིག་གིས་ཐག་གཅོད་བྱས་པ་རལ་གྲི་གནམ་གཡུག་དབང་ཤུགས་ཀྱིས་མང་ཚོགས་ཀྱི་ཐོག་ལ་བཀུར་བཞག་པའི་སྲིད་ཇུས་ཡིན་པ་འདྲ་པོ་དེ་འདྲ་བཤད་མཁན་བྱུང་ཡོད་པ་རེད། ཡིན་ནའང་དེ་དག་ལ་བདེན་པའི་གཞི་རྩ་ནམ་ཡང་མེད་པ་གསལ་བོར་མཁྱེན་དགོས་པ་རེད་ཅེས་ནན་པོ་བྱས་ནས་ཞུ་རྒྱུའི་འདོད་པ་བྱུང་སོང་། ་་་་་་་ ཟེར།
ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུ། དངོས་གནས་སྤུས་དག་ཅིག་ཕབ་བཤུ་བྱས་འདུག
༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་གང་ཡིན་པ་ཁ་གསལ་པོར་བཟོས་པ་དང་། གནད་དོན་ཁ་ཤས་གསལ་པོ་མ་བྱུང་བ་དང་། འགྲེལ་བརྗོད་བྱེད་མ་བདེ་བ་ཁག་ལ་རིན་པོ་ཆེ་ནས་དཔྱིས་ཕྱིན་པའི་བགྲེལ་བཤད་མཛུབ་མོ་རི་སྟོན་གནང་བ་དེར་བཀའ་དྲིན་ཆེ་ཞུ། ཀརྨ་པ་རིན་པོས་ཆེས་གསུངས་པ་བཞིན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ནི་༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་གང་ཡིན་པ་དེ་མཁྱེན་མཁན་ཞིག་དང་ བཀའ་བཞིན་བསྒྲུབ་མཁན་ཡིན་པ་གསལ་པོ་ཤེས་སོང་། ༧གོང་ས་མཆོག་གི་རྗེས་སུ་རྒྱག་གཅིག་མཆོངས་གཅིག་གནང་མཁན་བླ་མ་ཁྱེད་སྐུ་ཚེ་རིང་པོར་བཞུགས་པའི་སྨོན་འདུན་ཞུ།།
མཁས་དབང་རིན་པོ་ཆེ་མཆོག་གི་ངེས་པ་དོན་གྱི་བཀའ་སློབ་ཟབ་མོ་ཞིག་མང་ཚོགས་ལ་སྩལ་གནང་བ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་རྒྱུ་དང་། ཚོགས་གཙོ་མཆོག་ནས་སྒྲ་འཛིན་འཁོར་ཐག་ནས་ཡིག་ཐོག་ལ་ཕབ་ཤུས་གནང་བ་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཡོད།
མཁས་དབང་མིང་དོན་མཚུངས་པ་ནི་བླ་མ་འདི་ཚོ་རེད། ཁོང་གིས་ཕྱག་ལས་གནང་ཚད་ཡང་དག་རེད་ཟེར་གྱི་མེད་ཀྱང་། མཁས་པའི་རྣམ་དཔྱོད་ནི་མགྲན་ཟླ་བྲལ་བ་རང་རེད།
ཕྱག་ལས་གནང་ཟིན་པ་ཡང་དག་མ་ཡིན་ཅིག་ཡོད་ན། འདི་དང་གན། རྒྱུ་མཚན་འདིས་ཡང་དག་མ་རེད་ཅེས་ཤོད་དང། ང་ཚོས་ལྟོས་ཆོག་གི་རེད།
༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་བཙན་གསལ་བསྒྲགས་གནང་བ་དུས་དྲན་སྲུང་བརྩི་ཞུས་པར་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རང་བཙན་བཙོངས་པ་རེད་མདོག་བཤད་མཁན་སུ་གཅིག་ཀྱང་མེད་པ་རེད། འོན་ཀྱང་གཟུགས་མེད་གྲིབ་བཟོའི་སྣང་བརྙན་བསྐྲུན་འདོད་དང་རང་བཙན་ཐ་སྙད་འདི་ལ་སྡང་ཟུག་ཆེ་བའི་སྐབས་འཚོལ་རིང་ལུགས་དང་སྲིད་དོན་ཚོང་པའི་ཤོག་ཁག་གིས་གཡོ་ཅན་ཝ་མོར་བརྫུས་ཏེས་༧རྒྱལ་བའི་སྙན་དུ་འདི་ལྟར་གསོལ་བཞིན་ཡོད་པ་མངོན་གསལ་ཇེ་གསལ་རེད་ལ། བར་ལམ་གྱི་བཀའ་སློབ་ཁག་ལས་གསལ་ཡོང་གི་འདུག། ད་དུང་ཁྲི་ཟུར་ཚང་འདི་པ་ཁྲི་པ་ལས་ཐོག་ཡིན་པ་འདྲ་པོའི་བཀའ་སློབ་འདི་ཚོར་བལྟས་ན་ད་དུང་ལམ་དབུ་མའི་གར་སྟེགས་ཀྱི་འཁྲབ་སྟོན་འཁྲབ་མཚམས་བཞག་མེད་པ་འདྲ།
ད་ཁུངས་ལུང་མེད་པ་རང་བཤད་བསྡད་པ་མ་བསྡད་ཡོད་པ་མ་རེད།
༧རྒྱལ་བ་རིན་པོ་ཆེའི་སྙན་ལ་དེ་ལྟར་བཞག་ཡོད་པའི་དབང་དུ་བཏང་ནའང། བཞག་པ་ཙམ་གྱིས་དེ་ག་རང་རེད་ཅེས་དེའི་རྗེས་སུ་འབྲངས་ནས་བཀའ་ཕེབས་ཀྱི་རེད་དམ། བཤད་ས་ཟམ་གདོང་རིན་པོ་ཆེ་དང་ཉན་ས་༧གོང་ས་མཆོག་མ་བྱེད་ལགས། རང་མདོག་ཇེ་གསལ་ཡིན་པ་འདི་གཟུར་གནས་དག་གིས་ཐུགས་སྣང་གནང་རོགས། བྱུང་ན། ཁ་བརྡ་ཚང་གིས་ཀྱང་མཆན་ཞིབ་བྱས་ན་ལོས་དགའ། ༧གོང་ས་མཆོག་ལ་ཟུར་ཟ་བྱེད་རྒྱུ་འདི་རིགས་སུ་གང་ལའང་ལན་པོ་ཡོད་པ་མ་རེད། གལ་སྲིད་བྱེད་ཀྱི་ཡིན་ན། མདུན་དུ་ཐོན་ཐུབ་ན་ཡག་གི་རེད།
ཞོར་དུ། ཉེ་སྔོན་མགྲོན་འབོད་ཞིག་གི་སར་རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོར་ཆུ་གླང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་མིན་པ་ཞལ་རས་མཇལ་ནས་ངོ་སྤྲོད་བྱ་རྒྱུ་བྱུང། དེ་དང་མཉམ་འཇམ་ནོར་དང་སྣར་སྐྱིད་སོགས་ཀྱི་ཤེས་མདོག་ལ་མགོ་འཁོར་མི་ཉན་ཞེས་ཀྱང་ཞུ་རྒྱུ་བྱུང། གང་ལྟར་ཆུ་གླང་རྩ་ཚིག་རྩ་ཚིག་རང་གི་བརྗོད་དོན་ལྟར་མ་བཞག་པར། ཡར་མར་ཀུན་ལ་ཁ་བསྒྱུར་བ་འདི་རིགས་ཀྱིས་དངོས་གནས་བཤད་ན་༧རྒྱལ་བ་བཅུ་གསུམ་པའི་དེ་ལྟར་ཕེབས་དགོས་པའི་རྒྱུ་མཚན་མཐིལ་མ་རྟོག་པའི་སྐྱོན་རེད་ལ། འདིའི་ཐད་ལ་སྡེ་པ་གཞུང་གི་སྐུ་དྲག་༼ དེ་སྔ་རྒྱལ་བ་རིན་པོ་ཆེའི་མང་གཙོ་དང་ཆོལ་གསུམ་ཆིག་སྒྲིལ་གྱི་དགོངས་གཞི་ལ་ངོ་ལོག་རྒྱག་མཁན་ཁ་ཤས། ༽ཁ་ཤས་ཀྱིས་འཕྲལ་གྱི་དགོས་མཁོ་འབའ་ཞིག་གིས་དབང་གིས་༼ སྲིད་དོན་རྒྱལ་རབས་༽ཀྱི་དཔྱད་གཞི་མང་པོ་གཅོད་གཏུབ་བཟོ་སྣོན་འདྲ་མིན་བྱས་བཞག་པའི་ནག་ཉེས་ལས་ཐོན་པ་དང། དེའི་ཁར་ཀུན་སློང་ལ་སྐྱོན་ཅན་འཇམ་ནོར་དང་སྣར་སྐྱིད་སོགས་ཀྱིས་བོད་མིན་ཨིན་མིན་འགར་བཀོད་གདམས་བྱས་ཏེ་བྱེད་ལས་དེ་དག་ཐོན་པ་གསལ་བོ་ཡིན་སྟབས། གཟུགས་མེད་གྲིབ་བཟོ་ཞིག་རྩ་བ་ཉིད་ནས་མིན་སྟབས། འདི་ལོ་རྒྱུས་ཀྱིས་མི་བརྗེད་ལ། དྲང་བདེན་གྱིས་དེ་བས་ཀྱང་གུ་ཡངས་ལ་གཏོང་མི་སྲིད།
མཁས་པས་བཤད་ན་ཅི་ཡང་བདེན། ཞེས་པ་ལྟར་མཁས་དབང་ནི་མཁས་དབང་རང་རེད།
“གང་ལྟར་ཆོལ་གསུམ་ཆིག་སྒྲིལ་ཟེར་བ་དེ་ང་ཚོའི་བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ཡིན་པས་དེ་ཁོང་ཚོའི་སྙིང་ལ་ཞེད་པོ་ཞིག་ཕོག་གི་ཡོད་པ་རེད།” ཟེར། དེས་ན་ང་ཚོའི་སྒྲུབ་བྱའི་གཙོ་བོ་དེ་ཆོལ་གསུམ་ཆིལ་སྒྲིལ་ཡིན། རྒྱ་ནག་ཚང་གི་སྙིང་ལ་ཕོག་རྒྱུ་དེ་རང་ཡིན་ན། གྲོས་མོལ་གྱི་མཐུན་ཕྱོགས་ཞིག་ནམ་ཡང་མི་འདུག
ཡང་ “འགག་ས་གཙོ་བོ་དེ་ཆོལ་གསུམ་ཆིག་སྒྲིལ་ཟེར་བ་དེ་འགག་ས་གཅིག་རེད། བྱུང་རབས་ཀྱི་གནས་སྟངས་དེ་འགག་ས་གཅིག་རེད། གནས་ཚུལ་འདིའི་ཐོག་ང་ཚོས་གུ་བཤངས་བྱེད་མ་ཐུབ་པ་རེད་མ་གཏོགས། དེའི་ཐོག་གུ་བཤངས་བྱས་པ་ཡིན་ན་ཁོང་ཚོས་ཏག་ཏག་དེ་ལ་བསྒུགས་བསྡད་ཡོད་པ་རེད།” ཟེར།
གུ་བཤངས་ག་འདྲ་ཞིག་བྱ་དགོས་པ་ཡིན་ནམ། ང་ཚོས་བོད་རིགས་ཡོངས་རྫོགས་འདུས་པའི་ཆོལ་ཁ་གསུམ་རྩོད་ཀྱི་མེད། ད་ལྟའི་རྒྱ་གཞུང་གིས་བཤད་པའི་བོད་རང་སྐྱོངས་ལྗོངས་ཟེར་བ་འདི་ཁོ་ནར་ཡིན་ཞེས་པའི་གུ་བཤངས་ཞིག་བཤད་དགོས་པ་ཡིན་ནམ།
ད་དངོས་གནས་འདི་འདྲའི་གནད་འགག་ཅིག་ལ་ཐུག་ཡོད་ཚེ་མཁས་དབང་ཁོང་གཙོར་བྱས་པའི་ལམ་འཁྲིད་ཀྱི་མི་བུ་རྣམས་ཀྱིས་མ་འོངས་ཇི་ལྟར་དགོས་མིན་བཀའ་སློབ་གནང་དགོས་པ་ལས། སྔོན་མ་ནས་འདི་རེད། ང་ཚོས་འདི་བཤད་ཀྱི་ཡོད་རེད། རྒྱ་གཞུང་གིས་འདི་བཤད་ཀྱི་ཡོད་རེད་འདྲ་བོ་རང་གསུང་སྡད་ན་བླུན་པོ་བདག་ལྟ་བུ་དགའ་སྐྱེད་ཀྱང་བོད་དོན་ཐོག་ཕན་ཇི་ཙམ་ཐོག་མིན་མི་ཤེས། །
འོ་ན་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ནོར་ཝེའི་ཞི་བདེའི་གཟེངས་རྟགས་མཚོན་པས་འཛམ་གླིང་གལ་ཆེའི་གཟེངས་རྟགས་མང་པོ་བཞེས་ཡོད་པ་རེད། དུས་དྲན་འདི་ཚོ་སྲུང་བརྩི་བྱེད་སྐབས་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་འདི་ལྟར་མ་འཇོན་པ་རེད་ཟེར་ན་དགོད་བྱེད་གཅིག་མ་རེད་པས། མ་གཞི་༧བཅུ་གསུམ་པ་ཆེན་པོས་ཆུ་གླང་རྩ་ཚིག་བསྒྲགས་ནས་ལོ་བརྒྱ་འཁོར་བར་དུས་དྲན་སྲུང་བརྩི་བྱེད་མཁན་རང་བཙན་ལས་འགུལ་བ་ཕལ་ཆེ་བ་ཡིན་ཙང་དེ་དབུ་མ་པས་མིག་ནང་མ་གཤོངས་ནས་ཐབས་རྒྱ་ཇུས་སྟོང་གིས་དཀྲོགས་གཏམ་འདི་ཡ་གི་༧རྒྱལ་བའི་སྙན་བར་གསོལ་རྒྱུའི་གོ་སྐབས་ཞིག་བྱུང་ཚོད་རེད། དཀྲོགས་གཏམ་འདི་འདྲ་༧རྒྱལ་བའི་སྙན་དུ་གསོལ་རྒྱུའི་གོ་སྐབས་ཐོབ་མཁན་རིགས་འདི་ཚོ་ཕོ་བྲང་དུ་ཡང་ཡང་བཅར་རྒྱུའི་གོ་སྐབས་ཡོད་མཁན་དེ་ཚོ་རེད། བྱས་ཙང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པའི་འཇམ་ནོར་གྱིས་༧རྒྱལ་བའི་དབང་པོར་དོགས་འདྲི་ཞུ་ཆེད་ཕོ་བྲང་དུ་བཅར་རྒྱུའི་གོ་སྐབས་མི་སྤྲོད་པའི་རྒྱུ་རྐྱེན་འདི་ལ་འཐུག་མེད་དམ་སྙམ།
༄༅། །མཚུངས་མེད་ཚོགས་གཙོ་ལགས། ཐུགས་རྗེ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་དང་ཆབ་ཆིག སླད་ནས་གནད་འགག་ཀྱི་སྐབས་སུ་བྱེད་སྒྲ་དང་། འབྲེལ་སྒྲ་ལ་སོགས་པ་རྣམས་དོན་དངོས་དང་མཐུན་པ་ཞིག་བེད་སྤྱོད་གནང་བར་ཞུ། ཞུ།
ཤར་ཁུག། ཁྱོད་ཧམ་བཤད་བྱེད་དགོས་པ་མ་རེད། ཆུ་གླང་རྩ་ཚིག་རང་བཙན་གསལ་བསྒྲགས་ཡིན་མིན་ངས་སྔ་ས་ནས་ཆུང་ཚེ་རིང་གིས་དེའི་བསྐོར་བཤད་པའི་གཏམ་ལ་ཉན་རོགས་ཞེས་མང་མང་བཤད་ཡོད། ཆུང་ཚེ་རིང་དང་ཁྱོད་གཉིས་ལོ་རྒྱུས་རིག་གནས། ཉམས་ཞིབ། མི་བུའི་སྒལ་ཚིག། གང་གི་ཆ་ནས་གནམ་སའི་བར་ཁྱད་འདུག།
དེས་ན་ངས་༧བཅུ་གསུམ་པ་ཆེན་པོས་ཆུ་གླང་རྩ་ཚིག་བསྒྲགས་ནས་ལོ་བརྒྱ་འཁོར་བར་དུས་དྲན་སྲུང་བརྩི་ཞུས་པར་༧བཅུ་བཞི་པ་ཆེན་པོར་ཟུར་ཟ་རེད་བཤད་པའི་གཏམ་འདི་ནམ་ཡང་མཁས་ལེན་མེད་ལ། མ་གཞི་ནས་ཟུར་ཟ་ཟེར་བའི་ཚིག་འདི་དངོས་བདེན་འཚོལ་དང་ཁྲིམས་ཐོག་ཁུངས་སྐྱེལ་ཐུབ་པའི་གཏམ་ཞིག་ནམ་ཡང་མ་རེད། དེས་ན་ཁྲིམས་ལུགས་ཀྱི་མདུན་དུ་ཐོན་ཡོང་ན་ཡག་ཤོས་རེད་ལ་བདེན་ཁ་སུ་སྦྱིན་མིན་གསལ་པོ་ཆགས་ཀྱི་རེད་ལ་དྲང་བདེན་གྱིས་གུ་ཡངས་གཏོང་མི་སྲིད་པ་བདེན་པ་རེད།
