རྫ་ཚེ་རིང་བཀྲ་ཤིས།
འཁྲུང་སྐར་བདེ་ལེགས།
(བརྗོད་ཚིག་འདི་འོག་ཏུ་ཡང་མང་ཙམ་སྤྱད་ཡོད་ལ། འདི་ནས་ཕྲན་གྱིས་གནས་སྐབས་བེད་སྤྱད་པ་ཙམ་ཡིན་པས་འདི་ལས་ཀྱང་འོས་ཤིང་འཚམས་ཚིག་ཡོད་ན་དེ་བཞིན་གནང་རྒྱུ)
བོད་ཟླ་བཞི་པའམ། ས་ག་ཟླ་བའི་ཚེས་བདུན་སྟེ། ཟླ་འདིའི་ཕྱི་ཚེས་བཅུ་བདུན་ནི་ཡོངས་གྲགས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཉིད་སྐུ་བལྟམས་པའི་དུས་ཆེན་རེད། ང་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་དུས་དྲན་འདི་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་ཡིན།
སངས་རྒྱས་ཀྱི་འཁྲུང་སྐར་གྱི་ཉིན་མོ་འདི་ནི་སྤྱིའི་ཆ་ནས་འཛམ་གླིང་ཡོངས་ཀྱིས་གལ་ཆེན་དུ་བརྩི་བ་དང་། བརྩི་བར་ཡང་འོས་པའི་དུས་ཆེན་ཞིག་རེད། ཉིན་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཀྱང་སྤྱི་དམངས་གུང་གསེང་གི་ཉིན་མོ་ཞིག་ཏུ་ཉིས་སྟོང་གཉིས་ལོ་ནས་གཏན་འབེབས་གནང་ཡོད་འདུག འབྲུག་དང་ཐའེ་ལན་ལྟ་བུའི་ནང་པའི་རྒྱལ་ཁག་དག་གིས་ཀྱང་དུས་ཆེན་འདི་རྒྱལ་ཁབ་གྱི་གཞུང་འབྲེལ་གུང་གསེང་གི་དུས་ཆེན་དུ་རྩིས་ཡོད། ཞིབ་ཆ་འདིར་མི་འཆད། ཁར་རྩང་ངས་རྒྱ་ཡིག་གི་ཐོག་ནས་སྟོན་པའི་འཁྲུང་སྐར་བསྲུང་བརྩིའི་ལས་འགུལ་སྤེལ་སྟངས་དང་འབྲེལ་བའི་འབོད་སྐུལ་ཞིག་ངོ་དེབ་ཏུ་བཞག་པའི་བཤམ་དུ་ཧོང་ཀོང་བ་ཞིག་གིས། ཧོང་ཀོང་དུ་ཡང་སངས་རྒྱས་ཀྱི་འཁྲུང་སྐར་དུས་ཆེན་འདི་ཉིད་གཞུང་འབྲེལ་གུང་གསེང་གི་ཉིན་མོ་རེད་ཅེས་ལབ་འདུག་པར་ངས་སླར་ཡང་ནན་ཏན་གྱིས་དོ་སྣང་བྱས་ཏེ་འདྲི་སྐབས། ཉིན་འདི་ཧོང་ཀོང་དུ་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་རྒྱལ་ཡོངས་ཀྱི་གུང་གསེང་ཞིག་རེད་ཅེས་ཟེར། གནས་ཚུལ་འདི་ཤེས་པ་དང་ལྷག་ཏུ་སེམས་འགུལ་ཐེབས་ཤིང་། དགའ་སྤོབས་ཤིག་ཀྱང་སྐྱེས།
