ཆོལ་གསུམ།
འབྲེལ་ཐག་འདི་ནས་བལྟ་ཐུབ
གླུ་ཚིག མགོ་ལོག་ཟླ་བྷེ
བླ་མའི་ཆོས་སྒྲ་གཅིག་གིས།།
འགྲོ་དྲུག་བདེ་ལ་བཀོད་སོང༌།།
དད་པ་སྙིང་ནས་སྒོམས་དང༌།།
མ་རིག་མུན་པ་སངས་འོངས།།
དཔའ་བོའི་ཀི་སྒྲ་གཅིག་གིས།།
འཛམ་གླིང་དབང་དུ་བསྡུས་སོང༌།།
སྤོབས་པ་སྙིང་ནས་སྐྱེད་དང༌།།
བསམ་པའི་དོན་ཀུན་འགྲུབ་འོངས།།
རྟ་ཕོའི་མཚེར་སྒྲ་གཅིག་གིས།།
གངས་ལྗོངས་གཉིད་ལས་དཀྲོག་སོང༌།།
ལ་རྒྱ་སྙིང་ལ་ཆོངས་དང༌།།
རྫོགས་ལྡན་གསར་བ་སླེབ་འོངས།།
ཁོར་ཡུག་སྲུང་སྐྱོབ་།
་་་་་་་་་་་གླུ་ཚིག མགོ་ལོག་ཟླ་བྷེ་།
དབྱངས་དང་ལེན་མཁན་། དགེ་ལེགས་།
རྐྱང་འབྲོང་གཉིས་ཀ་སྟོད་ནས་ཚར་ཐལ་།།
ཤྭ་གླ་གཉིས་ཀ་བར་ནས་ཚར་ཐལ་།།
ཉ་སྲམ་གཉིས་ཀ་སྨད་ནས་ཚར་ཐལ་།།
ཁོར་ཡུག་སྲུང་སྐྱོབ་སྟོང་གཏམ་ཨེ་རེད་།།
ཉ་སྲམ་གཉིས་ཀ་སྨད་ནས་ཚར་ཐལ་།།
ཁོར་ཡུག་སྲུང་སྐྱོབ་སྟོང་གཏམ་ཨེ་རེད་།།
རིན་ཆེན་གཏེར་ཁ་སྟོད་ནས་ཚར་ཐལ་།།
དྭངས་གཙང་ཆུ་བོ་སྙོག་ནས་བླགས་ཐལ་།།
རྩྭ་ཐང་མཛེས་ལྗོངས་གཙབ་ནས་ཟད་ཐལ་།།
ཁོོར་ཡུག་སྲུང་སྐྱོབ་རྨི་ལམ་ཨེ་རེད་།།
རྩྭ་ཐང་མཛེས་ལྗོངས་གཙབ་ནས་ཟད་ཐལ་།།
ཁོར་ཡུག་སྲུང་སྐྱོབ་རྨི་ལམ་ཨེ་རེད་།།
རང་གི་བླ་དཔོན་རེ་བ་ཅན་པོ་།།
རང་ས་རང་གིས་སྲུང་རྒྱུ་ཨེ་ཡིན་།།
རང་རིགས་སྤུན་ཟླ་རིན་ཐང་ཅན་པོ་།།
རང་ཡུལ་རང་ལ་མཁོ་བ་ཨེ་ཡོད་།།
གསར་སྐྱེས་གཞོན་ནུའི་ཀླད་པ་ཚར་ཐལ།།
ཀླད་རྙིང་རྒན་པོའི་ལུས་ཟུང་ཟད་ཐལ།།
ཚུལ་ལྡན་གྲྭའི་བའི་སྡོམ་པ་ཚར་ཐལ།།
སྐྱེ་བའི་སྤྲུལ་སྐུའི་མི་ཁ་ཚར་ཐལ།།
རིག་གཞུང་སྲུང་སྐྱོབ་རྨི་ལམ་ཨི་རེད།།
ཆོས་འཕེལ་འདི་ཁ་མི་དགེ་ནི་ཟིག་རེད་ཀོ ཐེངས་རེ་བལྟས་ན་ནང་པ་ཟིག་ཡིན་ནི་འདྲ་འདྲ། ཐེངས་རེ་བལྟས་ན་ལྟ་ལོག་ཟིག་ཡིན་ནི་འདྲ་འདྲ།