དེའི་ཞོར་དུ་་གཞིས་ལུས་བོད་མིས་དར་དམར་ས་ལ་ཕབ་ནས་སྲོག་ཤོར་བ་དང་བཙོན་དུ་འཚུད་པ། མནར་གཅོད་ཚད་མེད་ཀྱིས་དབང་པོ་སྐྱོན་ཅན་དུ་གྱུར་བ་མང་པོ་འདུག། འོན་ཀྱང་ཁྱོད་ཀྱིས་དམར་ལིང་ལིང་དུ་འཕྱར་དགོས་པའི་ཀུན་སློང་ག་རེ་ཡིན་པ།
འཐབ་ཕྱོགས་གཅིག་གྱུར་ཁང་གི་སྒོ་ཁྱི་བདེ་ཆེན་སྤྲུལ་སྐུའི་གྲོགས་པོ༼ དེ་རིང་གསར་ཐོས། འབྲོང་དཀར་པོས་བཤད། ༽་འཇམ་དབྱངས་ནོར་བུ་ལགས་ཀྱིས་༧གོང་ས་མཆོག་ལ་བཅར་གྱི་ཡིན་ཞེས་པ་དེ་ཆུ་གླང་རྩ་ཚིག་བེད་སྤྱོད་ལོག་པར་བཏང་བ་དང་འབྲེལ་བ་གང་ཡང་ཡོད་པ་མ་རེད།
ཚང་མས་ཤེས་གསལ་ལ། བཀའ་ཤག་སྐབས ༡༣ དང་༡༤ པས་དང་པོར་ཉན་འཇོག་དང་ཐུགས་རྗེ་ཆེ་ཞུ་ས་གཉིས་ཀ་གཞུང་དང་ལངས་ཕྱོགས་མི་མཐུན་པ་དང་གཞུང་གི་ལས་དོན་ཐོག་སྐྱོན་བརྗོད་བྱ་མཁན་ཚོ་རེད། ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་དམིགས་བསལ་མི་དེ་རིགས་ལ་གཞུང་འབྲེལ་སྡིངས་ཆའི་སྟེང་བསམ་ཚུལ་ཅི་ཡོད་བཤད་རྒྱུའི་གོ་སྐབས་གནང་བ་དང་འབོད་སྐུལ་ཞུས་ཡོད། སྐབས་དེར་དེང་གི་སྲིད་སྐྱོང་དང་འཇམ་དབྱངས་ནོར་བུ་བཅས་ངེད་ཚོ་དང་བླངས་ཚོགས་བཅར་པ་རྣམས་རྐུབ་སྟེགས་གྲལ་གཅིག་ལ་བཞག་འདུག་ལ། ཚང་མས་གཟབ་གཟབ་ནན་ནན་གྱིས་བཀའ་བློན་ཁྲི་པའི་གཏམ་བཤད་དེར་ཞིབ་ཏུ་ཉན་པ་རེད། ཡིན་ནའང། བརྒྱུད་ལམ་ཁག་གི་དཀྲུགས་གཏམ་ཚོགས་ཆེན་་ཐོག་གསུངས་རྒྱུའི་སྤོབས་པ་ཁྱོན་ནས་མ་བྱུང་བ་ཡིན་ནམ། གང་ཡང་གསུངས་མ་བྱུང། ད་དུང་བཀའ་ཁྲི་མཆོག་གིས་གཞུང་གི་ལངས་ཕྱོགས་དང་ཐབས་ལམ། དམིགས་ཡུལ། རྒྱལ་སྤྱིའི་ཆབ་སྲིད་ཤེས་རྟོགས་བྱུང་བ་འཐུས་ཚང་མིན་ན་བཀའ་གནང་རྐྱང་དང། བཀའ་གནང་གི་བཀའ་ཤག་ལ་ག་དུས་ཡིན་ནའང་ཐད་ཀར་ཕེབས་ཆོག ཡིན་ནའང། རྒྱུ་མཚན་ལྡན་པ་ཞིག་ཡིན་དགོས་ཞེས་བཀའ་གནང་བ་ད་དུང་དྲན་གྱི་འདུག
ད་དུང་ཁ་ཐུག་དྲན་པ་ཞིག་ལ་༧གོང་ས་མཆོག་གིས་ཉན་ཞིབ་དོགས་འདྲིའི་གསུང་འཕྲིན་ནང་མ་འོངས་བོད་ཀྱི་མདུན་ལམ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཐབས་ལམ་ཅི་ཡོད་འཁྱེར་ཤོག་ཅེས་གསུངས་པ་དེ། ཚོགས་གཙོས་གསལ་འགྲེལ་རྟིང་ནོན་གྱིས་སྤྱི་འཐུས་རྣམ་པ་ཡིན་ན་རེད། སྐབས་དེའི་བཀའ་ཟུར་རྣམ་པ་ཡིན་ན་རེད། ཚང་མས་ཚོགས་གཙོ་དང་བཀའ་ཤག་བརྒྱུད་པའམ། ཐད་ཀར་སྐུ་སྒེར་ཡིག་ཚང་ལ་ཕུལ་ཆོག་ཅེས་གསུངས་པ་གོ་ན་ཡང་མ་གོ་མདོག་མདོག་བསྡད་པ་ཡིན་རྒྱུ་རེད།
ཆུ་གླང་རྩ་ཚིག་རང་བཙན་གསལ་བསྒྲགས་ཡིན་མིན་ཐག་གིས་གཅོད་ན། སྐུ་ཞབས་ཆུང་ཚེ་རིང་དང་ཤར་ཕྱོགས་ཁུག་རྟ་གཉིས་ཀྱི་སུ་མཁས་པ་ཡིན་མིན་གྱིས་ཐག་གིས་གཅོད་རྒྱུ་ཡིན་ན་ད་བོད་འདིའི་ལས་ངན་པ་ལ། ཧཧཧཧཧ
ངས་སྐབས་དེའི་གནས་བབ་སྤྱི་དང་བྱེ་བྲག་རྒྱལ་བ་བཅུ་གསུམ་པ་རང་གིས ༡༩༡༣། ༡༩༡༩། ༡༩༢༩། བཅས་སོ་སོར་གནང་བའི་གསུང་འཕྲིན་རྣམས་བསྡུར་ནས་བཤད་ཡོད། ཐ་ན་མིང་ཚིག་རེ་རེར་དཔྱད་པ་བཏང་ཡོད། དཔེར་ན། ༼ ཁམས་ཁུལ་རང་ཁོངས་༽ཟེར་བ་ལྟ་བུའི་བརྗོད་ཚིག་ལ་ཞིབ་འཇུག་བྱས་ཡོད། གལ་སྲིད་ཆུ་གླང་རྩ་ཚིག་དེ་མཆོད་ཡོན་འབྲེལ་བ་༼ རང་ཕྱོགས་ན་འགྲེལ་བཤད་མེད། ༽གཏན་གཅོད་བྱ་རྒྱུ་དང་བོད་རང་གི་བྱེད་ཕྱོགས་ལ་ལམ་སྟོན་ལས་བརྒལ་ཏེ། བོད་ཀྱི་མངའ་དབང་གནས་བབ་ཅི་ཡིན་བསྒྲགས་གཏམ་སྤེལ་བ་ཞིག་ཡིན་ན། ༧རྒྱལ་བ་བཅུ་གསུམ་པས་བསྒྲགས་གཏམ་སྤེལ་ཤེས་མི་འདུག་ལ། ཡང་ན་རྒྱལ་བ་བཅུ་གསུམ་པ་རང་གི་དགོངས་གཞི་དེ་ལྟར་མིན་ཡང་ཞྭ་སྒབ་པ་སོགས་ཀྱི་བཤད་རྗེས་འབྲངས་པ་ཡིན་ན། མི་དེ་རྣམས་ཀྱིས་༧རྒྱལ་བ་བཅུ་གསུམ་པའི་གསུང་འཕྲིན་གསུང་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་བེད་སྤྱོད་ལོག་པར་གཏོང་རྒྱུ་མེད་ན་མ་གཏོགས་ཚང་མ་བཏང་ཚར་འདུག ༼ བཀའ་ཤག་སྐབས་སྔ་མ་ཁ་ཤས་ཤིག་ཀྱང་འདིའི་རྗེས་སུ་རྒྱུགས་འདུག ༽
མདོ་དོན། རྒྱ་ནག་གོང་མ་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གྱུར་བའི་གོ་སྐབས་དང་བསྟུན། སུན་བཙིར་སྣ་ཚོགས་བྱེད་སྤྱད་མཆོད་ཡོན་འབྲེལ་བ་གཏན་གཅོད་དང། མིག་གིས་སྣ་རྩེ་ལས་མི་མཐོང་བའི་སྡེ་པ་གཞུང་གི་སྐུ་དྲག་ཞེད་སྣང་ཚ་བོ་རེ་འགའ་གཙོར་གྱུར་ལས་སྣེ་ཚོར་ནང་གི་ལས་དོན་བྱེད་ཕྱོགས་གསལ་བོར་འདོམས་པ་དེ་ཡིན་པ་གསལ་ཐག་ཆོད་རེད།
ད་དུང་བཤད་འདོད་མེད་པ་ཞིག་ལ། སྐབས་དེའི་གནས་བབ་རྒྱ་ནག་གིས་དཔྱད་ཡིག་དང་སྦྲགས་གསལ་འདོན་བྱས་པའི་དཔྱད་གཏམ་ལ་ང་ཚོས་ལན་ཏག་ཏག་ཅིག་མི་ཐེབས་པ་ཁས་མི་ལེན་རང་ལེན་རང་རེད།
རྒྱལ་ཚོང་བ་བླ་རྒན་མགོ་དཀར་ར་ཟམ་གདོང་འདི་ད་ལྟ་བར་དུ་རྒྱལ་བ་རིན་པོ་ཆེ་དང་བོད་མི་དམངས་བར་དཀྲུག་ཤིང་རྒྱབ་རྒྱབ་ནས་ད་དུང་ཡང་འདོད་པ་ཁེང་གི་མེད་པ་འདྲ་
ཁོས་ལས་ངན་ག་རེ་བསག་པ་ཡིན་ནམ་བོད་རང་ཙན་ཟེར་བའི་ཚིག་དེ་ལ་དེ་ཙམ་གྱི་མི་བཟོད་པ་བྱེད་དགོས་པ་ཅི་ཞིག་ཡིན་ནམ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་རང་ཙན་སྒྲགས་གཏམ་སྤེལ་བ་དེ་ལ་དེ་འདྲ་མི་དགའ་དགོས་པ་གང་ཡིན་ནམ་
རྒྱ་མཚོ་གཏིང་ཟབ་པོ་རེད་ཟེར་དུས་་་་་་ནམ་མཁའ་ཆུང་ཆུང་རེད་ཟེར་གྱི་ཡོད་མ་རེད་་་་་་རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པས་སྐབས་དང་དུས་དགད་བྱ་དང་དགོས་པ་ཕྲལ་ཕུག་རྒྱང་གསུམ་ལ་གཟིགས་ཏེ་སྐབས་དེར་སྒྲགས་གཏམ་དེ་འདྲ་ཞིག་གནང་བ་དེ་སྒྲིགས་པ་རེད་
རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོས་བོད་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་སྐབས་དང་དུས་དགག་བྱ་དགོས་པ་དུ་མ་ལ་གཟིགས་ཏེ་དབུ་མའི་ལམ་གྱི་ཐོག་ནས་ཐབ་རྩོད་གནང་བ་རེད་དེ་གཉིས་ལ་འགལ་བ་ཞིག་གང་འདུག་གམ་མགོ་དཀར་ར་ཁྱོད་ཇུས་ངན་ག་རེ་གཤམ་གྱི་ཡོད་དམ་བོད་མི་དམངས་དང་༧གོང་ས་མཆོག་གི་བར་དམ་ཚིག་མི་མཐུན་པ་དེ་འདྲ་གཟོས་མ་ཡོང་རོག་ཞེས་རེ་བསྐུལ་ཞུ་གི་ཡོད་
གང་མཚམས་ནས་བོད་པའི་ཁ་ནས་བོད་རང་ཙན་བཤད་ན་བོད་མིའི་ནང་གནས་མི་ཐུབ་པ་དེ་འདྲ་ཞིག་གཟོ་ཐུབ་ན་ཟམ་གདོང་མགོ་དཀར་ར་ཁྱོད་ཀྱི་བསམ་དོན་གྲུབ་པ་རེད་པས་
ཁྱོད་ད་དུང་ཡང་བོད་མི་དམངས་ཀྱི་དཀའ་སློན་ཁྲི་པ་ཡིན་པ་འདྲ་པོའི་སྐད་ཆ་དེ་འདྲ་མི་དམངས་དཀྱིལ་ལ་བཤད་རྒྱུ་མཚམས་འཇོག་བྱེད་རོག་
ཁྱོད་ལ་ཆོས་ཀྱི་ཤེས་ཚད་ཕྲན་བུ་འདྲ་ཡོད་ན་དེ་ཉམས་ལེན་འདྲ་བྱས་ཏེ་སྐྱེ་བ་ཕྱི་མ་འཁྱེར་རྒྱུ་ཡོད་པ་ཞིག་ཨེ་རེད་ལྟོས་དེ་མིན་ཉག་ཉོག་མང་པོ་བཤད་མ་ཡོང་
ཤར་ཁུག ཟམ་གདོང་རིན་པོ་ཆེས་ཞི་མོལ་གྱི་འཁོར་ཡུག་སྐྲུན་སྟངས་དེ་ཚད་ལས་བརྒལ་ཡོད། དེའི་རྐྱེན་གྱིས་བོད་དོན་ལས་འགུལ་ལ་ཤུགས་རྐྱེན་ངན་པ་ཐེབ་ཡོད་པ་མ་ཟད། ཡུ་རོབ་གྲོས་ཚོགས་ནས་བཙན་བྱོལ་བོད་གཞུང་ངོས་ལེན་བྱེད་ཀྱི་ཡིན་ཞེས་རྒྱ་ནག་ལ་རྟག་ཏུ་སྡིག་ར་སྐུལ་བཞིན་པ་དེ་ཡང་མཚམས་འཇོག་བྱས་ཡོད། འདི་ནི་དཔེ་མཚོན་ཙམ་ཡིན།
ཧཧཧཧཧ བོད་ཀྱི་བུ་ལ་ཤ་ཞེན་མེ་འབར་འབར་ཡིན་ནོ་གཟིགས་དང། ཁ་ཡར་ལ་འགྲོ་དུས་མི་འདི་འདྲ་མང་ཙམ་དགོས་ནི་རེད། ཨ་ལ་ཀུ་རེ་ཡིན།
ང་ཚོ་ལས་ཀ་བྱེད་མཁན་དག་གི་ཚུལ་ཅི་ལྟ་བ་བཞིན་མ་ཤེས་པར་རྒྱང་གཟིགས་གནང་ནས་ཁ་གཏོང་མཁན་ཚོར་ཁ་སྟབས་འདི་ལས་མེད་པ་གསལ་བོ་ཡིན་ཡང། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལྟ་བུར་རྒྱལ་ཚོང་ལྟ་བུའི་དམོད་ཚིག་སྦྱར་ན། སྤྱིར་ལས་འབྲས་ཁྱད་གསོད་ལ་བག་མི་ཚ་ནའང། ཀླད་པར་བཙོག་པས་ཁེངས་ཏེ་འཇིག་རྟེན་གྱི་བླང་དོར་གྱི་གནས་ཕྲ་མོ་ཙམ་ལའང་དབྱེ་འབྱེད་ནུས་པའི་བརྡ་རྟགས་ཕྲན་ཙམ་མེད་པ་སྟོན་གྱི་ཡོད་སྟབས། མི་ཡི་གཟུགས་ཀྱིས་ལས་འདི་ལྟར་བྱས་ན་ཞེ་གཏིང་ནས་སྐྱོ་བ་མི་སྐྱེའམ།
ཡིན་ནའང། དཔའ་བོ་ཆེན་པོས།།
རྟག་ཏུ་དམུས་ལོང་རང་རློམ་གྱིས།།
གནས་ལུགས་མ་རྟོགས་འུར་ཅོར་ལ།།
མཁས་པས་ཕྱག་མཛུབ་གེར་ལངས་ཀྱིས།།
ལམ་བཟང་སྟོན་པ་ངལ་བའི་རྒྱུ།།
ཞེས་གསུངས་པ་ལྟར་ཅི་བཤད་སྤྱང་ལྟོགས་ཤ་གཟན་ལ་འདུར་བ་ལྟར་ཡ་མེད་དུ་བཏང་བར་བྱའོ།།
དཀོན་མཆོག་མཁྱེན། མཁས་པ་བརྒྱ་ལས་གླེན་པ་གཅིག་མ་ཐུབ་གསུངས་པ་དེ་རྒྱུ་མཚན་ཅི་ལ་མི་འདུག ད་དེ་རིང་འདིར་ཡོད་ཡོད་ལ། ལན་འདེབས་བྱས་ན་སྐྱོན་གེ་འདུག
ཞི་མོལ་གྱི་ཁོར་ཡུག་བསྐྲུན་སྟངས་དེ་ཚད་ལས་ཅི་ལྟར་བརྒལ་སོང། མ་གཞི་ནས་ཁྱེད་ཀྱིས་ཁོར་ཡུག་བསྐྲུན་སྟངས་ཀྱི་སྲིད་བྱུས་ངོ་མའི་གསལ་བསྒྲགས་མཐོང་ཡོད་དམ། མཐོང་ཡོད་ན་དུས་ཡུན་ཅི་ཙམ་ལ་སྲིད་བྱུས་དེ་བཟུང་བ་རེད་དམ། ད་གང་མགྱོགས་ལན་ཐོབས་དང། སྲང་བར་གྱི་སྐད་ཆའི་རྗེས་སུ་མ་འབྲངས་རོགས།།