འོན་ཀྱང་བོད་པ་ཚོས་སངས་རྒྱས་ཀྱི་འཁྲུང་སྐར་འདི་ལ་དོ་སྣང་དེ་ཙམ་མི་བྱེད་པ་དྲན་པས་གནོང་ཞིང་འགྱོད་པ་ཞིག་ཀྱང་བྱུང་། མ་མཐའ་ཡང་དེང་སང་འཇིག་རྟེན་འདིའི་མི་ཚང་མས་མི་ཞིག་གི་མི་ཚེའི་ནང་གི་གལ་ཆེ་ཤོས་ཀྱི་དུས་དྲན་ནི་མི་སོ་སོའི་སྐྱེས་སྐར་ལ་བྱེད་པ་བཞིན། ང་ཚོས་ཀྱང་སངས་རྒྱས་ཀྱི་འཁྲུང་སྐར་འདི་སྔར་ལས་གལ་ཆེན་དུ་བྱེད་དགོས། ལོ་རེ་ནས་ལོ་རེར་གཞི་རྒྱ་ཆེ་རུ་གཏོང་དགོས། འབོད་སྐུལ་འདིར་ཁྱེད་ཀྱིས་བསམ་བློ་ཞིབ་མོ་གཏོང་གནང་རོགས། ད་དུང་ཁོར་ཡུག་གི་མི་ཚང་མར་ཡང་བཤད་རོགས། དེང་རབས་ཀྱི་དུས་དར་དང་ཡང་མཐུན་ལ། དད་པ་དང་བསོད་ནམས་ཀྱི་རྒྱུར་ཡང་འགྱུར་ངེས་པའི་འཁྲུང་སྐར་དུས་དྲན་གྱི་བྱེད་སྒོ་འདྲ་མིན་ཐོག་མཁས་པ་དང་ཤེས་ལྡན་པ་དག་གིས་སྣེ་ཁྲིད་དེ་ལམ་སྟོན་མང་ཙམ་གནང་དགོས། སྲོལ་རྒྱུན་གྱི་སྒོམ་སྒྲུབ་ཉམས་ལེན་དང་ཕྱག་སྐོར་སྒྲུབ་སྦྱོང་སོགས་ཀྱི་ལམ་ནས་དད་པ་དང་རྗེས་དྲན་མཚོན་པར་བྱེད་པ་ལས་གཞན་ད་དུང་ཁྱེད་ཀྱིས་རྣམ་པ་མི་འདྲ་བའི་ལམ་ནས་དུས་ཆེན་སྲུང་བརྩི་བྱེད་གནང་རོགས། དཔེ་མཚོན་འོག་གི་དོན་ཚན་དྲུག་ལྟ་བུ་ཡིན།
གཅིག ༽ཁྱེད་ཀྱིས་ནང་མི་དང་གྲོགས་པོ་ཁོར་ཡུག་གི་མི་སུ་ལ་ཐུག་ཀྱང་། ལོ་སར་ལ་འཚམས་འདྲི་བྱེད་པ་བཞིན་༼འཁྲུང་སྐར་བདེ་ལེགས༽ཞེས་པའི་ཚིག་འདི་ཁ་ནས་བརྗོད་རོགས། འཕྲིན་ཐུང་དང་ཕྲིན་ཕྲན་སོགས་ལས་ཀྱང་ཚིག་འདིས་ཕན་ཚུན་འཚམས་འདྲི་བྱེད་རོགས།
གཉིས།༽ཁྱེད་ཀྱིས་འཁྲུང་སྐར་གྱི་ཉིན་དེར་ངོ་དེབ་དང་བོད་ཁུག ཕྲིན་ཕྲན་སོགས་ཀྱི་མདུན་ངོས་ཀྱི་སྒེར་གྱི་འདྲ་པར་མཇོག་སར་སངས་རྒྱས་སྐུ་བལྟམས་པའི་པར་རམ། དེ་ལས་གཞན་པའི་ཡིད་དུ་འོང་བའི་སངས་རྒྱས་ཀྱི་སྐུ་བརྙན་མཇོག་རོགས།
གསུམ།༽ཁྱེད་ཀྱིས་ཉིན་དེར་སངས་རྒྱས་ཀྱི་སྐུ་འདྲ་ཞིག་གམ། ཞལ་ཐང་ཞིག་གི་མདུན་དུ་ཁ་བཏགས་ཤིག་གམ་མེ་ཏོག་རྐང་གཅིག་ཅིག་ངེས་པར་དུ་འབུལ་རྒྱུ་གཏན་ནས་མ་བརྗེད།