མཐོ་རིན་བཀའ་ཤག་རྐུབ་སྟེགས་བརྩད་ཐལ། །
སྤྱི་འཐུས་གྲོས་ཚོགས་ཁ་འཐོར་གྱུར་ཐལ། །
གཞིས་བྱེས་གཉིས་ཀར་གཏམ་ངན་ཁྱབ་ཐལ། །
མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་རྨི་ལམ། །
ཨ་མདོས་ཁམ་པར་ཁ་རྡུང་བཏང་ཐལ། །
ཁམས་པ་རྒད་པོ་ཁོང་ཁྲོ་ལངས་ཐལ། །
དབུས་གཙང་གཡོ་སྒྱུས་བྲོ་གར་འཁྲབ་ཐལ། །
མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་རྨི་ལམ། །
ཨ་མདོས་རྒྱ་ལོར་རྒྱབ་སྐྱོར་བྱས་ཐལ། །
འཇུ་ཆེན་རྒད་པོར་རྫུན་ལྷང་བརྗོད་ཐལ། །
ཆོལ་གསུམ་སྤུན་ཟླར་གཏམ་ངན་མང་ཐལ། །
མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་རྨི་ལམ། །
དེ་རིང་གི་ངས།
སྙིང་གཏམ་ཕ་ལ་མ་བཤད། །
སྡུག་ཡུས་མ་ལ་མ་བཏོན། །
མི་བཟོད་སེམས་ཀྱི་རྨ་ཁར། །
སྤར་མོ་བཏབ་ནས་བསྡད་ཡོད། །
ཁྲོ་བའི་གད་རྒྱངས་མ་བསྒྲགས། །
སྡང་བའི་སོ་ཡོས་མ་འཆས། །
མི་སྐྱིད་སྡུག་གི་འོ་དོད། །
མགྲིན་པའི་ཁ་ན་ཉར་ཡོད། །
སྨྲེངས་བའི་སྨྲེ་སྔགས་མ་བཏོན། །
སྐྱོ་བའི་མིག་ཆུ་མ་ཤོར། །
མི་བསྲོན་སྡུག་གི་མཆུ་མ། །
མིག་ཀོང་ནང་ན་བསྐྱིལ་ཡོད།།
གོང་གི་གཞས་ཚིག་དེ་བོད་ནས་ཆོས་དཔལ་བཟང་པོས་བྲིས་བ་ཡིན་་་་་་་་་་
བོད་དུ་ཕེབས་རན་རེད་འདུག
ང་ཡི་༧རྩ་གསུམ་བླ་མ།།
༧སྐྱབས་རྗེ་ཡིད་བཞིན་ནོར་བུ།།
མི་འགྱངས་ཁ་བ་ཅན་ལ།།
ཕེབས་པར་གསོལ་བ་ངས་འདེབས།།
མི་ཚེ་ཕྱེད་ཀའི་རིང་དུ།།
ས་མཐའི་ལྗོངས་སུ་བཞུགས་སོང་།།
རང་ཡུལ་གངས་ཅན་བོད་མིས།།
ད་ནི་སྒུག་ཡུན་རིང་སོང་།།
བོད་མི་ས་ཡ་དྲུག་གིས།།
༧སྐུ་ཉིད་ཁོ་ན་དྲན་ནས།།
རང་གི་གཅེས་པའི་སྲོག་ཀྱང་།།
ཤོར་ཡང་བློ་འགྱོད་མེད་རབས།།
གཞན་ཡུལ་རང་དབང་ཁྲོད་དུ།།
སྐུ་ཚེ་འཕེན་པ་རྫོགས་ཚེ།།