༼ ཡུ་རོབ་གྲོས་ཚོགས་ནས་བཙན་བྱོལ་བོད་གཞུང་ངོས་ལེན་བྱེད་ཀྱི་ཡིན་ཞེས་རྒྱ་ནག་ལ་རྟག་ཏུ་སྡིག་ར་སྐུལ་བཞིན་པ ༽་ཞི་མོལ་གྱི་ཁོར་ཡུག་བསྐྲུན་པའི་སྲིད་བྱུས་ཀྱིས་ཅི་ལྟར་མཚམས་འཇོག་བྱས་བཅུགས་པ་རེད། མ་གཞི་འདི་སྡིག་ར་ཞིག་རེད་དམ། ག་དུས་ཡོ་རོབ་གྲོས་ཚོགས་ཀྱིས་༼ སྡིག་ར་༽སྐུལ་བ་རེད་དམ། ཐེངས་ག་ཚོད།
དངོས་གནས་བྱས་ན་ཡོ་རོབ་གྲོས་ཚོགས་ཀྱི་དེ་གྲོས་ཆོད་ཅིག་ལས་༼ སྡིག་ར༽་གེ་མ་རེད། དེ་ཡང་འབྲེལ་མོལ་བསྐྱར་གསོ་མ་བྱུང་གོང་ ༢༠༠༢ ལོར་བཞག་པ་རེད། འཇོག་དགོས་དོན་ཁོ་རང་འབྲེལ་མོལ་ཡོང་ཐབས་རེད། འབྲེལ་མོལ་བྱུང་ཡོད་པ་རེད། དེ་ལ་བཀའ་ཤག་གིས་ག་རེ་འགྲིག་མ་སོང། གསལ་བོར་གསུངས་རོགས།།
༄། །ཡང་དག་ཆོས་ཚུལ་ཉམས་སུ་བཞེས་ཀྱང་ཆབ་སྲིད་རིང་ལུགས་ལྷོད་མེད་འཛིན།།
སྲིད་ཀྱི་ལམ་ལུགས་བསྐྱངས་ནས་དམ་ཆོས་རྩ་བར་འགལ་མེད་གཅེས་མཛད་པ།།
མཁས་མཆོག་སློབ་དཔོན་ཉེར་གཅིག་དུས་སུའང་མཇལ་བའི་སྐལ་བཟང་བྱིན།།
ཁྲི་ཟུར་བླ་རྒན་ཟམ་གདོང་གང་ཉིད་༧རྒྱལ་བའི་སྲས་སུ་བརྟན་པར་བཞུགས།།
ཟམ་གདོང་བླ་རྒན་གྱི་བསམ་ཚུལ་ལྟར་བྱས་ན་ད་ལྟ་བོད་པ་ཞིག་གིས་བོད་རང་བཙན་ཀྱི་ཐབ་རྩོད་བྱས་ན་སངས་རྒྱས་ཀྱི་དཀའ་དང་འགལ་བ་དང་དམ་ཉམས་ཟེར་བ་སོགས་སྡུག་རེ་ངན་ཚད་ཀྱིི་སྐྱོད་བརྗོད་བྱེད་པ་སོགས་བོད་པའི་གྲལ་ནས་ཕུད་ཐབས་བྱེད་བཞིན་པ་རེད་
མཐའ་ན་ལོ་རྒྱུད་ཐོག་ནས་བོད་རང་བཙན་མ་ཡིན་པའི་སྒྲུབ་བྱེད་བཤད་རྒྱུ་མགོ་ཟམ་གདོང་ནས་གཙུག་ཡོང་གི་ཡོད་པ་ཁྱེད་ཚོས་ཨེ་ཤེས་་་་་་ད་འོ་ན་དེ་རྒྱལ་ཚོང་བ་མིན་ན་ཅི་རེད་
༧གོང་ས་མཆོག་དང་བོད་མི་དམངས་དབར་དཀྲུག་ཤིང་རྒྱག་གི་ཡོད་པ་དེ་ཇེ་གསལ་ཇེ་གསལ་རེད་
སྔར་ངས་རྙན་འཕྲིན་ཐུང་ཐུང་ཞིག་འཇལ་མྱོང་དེའི་ནང་ལ་་་་་་་ཟམ་གདོང་ཁོང་ཚོའི་སྐད་ཆའི་་ཚིག་གསལ་པོ་ཞི་མི་གོ་ཡང་༧གོང་ས་མཆོག་གི་དཀའ་མོལ་གསལ་པོ་ཞིག་གོ་གི་འདུག་་་་་་་་སྐྱ་བོ་ལོ་རྒན་ཞིག་གིས་༧གོང་ས་མཆོག་ལ་ཚིག་དགའ་ཞིག་ཞུས་སོང་བས་༧གོང་ས་མཆོག་གཞད་མོ་ཆེན་པོ་ཞི་ཤོར་སོང་་་་་་་དེ་ནས་ལམ་སང་ཟམ་གདོང་གི་གཅིག་ཞུས་སོང་བས་་་་་་༧གོང་ས་མཆོག་གཞད་མོ་དེ་བས་ཆེན་པོ་ཞིག་བཞད་ཏེ་་་་་་ད་ཡིན་ན་ཧ་གོ་ཡག་མིན་འདུག་གཅིག་གི་ནི་ལབ་དགོས་རེད་ཟེར་གི་འདུག་་་་་གཅིག་གི་ནི་ལབ་དགོས་མ་རེད་ཟེར་གི་འདུག་་་་་ད་གང་ཤེས་་་་་་་་གསུང་པ་ཞིག་འཇལ་སོང་སོང། དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན་ཟམ་གདོང་སོགས་ཀྱི་རྒྱུན་དུ་༧གོང་ས་མཆོག་ལ་ཡིན་མིན་མང་པོ་ཞིག་ཞུས་བསྡད་ཀྱི་ཡོད་པ་གསལ་པོ་རེད་
འདིའདྲ་བཤད་དུས་༧གོང་ས་མཆོག་ཐམས་ཅད་མཁྱེན་པ་མ་རེད་ཞུ་གི་ཡོད་མ་རེད་ད་་་་་་་་་༧གོང་ས་མཆོག་ངོ་བོ་གང་ཡིན་ཀྱང་རྣམ་པ་མི་ཡི་རྣམ་པ་བསྟན་ནས་ཕེབ་པ་རེད་བྱས་ཙང་ཉེ་འཁོར་དུ་ཡོད་པའི་མི་མགོ་བདེ་བ་དེ་འདྲས་གང་ཞུས་པ་ལ་ཆ་འཇོག་གནང་གི་ཡོད་རེད་་་་་་་་་་་དེ་ནས་ཟམ་གདོང་ལ་བོད་མི་དམངས་དང་༧གོང་ས་མཆོག་གི་དབར་ལ་དཀྲུག་ཤིང་རྒྱག་རྒྱུའི་གོ་སྐབས་ཡག་ཤོས་རག་གི་ཡོད་རེད་
བསམ་ཚུལ་མང་ཙམ་ཤོད། རྒྱུ་མཚན་ལྡན་པར་ཤོད། དམོད་ཚིག་མེད་པར་བྱོས། མ་རབས་རྟགས་མ་བསྟན། གཞན་ལ་གུས་བརྩི་དགོས།།
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས་རིག་པ་ཞིབ་མོས་༧གོང་ས༧བཅུ་གསུམ་པས་ཆུ་གླང་རྩ་ཚིག་ལ་དབྱེ་འབྱེད་ཧ་ལས་པ་ཞིག་བྱས་འདུག་པས་ཐུགས་རྗེ་ཆེ་ཞུ། ཁྲི་ཟུར་རིན་པོ་ཆེ་ཡིས་རིག་པས་གནས་ལུགས་སྒྲུབ་སྟངས་འདི་དངོས་གནས་ཚིག་དོན་གཉིས་དང་དུས་སོགས་རེ་རེ་སྒྲུབ་འདུག ༼གནད་འགག་ཁྱད་པར་བ་ཞིག་གསུངས་པ་ནི༽༼སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་ཁྱབ་བསྒྲགས་གནང་བ་རེད༽དེ་ལ་རིན་པོ་ཆེ་ཡིས་རིག་པས་གནོད་པ་བཏང་ཡོད། གང་ལྟར་ཟེར་ན། འོ་ན་སྐུ་ཕྲེང་བཅུ་གསུམ་པས༡༩༡༢དང་༡༣བར་གྱི་ཡར་སྔོན་ལ་བོད་རང་བཙན་མ་རེད་དམཞེས་དྲི་བའི་དོགས་སློང་བྱས་འདུག དེ་ནས་བཟུང་བོད་རང་བཙན་གསལ་བསྒྲགས་གནང་བ་རེད་ཅེས་རིག་པས་གནོད་པ་བཏང་བ་འདིས་༧གོང་ས༧བཅུ་གསུམ་པས་ཆུ་གླང་རྩ་ཚིག་ལ་སྡོམ་ཚིག་དང་འགྲེལ་བཤད་ཧ་ལས་པ་ཞིག་གནང་འདུག ༢པ། དབུ་མའི་ལམ་གྱི་བོད་རྒྱ་གྲོས་མོལ་ལ་འབྲས་བུ་མ་བྱུང་བའི་རྒྱུ་མཚན་གསལ་བོ་གསུངས་འདུག དེ་ནི་བོད་ཆོལ་ཁ་གསུམ་ས་རྒྱ་ཆེ་བས་རྒྱ་གཞུང་ལ་མོས་མཐུན་མ་བྱུང་བའི་རྒྱུ་མཚན་གཅིག་བཀོད་པ་འདི་དག་ནི་གནད་འགག་གསལ་བོ་རེད་སྙམ་པས་ཁྲི་ཟུར་མཆོག་ལ་ཐུགས་རྗེ་ཆེ་ཞུ།
༼ཡིན་ནའང་སྐུ་ངོ་ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཟེར་བ་༽ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མྱང་སོང་ང་། ཟེར་བ་ཟེར་བ་ཟེར་དུས་མ་རངས་པ་རེད་ད
བོད་རྒྱལ་ཁབ་དེ་ཅ་ལག་མ་རེད། རིན་གོང་བརྒྱབ་ནས་ཉོ་ཡས་དང་འཚོང་ཡས་མ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་བོད་རྒྱལ་ཁབ་བདག་གི་མེད། བླ་མ་དང་རྒྱལ་པོ་ལའང་བདག་གི་མེད། ང་དང་ཁྱོད་ལ་བདག་གི་མེད། བོད་ཀྱི་བདག་པོ་བོད་མི་རེད། བོད་མི་མང་དབང་ཆ་ཡོད། འོན་ཀྱང་དབང་དེ་རྒྱ་དམར་ལག་ཏུ་ཤོར་ཚར་བ་རེད། རྒྱལ་ཁབ་གཞན་ལ་ཤོར་ཚར་བ་རེད། ལྷག་པར་མཁས་དབང་ཟམ་གདོང་བླ་མ་ཆབ་སྲིད་ནང་དྲི་མ་མེད་པའི་སྐབས་ནས་བོད་དགྲ་ལག་ཏུ་ཤོར་ཟིན་པ་རེད། བསྐྱལ་མགོ་རིལ་ཆགས་ཟིན་པ་རེད། ད་འཚོང་རྒྱུའི་བོད་རྒྱལ་ཁབ་དེ་ཟམ་གདོང་བླ་མའུ་ལག་པ་ལ་འདུག་གམ། ཁོང་གི་ལག་པར་མེད། དབང་ཡང་མེད་པར་ཇི་ལྟར་བཙོང་པ་རེད། བོད་བསིལ་བུར་འཐོར་ནས་ཀྱག་ཀྱོག་གི་ལོ་རྒྱུས་དུ་མའི་ཁྲོད་བོད་རང་བཙན་གཙང་མ་ཡིན་པའི་ཞིབ་ཅིང་ཕྲ་བའི་བྱུང་རབས་གང་ན་ཡོད། དེ་མིན་རང་ཉིད་སྟོབས་དང་ནུས་པས་ཕས་རྒོལ་འཇོམས་དགོས། གཉིས་ནས་རྒྱལ་རབས་ལོ་རྒྱུས་འདྲ་བཤད། འདས་ལོག་ལ་རེ་སྒུག་དང་སྔ་ཕྱི་དང་གཙོ་ཕལ་གོ་ལྡོག་ནས་བསྡད་པ་ལས་མ་འོངས་དང་དངོས་ཡོད་མདུན་ལྗོངས་བསྐྲུན་པར་འབད་གལ་ཆེ་བ་མིན་འདུག་གམ། ངའི་བསམ་ཚུལ་འདི་ཡིན། ང་ལ་ག་རེ་རྒོལ་རུང་སྒོ་ཡངས་སུ་ཕྱེ་ཡོད། དོ་འཁུར་འགན་བཞེས་པར་འདི་ལྟར་རྒོལ་བ་ནི་ཅུང་མ་རན་པ་ཞིག་མ་ཡིན་ནམ། འོན་ཀྱང་རང་མོས་རེད། ཁོང་རྣམ་པ་སྒེར་ལ་ནད་མ་འཁྱག་པ་ནི་མི་འོང་། འོན་ཀྱང་བོད་དོན་ལ་ཐུག་ཡོད། ཚང་མས་ཧུར་ཐག་འབད་ཐག་ཚ་ཚ་འུར་འུར་ཡིན་ད།
༧བཅུ་གསུམ་པ་ཆེན་པོས་ཆུ་གླང་རྩ་ཚིག་བསྒྲགས་དགོས་པའི་རྒྱུ་རྐྱེན་ཁོང་མན་ཇུའི་དམག་གིས་ཚུར་རྒྱ་གར་ལ་ཉེན་གཡོལ་ཕེབས་དགོས་བྱུང་བ་དང་དབྱིན་དམག་གིས་མར་རྒྱ་ནག་ལ་ཉེན་གཡོལ་ཕེབས་དགོས་བྱུང་བ་དེས་རེད་ལ། གལ་ཆེ་ཤོས་བོད་འདི་སྐབས་དེ་དུས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་གཞན་ཚོ་ལས་ལོགས་སུ་བསྡད་ཡོད་ཙང་བོད་རྒྱལ་ཁབ་ཟེར་བ་ཞིག་གོ་ལ་འདིའི་སྟེང་དུ་ཡོད་པ་གསལ་སྟོན་གནང་བ་ཞིག་ཡིན་ཚོད་རེད། རྒྱུ་མཚན་དེས་རྐྱེན་པས་ལུང་ཤར་དབུས་པས་བོད་ཕྲུག་ཁག་གཅིག་དབྱིན་ཡུལ་དུ་མངགས་ནས་བོད་རྒྱལ་ཁབ་འདི་དཔལ་འབྱོར་ཡར་རྒྱས་དང་མཐའ་བསྲུང་ཡར་རྒྱས་ཀྱིས་རང་བཙན་གྱི་ངོ་བོར་གནས་དགོས་པ་འཛམ་གླིང་རྒྱལ་ཁབ་གཞན་ཚོར་གསལ་སྟོན་དང་བསྐྱར་བསྒྲགས་གནང་བ་ཞིག་ཡིན་ཚོད་རེད་ལ། ཁོང་གི་དགོངས་གཞི་དེ་ལམ་ལྷོངས་བྱུང་ཡོད་ན་ད་གཟོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཞུགས་གྲལ་དུ་ཡོད་ཚོད་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་དང་བསོད་བདེ་མེད་པ་ཞིག་ལ། ༧བཅུ་གསུམ་པ་ཆེན་པོ་ཐུགས་ཀྱི་བཞེད་དོན་ཆ་ཚང་མ་འགྲུབ་གོང་སྐུ་གཤེགས་པ་དང་ཟམ་གདོང་བླར་རྒན་ལྟ་བུའི་ལྷ་ཆོས་རིང་ལུགས་རྒྱུན་འཛིན་ཐུབ་ན་མི་རིགས་རྩ་མེད་ཕྱིན་ན་ཕྱིན་སྙམ་པའི་རྒྱལ་ཞེན་དང་མི་རིགས་ཀྱི་ལྟ་བ་མེད་པའི་ཆོས་ལུགས་ཀྱིས་དབང་འཛིན་མི་སྣ་དེ་ཚོས་རང་རང་གི་དབང་ཆ་འཐབ་རྩོད་ཁྲོད་ཀོ་ཐག་ཡོད་དགུ་གློད་ནས་བོད་འདི་མགོ་བོ་འདེགས་ས་མེད་པ་འདི་བཟོས་ཡོད་པ་རེད། དེས་ན་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཁོང་ཆབ་སྲིད་ཀྱི་མི་སྣ་གལ་ཆེན་ཞིག་རེད་ལ་བོད་འདི་རྒྱལ་སྤྱིའི་བཞུགས་གྲལ་དུ་མེད་པར་ཟུར་དུ་ལུས་ཡོད་པ་དེ་འཛམ་གླིང་རྒྱལ་ཁབ་གཞན་གྱི་ཤེས་ཆེད་རང་བཙན་སྐྱར་བསྒྲགས་གནང་ཡོད་པ་དེ་དོན་ལ་གནས་ཡོད་པ་རེད་ལ། ཟམ་གདོང་བླར་རྒན་གྱིས་རིག་པ་ཕྱི་བསྐོར་གྱིས་རང་བཙན་སྐྱར་བསྒྲགས་བྱས་པ་འདི་སྔར་རང་བཙན་མིན་པ་འདྲ་པོ་ཆགས་ཚུལ་བཤད་པ་དེ་ཅི་འདྲའི་དགོད་སྤྱད་ཅིག་མ་རེད་པས། དེ་ནི་བླར་རྒན་གྱིས་མཁས་མདོག་གིས་༧བཅུ་གསུམ་པ་ཆེན་པོའི་དགོངས་པ་ལ་ཚད་ཐིག་གཅིག་བརྒྱབས་འདུག་པ་འདི་བླར་རྒན་གྱིས་རྒྱར་བསྟུན་ལས་འགུལ་གྱི་་ཆ་ཤས་ཞིག་ཡིན་སྲིད།