བཞི།༽ཁྱེད་ཀྱིས་རང་གི་ཆ་རྐྱེན་དང་བསྟུན་ནས་ཉིན་དེར་དགའ་ཉེ་གྲོགས་པོ་དག་དང་མཉམ་དུ་འཁྲུང་སྐར་གྱི་འགྲོན་ཁ་བྱེད་རོགས། འདི་རིགས་ནི་འཁྲུང་སྐར་གལ་ཆེན་དུ་བྱེད་པའི་རྣམ་འགྱུར་གཞན་ཞིག་རེད། ད་དུང་གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་རྒྱུན་ལྡན་འཚོ་བའི་བྱེད་སྒོ་དག་གི་ལམ་ནས་ཀྱང་སངས་རྒྱས་ཀྱི་འཁྲུང་སྐར་དྲན་པ་གནང་རོགས། གལ་ཏེ་ཁྱེད་གྲོགས་པོ་གཅིག་གམ་ཡང་ན་ཁྱེད་ཀྱི་དགའ་རོགས་ལྟ་བུ་ཞིག་དང་མཉམ་དུ་སྟབས་བདེ་བའི་དགུང་ཟས་ཟ་གིན་ཡོད་ན་ཡང་དེ་ཡང་སངས་རྒྱས་ཀྱི་འཁྲུང་སྐར་དུས་དྲན་གྱི་ཆ་ཤས་སུ་བསམ་རོགས།
ཁྱེད་ཀྱིས་དུས་ཐུང་ཉིན་མོ་འདི་དག་གི་ནང་། ནང་མི་དང་གྲོགས་པོ་དགའ་རོགས་བཅས་ལ་ལག་རྟགས་དང་ཤོག་བྱང་སྐུར་རོགས། ཁྱེད་ཉིད་ཟ་ཁང་དང་མགྲོན་ཁང་ཚོང་ཁང་སོགས་ཀྱི་སྦྱིན་བདག་ཅིག་ཡིན་ན་ཁྱེད་ཀྱིས་ཉིན་དེར་ཁང་པའི་སྒོ་ཁྱམས་སུ་འཁྲུང་སྐར་བདེ་ལེགས་ཀྱི་ཤོག་བྱང་སྦྱར་བའི་མེ་ཏོག་གི་ཆུན་པོ་ཁ་བཏགས་ཀྱིས་སྤྲས་དེ་འཇོག་རོགས།
ལྔ།༽དེ་བཞིན་དགོན་པ་དག་གིས་སེར་སྦྲེངས་ཀྱིས་སྟོན་པའི་སྐུ་བརྙན་ཁྱོག་ལ་གདན་དྲངས་ཏེ་གཞི་མདོ་དག་ཏུ་བསྐོར་བསྐྱོད་བྱེད་པ་དང་། མེ་ཏོག་འབུལ་བ། སློབ་གྲྭ་པ་དག་གིས་ཀྱང་སྙན་ངག་དང་རྩོམ་ཡིག་སོགས་ཀྱི་ལམ་ནས་དང་དུས་དྲན་མཚོན་པ་གནང་རོགས། བྱིས་པ་དག་གིས་ཀྱང་བྱེ་རིལ་གྱི་ལག་རྟགས་སྤྲོད་ལེན་གྱི་རྣམ་པ་ཚུན་ཆད་ཀྱིས་སངས་རྒྱས་ཀྱི་འཁྲུང་སྐར་བསྲུང་བརྩི་བྱེད་པ་དང་། ཕ་མ་དག་གི་ཀྱང་ཕྲུ་གུ་ལ་སངས་རྒྱས་འཁྲུང་སྐར་གྱི་རྔན་པ་ཆུང་ཆུང་ཉོས་ནས་ཕྲུ་གུ་དག་ལ་སྤྲོད་རོགས།
དྲུག༽ཁྱེད་ཀྱིས་ཉིན་དེར་ངེས་པར་དུ་དཀར་ཟས་གཙང་མ་ཟ་རྒྱུ་དང་། གཞན་ཡང་དེར་སྐུལ་མ་གནང་རོགས། ཡག་ཤོས་བྱུང་ན་ཡན་ལག་བརྒྱད་པའི་སྙེན་གནས་ཀྱི་གསོ་སྦྱོང་ལ་ཡང་གནས་པར་གྱིས་ཤིག