རང་ཡུལ་ཁ་བ་ཅན་ལ།།
མི་ཤི་རྟ་འགྱེལ་བྱུང་ངེས།།
ད་ནི་༧སྐུ་ཉིད་ཁོ་ན།།
གངས་རིའི་ལྗོངས་ལ་ཕེབས་ན།།
ཤི་བོའི་རྣམ་ཤེས་བདེ་ངེས།།
གསོན་པོའི་ཞེན་འཁོན་སངས་ངེས།།
༧སྐྱབས་རྗེ་གངས་རིའི་ལྷ་སྐལ།།
ཐུགས་ལ་ཉེ་རིང་མེད་ཀྱང་།།
རང་རིགས་ཁ་བ་ཅན་པ།།
བསྐལ་བའི་བར་དུ་མ་གཏོང་།།
འགུ་ལོག་ཟླ་བྷེ་བལ་ཡུལ་དུ་སླེབས་འདུག་ཟེར་བ་བཞིན་ཡང་བཙན་བྱོལ་བ་ཚོས་ཟླ་བྷེ་གླེང་འགོ་བཙུགས་སོང་། ཅང་མི་འགོར་བར་འཚང་འདྲ་མིན་སྐྱོན་བརྗོད་འདྲ་མིན་གྱི་འགོ་ཡང་གཟུགས་ཀི་རེད་བསམས་ནས་ང་སེམས་འཁྲལ་འདྲ་ཞིག་ལང་ཡོང་གི
རི་བོང་གནམ་ཆག་གི་སྡུག་བསྔལ་མ་རེད་པས།
བོད་དུ་ཕེབས་འདོད་ཡོད་རུང་།།
བོད་ལ་ཕེབས་བཅུག་མི་འདུག།།
བོད་དོན་བྱེད་ཀྱིན་ཡོད་རུང་།།
བོད་དོན་ཁག་ཙམ་རེད་ཤག།།
བོད་པ་ཕོད་པ་ཆེ་ཡང་།།
བོད་ཀྱི་བཟང་སྤྱོད་ཨམ་དེས།།
བོད་དོན་དྲག་པོའི་འཐབ་རྩོད།།
བོད་པས་འཇོན་གྱིན་མ་རེད།།
བོད་དོན་ཞི་བའི་གྲོས་མོལ།།
བོད་མགོ་བསྐོར་བྱེད་རེད་ཤག།།
བོད་ཀྱི་མ་འོང་འཐབ་ཕྱོགས།།
བོད་པས་བསྒྱུར་དུ་རན་ཤག།།
བོད་པ་བལ་ཡུལ་ཡོད་རྣམས།།
བོད་དོན་དངོས་གནས་རྩོད་ཤག།།
བོད་པ་ཕྱི་ལ་ཡོད་རྣམས།།
བོད་དོན་ཁོམས་པ་མེད་ཤག།།
བོད་པ་ཕྱི་རྒྱལ་འགྲིམ་ཚེ།།
བོད་པ་གཡོག་པོ་རེད་ཤག།།
བོད་པ་རྒྱ་གར་སྡོད་ཚེ།།
བོད་པ་འགྲུལ་པ་རེད་ཤག
བོད་པ་བོད་ལ་སྡད་མཁན།།
བོད་པ་བཙོན་པ་རེད་ཤག།།
བོད་པ་བླ་སྤྲུལ་རྣམ་པ།།
བོད་པ་སྐྱིད་ཤོས་རེད་ཤག།
བོད་པ་བོད་སྐད་ཤེས་མཁན།།
བོད་པ་ཤེས་མེད་རྩིས་ཤག།།
བོད་པ་གཞན་སྐད་ཤེས་མཁན།།
བོད་པོ་མཁས་པ་བརྩིས་ཤག།།
བོད་པ་སློབ་གྲྭ་རྣམ་པ།།
བོད་པའི་བདག་པོ་ཡིན་རུང་།།
བོད་པ་དགེ་རྒན་དེ་ཚོས།།
བོད་ཕྲུག་གཉའ་གནོན་རེད་ཤག།།