དེ་ལྟ་བས་ན་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ལས་ལྷག་གཅིག་གི་ཤེས་རྒྱ་ཡོད་མདོག་བྱེད་པའི་མི་བུ་འདི་ཚོས་ཁོང་གི་ཆབ་སྲིད་དགོངས་པ་ལ་ཚད་ཐིག་འཇལ་བའི་ལམ་ལུགས་འདིའི་རྒྱབ་ན་ལྐོག་གཡོ་ངན་ཇུས་ཀྱིས་དར་ཐག་འཐེན་གྱི་ཡོད་པ་སུས་ཤེས།
རིན་པོ་ཆེས་འདི་ལྟར་གོ་རིམ་ཡོད་པ་ཞིག་གསུངས་འདུག་པ་ལ་ཐུགས་རྗེ་ཆེ་ཞུ། དེ་ནས་བསམ་འཆར་འགའ་ཞུ་གི་ཡིན། གཤམ་གྱི་ཚིག་འདིའི་ནང་། ཁག་གཅིག་རེད་ཟེར་བ་དེ་མཐའ་གཅིག་རེད་ཅེས་བཅོ་དགོས་པ་འདྲ།
“དབུ་མའི་ལམ་གྱི་སྲིད་ཇུས་དེའི་ངོ་བོ་ཞུས་པ་ཡིན་ན། རྒྱ་ནག་དང་ཁ་བྲལ་བྱས་ནས་རྒྱལ་ཁབ་ལོགས་པ་བཟོ་མི་དགོས་པ་དེ་ཕྱོགས་གཅིག་རེད། རྒྱ་ནག་ནས་ཁ་བྲལ་འགྲོ་བ་དེ་ཁག་གཅིག་རེད། ད་ལྟའི་གནས་བབས་ནང་གཞིན་སྡོད་རྒྱུ་དེ་ནི་ཁག་གཞན་པ་ཞིག་རེད། དེ་གཉིས་ཀ་དང་བྲལ་བ་བྱས་ནས་བོད་མི་མང་ཚོགས་ཀྱི་མངོན་འདོད་སྒྲུབ་ཐུབ་པ་བྱེད་རྒྱུ་དེ་དབུ་མའི་ལམ་གྱི་རགས་པའི་གོ་དོན་རེད།”
དེ་རིན་པོ་ཆེས་དབུ་མའི་ལམ་དེ་རྒྱལ་བའི་དགོངས་གཞི་རེད། དེ་ལ་མི་མང་པོས་གྲོས་བསྡུར་བྱས་ནས་ཐག་ཆོད་པ་རེད། ཕྱི་ལ་བསྒྲགས་པ་རེད། མང་མོས་ཐག་གཅོད་ཀྱིས་ཐག་བཅད་པ་རེད། ཅེས་གསུངས་འདུག་མོད། འབབ་ས་དེ་གཅིག་རང་རེད། བོད་མི་ས་ཡ་དྲུག་གིས་༧རྒྱལ་བའི་དགོངས་བཞེད་ལ་གུས་ཞབས་བྱས་ཡོད་ཅེས་པ་འདི་ལས་གཞན་དུ་མེད་པ་རེད།
ད་ནི་དབུ་མའི་ལམ་གྱིས་བོད་མི་རིགས་ལ་འདི་དང་འདི་བྱེད་ཀྱི་རེད་གསུངས་པ་དེ་ཚོ་ནི་ད་བར་དུ་བྱེད་མ་ཐུབ་པ་རྐྱང་རེད། མུ་མཐུད་ནས་བྱེད་ཐུབ་པའི་གདེང་ཚོད་ཀྱང་ཡོད་མ་རེད། ད་གལ་ཆེ་ཤོས་དེ་འདི་རེད། སྔོན་མ་སངས་རྒྱས་དང་ཆོས། བླ་མ་དང་དགེ་འདུན་ཞེས་མཚན་ནས་བོས་ན་བོད་མི་ཚང་མ་དད་པ་བྱེད་མཁན་ཤ་སྟག་རེད། ད་ནི་དེ་འདྲ་མ་རེད། བོད་མི་བྱིས་པ་ལོ་བཅུ་ཡན་ལ་རང་རང་གི་འདོད་པ་དང་བསམ་འཆར་ཡོད་པ་རེད། འདོད་པ་མེད་ན་བླ་མ་ཡང་མི་དགོས་ཞེས་སྨྲ་ངེས་པ་རེད། སྐབས་འདི་འདྲ་ཞིག་ལ་ད་དུང་ཡང་དབུ་མའི་ལམ་ལ་ཡིད་ཆེས་བྱེད་དགོས་ཞེས་ཨུ་ཚུགས་རྒྱག་ས་ཡོད་མ་རེད།
ད་དུང་བོད་དང་བོད་ཆེན་པོའི་འགྲེལ་བཤད་དེ་སྣང་བ་འགྲོ་མ་སོང་། བུ་སྟོན་ཆོས་འབྱུང་རྩོམ་པ་པོས་བོད་དང་བོད་ཆེན་པོ་དེ་སྤྲེའུ་རྒྱུད་དང་བྲག་སྲིན་མོའི་རྒྱུད་ལ་འབྱེད་པར་གསུངས་འདུག གཞན་དུ་ན་བོད་དེ་དབུས་ཁུལ་དང་བོད་ཆེན་པོ་དེ་མདོ་ཁམས་ཁུལ་དུ་གསུངས་འདུག
ཁམས་དང་མདོ་ཁམས་ཀྱི་འགྲེལ་བཤད་དེ་ཚོ་ཏག་ཏག་ཅིག་བསྡད་མི་འདུག དེབ་དཀར་ན་ཡང་དེའི་སྐོར་འཁོད་ཡོད། མདོ་ཁམས་ཞེས་པའི་ཚིག་འདི་ཏུན་ཧོང་ན་ཡང་ཐོན་ཡོད། དབུས་ཀྱི་མཁས་པ་མི་གསུམ་བྲོས་ནས་ཕྱིན་སྐབས་ཀྱང་མདོ་ཁམས་ལ་གོ་བ་ལེན་སྟངས་གཉིས་བྱུང་སྟེ་ས་ཆ་གཉིས་ལ་ངོས་འཛིན་བཞིན་ཡོད། ས་ཆ་ཞིག་ལ་སྟོད་སྨད་བར་གསུམ་འབྱེད་པ་ནི་བོད་ཀྱི་གནའ་བོའི་ལུགས་ཤིག་རེད། མདོ་ཁམས་ལའང་སྟོད་སྨད་བར་གསུམ་ཕྱེས་པ་ཡིག་ཆ་རིམ་པ་ཞིག་ན་ཐོན་བཞིན་ཡོད། ཆོལ་ཁ་གསུམ་འདི་ཅུང་རྙོག་དྲ་ཞིག་རེད། འཇམ་མམ་འཇའ་མོ་བཙུགས་རབས་འཆད་སྐབས་ས་ཁག་གསུམ་འདིའི་ནང་མདོ་སྨད་དང་མདོ་སྟོད། དབུས་གཙང་མངའ་རིས་དང་བཅས་པ་ཡོང་གི་ཡོད། དབུས་གཙང་གི་དཔོན་ཆེན་གྱི་མིང་སོགས་རྙེད། མདོ་སྨད་དང་མདོ་སྟོད་ཀྱི་དཔོན་ཆེན་གྱི་མིང་ད་ཆ་མ་རྙེད། ཆོལ་ཁ་གསུམ་དེ་རྒྱ་བོད་ཡིག་ཚང་གི་སྔོན་གྱི་ཡིག་ཆ་ན་མེད་སྐད།
དེ་ནས་དགའ་ལྡན་ཕོ་བྲང་གི་མངའ་འོག་ན་ཡོད་དང་མེད་ཅེས་པའི་སྐད་ཆ་འདི་ཆེ་རུ་ཆེ་རུ་འགྲོ་གི་འདུག འབྲི་ཆུ་ཕན་ཡོད་མ་རེད། ཨ་མདོ་ཡང་ཡོད་མ་རེད། ཅེས་བཤད་དུས་བློ་བདེ་པོ་ཁྱོན་ནས་མི་འདུག རྗེ་རིན་པོ་ཆེའི་ཡབ་དེ་ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་ངག་ཐོག་ན་འདུག ད་ར་ཁ་ཆེ་ཞེས་པ་དེ་དཔོན་པོ་ཞིག་གི་གོ་གནས་རེད། དེ་སོགས་ཨ་མདོ་དང་ཁམས་ཁུལ་དུ་སྔོན་གྱི་དཔོན་རིགས་ཀྱིས་རང་ས་བཟུང་བསྡད་ཡོད་པ་རེད། ལོ་ལྟར་དབུས་ལ་འབུལ་བ་འབུལ་གྱིན་ཡོད་པ་རེད། མཁན་པོ་སོགས་དབུས་ནས་ཡོང་གི་ཡོད་རེད། སྤྲུལ་སྐུ་སོགས་ཀྱང་དབུས་ནས་ཐག་གཅོད་བྱེད་ཡོད་རེད། དབང་འོག་ན་མེད་ཟེར་བ་དེ་ཚོས་ཐ་ན་གཙང་བཀྲ་ཤིས་ལྷུན་པོ་ཡང་དགའ་ལྡན་ཕོ་བྲང་འོག་ན་མེད། ནག་ཆུའི་ཧོར་དེ་ཚོ་ཡང་མེད་ཟེར། འདི་ཚོ་ཚིག་ཐག་གཅོད་ཐུབ་པའི་ཁུངས་དང་ཡིག་ཆ་ཡོད་མ་རེད། འདིའི་རྒྱུ་མཚན་ལྟེ་བ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ན་ཨ་མདོ་དང་ཁམས་ཀྱི་ལོ་རྒྱུས་གསལ་པོར་བཀོད་མེད་པ་དེ་རེད། འདི་ཚོ་ལ་ཞིབ་འཇུག་བྱེད་བཞིན་པ་རེད།
སླར་ཡང་ཐུགས་རྗེ་ཆེ་ཞུའོ།།
ཨོ་ཡང་གཅིག་བརྗེད་འདུག ང་ཚོས་མི་སྐོར་ཞིག་ལ་མཁས་དབང་ཞེས་མཚན་གསོལ་ཏེ་ཁོང་ཚོ་ཤེས་མཁན་དང་། གཞན་སྐོར་ཞིག་ལ་མི་དམངས་ཞེས་མཚན་གསོལ་ཏེ་དེ་ཚོ་མི་ཤེས་མཁན་དང་ཉན་མཁན་དེ་འདྲའི་གྲལ་རིམ་འབྱེད་ཀྱི་འདུག འདི་ཁྱོན་ནས་འགྲིག་གི་ཡོ་མ་རེད།
མདའ་འདྲ་བའི་གཏམ་བཤད་དང་། རྣོ་འདྲ་བའི་གཏམ་བཤད། ད་དུང་། རྒྱ་རྡོ་འདྲ་བའི་གཏམ་བཤད་དང་། ཤེལ་ཁང་ལྟ་བུའི་གཏམ་བཤད་འདི་འདྲ་ནི་དེ་སྔོན་བཀའ་སློབ་ཡོངས་ཀྱི་ཉིང་བཅུད་རྣམས་གཅིག་ཏུ་བསྡུས་པའི་རིན་ཐང་དང་ཆ་མཉམ་པའོ། ཇི་ལྟར་གསུངས་པ་དེ་དེ་བཞིན་ནོ། ལགས་སོ། ལགས་སོ། མངོན་པར་བསྟོད་དོ།
ང་ཚོས་མི་ཞིག་གི་རིན་ཐང་ངོས་འཛིན་དགོས་ན། གཞི་འཛིན་ས་དེ་སྐད་ཆ་ཡིན།
ང་ཚོས་སྐད་ཆའི་རིན་ཐང་ལ་ལྟ་སྐབས། དོ་སྣང་བྱེད་ས་བཞི་ཡོད། སྐད་ཆའི་གཞུང་མདའ་ལྟར་དྲང་པ། སྐད་ཆའི་དོན་གནད་དུ་ཁེལ་པ། སྐད་ཆའི་སྣེ་ཕྱོགས་གཅིག་ཏུ་མ་གཞོལ་པ། སྐད་ཆའི་བརྗོད་དོན་ཕྱི་གསལ་ནང་གསལ་ཡིན་པ།
ཁྱད་ཆོས་བཞི་ལྡན་གྱི་དོན་ཚན་འདིའི་ཐོག་ནས་ང་ཚོས་གང་ཟག་དེ་དང་གང་ཟག་དེའི་ཤོད་པའི་སྐད་ཆ་གཉིས་ཀ་ཐག་གཅོད་བྱེད་ཐུབ་པ་ཡིན། རྒྱུ་མཚན་དེས། གོང་གི་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་གཏམ་བཤད་དེར་ཁྱད་ཆོས་དེ་བཞི་ཡོངས་སུ་ཚང་བར་འདུག་སྙམ། འོན་ཀྱང་། མཁྲིས་ནད་ཅན་རེ་ཟུང་ལ་གངས་རི་སྔོན་པོ་སྣང་བའང་མི་སྲིད་པ་མིན་པས། ཧ་ལས་ལས་བྱེད་དགོས་དོན་ཡང་དེ་ཙམ་ཡོད་མ་རེད།
རང་རེའི་སྤྱི་ཚོགས་ནང་དཔྱད་རྗོད་སྤེལ་མཁན་གྱི་ཞན་ཆ་གཙོ་བོ་་རྒྱབ་བརྟེན་གྱི་སྤང་ཡིག་བསྟན་རྒྱུ་མེད་པར་སྲང་ལམ་གྱི་སྐད་ཆ་རྒྱ་མཚན་དུ་བཀོད་ནས་ཤོད་སྟངས་དེ་རེད། ནུབ་ཕྱོགས་གླིང་དུ་དཔྱད་རྩོམ་ཅི་རིགས་ཤིག་སྤེལ་ཀྱང་རྒྱབ་བརྟེན་གྱི་ཡིག་ཆ་དགོས་ལ་ཡིག་ཆ་དེ་ཡང་ཚད་ལྡན་མཁས་པ་དང་། ཡང་ན་འབུམ་རམས་སློབ་གཉེར་བ། དེ་མིན་གཞུང་དང་ཚད་ལྡན་གྱི་ཚོགས་སྡེ་ཁག་གི་ཡིག་ཆ་ལས་སྤྱིར་བཏང་གི་མི་སྣ་གི་བྲིས་པའི་རྩོམ་རིགས་ལ་རྒྱབ་བརྟེན་གྱི་སྤང་པོ་འཚོལ་ཆོག་གི་མེད་ལ་ཁས་ཀྱང་ལེན་གྱི་མེད། དེ་ནི་དྲང་བདེན་དང་དངོས་ཡོད་གནས་ཚུལ་མདུན་དུ་སྤུངས་རྒྱུའི་ཐབས་ལམ་ཡག་ཤོས་ཤིག་རེད། དེར་བརྟེན་ང་ཚོ་བོད་རིགས་ཤེས་ལྡན་པ་ཚོས་ཀྱང་ཆོ་མེད་ཀྱི་ཉོག་གཏམ་ཤོད་པ་ལས་དོན་དངོས་དང་རྒྱབ་བརྟེན་ཡིག་ཆར་བརྟེན་ནས་རང་ཉིད་ཀྱི་གནས་ལུགས་སྤུངས་ཐུབ་ན་ཡག་པོ་ཡོད། དེ་མིན་ལོངས་བཤད་ཁོ་ནས་ཉིན་འཁྱོལ་ཡང་མཚན་འཁྱོལ་ཐོག་ཁ་པོ་མ་རེད།
རྡོ་རྗེ་བཀྲ་ཤིས་ཀྱིས་གསུངས་རྒྱུར།
དེ་རིན་པོ་ཆེས་དབུ་མའི་ལམ་དེ་རྒྱལ་བའི་དགོངས་གཞི་རེད། དེ་ལ་མི་མང་པོས་གྲོས་བསྡུར་བྱས་ནས་ཐག་ཆོད་པ་རེད། ཕྱི་ལ་བསྒྲགས་པ་རེད། མང་མོས་ཐག་གཅོད་ཀྱིས་ཐག་བཅད་པ་རེད། ཅེས་གསུངས་འདུག་མོད། འབབ་ས་དེ་གཅིག་རང་རེད། བོད་མི་ས་ཡ་དྲུག་གིས་༧རྒྱལ་བའི་དགོངས་བཞེད་ལ་གུས་ཞབས་བྱས་ཡོད་ཅེས་པ་འདི་ལས་གཞན་དུ་མེད་པ་རེད།
ད་ནི་དབུ་མའི་ལམ་གྱིས་བོད་མི་རིགས་ལ་འདི་དང་འདི་བྱེད་ཀྱི་རེད་གསུངས་པ་དེ་ཚོ་ནི་ད་བར་དུ་བྱེད་མ་ཐུབ་པ་རྐྱང་རེད། མུ་མཐུད་ནས་བྱེད་ཐུབ་པའི་གདེང་ཚོད་ཀྱང་ཡོད་མ་རེད། ད་གལ་ཆེ་ཤོས་དེ་འདི་རེད། སྔོན་མ་སངས་རྒྱས་དང་ཆོས། བླ་མ་དང་དགེ་འདུན་ཞེས་མཚན་ནས་བོས་ན་བོད་མི་ཚང་མ་དད་པ་བྱེད་མཁན་ཤ་སྟག་རེད། ད་ནི་དེ་འདྲ་མ་རེད། བོད་མི་བྱིས་པ་ལོ་བཅུ་ཡན་ལ་རང་རང་གི་འདོད་པ་དང་བསམ་འཆར་ཡོད་པ་རེད། འདོད་པ་མེད་ན་བླ་མ་ཡང་མི་དགོས་ཞེས་སྨྲ་ངེས་པ་རེད། སྐབས་འདི་འདྲ་ཞིག་ལ་ད་དུང་ཡང་དབུ་མའི་ལམ་ལ་ཡིད་ཆེས་བྱེད་དགོས་ཞེས་ཨུ་ཚུགས་རྒྱག་ས་ཡོད་མ་རེད།
ད་དུང་བོད་དང་བོད་ཆེན་པོའི་འགྲེལ་བཤད་དེ་སྣང་བ་འགྲོ་མ་སོང་། བུ་སྟོན་ཆོས་འབྱུང་རྩོམ་པ་པོས་བོད་དང་བོད་ཆེན་པོ་དེ་སྤྲེའུ་རྒྱུད་དང་བྲག་སྲིན་མོའི་རྒྱུད་ལ་འབྱེད་པར་གསུངས་འདུག གཞན་དུ་ན་བོད་དེ་དབུས་ཁུལ་དང་བོད་ཆེན་པོ་དེ་མདོ་ཁམས་ཁུལ་དུ་གསུངས་འདུག