མཇུག་ཏུ། དགེ་འདུན་པ་དང་ཤེས་ཡོན་པས་དབུས་པའི་ཆོས་ཀྱི་གྲོགས་པོ་རྣམས་ཀྱིས་ངའི་འབོད་སྐུལ་འདི་ཕྱོགས་དང་ཕྱོགས་སུ་བཀྲམ་གནང་རོགས། ཐུགས་རྗེ་ཆེ།
རྫ་ཚེ་རིང་བཀྲ་ཤིས་ཀྱིས། བསྟན་པ་དང་སྟོན་པ་ལ་གཅེས་པའི་བློས་ཐའེ་ཝན་གླིང་ཕྲན་ནས་བོད་རྒྱལ་ལོ་༢༡༤༠ དཔྱིད་ཟླ་ཐ་ཆུང་གི་ཚེས་༢༩ ཞོགས་པ་འཕྲལ་བྲིས་ཏེ་ཕུལ།
ཐུགས་རྗེ་ཆེ། ཁྱེད་དང་ཀླུ་སྨྱོན་གཉིས་ཀྱིས་སྟོན་པའི་འཁྲུངས་སྐར་སྐོར་དྲན་བསྐུལ་ཡག་པོ་གནང་བྱུང་། དེ་ཉིན་རང་གི་དགའ་གྲོགས་མཉམ་དུ་གུང་ཟས་དཀར་པོ་གཅིག་མཉམ་ཟ་བྱ་རྒྱུ་ཡིན།
ཆོས་གྲོགས་ཁྱེད་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།
ཐུགས་རྗེ་ཆེ། ང་ཚོས་ཅིས་ཀྱང་བདག་ཅག་ལ་བཀའ་དྲིན་ཆེས་ཆེར་ལྡན་པའི་༧སྟོན་པའི་འཁྲུངས་སྐར་དེ་ཀུན་ལས་ལྷག་པ་ཞིག་གཏོང་དགོས་གལ་ཆེ། ང་རང་ངོས་ནས་གང་ཐུབ་ཀྱིས་དེ་ལྟར་བྱེད་རྒྱུ་ཡིན་ལགས།
ནང་པ་ཡོངས་གཅིག་གྱུར་ཀྱི་འདོད་པའི་སྟོན་པ་འཁྲུངས་པའི་དུས་ཚིག་ངེས་ཅན་ཞིག་མེད་པར་སྟོན་པའི་འཁྲུང་སྐར་རང་གི་ལུགས་ཀྱི་རྩི་ཚུལ་གཅིག་པོ་ཙམ་བློ་ཡུལ་དུ་བྱས་ཏེ་ནང་པ་ཡོངས་ཟེར་བའི་ཧམ་པ་ཚ་པོའི་སྐད་ཆ་མང་པོ་བཤད་ནས་ཅི་ཕན། འདི་འདྲའི་ནང་པ་ཡོངས་རྫོགས་གཅིག་གྱུར་གྱི་སྲུང་རྩི་ཡེ་ཤུ་སོགས་ལ་ལད་མོ་ཞིག་བྱེད་བསམ་ན་ཐོག་མར་ནང་པ་ཡོངས་རྫོགས་འཁྲུངས་ཚེས་གཅིག་གྱུར་ཞིག་ཇི་ལྟར་ཡོང་མིན་ཀྱི་ཐབས་ཤེས་འགྲོ་གླེང་ཞིག་བྱེད་ཐུབ་ན་དེ་ནས་འགྲོ་གླེང་བྱེད་རྒྱུ་ཡོང་གི་རེད། དེ་མིན་རང་གི་ཕྱོགས་མ་གཏོག་མི་མཐོང་བའི་གླེན་པ་ལུག་འདྲ་པོ་དེ་ཚོ་བཤད་རྒྱུ་མ་མང་ན་འཛེས་
བཀྲ་ཤེས་ལགས་བཀའ་དྲིན་ཆེ་། གུས་པ་ཡང་ཉིན་དེར་དཀར་ཟས་དང་མྱོང་མོང་གང་ཉུང་དང་དགའ་རོག་ལ་དགའ་བ་ལས་འདོད་པ་སྐྱོད་གི་མིན་