བོད་ཕྲུག་ཁྱིམ་སྡེ་མང་ཡང་།།
བོད་ཕྲུག་མཁས་པ་མི་འདུག།།
བོད་ཕྲུག་སྦྱོང་བ་ཆེ་ཡང་།།
བོད་ཕྲུག་སློབ་སྦྱོང་མེད་ཤག།།
བོད་པ་ཆོས་དད་ཆེ་ཡང་།།
བོད་པ་ཆོས་ཀྱིས་ཕུང་ཤག།
བོད་པ་དཔལ་རྩལ་ཆེ་ཡང་།།
བོད་པ་ནང་ལ་རེད་ཤག།།
གསེར་ཆོས་ལ་སྐད་སྙན་པོ་ཞིག་ཡོད་རབ་ཟེར་ཤག། གལ་སྲིད་ཡོད་ན་གླུ་ཞིག་ལོང་དང་གཡུ་ཟིག་སྤྲད།
སྐད་མེད་ཡང་གླུ་ངའི་ལེན་ན་།
ཨ་ལ་རོགས་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་ ཡ་ལ་ཡ་ལ་གོ་
བྱ་ཁུ་ལོ་སྙིང་ལ་རྗེ་བོ་།
ཁྱོད་ནགས་རི་རྒྱུད་ལ་ཤོག་ར།
ནགས་ཡལ་གཉོན་ནོ་བདེན་ཡང་
བྱ་ནགས་མགོའི་ལྷུང་བའི་དཔེ་མེ།
རོགས་ཆུང་ལོ་སྙིང་ལ་རྗེས་བོ
ཁྱོད་ཕ་ཐུག་གི་ཤོག་ར་།
རྒྱ་དམར་པོ་སྲིད་ཇིས་གཙོག་རུང་།
རོགས་རང་གསོད་ནི་དཔེ་མེད།
ཡ་ལ་ཡ་ལ་གོ་ཟེར་་་་་
དེ་ཟེར་ན་། བདེན་ཡ་། ང་ཚོའི་ཕ་ཡུལ་ནས་ ་་བརྡ་བྷེ་་ ཟེར་ན་ངོ་ཚ་དགོས་ཚིགས་ཞིག་ཡིན་སྟབས་་ནང་མི་དང་མིང་སྲིང་ཡོད་ས་ནས་། བརྡ་བྷེ་མི་ཟེར་། བརྡ་བྷེ་ཞེས་བ་དང་འབུ་ལུ་ཞེས་བ་གཉིས་དོན་གཅིག་དུ་གོ་། རེད་ཡ་། ངའི་འདི་ནི་ཕུལ་བྱུང་སྒྱུ་རྩལ་པ་ཞིག་གི་གཟི་བྱིན་ལ་ངོས་འཛིན་བྱེད་གི་ཡོད་། བརྒྱད་ཅུ་ཀྱ་གྲང་ནང་ཁོང་གི་ཕོ་མོའི་བརྩེ་དུང་དམར་ལྗིན་དུ་ཐོན་པས་། ལ་གཞས་སྐོར་ཞིག་མདོ་སྨད་ཁུལ་ས་ཁྱབ་རྡོ་ཁྱབས་དུ་སོང་བ། དུས་དེ་ནས་བྱུང་བ་ཞིག་ཡིན་པར་བསམ་།
རྒྱ་གར་འཕགས་པའི་ཡུལ་ན། །སྐྱབས་མགོན་རྒྱལ་བ་བཞུགས་ཡོད།
།རྒྱལ་བའི་ཐུགས་རྗེའི་འོད་སྣང་། །འཛམ་གླིང་ཧྲིལ་པོར་ཁྱབ་སོང་།
།བོད་དོན་བདེན་པའི་ཉི་མ། །གླིང་བཞིའི་ཁྱོན་ལ་ཁྱབ་སོང་།
།རྒྱ་དམར་སྲིན་བྱའི་ཚོགས་རྣམས། །མ་བཟོད་ཁུང་དུ་བྲོས་སོང་།
གང་བུ་ནས།