ཁམས་དང་མདོ་ཁམས་ཀྱི་འགྲེལ་བཤད་དེ་ཚོ་ཏག་ཏག་ཅིག་བསྡད་མི་འདུག དེབ་དཀར་ན་ཡང་དེའི་སྐོར་འཁོད་ཡོད། མདོ་ཁམས་ཞེས་པའི་ཚིག་འདི་ཏུན་ཧོང་ན་ཡང་ཐོན་ཡོད། དབུས་ཀྱི་མཁས་པ་མི་གསུམ་བྲོས་ནས་ཕྱིན་སྐབས་ཀྱང་མདོ་ཁམས་ལ་གོ་བ་ལེན་སྟངས་གཉིས་བྱུང་སྟེ་ས་ཆ་གཉིས་ལ་ངོས་འཛིན་བཞིན་ཡོད། ས་ཆ་ཞིག་ལ་སྟོད་སྨད་བར་གསུམ་འབྱེད་པ་ནི་བོད་ཀྱི་གནའ་བོའི་ལུགས་ཤིག་རེད། མདོ་ཁམས་ལའང་སྟོད་སྨད་བར་གསུམ་ཕྱེས་པ་ཡིག་ཆ་རིམ་པ་ཞིག་ན་ཐོན་བཞིན་ཡོད། ཆོལ་ཁ་གསུམ་འདི་ཅུང་རྙོག་དྲ་ཞིག་རེད། འཇམ་མམ་འཇའ་མོ་བཙུགས་རབས་འཆད་སྐབས་ས་ཁག་གསུམ་འདིའི་ནང་མདོ་སྨད་དང་མདོ་སྟོད། དབུས་གཙང་མངའ་རིས་དང་བཅས་པ་ཡོང་གི་ཡོད། དབུས་གཙང་གི་དཔོན་ཆེན་གྱི་མིང་སོགས་རྙེད། མདོ་སྨད་དང་མདོ་སྟོད་ཀྱི་དཔོན་ཆེན་གྱི་མིང་ད་ཆ་མ་རྙེད། ཆོལ་ཁ་གསུམ་དེ་རྒྱ་བོད་ཡིག་ཚང་གི་སྔོན་གྱི་ཡིག་ཆ་ན་མེད་སྐད།
དེ་ནས་དགའ་ལྡན་ཕོ་བྲང་གི་མངའ་འོག་ན་ཡོད་དང་མེད་ཅེས་པའི་སྐད་ཆ་འདི་ཆེ་རུ་ཆེ་རུ་འགྲོ་གི་འདུག འབྲི་ཆུ་ཕན་ཡོད་མ་རེད། ཨ་མདོ་ཡང་ཡོད་མ་རེད། ཅེས་བཤད་དུས་བློ་བདེ་པོ་ཁྱོན་ནས་མི་འདུག རྗེ་རིན་པོ་ཆེའི་ཡབ་དེ་ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་ངག་ཐོག་ན་འདུག ད་ར་ཁ་ཆེ་ཞེས་པ་དེ་དཔོན་པོ་ཞིག་གི་གོ་གནས་རེད། དེ་སོགས་ཨ་མདོ་དང་ཁམས་ཁུལ་དུ་སྔོན་གྱི་དཔོན་རིགས་ཀྱིས་རང་ས་བཟུང་བསྡད་ཡོད་པ་རེད། ལོ་ལྟར་དབུས་ལ་འབུལ་བ་འབུལ་གྱིན་ཡོད་པ་རེད། མཁན་པོ་སོགས་དབུས་ནས་ཡོང་གི་ཡོད་རེད། སྤྲུལ་སྐུ་སོགས་ཀྱང་དབུས་ནས་ཐག་གཅོད་བྱེད་ཡོད་རེད། དབང་འོག་ན་མེད་ཟེར་བ་དེ་ཚོས་ཐ་ན་གཙང་བཀྲ་ཤིས་ལྷུན་པོ་ཡང་དགའ་ལྡན་ཕོ་བྲང་འོག་ན་མེད། ནག་ཆུའི་ཧོར་དེ་ཚོ་ཡང་མེད་ཟེར། འདི་ཚོ་ཚིག་ཐག་གཅོད་ཐུབ་པའི་ཁུངས་དང་ཡིག་ཆ་ཡོད་མ་རེད། འདིའི་རྒྱུ་མཚན་ལྟེ་བ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དག་ན་ཨ་མདོ་དང་ཁམས་ཀྱི་ལོ་རྒྱུས་གསལ་པོར་བཀོད་མེད་པ་དེ་རེད། འདི་ཚོ་ལ་ཞིབ་འཇུག་བྱེད་བཞིན་པ་རེད།
ཟམ་གདོང་ཚང་འདི་ག་དུས་ཡིན་ཡང་འུར་བོ་ཆེ་བརྒྱངས་ནས་བཤད་ལ་དགའ་བ་ཞིག་རེད།
དཔེར་ན།
༡) སྔོན་མ་གསོག་སྒར་སློབ་གྲྭ་ནས་བཤད་པའི་གཏམ་བཤད་དེར་བོད་ཀྱི་ལོ་རྒྱུས་སྔ་ཕྱི་བར་གསུམ་དུ་གཙང་མ་མེད་རབས་བཤད་འདུག ད་རིང་ཡང་འདིར་བོད་ཀྱི་མངའ་དབང་དེ་སུས་ཀྱང་དབང་བསྒྱུར་མ་མྱོང་བར་བཤད་འདུག སྔོན་གྱི་གསུངས་བཤད་དང་བསྡུར་ནས་བསྐྱར་དུ་གཟིགས་པར་འཚལ།
༢) བོད་ཆེན་པོའི་ཐ་སྙད་དེ་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་བོ་ན་ཡོད་པ་རེད། འབྲོམ་གྱི་གསུང་རྩོམ་ཁག་ན་ཐ་སྙད་འདི་ཐེངས་མང་སྤྱད་འདུག ལྷག་པར་འབྲོམ་གྱི་མི་རྩིས་ཆེན་མོའི་འགོ་བརྗོད་དུ་གསལ་བོར་འགྲེལ་འདུག འགོས་ལོའི་དེབ་སྔོན་ན་ཡང་ཐ་སྙད་དེའི་ཐོག་ནས་བོད་ཀྱི་སྲིད་ལུགས་ལ་འགྲེལ་མཛད་པ་ལོ་རྒྱུས་གཡུ་ཡི་ཕྲེང་བ་ན་འདུག དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་རང་གི་ཁ་བྱང་དུ་བོད་ཆེན་པོའི་སྲིད་ལུགས་དང་་་་་་ཞེས་གསལ་བོ་བྲིས་འདུག ཟམ་གདོང་བླ་རྒན་ཧོན་ལོག་འདུག
༣) མདོ་ཁམས་དང་མདོ་སྨད་སྐོར་གྱི་འགྲེལ་བཤད་ནི་དེ་ལས་ཀྱང་རྫུན་གྱི་ཕུང་བོ་ཡིན་པ་དེབ་དཀར་དང་མཁས་པ་མི་གསུམ་གྱི་ལོ་རྒྱུས། སྐུ་འབུམ་དགོན་གྱི་ལོ་རྒྱུས་སོགས་གཙོས་ཡིག་ཆ་ག་ཚོད་དགོས་དགོས་ང་ལ་བསྟན་རྒྱུ་ཡོད། ཐ་ན་མདོ་སྟོད་སྨད་ཀྱི་༥༩་སྔོན་དུ་སྐྱེས་པའི་མ་ིརྒན་ཚོར་གསལ་གསལ་ཐང་ཐང་ཡིན། དཔེར་ན། ནང་ཚང་ཞི་ལིའི་སྐྱིད་སྡུག་ཐེངས་གཅིག་ཀློག་ན་ཟམ་གདོང་གི་རྫུན་གཏམ་ལྷང་ལ་འབུད་ངེས་ཡིན།
༤) གལ་སྲིད་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་སྤྱན་རས་གཟིགས་བོད་གངས་ཅན་གྱི་གདུལ་བྱའའི་ཆེད་དུ་ཕེབས་པ་ཤ་སྟག་ཡིན་ཡིན་པས་དེ་དག་གི་སྐུ་གསུང་ཐགས་གསུམ་ངོ་བོ་དབྱེར་མེད་དུ་བལྟ་དགོས། དེར་བརྟེན། སྐུ་ཕྲེང་༡༣་གསུམ་པར་ཆེ་བསྟེད་བྱས་པ་དེ་༡༤་བར་ཆེ་བསྟོད་བྱས་པའས་ཡིན་པ་ལས་དེ་ལ་ཁ་ཁ་ཞིག་མེད། གལ་སྲིད་དེ་གཉིས་མི་གཅིག་ཟེར་ལ་འོ་ན་༧གོང་ས་རྒྱལ་བ་༡༤་བ་ཆེན་མོ་༧གོང་ས་༡༣་པའི་ཡང་སྤྲུལ་འཁྲུལ་མེད་མ་ཡིན་ནམ་ཞེས་ལྡོག་འདྲི་བྱེད་འདོད་བྱུང་།
༥) རྒྱ་ནག་གོ་རྩ་ཁྲིམས་བཟོ་བཅོས་བྱས་ན་ཕལ་རྒྱ་ནག་རྒྱལ་ཁ་བ་འདི་འཐོར་རྒྱུ་ཡིན་མདོག་མདོག་བཤད་འདུག མ་གཞི་རྒྱ་ཡིག་དང་དབྱིན་ཡིག་ཡག་པོ་ཞིག་མི་ཤེས་པས་རྒྱ་ནག་གི་རྕ་ཁྲིམས་ལས་ད་བར་དུ་འགྱུར་བ་ག་ཚོད་ཅིག་བཏང་ཡོད་མེད་མ་ཤེས་པར་ཁག་མི་འདུག་ལབ་འདོད་བྱུང་། རྒྱ་ནག་གི་རྩ་ཁྲིམས་ལ་ད་བར་དུ་བཟོ་བཅོས་ཐེངས་༢༦ བྱས་ཟིན་འདུག ཞིབ་པར་ཀློག་ན་རྒྱ་ནག་གི་རྩོ་ཁྲིམས་ལོ་རྒྱུས་དྲ་ཐོག་ནས་ཀློག་རོགས།
༡ བོད་ཀྱི་ཉེ་བའི་སྲིད་དོན་བྱུང་རབས་གཙང་མ་༼བཀའ་སློབ་ཆ་ཚང་འདིར་ཡོད་པས་གཟིགས་རོགས་ཞུ། http://www.khabdha.org/?p=37655#more-37655 དོན་ལ་དགག་གཞག་བྱ་གནང་ཐུབ་ན་ཨ་མའི་བུ་རུ་མཐོང།་༽མི་འདུག་གསུངས་པ་དེ་ཚད་མར་གནས།
༢ དྲན་དབང་དགེ་ཆོས་མཆོག་གི་དེབ་དཀར་དུ་བོད་ཆེན་པོའི་ཐ་སྙད་ཡོད་པ་བདེན་ཡང། རང་ཚིག་དམར་རྗེན་དུ་བཀོད་ན་”དེའི་ཕྱིར་བོད་དང་བོད་ཆེན་པོ་བྱ་བ་ཡང། རྒྱལ་བོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོར་འབོད་པ་སྟེ། འགའ་ཞིག་གིས་བོད་བྱ་བ་དབུས་གཙང་དང། བོད་ཆེན་པོ་བྱ་བ་མདོ་ཁམས་ལ་བྱེད་ཟེར་བ་ཡང་མི་བདེན་ཏེ། འབྲོམ་གྱིས་ཇོ་བོ་ལ་བོད་ཆེན་པོ་ན་བསམས་ཡས་གཙུག་ལག་ཁང་དང་དགེ་འདུན་གྲངས་མེད་པ་བཞུགས་པས་དེར་གཤེགས་པར་ཞུས་ཚུལ་རྣམ་ཐར་དུ་གསལ་བ་བཞིན་ནོ་”ཞེས་གསུངས་ཡོད། དེས་ན་དོན་དམ་པར་སུ་ཧ་ལོག་ཧ་འཐོར་ཡོད་པ་གསལ་རྗེན་བྱས་མི་འདུག་གམ།
༣ མདོ་སྨད་སྤྱི་ཁྱབ་ཟེར་བ་དེ་སྡེ་པ་གཞུང་གི་གཞུང་ཡིག་ནང་ས་ཆ་གང་དུ་གོ་དགོས་མིན་གསལ་བོ་ཡོད་པ་དེས། མདོ་སྨད་སྤྱི་ཁྱབ་ཀྱིས་འབྲི་ཆུའི་ཕར་རྒྱབ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཡིན་པར་འདོད་པའི་མདོ་སྨད་ཅེས་པའི་ཚིག་དེ་དང་ཨ་མདོ་གཉིས་འཁྲུལ་གཞི་བྱུང་ན་ནོར་འཁྲུལ་རེད་ཅེས་གསུངས་པའང་ཚད་མར་གནས། དེ་སྔ་དགེ་ཆོས་དམ་པ་མཆོག་སྡེ་པ་གཞུང་གིས་སྣང་རྩེ་ཤག་ཏུ་དོ་དམ་བྱས་ཡོད་སྐབས། ཨ་མདོའི་དགུ་རོང་རྒྱལ་སྲས་སོགས་མི་དྲག་རེ་འགས་སྡེ་པ་གཞུང་ལ་སྙན་ཞུ་ཕུལ་ཏེ། ང་ཚོའི་མི་གློད་ཞོག ང་ཚོ་སྡེ་པ་གཞུང་གི་ཁྱབ་ཁོངས་མིན་ཞེས་གསུངས་ཡོད་པར་བཤད། ༼ ཁུངས། ཨ་མྱེས་རྨ་ཆེན་བཀྲ་ཤིས་ཚེ་རིང་ལགས། ཁོང་ལ་དགུ་རོང་རྒྱལ་སྲས་ཀྱིས་དེ་ལྟར་གསུངས་པའི་སྒྲ་བཤུས་ཡོད་པ་ངས་ཟབ་སྦྱོང་གཏམ་བཤད་དུ་གདན་འདྲེན་ཞུ་སྐབས་གསུངས། སྐབས་དེའི་གློག་བརྙན་ཡོད། ༽
༤ ༧གོང་ས་སྐུ་ཕྲེང་ན་རིམ་ལ་ཆེ་བསྟོད་བྱས་ན་གནོད་པ་གང་ཡང་མེད། ཡིན་ནའང། བསྟོད་པ་བྱེད་ཤེས་དགོས། བསྟོད་པ་བྱེད་ཤེས་རྒྱུར་མཛད་རྣམ་ཡག་པོ་ཞིག་ངོ་འཕྲོད་དགོས། ཞྭ་སྒབ་པ་སོགས་དབུས་གཙང་ཁེ་གཙང་འདོད་མཁན་ཁག་ཅིག་གི་གཡམ་རྒྱུགས་འོག་འཇམ་ནོར་ཕྱོགས་རིས་ཅན་༼ ཁོ་དང་མཉམ་ལས་མཉམ་གྲོགས་བྱས་པའི་མཁས་པ་ཞིག་གི་རྩོམ་ཡིག་ཏུ་གསལ། ༽གྱིས་ཀུན་སློང་མ་དག་པའི་འོག བྱིས་པ་རྒྱ་མིན་བོད་མིན་འུར་འདྲོགས་ལ་དགའ་བ་ཁ་ཤས་བེད་སྤྱོད་བཏང་བ་དེས་ཁུངས་ག་ནས་འཁྱོལ། གཏན་ནས་འཁྱོལ་གྱི་མ་རེད། ཐ་ན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོས་གསུང་འཕྲིན་དེའི་ནང་ཨ་མདོ་ཞེས་པའི་ཚིག་གཅིག་འདུག་ཅེས་ང་ཚོ་སྐོར་ཞིག་གིས་དགོང་ཟས་ཟ་དུས༼ རྡ་ཞོལ་ནས་གྲོགས་པོ་ཞིག་གི་གསོལ་སྟོན་བཤམས་སྐབས། གཞུང་གི་ལས་བྱེད་རྐྱང་རྐྱང་ཡིན།་༽་ཨུ་ཚུགས་གནང་སོང། ང་ཚོ་ཚང་མ་གད་མོ་ཤོར། མདོ་དོན་ཤོག་ལྷེ་གཅིག་པུ་དེའང་མ་བཀླགས་ན་རྒྱལ་བ་ན་རིམ་ཅི་ལྟར་ཤེས། ལས་འགུལ་གྱི་ཆེད་དུ་ལས་འགུལ་སྤེལ་ན་ག་བ་ཡོང་གི་རེད།
༥ རྒྱ་ནག་གི་རྩ་ཁྲིམས་བཟོ་བཅོས་བྱས་ན་རྒྱ་ནག་འཐོར་རྒྱུ་གསུངས་མི་འདུག་ལ། དེ་སྔ་གང་དུའང་གསུངས་ཡོད་པ་མ་རེད། མ་འོངས་པར་དེ་ལྟར་གསུངས་གི་མ་རེད། གང་ཡིན་ཞེ་ན་རིན་པོ་ཆེ་མཆོག་གླེན་པ་མ་རེད། དེ་ཙམ་ཞུ།།
གཞན་མང་པོ་བཤད་དགོས་དོན་མི་འདུག མདོ་ཁམས་ས་ཆར་དབུས་ནས་ཆོས་དང་འབྲེལ་བའི་ལས་དོན་ཐོག་༧རྒྱལ་བ་ལྔ་བའི་དུས་ནས་གོ་གནས་བདག་རྐྱེན་གྱ་ནོམ་པ་སྩལ་བཞག་པ་མང་པོ་ཡོད། དཔེར་ན་ངའི་དགོན་པའི་དགོན་བདག་མ་ཎི་བ་ཤེས་རབ་བཀྲ་ཤིས་མཆོག་གི་བསྙེན་རྫོགས་མཁན་པོ་༧རྒྱལ་མཆོག་ལྔ་པ་ཡིན། སློབ་གཉེར་གྲུབ་ནས་ཨ་མདོར་ལོག་སྐབས་གདུགས་རྟ་དར་བཅུ་གསུམ་གྱི་ཐོབ་སྩལ་ཡོད། ཡིན་ནའང། བླ་མ་དེ་ག་རང་ལ་རྒྱ་ནག་གོང་མས་བཀའ་ཡིག་རས་ཆེན་པོར་བྲིས་པ་ཞིག་ད་དུང་དགོན་པའི་ནང་ཡོད། དེའི་ནང་བླ་མའི་མཚན་དང་ཡོན་བདག་རྒྱ་ཆེ་སྤར་༼ ཚིག་ཇི་བཞིན་དྲན་གྱི་མི་འདུག ལོ་རྒྱུས་ཡིག་ཐོག་གང་དུའང་མེད། ༽ཡོད། རྙོག་དྲ་ཆེ་ཤོས་འདི་རེད། ཆབ་སྲིད་ཐོག་གོང་འོག་གི་འབྲེལ་བ་བཤད་ཡོང་དུས་ཁུངས་འཁྱོལ་རྒྱུ་ཁག་པོ་ཆགས་ཀྱི་འདུག གཉིས་ནས་ངས་གོང་དུ་ཟུར་ཙམ་ཞུས་པ་དེ་ག་ནང་བཞིན་རེད། ༧རྒྱལ་བ་བཅུ་གསུམ་པའི་གསུང་འཕྲིན་ཁག་ཅིག་ཏུ་”ཁམས་ཁུལ་རང་ཁོངས་”ཞེས་པའི་ཚིག་ཅིག་ཡོད། དེ་བཞིན་སྡེ་པ་གཞུང་གི་ཞ་སྒབ་པ་སོགས་ཀྱིས་”དབུས་གཙང་ཁམས་གསུམ” ཟེར་བ་ཞིག་ཡོད། འདི་རྣམས་ལ་འགྲེལ་བཤད་རྒྱག་དགོས་དུས་མགོ་ཉོག་པོ་མ་རེད་དམ། ད་དུང་གསལ་བོར་བཤད།་བཀའ་བློན་བླ་མའི་དམག་མཚམས་ཆིངས་ཡིག་ནང་གི་དོན་ཚན་བཞི་པར་སྡེ་པ་གཞུང་གི་ཁྱབ་ཁོངས་ས་མིང་དང་བཅས་ཏེ་གསལ་ཁར། ཕར་ཕྱོགས་རྒྱ་སྡེ་རྣམས་གན་དང་འདི་རེད་ཅེས་གསལ་བོར་བྲིས་མི་འདུག སོང་ཙང། ཆོས་ཕྱོགས་ཀྱི་ཡི་གེ་འགའ་ལས་འབྲེལ་བ་ཡོད་པར་མཐོང་ནའང། ཆབ་སྲིད་དང་འབྲེལ་བའི་གནད་ཆེའི་ཡིག་རིགས་ཁག་ཏུ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཕར་ལ་རྐྱང་འདོད་པའི་ལག་པ་རང་གིས་གཏུབ་བཞག་ཡོད་པ་མིན་ནམ།།
མཆན་འོག་མའི་འོག་གི་ཐིག་ཕྲེང་གསུམ་པའི་དཀྱིལ་དུ་གསལ་བོར་བྲིས་ ༼ མི་༽འདུག་གམ། ཞེས་པའི་མཚམས་མི་ཞིག་སྦྱོར་རོགས།
༡ དེང་དབུ་མའི་ལམ་མམ་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་དུ་ཤར་བསྐྱོད་བྱེད་གཏན་འཁེལ་བ་དང་། ལམ་འདི་མངོན་འགྱུར་ཡོང་ཕྱིར་བོད་རང་བཙན་རག་རྒྱུ་མིན་པའི་དམ་བཅའ་འཇོག་བཞིན་པའི་གནས་ཚུལ་ཀུན་ཤེས་རེད། དེར་བརྟེན་ང་ཚོས་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་ཁས་བླངས་པའི་དམ་བཅའ་སྟེ།
1ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་། (བོད་ཀྱི་བདག་དབང་རྒྱ་ནག་ལ་རྒྱ་བོད་གནད་དོན་ཐག་མ་ཆོད་གོང་ནས་ཡོད་ཅེས་ཁས་བླངས་པ་རེད། )
2 ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས།
3 རྒྱ་ནག་དམར་པོའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། (འདི་མཐའ་འཁྱོངས་བྱེད་དུས་མང་གཙོ་རྩོད་ཀྱི་མེད།)
4 མི་རིགས་ས་ཁོངས་རང་སྐྱོང་རྒྱུན་འཁྱོངས།
5 ཆོས་སྲིད་ཐ་དད་དགོས་པ། (ཆོས་སྲིད་ཟུང་འབྲེལ་མི་དགོས་པའི་དོན། )
བཅས་ཁས་བླངས་དོན་ཚན་འདི་དག་ཡོད་པ་མི་མང་ལ་ག་རེ་བྱས་ནས་གསལ་པོ་གསུང་གི་མེད་པ་ཡིན་ནམ།
༢ བོད་རིགས་ནི་གྲངས་ཉུང་མི་རིགས་ ༥༥ ནང་གི་གཅིག་རང་ཡིན་པ་དང་། གྲངས་ཉུང་མི་རིགས་གཅིག་དེ་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཏུ་དགོས་པའི་ཡིག་ཐོག་གི་དགོས་འདུན་ནང་གསལ་ཡོད་རེད།
1. དེས་ན་མོན་རིགས་དང་། ཀློ་རིགས། བོད་ཀྱི་སོག་རིགས་སོགས་ལོ་རྒྱུས་ཐོག་གི་བོད་ཀྱི་བོད་མི་དེ་དག་བོད་རིགས་ཟེར་བའི་ཁོངས་སུ་ཚུད་ཀྱི་ཡོད་པ་ཁུངས་སྐྱེལ་གནང་མི་འདུག (རྒྱ་ནག་གི་རྩ་ཁྲིམས་བཅས་ཁྲིམས་ཀྱི་འབྲུ་དོན་འོག་གི་བོད་རིགས་ཟེར་བར་གོ་དགོས། གང་ཡིན་ཟེར་ན་དེ་གཞིར་བཞག་ནས་རྩོད་ཀྱི་ཡོད་རེད།)
2. དེར་བརྟེན་དེ་དག་འཚོ་སྡོད་བྱེད་པའི་བོད་ཀྱི་ས་ཁུལ་དེ་དག་རྩོད་ཀྱི་ཡོད་པ་ཇི་ལྟར་ཁུངས་སྐྱེལ་གནང་གི་ཡོད་རེད།
3 ཡང་ན་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་གཉིས་ཀའི་ནང་ཆོལ་ཁ་གྱི་ཐ་སྙད་བེད་སྤྱོད་རྩ་བ་ནས་གནང་མེད་པའི་རྒྱུ་མཚན་གང་ལ་ཐུག་པ་རེད།
༣ དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོབ་རབས་ཤུགས་ཆེར་བཤད་པ་ལས། ད་ལྟ་དབུ་མའི་ལམ་དེ་གང་འདྲ་ཡོད་མེད་ཞིབ་ཕྲའི་འགྲེལ་བཤད་ག་རེ་བྱས་ནས་གནང་གི་ཡོད་མ་རེད།
(རྒྱབ་བརྟེན་ཡིག་ཆ། རྒྱ་ནག་གི་རྩ་ཁྲིམས་དང་། རྒྱ་ནག་གི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད།)
ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། རྒྱ་ནག་དམར་པོའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་རྒྱུན་འཁྱོངས་བཅས་ཁས་ལེན་འདི་དག་བརྒྱུད་ནས་བོད་ལ་རང་དབང་ཇི་ལྟར་རྩོད་ཀྱི་ཡོད་རེད། བོད་ལ་རང་དབང་དགོས་ཟེར་བའི་རང་དབང་དེ་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་བྱུས་ལ་རྒྱབ་སྐྱོར་ཡིན་པའི་ཟོལ་འདྲ་པོ་བཤད་ཀྱི་འདུག དེར་བརྟེན་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་བརྒྱུད་རང་དབང་རྩོད་ཀྱི་ཡོད་པ་ཁུངས་སྐྱེལ་གནང་རོགས།
གུས་པའི་བརྗོད་དོན་ནི། གཞིས་ལུས་བོད་མིས་༼བོད་ལ་རང་དབང་དགོས་༽ཟེར་གྱི་ཡོད་པ་དེ་ཇི་ལྟར་རྩོད་ཀྱི་ཡོད་རེད་ཟེར་གྱི་ཡོད།
གལ་སྲིད་ ༢༠༠༥ ལོ་ལ་འབྲེལ་མོལ་ལམ་ལྷོང་བྱུང་ཏེ་བོད་རྒྱ་ཞི་མོལ་གྱི་གྲུབ་འབྲས་ཤིག་བྱུང་ཡོད་དབང་བཏང་ན་འཇོན་མདོག་དང་འཇོན་རྟགས་སྟོན་མཁན་ཧ་ཅང་མང་པོ་ཡོང་གི་རེད། ད་གྲུབ་འབྲས་མ་ཐོན་པར་ལུས་སྐབས་༧རྒྱལ་བའི་དགོངས་པ་རེད་ཅེས་༧རྒྱལ་བ་རིན་པོ་ཆེའི་སྟེང་ལ་གཡོགས་པ་དེ་ཡག་པོ་ཁྱོན་ནས་མ་རེད། གྲོས་མཐུན་དོན་ཚན་ ༡༧ འཇོག་དུས་ཀྱང་༧རྒྱལ་བ་རིན་པོ་ཆེའི་བཀའ་འཁྲོལ་ཡོད་མ་རེད། ཡིན་ན་ཡང་ ༡༩༥༩ ལོ་བར་དེ་ལ་ཆ་བཞག་པ་རེད།
སྤྲུལ་སྐུ་རྫུན་མས་དཀྲིགས་ཤིང་རྒྱག་གི་འདུག
ཧ་ཧ་
རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཏེ། ག་ས་གང་དུ་བྱེའུ་སྟུག་ནང་བཞིན་འདོར་བ་ཁག་ཅིག་ཞོར་དུ་གཙང་མ་བཟོ་བ་ལ།
༡ ༼ ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་།༽ ཅེས་པ་དང། ༼ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན་༽ཞེས་པ་གཉིས་གཏན་ནས་མི་འདྲ། བསམ་འཆར་འགྲེལ་བརྗོད་ནང་ཕྱི་མ་དེ་བཀོད་ཡོད། གལ་སྲིད་དེས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པར་ཁས་བླངས་ཡོད་ན། ལོ་རྒྱུས་ཐོག་ཡོད་པར་ཁས་བླངས་པ་རེད་དམ། ད་ལྟ་ཡོད་པར་ཁས་བླངས་པ་རེད། ཁས་བླངས་ཡོད་ན་རྒྱ་ནག་གིས་དེ་གསང་བར་སྦས་འཇོག་དོན་ག་རེ་རེད། བོད་ཕྱོགས་ནས་ལོ་རྒྱུས་ལ་ཕྱིར་བཤོལ་གནང་མཁན་མིན་པར་མདུན་བསྐྱོད་བྱེད་མཁན་ཡིན་པས། རང་སྐྱོང་བསམ་འཆར་ཐད་གྲོས་མོལ་འགྲིག་ཆགས་བྱུང་མཚམས་རྒྱ་ནག་གི་བདག་དབང་བོད་ཐོག་ཁྲིམས་མཐུན་ཡོང་ཆེད་དགོས་ངེས་ཀྱི་རྒྱབ་སྐྱོར་འཚོལ་རྒྱུ་ཡིན་ཞེས་གསལ་བོར་གསུངས་ཡོད།
༢ རྩ་ཁྲིམས་སུ་གསལ་བའི་ས་ཁོངས་རང་སྐྱོང་གི་ལྟ་གྲུབ་གཞིར་བཟུང། བསམ་འཆར་ནང་འཁོད་པའི་དོན་ཚན་བཅུ་གཅིག་ཐོག་གཉིས་སྨན་གྲོས་མོལ་བྱུང་བ་ཡིན་ན། ཏང་ཁག་སུས་རྒྱ་ནག་ལ་དབང་བསྒྱུར་བྱས་ཀྱང་དབུས་གཞུང་ལ་ཁས་ལེན་གནང་མི་ཐུབ་པ་མེད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་སྟེང་ཤར་བསྐྱོད་བྱ་ཐུབ། ས་ཁོངས་རང་སྐྱོང་གི་ལྟ་གྲུབ་ཁས་ལེན་ཟིན་པ་བརྗོད་མེད་དང། ཆ་རྐྱེན་རྣམས་ལག་བསྟར་བྱེད་ཕྱོགས་ཐད་ཚད་ལྡན་ཡོང་གི་མེད་པ་གསལ་འདོད་གནང་ཡོད། དེ་བཞིན་ཆོས་ཀྱི་སྒྲིག་འཛུགས་དང་སྲིད་ཀྱི་སྒྲིག་འཛུགས་སོ་སོར་བྱེད་པ་དེས་ཕྱོགས་གཉིས་ལ་གནོད་གཞི་གང་ཡང་མེད།
༣ འདིའི་ལན་ཉན་ཞིབ་དོགས་འདྲའི་སྐབས་སྐུ་ངོ་འཇུ་ཆེན་ལ་ཞིབ་ཏུ་འདོམས་གནང་མཛད་ཡོད་སྟབས། མིའི་དོགས་པ་དང་དམ་པའི་བཀའ་ལན་གཉིས་འདིར་བསྐྱར་ཟློས་བྱ་དགོས་དོན་མ་མཐོང། གྲོས་ཚོགས་དེབ་ཐེར་ལ་གཟིགས་རོགས་ཞུ། དེ་ནས་དོགས་པ་ཡོད་ན་ཕེབས་ཆོག
གཙོ་བོ་གཅིག་མི་རིགས་དེ་དག་དུས་ནམ་ཞིག་ཚུལ་ཅི་ལྟར་བོད་ནས་ཕར་འགྱུར་བ་དང་དེ་དག་སྡོད་ཡུལ་བོད་ས་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་ངེས་ཅན་ཞིག་བཤད་སྒྲོས་ཙམ་ལ་ཆ་མི་འཇོག་པ་དེ་ཚན་རིག་དང་ཁྲིམས་གང་ཐད་ནས་དགོས་ངེས་ཅན་ཞིག་རེད། དེ་མེད་དུས་ཁུངས་འཁྱོལ་ཡ་ཡོད་པ་མ་རེད།
ཡིག་ཆའི་ནང་ཆོལ་ཁའི་ཐ་སྙད་བཀོད་མེད་པ་ལ་རྒྱུ་མཚན་སྣ་ཚོགས་མཁས་པ་དག་ལ་གསུངས་རྒྱུ་འདུག་ཀྱང། སྐབས་བབ་ཞུ་སར་རན་པ་ཞིག་ནི། ཆོལ་ཁའི་མིང་འདི་ལ་ཕྱོགས་ཞེན་ཆེ་བ་ནང་བཞིན་རིམ་པར་བོད་ཅེས་པའི་མིང་གཅིག་གི་སྟེང་དུ་ཁྱད་མེད་བརྩེ་ཞེན་སླེབས་ཐུབ་ཙམ་དུ་མ་ཟད། ལོ་རྒྱུས་ཡིག་ཚགས་དང། བསམ་བློའི་འདུ་ཤེས་གང་སར་བོད་ཅེས་པའི་ཐ་སྙད་ཅིག་བསྐྲུན་ཐབས་ལོས་ཡིན་འདོད།
༤ ད་ལྟའི་དབུ་མའི་ལམ་གང་དུ་སླེབས་ཡོད་མེད།་གང་དུ་འགག་ཡོད་མེད་སོགས་གསལ་བོར་གསུངས་འདུག
ཤར་ཁུགས་ལགས། ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་འཁོར་ཡུག་སྐྲུན་པ་ནས་བཟུང་བོད་དོན་ལས་འགུལ་གྱི་ངར་ཤུགས་མར་ཆག་ཡོད་པ་ས་རིས་ཐང་གསལ་རེད། དེས་རྐྱེན་པས་བོད་དོན་རྒྱབ་སྐྱོར་བ་ཚོའི་ནུས་པ་ཡང་ཉམ་དམས་སུ་བཏང་ཡོད་ལ། ཡུ་རོབ་གྲོགས་ཚོགས་ཀྱིས་རྒྱ་གཞུང་ལ་གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་དོན་སེལ་ཐབས་ཀྱི་གྲོས་མོལ་མ་བྱས་པ་ཡིན་ན་བོད་གཞུང་འདི་ཁྲིམས་མཐུན་གྱི་གཞུང་ཡིན་པ་ངོས་ལེན་བྱེད་ཀྱི་ཡིན་ཞེས་བཤད་ཡོད་ཀྱང་། ཞི་མོལ་གྱི་འཁོར་ཡུག་སྐྲུན་ནས་བོད་རྒྱ་ཞི་མོལ་རྫུན་མ་དེ་དག་བྱུངས་བའི་དབང་གིས་ཁོང་ཚོའི་སྐད་ཆ་དེ་འཇའ་ལྟར་ཡལ་སོང་བ་རེད། ད་དུང་རྒྱ་ནག་ལ་ཨོ་ལོམ་ཕིག་ལུས་རྩལ་རྩེད་མགྲན་སོགས་ཀྱི་སྐབས་སུ་ཞི་མོལ་གྱི་འཁོར་ཡུག་སྐྲུན་དགོས་པས་བོད་པ་ཚོས་ངོ་རྒོལ་ཤུགས་ཆེན་པོ་བྱེད་མི་ཉན་པ་གསུང་པའི་དབང་གིས་རྩ་ཆེའི་གོ་སྐབས་མང་པོ་ཤོར་ཡོད།
Youtube ལས juchen thupten ཞེས་པ་བོད་དོན་སུ་གཙང་མིན་ཧ་གོ་གི་རེད་གཟིགས་དང
ཁོར་ཡུག་བསྐྲུན་པའི་སྲིད་བྱུས་ག་དུས་བཟུང་མིན་དང་བཟུང་དགོས་པའི་རྒྱུ་མཚན། དུས་ཡུན་ཅི་ཙམ་བར་བཟུང་མིན་ཙམ་ཡང་མ་ངེས་པ་ཞིག་གིས་སྲིད་བྱུས་དེས་བོད་དོན་ལས་འགུལ་གྱི་ངར་ཤུགས་མར་ཆགས་ཚུལ་དང། བོད་དོན་རྒྱབ་སྐྱོར་པ་ཚོའི་ནུས་པ་ཉམས་དམས་སུ་ཅི་ལྟར་བཏང་བ་རེད་དམ། འདི་ལ་ཁུངས་ཤིག་བསྟན་ཡ་ཡོད་དམ་ཝ་ཡེ་གྲོགས་པོ་ལགས། ལོ་འགའི་སྔོན་ཁུངས་མེད་རུ་དཔུང་གི་དཀྲོགས་གཏམ་པ་ཚོས་འདི་ལྟར་གང་བྱུང་མང་བྱུང་བཤད་ཡོད། ཁྱེད་དེའི་རྗེས་སུ་འབྲངས་ན། དང་པོར་སྲིད་བྱུས་དེ་ངོ་ཤེས་པ་གནང། དེའི་རྗེས་བོད་དོན་རྒྱབ་སྐྱོར་སོགས་ལ་འགལ་རྐྱེན་བྱུང་ཚུལ་རིག་པའི་ལམ་ནས་བསྟར་ཆགས་སུ་གསུངས་རོགས།།
༢༠༠༢ ནས་བྱུང་བའི་འབྲེལ་མོ་དེ་འབྲེལ་མོལ་རྫུན་མ་ཡིན་ན། ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནང་བའི་ལས་དོན་ཐམས་ཅད་རྫུན་མ་ཡིན་པ་ཐལ་འགྲོ་བས། དེ་འདྲའི་ཡིད་སྐྱོ་བའི་བཀའ་མོལ་མ་གནང་ན་ཡག་གི་རེད། སོ་སོར་ཅི་ཙམ་གནས་སྟངས་ཉམས་ང་བ་བྱུང་རུང་ཨ་མའི་བུ་ཞིག་ཡིན་པ་མ་བརྗེད་པ་གྱིས་ཞེས་བོད་ལ་གཏམ་དཔེ་ཡོད་པ་ལྟར། ཁྱེད་ལ་བོད་དོན་ཐད་ཀྱི་གོ་རྟོགས་ཅི་ཙམ་མི་འདང་ནའང། སྐྱག་རྫུན་བཤད་ནས་ཧམ་པ་ཚད་ན་རྩ་བ་ནས་སོ་སོས་ཅི་གང་གི་རྗེས་ཆོད་ཀྱི་མ་རེད། གྲལ་ཟིན་གི་མ་རེད།། དེ་ཙམ་ཞུ།།
༡ ང་ཚོས་རྒྱ་་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་ཨ་མའི་དོན་ཚན་གསུམ་པ། བོད་མིའི་མངོན་འདོད་ཅེས་པའི་ལེ་ཚན་དུ་ཚིག་དེ་ག་རང་འཁོད་ཡོད། མིག་གིས་ལྟོས།
༢ དེ་བཞིན་རྒྱ་གཞུང་གིས་རྒྱ་རི་བློ་རྒྱན་ཁོང་ཚོའི་ནོར་བུ་ལྟ་བུའི་དྲན་ཐོ་དེ་ཀྲུང་དབྱང་ལ་སྤྲད་པས་དེ་ནི་གོང་འཕེལ་བྱུང་བ་ཞིག་མ་ཡིན་ནམ། དེས་ན་སླད་ཕྱིན་འབྲེལ་ཐུག་གྲོས་མོལ་བྱེད་རྒྱུར་སྐྱོ་སྣང་ཆེན་པོ་བྱེད་དགོས་དོན་མེད་ཅེས་གསར་འགོད་གསལ་བསྒྲགས་ཐོག་བཤད་པ་དེ་གང་ལ་གོ་དགོས་སམ།
༣ གནས་ཚུལ་འདི་ཚོ་མི་མང་ནང་དྲང་པོ་བྱས་ནས་གསུང་གི་མེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་རེད། དེ་ལ་ལན་གནང་རོགས། སྔོན་མ་ཞིག་ལ་གཅིག་བཤད་པ་རེད་ཟེར་བ་དེ་ལན་མ་རེད།
༤ བསམ་བློ་འདུ་ཤེས་གང་སར་བོད་ཅེས་པ་བསྐྲུན་འདོད་ཡིན་ཚུལ་བརྗོད་འདུག བསམ་བློའི་འདུ་ཤེས་གང་སར་བོད་ཅེས་བསྐྲུན་རྒྱུ་ལས་ལྡོག་ནས་ཀྲུང་གོའི་བོད་རིགས་རང་སྐྱོང་ཁུལ་ཟེར་བ་བསྐྲུན་གྱིན་ཡོད་པ་ཡིག་ཆའི་དགོངས་དོན་མིན་པའི་རྒྱུ་མཚན་ག་རེ་ཡོད།
ད་ལྟའི་འཛིན་སྐྱོང་ཆ་བགོས་ལ་མ་བལྟས་པར་བོད་རིགས་ཚང་མ་ (བོད་རིགས་ཚང་མ་ཟེར་བ་ཞིང་ཆེན་བཞི་དང་ལྗོངས་གཅིག་བཅས་ཀྱི་ནང་གནས་སྡོད་རྒྱ་གཞུང་གིས་བོད་རིགས་སུ་བརྗོད་བཞིན་པ་རྣམས་ལ་གོ གུས་པའི་མཆན།) གྲངས་ཉུང་མི་རིགས་གཅིག་གི་ཁོངས་སུ་གཏོགས་ཀྱི་ཡོད། བོད་མིའི་གཅིག་གྱུར་གྱི་ངོ་བོ་ལ་ངེས་པར་དུ་བརྩི་བཀུར་གནང་དགོས།
གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱིི་མཐུན་རྒྱལ་ཁབ་ཀྱི་བོད་རིགས་རྣམས་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་ནས་མི་རིགས་གཅིག་རང་ལ་ངོས་འཛིན་བྱེད་ཡོད།
གོང་གསལ་བོད་རིགས་ཀྱི་ངོས་འཛིན་མཚམས་དེ་རྒྱ་ནག་ལ་སྤྲད་པའི་ཡིག་ཆའི་ནང་གསལ་པོ་འཁོད་ཡོད་པའི་ཚིག་ཇི་བཞིན་རེད། དེར་བརྟེན་རྒྱ་ནག་གི་ཁྲིམས་ལུགས་ཀྱིས་ངོས་འཛིན་ལ་བོད་མིས་གུས་བཀུར་གྱིས་བོད་རིགས་ཅེས་པ་ག་བར་གོ་བ་དེ་གསལ་པོ་བཟོས་ཡོད་རེད། དཱ་ཚན་རིག་གིས་ཐག་གཅོད་གང་འདྲ་བྱེད་ཀྱི་ཡིན།
འཁོར་ཡུག་སྐྲུན་པའི་སྲིད་ཇུས་དེ་ནི་བོད་རྒྱ་འབྲེལ་མོལ་འགོ་ཚུག་པ་ནས་བཟུང་བ་ཞིག་རེད་ལ། བཟུང་དགོས་པའི་རྒྱུ་མཚན་ཡང་འབྲེལ་མོལ་ལ་དོ་ཕོག་མི་འགྲོ་བའི་ཆེད་དུ་རེད། དུས་ཡུན་ནི་བོད་རྒྱ་འབྲེལ་མོལ་གྱི་རེ་ཐག་མ་ཆོད་བར་དུ་བཟུང་བ་རེད། གནད་དོན་འདི་ཚོ་ནི་དཀའ་གནད་གང་ཡང་མ་རེད། འཁོར་ཡུག་སྐྲུན་པའི་སྲིད་ཇུས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཉམ་དམས་སུ་བཏང་བ་ནི་ཁུང་གཞན་གང་ཡང་སྟོན་དགོས་ཀྱི་མ་རེད། ཡོ་རོབ་གྲོས་ཚོགས་ཀྱི་གནང་སྟངས་དེ་ནས་ཤེས་ཐུབ་པ་ཞིག་རེད། བོད་རྒྱ་འབྲེལ་མོལ་དེ་བོད་ཕྱོགས་ནས་ལྷག་བསམ་རྣམ་དག་ཡིན་ཡང་རྒྱ་ཕྱོགས་ནས་ཨོ་ལོམ་ཕིག་ལུས་རྩལ་འགྲན་ཚོགས་རྒྱ་ནག་ལ་ཚུག་ཐུབ་པ་དང་། དེའི་སྐབས་སུ་བོད་པས་ངོ་རྒོལ་མི་འབྱུང་བའི་གཡོ་བྱུས་ཤིག་ཡིན་པ་ནི་ནམ་ལང་ལང་ཉི་མ་ཤར་ཤར་ཆགས་ཟིན་པ་རེད། ད་རྫུན་མ་མ་རེད་ན་ཅི་རེད།
༡ ངས་ཚིག་༼ ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་།༽ཅེས་པ་འདི་བསམ་འཆར་ནང་མི་འདུག་ཅེས་བཤད་མེད། འགྲེལ་བརྗོད་ཀྱིས་ལོག་རྟོག་དེ་གསལ་བཤད་གནང་ཡོད་པ་བསྟན་ཡོད། ཡིན་ནའང། ས་ཁྱོན་བདག་དབང་ལ་བརྩི་བཀུར་ཞེས་པས་ཆ་ཤས་ཡིན་པ་ཁས་བླངས་ཟིན་པར་ཕྱོགས་གང་ནས་ཀྱང་འགྲེལ་བཤད་རྒྱག་མི་ཐུབ། བརྩི་བཀུར་དང་ཁས་ལེན་པ་གཉིས་ཁྱད་པར་ཆེན་པོ་ཡོད་པ་ཤེས་གསལ་ལ། ༡༩༤༩ ལོའི་ཟླ ༡༠ ཚེས ༡ ཉིན་བཙུགས་ཤིང་ཁྱབ་བསྒྲགས་བྱས་པ་དང། རྒྱལ་སྤྱིའི་ངོས་ལེན་ཡོད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་དེར། རྒྱ་ནག་རང་གིས་ཐུགས་ཁྲལ་གནང་སྟེ་བཙན་བྱོལ་སྒྲིག་འཛུགས་ནས་ཁས་ལེན་ཞུ་དགོས་པ་ཡང་ཡང་གསུངས་སྟབས། དེའི་འོག་ཏག་ཏག་སྟེ་ང་ཚོས་” བརྩི་བཀུར་བྱེད་ཀྱི་ཡོད་སྟབས། རྒྱ་ནག་དེའི་ནང་བོད་མིའི་གཅིག་གྱུར་དང་མིང་དོན་མཚུངས་པའི་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་ལ་དབུས་གཞུང་གིས་ངོས་འཛིན་དང་བརྩི་བཀུར་ཆ་ཚང་གནང་བའི་རེ་བ་ཡོད་”ཅེས་གསུངས་མི་འདུག་གམ། སོང་ཙང། བརྩི་བཀུར་བྱེད་ཀྱི་ཡོད། ཚུར་བརྩི་བཀུར་དང་ངོས་འཛིན་གནང་རོགས་ཟེར་བའི་ཚིག་དེ་རྣམས་ཁས་བླངས་པ་དང་ཐག་བཅད་ཟིན་པའི་ཆབ་སྲིད་ཀྱི་རྗོད་ཚིག་ཏུ་མི་གོ་བར། དེ་ནི་གཙོ་བོར་གྲོས་མོལ་གྱི་གཞི་གདན་འཚོལ་བར་དགོངས་པ་བཞེས་འདུག་པའང་མ་ཤེས་སམ།།
༢ བཀའ་མོལ་དེའི་བསྟན་དོན་ནི་རྒྱ་ཕྱོགས་དང་བོད་ཕྱོགས། རྒྱལ་སྤྱི་གསུམ་ཀར་ངོས་འཛིན་གནང་བ་དང་གཅིག་མཚུངས་ཆགས་ཡོད་པ་རེད། ཅི་ལྟར་ཞེ་ན། རྒྱ་ནག་གཞུང་ལ་༧གོང་ས་མཆོག་དང་དབུས་སྒྲིག་འཛུགས་ལ་བོད་ཀྱི་མདུན་ལམ་ཆེད་རྩ་ཁྲིམས་ལས་མ་འགལ་བའི་བསམ་ཚུལ་ཅི་ཡོད་འཁྱེར་ཤོག་ཟེར་དགོས་ཐུག་པའི་གནས་སྟངས་བར་བསྐྱལ་ཟིན་པ་དང། བོད་ཕྱོགས་ནས་བོད་མི་ཚོས་དོན་དམ་རང་བཙན་རྩོད་ཀྱི་མེད་པ་དང། རང་སྐྱོང་གྲོས་མོལ་གྱི་འཆར་ཟིན་ཡང་རྩ་ཁྲིམས་དང་མཐུན་ལ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོས་དང་མཐུན་པ། སྲིད་དོན་རིགས་པའི་སྟོབས་ཀྱིས་བརྒྱན་པ་ཞིག་ཡིན་པའི་ལམ་ནས་བོད་ཀྱི་མངོན་འདོད་རྒྱ་གཞུང་གི་ཅོག་ཙེ་་སྟེང་བཞག་སྟེ་འཇིག་རྟེན་ཡོངས་གྲགས་བྱས་པ། དེར་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་གྱི་ཁ་ཕྱོགས་ཇེ་གསལ་དང། བསམ་འཆར་རང་སྟེང་ནས་ཚད་ལྡན་ཡིན་པ་མཐུན་སྣང་དུ་གྲུབ་ཡོད་པའི་ངོས་འཛིན་གསལ་བོ་གནང་ཡོད་པ་བཅས་ཀྱིས་༼ ནོར་བུ་ལྟ་བུའི་དྲན་ཐོ་དེ་ཀྲུང་དབྱང་ལ་སྤྲད་པས་དེ་ནི་གོང་འཕེལ་བྱུང་བ་ཞིག་མ་ཡིན་ནམ། དེས་ན་སླད་ཕྱིན་འབྲེལ་ཐུག་གྲོས་མོལ་བྱེད་རྒྱུར་སྐྱོ་སྣང་ཆེན་པོ་བྱེད་དགོས་དོན་མེད། ༽ཅེས་པ་བདེན་པ་མ་རེད་དམ།
༣ གནས་ཚུལ་འདི་དྲི་བ་ཞུ་མཁན་དང་བཅས་པ་ཁ་ཤས་ཀྱི་དོགས་པ་ཡིན་སྟབས། དོགས་པ་རྒྱུ་མཚན་གང་ནས་བྱུང་མིན་ལ་འདྲི་རྩད་བྱེད་རིན་མེད་ཀྱང། གང་དུ་དྲང་པོ་མ་གསུངས་པའི་རྒྱུ་མཚན་སྔ་མོ་ལྟར་མིན་པར་རྒྱུ་མཚན་ཡང་དག་ཅིག་གསུངས་ཡ་ཡོད་ན། དེ་དུས་ཉན་ཞིབ་དོགས་འདྲིའི་སྐབས་ལྟར་བྱི་བ་ཨུ་ཁུང་དུ་བཅུགས་ཆོག
༤ བོད་ཅེས་པ་དེ་ཟུར་དུ་རང་ཚན་པ་ཞིག་གནས་ཐུབ་པ་ཙམ་གྱི་ཡོང་གི་ཡོད་མེད་བཤད་དཀའ་བ་དང། ལྷག་པར་བོད་ཅེས་པའི་ངོས་འཛིན་ལ་འགྲེལ་བཤད་རྒྱག་དགོས་དུ་བོད་ཀྱི་རིག་གནས་དང་འབྲེལ་ཏེ་འགྲོ་དགོས་སྟབས། འདི་ནི་ཞུ་ཡུལ་བསོད་བདེ་མིན་སྟབས། བོད་ཀྱི་རིག་གནས་གཙོ་བོ་ཡིན་པའི་༼ མ་འོངས་པར་དོན་དམ་རང་སྐྱོང་ཐོབ་མཚམས་ལ་གོ་དགོས། ༽ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་གནས་བབ་ཅི་ལྟར་རྒྱུས་ལོན་བྱ་ཐུབ་བམ། གཏན་ནས་ཐུབ་ཀི་མ་རེད།
༼ བོད་རང་སྐྱོང་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན། ༽་བཅས་ནང་མེད་པའི་བོད་རིགས་རྣམས་བོད་རིགས་མིན་པ་དང། དེ་དག་སྡོད་ཡུལ་བོད་རིགས་ས་ཁུལ་མིན་པ་རྒྱ་ནག་གི་བཅའ་སྒྲིག་གང་དུའང་གསལ་མེད།།
བཅོས།།
༼ བོད་རང་སྐྱོང་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན། ༽་བཅས་ནང་མི་གཏོགས་པའི་བོད་རིགས་དང་བོད་རིགས་ས་ཁུལ་མེད་པ་རྒྱ་ནག་གི་བཅའ་སྒྲིག་གང་དུའང་གཏན་འབེབས་བྱས་མི་འདུག །།
ཁྱོད་རང་གིས་ཚུར་ཡིག་ཆ་དྲངས་པ་ཡག་པོ་བྱུང་། དབུས་གཞུང་ཟེར་ན་སུ་ལ་ཟེར་གྱི་ཡོད་རེད། གལ་སྲིད་རྒྱ་ནག་གཞུང་ལ་ཟེར་གྱི་ཡོད་ན། ས་གནས་སུ་རེད། ཆ་ཤས་སུ་ཁས་མ་བླངས་ན་དབུས་གཞུང་ཇི་ལྟར་ཟེར་ཤེས་ཀྱི་རེད།
གཞན་པ་གཞན་པ་ཚོར་ལན་མི་དགོས། གང་ཡིན་ཟེར་ན། ལན་གནང་ཤེས་ཀྱི་མི་འདུག
དབུས་གཞུང་ཟེར་བ་ནི་རྒྱ་ནག་གཞུང་གིས་中央་ཞེས་རྟག་ཏུ་འབོད་བཞིན་པ་དང། གཞན་བོད་སྐད་ལ་ཐད་བསྒྱུར་གནང་བྱས་པའི་ཚིག་རེད། སོང་ཙང། དབུས་གཞུང་ཟེར་བ་ཙམ་གྱིས་ཆ་ཤས་ཡིན་པར་ཁས་བླངས་པ་རེད་དམ། འོ་ན་དབུས་གཞུང་ཞེས་བོས་པའི་ཉིན་ནས་ཆ་ཤས་ཆགས་ཚར་བ་རེད་དམ། སུ་ཆགས་པ་རེད། གཞན་ཡང་དབུས་གཞུང་ཞེས་འབོད་པ་དེས་འབྲེལ་མོལ་སྐབས་ཆ་ཤས་ཡིན་པ་ཁས་བླངས་ཟིན་པའི་དོགས་པ་ཉི་ཚེ་བ་ཞིག་རྟག་ཏུ་བཅངས་ཁུལ་འདི་ནི། རང་རློམ་ཆེ་བས་རེད་དམ། ཤེས་མདོག་བྱེད་པའི་ཟོལ་གཟུགས་ལ་དགའ་བས་རེད།
ཧཧཧཧ ཨ་ལ་ཀུ་རེ་ཡིན། གང་ལྟར་ལུང་ཁུངས་ལྡན་དང་གང་ཟག་ཚད་ལྡན་གྱི་གསུང་ལ་ཞིབ་མོར་དཔྱད་ཅིང། ཁྲིམས་སྒྲིག་ཁག་ལ་མྱང་ཞིབ་བྱས་པའི་འབྲས་བུ་རྒྱ་མཚོ་ལྟ་བུ་ལས་ཐ་ཀ་ཐད་ཀར་དྲན་པ་ཁག་ཅིག་ཉ་འབྲུ་རྡོག་གི་ཟོལ་གྱིས་སྟོར་དགོས་བྱུང་བ་འདིའི་མཐུས་དོན་དམ་པ་དང་རང་ལྗིད་པ་དཔག་པའི་མིག་རྙེད་པར་གྱུར་ཅིག་ཅེས་ཞུ་བའོ།།
ལུང་རྟོགས་ལ།
༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ནང་ད་བར་༧གོང་ས་མཆོག་གི་དགོངས་གཞི་འབྲེལ་མོལ་མགོ་མ་ཚུགས་པའི་རང་གཞན་ཕྱོགས་གཉིས་ཀའི་མ་བྱས་པ་དང་མ་སྒྲུབ་པ། ནང་ཁུལ་འཁྲུག་འཛིང་ལ་འཁོར་ཏེ་སྒྲུབ་རྒྱུར་དང་དོད་མ་བྱས་པ་ལ་སོགས་པ་ལོ ༢༦ རིང་གི་གནས་སྟངས་སྤྱི་ཡོངས་ལ་ཕྱོགས་སྡོམ་མཛད་འདུག དེའི་རྗེས་འབྲེལ་མོལ་དངོས་སུ་མགོ་ཚུགས་པ་དང་མཉམ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་པའི་སྲིད་བྱུས་འཛིན་འཆར་ཐོག་མར་སྤྱི་ལྷན་སྐབས་ ༡༣ པའི་ཚོགས་དུས་བཞི་པའི་༼ ༢༠༠༢། ༩། ༢༠། ནས ༢༠༠༢། ༩། ༢༧ ༽སྟེང་ཕེབས་ཡོད། གསལ་བཤད་དེ་ལ་རྩ་འཛིན་བྱས་ནས་༢༠༠༢། ༩། ༣༠། ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་དེར་༢༠༠༣ ལོའི་ཟླ་ ༦ བར་བར་བརྒལ་ཁོར་ཡུག་གི་དུས་ཡུན་དུ་གཏན་འཁེལ་གནང་ནས་ཡོངས་ཁྱབ་འབོད་སྐུལ་ཞུས་པ་རེད། དེ་ལས་ལྷག་ཅིག་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་དང་གཏན་འབེབས་ཀྱི་ལམ་ནས་ཁོར་ཡུག་སྲིད་བྱུས་བཟུང་མེད་ནའང། སྤྱིར་བོད་རྒྱ་འབྲེལ་མོལ་ཡོང་བར་མཐུན་འགྱུར་ཞུ་དགོས་པ་བོད་མི་ཚོའི་འོས་འགན་དུ་སོང་ཡོད་ཙང། གཏམ་བཤད་གཞན་དང་ཡང་ན་འབྲེལ་མོལ་སྐོར་གྱི་གཏམ་བཤད་སོགས་ཀྱི་སྐབས་བོད་མི་ཚོས་ཤེས་པའི་ཐོག་ནས་འབྲེལ་མོལ་ལ་མཐུན་འགྱུར་གྱི་རྣམ་འགྱུར་སྟོན་དགོས་ཚུལ་གསུངས་ཡོད་པ་རེད། དེ་ཙམ་ལས་ཁོར་ཡུག་སྲིད་བྱུས་དེ་ཞེ་དྲག་ཡར་འཐེན་མར་འཐེན་བྱེད་ས་འགྲོ་ཡི་མ་རེད་ལ། སྲིད་བྱུས་འདི་བཟུང་རིམ་ནང་དུའང་དེ་ཙམ་གྱིས་ལས་འགུལ་གཞན་ལ་ཚོད་འཛིན་ཐེབས་མི་འདུག ཅང་ཙེ་མིན་༢༠༠༢་ཟླ ༡༠ ནང་ཨ་རིར་སླེབས་སྐབས་ངོ་རྒོལ་མ་བྱེད་གསུངས་པ་དེའང་མ་བྱས་ན་འབྲས་བུ་འདི་ཡོང་ངེས་ཀྱི་གདེང་ཚོད་དོན་ལ་གནས་འདུག་པས། སྐབས་འདི་དག་ལ་ང་ཚོར་རྒྱབ་བཤད་རྒྱག་ཡ་དང། ཡིད་མ་ཚིམས་མདོག་མདོག་སྟོན་རྒྱུ་གང་ཡང་མེད་པར་འདོད།།
དེས་ན་སླད་ཕྱིན་སྲང་བར་གཏམ་གྱི་རྗེས་སུ་སུག་བཞི་ཅན་ལྟར་ཕྱི་མིག་མི་གཟིགས་པར་འབྲངས་ན། ད་ནས་བཟུང་ཡ་ལན་ཚིག་གཅིག་ཀྱང་གཏོར་རྒྱུ་སེར་སྣ་བྱེད་ངེས་ཡིན་པས། ད་ནི་བསྐྱར་དུ་ལན་གཅིག་ཐུག་དགོས་འདྲ་བྱུང་ན། དེ་དུས་རང་ངོས་ནས་སྦྱངས་ཤིང་བསམས་པའི་གནས་ཚད་ཀྱང་ཚད་ངེས་ཅན་དུ་སླེབས་ཐུབ་པ་བྱས་ཏེ་ཕེབས་རྒྱུ་ནི་རེ་བ་ཡིན། དེ་མིན། དངོས་གནས་ར་མ་འཕྲོད་པར་དཀའ་ལས་ཁག་གི་འདུག
གོང་གི་དེབ་དཀར་གྱི་ཤོག་ངོས་ཁ་ཤས་བཀླགས་མྱོང་མཁན་དེར་ཞུ་རྒྱུར། དེབ་དཀར་ཆ་ཚང་བ་ཞིག་ཀློགས་རོགས་ཐ་ན་ཁྱེད་ཀྱིས་ལུང་འདྲེན་བྱས་པའི་རྗེས་ནས་ཤོག་ངོས་ཁ་ཤས་ཀློག་རོགས། དེ་ནས་ཁྱེད་ཀྱིས་རྡོ་རྗེ་རྐེ་བཟུང་གི་འགྲེལ་བཤད་དེ་ཏག་ཏག་བསྡད་ཡོད་མེད་ཤེས་ངེས་ཡིན། དྲ་ཐག http://kxiela2013.w159.mc-test.com/zwndbw.asp?id=850&Zhg=000
བོད་ཀྱི་བླ་མ་ཞིག་ལ་རྒྱ་ནག་གིས་མཚན་བྱང་ཕུལ་བ་ཙམ་གྱིས་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་འགྲོ་ཟེར་ན་དེ་ནི་ཏག་ཏག་རྒྱ་གཞུང་གི་ལོ་རྒྱུས་འཁྱོག་བཤད་བྱེད་སྟངས་རེད་ཡ་བུ་རྒོད་པོ། དེས་ན་རྒྱལ་བ་པན་ཆེན་ཟུང་གི་མིང་ལ་བལྟས་ན་དགའ་ལྡན་ཕོ་བྲང་མ་ཚུགས་གོང་ནས་བོད་དེ་སོག་པོའི་མངའ་འོག་ཡིན་འདུག ཀརྨ་བ་སྐུ་གོང་མར་འབྲུག་རྒྱལ་གྱིས་ཀྱང་འཇའ་ས་དང་ཐམ་ཀ་གནང་འདུག་དེས་ན་ང་ཚོ་འབྲུག་པའི་མངའ་འོག་ཡང་ཡིན་པར་འདུག ད་དུང་འཛམ་གླིང་ས་ཕྱོགས་གང་སར་དེ་འདྲའི་ལོ་རྒྱུས་ཁེངས་ནས་བསྡད་ཡོད། དཔེར་ན། http://www.royal.gov.uk/MonarchUK/Honours/Knighthoods.aspx
དུས་རབས་༡༩་སྨད་དང་ཉི་ཤུའི་འགོ་སྟོད་དུ་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བར་ད་ལྟ་བཞིན་ས་མཚམས་དང་བདག་དབང་གསལ་བོ་ཞིག་མེད། གཙོ་བོ་སྐད་ཡིག་དང་བསམ་བློ་གོམས་གཤིས་གཅིག་གིས་བསྡུས་པའི་མི་རིགས་དེ་རྒྱལ་ཁབ་གཅིག་གི་ངོ་བོར་ངོས་འཛིན་བྱེད་སྲོལ་ཡོད། དཔེར་ན། འཇར་མན་གཅིག་བུའི་ལོ་རྒྱུས་ཐེངས་གཅིག་ཀློགས་རོགས་དཔེར་བརྗོད་གྲངས་ལས་འདས་པ་ཡོད། http://en.wikipedia.org/wiki/Germany
ད་དུང་ཞུ་དགོས་པ་ཁ་ཤས་ཡོད་མོད་མུ་མཐུད་རྗེས་མར་ཞུ་ཆོག
ཤར་ཁུག་ལགས།
ལེགས་ཉེས་ལ་མ་ལྟོས་པར་གང་ལྟར་སྤྱི་ཚོགས་ལས་དངོས་སུ་ཏོན་ནས་སྐད་ཆ་བཤད་པར་དགའ་བསུ་ཞུ། འོན་ཀྱང་། སྐད་ཆ་མང་ཙམ་བཤད་འདོད་ན་དེབ་ཡང་མང་ཙམ་ཀློག་རོགས་ཞུ་རྒྱུ་ཡིན། སྔོན་ཆད་ཡིན་ན་བོད་ཡུལ་ནས་བོད་ཀྱི་ལོ་རྒྱུས་བཤད་བཞིན་ཡོད་པ་ལས་འཛམ་གླིང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ཀྱི་ལོ་རྒྱུས་བཤད་བཞིན་མེད་པས་བོད་ཡིག་གི་དཔེ་དེབ་ཁ་ཤས་བཀླགས་ནས་ཕལ་ཆེར་འགྲིག་ཙམ་ཡིན།
འོན་ཀྱང་། དེ་རིང་ང་ཚོ་དུས་རབས་༢༡བའི་ནང་དུ་ཡོད་པར་བརྟེན། མིག་ཆེ་ཙམ་བྱས་ནས་འཛམ་གླིང་རང་བཞིན་གྱི་ལོ་རྒྱུས་བསྡུར་ནས་སྐད་ཆ་བཤད་རོགས་ཞུ། ཟམ་གདོང་བླ་མ་google search མིན་པ་དེ་ཡང་ཤེས་པར་འཚལ། ཞལ་དྲོ།
འཇིགས་ཐོས་ལ།
བོད་ཡིག་གི་དེབ་ཁ་ཤས་བཀླགས་པ་དེས་ཉིད་ལ་ལན་ཏག་ཏག་ཅིག་ཐེབས་པ་དེ་ཕན་པོ་བྱུང། དེ་བཞིན་བོད་ཀྱི་ལོ་རྒྱུས་འཛམ་གླིང་ནང་བཤད་བཞིན་པར་སོང། གྷོ་གྷལ་སར་ཆི་འགྲིམས་པའི་མཐོང་ཐོས་ཀྱིས་བོད་ཀྱི་ཡི་གེ་བ་ཚོར་མ་འདྲ་བ་རེ་བསྟན་ཡ་ཡོད་ན་དགའ་བསུ་ཞུ་ངེས་ཡིན།།
ཚོགས་གཙོ་མཆོག་ནས་ཡིག་འགྱར་གང་ལེགས་གནང་བར་དགའ་བསུ་གཞུ་འདོད་ཆེནང་ནོར་འཁྲུལ་ཅི་ཡང་མེད་པ་མ་ཡིན་འདུག་ན་བསྐྱར་བཅོས་གནང་རོགས་ཞུ་རྒྱུ་ཡིན།་
དཔེར་ན།་་་་་་་ལས་དོན་གང་ལའང་ད་ལྟེའི་བཀའ་མོལ་ཞུ་མཁན་དེ་ཡོད་པ་མརེད།
་་་་་་་་་བར་ལམ་གྱི་བྱུང་རིམ་ནང་།།།།
་་་་་་་་་ཤད་རོགས་བྱེད།།།།།།།།།།
༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེར་རང་བཙན་དང་དེའི་ཐ་ཉད་ལ་མི་དགའ་བ་ཡོད་པ་མརེད།་
ཐ་ཉད་དེ་ཁ་ལ་འཁྱེར་ནས་ད་ལྟ་འགྲོ་བཞིན་པས་ལས་དོན་ལ་དོ་ཕོགས་གཏོང་བ་དང་ནུས་པ་ཆུང་རུ་གཏོང་ཐབས་བྱེད་པ་དེ་ནས་གཞན་པ་ལང་ཕྱོགས་ཁ་འགྱུར་བྱ་རྩིས་བྱེད་པར་གསལ་བཤད་ངེས་དྲོང་ལོས་བྱེད་དགོས།་
……reinterate ཡིན་དགོས།
ནོར་འདུག་
….reiterate ཡིན་དགོས།
ཁ་བརྡ་ཟེར་བའི་དྲ་བདག་རྣམས་ལ་ཕྱོགས་རིས་ཀྱིས་བཟི་བསྡད་ཡོད་ཀི
མ་འོང་པ་བོད་རང་བཙན་རེག་ན་གསུང་བཤད་འདི་འདྲ་གནང་མྱོང་མཁན་ལ་ཉེས་ཆད་ག་རེ་འབབ་ས་རེད
བཀའ་ཟུར་ཟམ་གདོང་ཡུན་བརྟན་ཤོག །
ཚོགས་གཙོ་སྤེན་ཚེ་དར་འགྱུར་ཅིག །
སྲིད་སྐྱོང་བློ་སེང་རྒྱལ་འགྱུར་ཅིག །
ལྐོག་རུལ་ལས་བྱེད་ཕམ་འགྱུར་ཅིག །