སྐྱེ་ས་ནས་མ་སྐྱེསཔར་་་མཆན་ཁུང་ནས་སྐྱེས་པ་དངོས་གནས་གད་མོ་ལངས་ཡ་རེད་མི་འདུག་གམ
སྟོན་པའི་འཁྲུངས་སྐར་བོད་པའི་སྲུང་བརྩི་བྱེད་བཞིན་མེད་པའི་གནས་ཚུལ་འདི་ཁྱི་ལབ་རྒྱུག་མཁན་ཚོས་ཁ་ནས་མ་གཏོགས་གོ་མ་སོང་། བོད་ལ་མཚོན་ན་ཆོལ་ཁ་གསུམ་ལ་རྩིས་སྲོལ་མི་འདྲ་ཡང་བཞི་བའི་བཅོ་ལྔ་སྟེ་དུས་ཆེན་སུམ་འཛོམས་ཞེས་རྒྱ་དམར་གྱི་རིག་གསར་སྐབས་ཀྱང་མཚམས་གཅོད་མ་ཐུབ་པའི་དགེ་སྒྲུབ་གྱི་ཉི་མ་ཞིག་ཡོད། ད་ལྟའི་ཆར་ལས་མེད་ཁག་ཅིག་གིས་ཅི་བྱེད་འདི་བྱེད་མེད་པར་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞེས་ནམ་ལངས་སོང་བ་ལྟ་བུའི་སྐད་ཆ་ཞིག་ཁྱི་ལབ་རྒྱག་གི་འདུག དུས་ཆེན་གསུམ་འཛོམས་ཞེས་པའི་༤པའི་༡༥་ཏེ་ཤེས་སུ་བཅུག་དང་འགྲིག་ཡོད་པ་རེད། གྲོགས་པོ་ཁྱི་རྒན་ཀུ་ཅོ་བསྒྲགས་རྒྱུ་མང་གྲགས་ན་ཡག་པོ་ཡོད་པ་མ་རེད། ས་ག་ཟླ་བ་ཧྲིལ་བོར་ཅི་ཞིག་སྲུང་བརྩི་བྱེད་བཞིན་ཡོད་པ་རེད། བོད་ཕྱི་ནང་གཉིས་ན་དགེ་སྒྲུབ་བྱེད་བཞིན་པ་དེ་མ་མཐོང་དོན་ཅི་ཡིན། ད་དུང་རྒྱུ་མཚན་དྲུག་ཟེར། ཁ་མ་མང་། མ་ནི་བཏོན། དེས་འགྲིག
འདི་ལ་ངས་ཀྱང་མོས་མཐུན་ཆེར་བྱེད་ནུས་མ་སོང་། བསམ་ཚུལ་ཁ་ཤས་ཤིག་རྗེས་སུ་ཞུ་རྒྱུ་ཡིན།
ཁྱེད་རྣམ་པས་སངས་རྒྱས་འཁྲུངས་སྐར་བརྩི་སྲུང་བྱེད་དགོས་ཚུལ་དང་བྱེད་སྟངས་འབོད་སྐུལ་དེ་ཡང་བཀླགས་སྐབས་དོག་འདྲི་ཟེར་ན་བསམ་ཚུལ་ཟེར་ན་འདི་འདྲ་ཞིག་འདུག བོད་མི་དད་ལྡན་ཚོས་སྔོན་ནས་སངས་རྒྱས་ཀྱི་འཁྲུངས་སྐར་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། བོད་མི་དད་ལྡན་ཚོས་བོད་ཟླ་བཞི་པ་ཧྲིལ་པོར་དགེ་སྒྲུབ་སྡིག་སྤང་གིས་དུས་ཆེན་བརྩི་སྲུང་ནན་ཏན་གྱིས་བྱེད་བཞིན་ཡོད་པ་མ་རེད་དམ། མཆོད་སྦྱིན་དང་ཕྱག་སྐོར་སོགས་དགེ་སྒྲུབ་སྡིག་སྤང་གིས་སྒོ་ནས་དུས་ཆེན་བརྩི་སྲུང་བྱེད་ཚུལ་ཐུན་མོང་མིན་པ་དེས་མ་ཆོག་པར་ཡིན་ཅིག་མིན་གཅིག་ཤོག་བྱང་སྐུར་བ་དང་ཤིས་ཚིག་བརྗོད་རེས་བྱེད་དགོས་དོན་གང་ཡིན་ནམ། རང་རེ་ལ་སྔར་མེད་གསར་པ་ཞིག་དགོས་པའི་འབོད་སྐུལ་ཞུ་བ་ལས་ལྡོག་སྟེ་སྔར་ཡོད་ཀྱི་སྲོལ་རྒྱུན་བཟང་པོ་དེ་ཚོ་མི་ཉམས་རྒྱུན་འཛིན་བྱས་ན་དགའ་གི་མ་རེད་དམ།
ཁྱེད་ཚོས་ཆོས་ལུགས་གཞན་ལ་དེ་འདྲ་འདུག་ཟེར་བ་དེ་ཤུགས་ཆེན་པོས་གླེང་གི་འདུག ཡེ་ཤུའི་ཆོས་ལུགས་ལ་ཡོད་པ་དེ་ཁོ་རང་ཚོའི་སྲོལ་རྒྱུན་ཞིག་རེད། ངས་ཀྱང་ལོ་སྔོན་མའི་ནང་ལ་དེ་སྲུང་བརྩི་བྱས་ཤིང་དེ་ལུགས་དགོས་པ་རྒྱུ་མཚན་ཁ་བརྡར་ཡང་བཀོད་ཡོད། སངས་རྒྱས་པའི་དུས་ཆེན་དེ་ལུགས་གཞན་ལ་ལད་ཟློས་དང་འགྲན་བསྡུར་བྱེད་དགོས་པ་ཞིག་རེད་དམ། ལྷག་པར་ཡང་གཉེན་གྲོགས་མགྲོན་འབོད་དང་། སྐྱེས་སྐུར་རེས། སྲིད་གཞུང་གིས་ལས་ཀ་མཚམས་འཇོག་སོགས་ཅང་དགོས་པ་ཞིག་རེད་དམ། འདི་ཚོ་དགེ་བ་ཡིན་དང་སྡིག་པ་ཡིན་ཡང་ཤེས་གི་མི་འདུག གཞུང་འབྲེལ་གུང་སེང་ཟེར་བ་དེའི་སྐོར་ལ་དགའ་རྒྱུ་ཅང་འདུག་གམ། ཆོས་ཚོགས་ཁག་གིས་གནོན་ཤུགས་ལ་བརྟེན་ནས་ཡུལ་ལུང་ཧྲིལ་པོའི་གཞུང་འབྲེལ་ལས་ཀ་མཚམས་འཇོག་བྱེད་དུ་འཇུག་པ་ལས་ལྡོག་སྟེ་དུས་ཆེན་འདི་ལ་དད་ལྡན་ཚང་མས་རང་རང་གི་ལས་འགན་ལ་ཁ་ཞེ་གཉིས་མེད་ཀྱི་འབད་པ་དང་ལས་ཀ་མེད་མཁན་ཚོས་ཁོར་ཡུག་གཙང་བཟོ་དང་སྤྱི་ཚོགས་ཞབས་ཞུའི་གཙོས་ཡུལ་ལུང་ཡར་རྒྱས་ཀྱི་ཆེད་དུ་ལས་ཀ་གླ་མེད་ཆུ་ཚོད་ཁ་ཤས་རེ་བྱེད་པར་འབོད་སྐུལ་ཞུས་ན་སྔར་སྲོལ་དང་མཐུན་ཞིང་ཕན་རླབས་ཆེ་བ་མ་རེད་པས།
སྤྱིར་ན་ལད་མོ་དང་འགྲན་བསྡུར་ཟེར་བ་འདི་རིགས་ཀྱིས་ས་རྒྱ་ཅང་ཆོད་གི་མ་རེད། ལོ་ཤས་སྔོན་ལ་ཚོང་ལས་སྒྲིག་འཛུགས་ཤིག་གིས་སངས་རྒྱས་པའི་སྐུ་གཟུགས་ཀྱི་རི་མོ་ལྷམ་གྱི་སྟེང་དུ་བཀོད་པར་བོད་ཀྱི་གྲྭ་བ་འགས་སྣེ་ཁྲིད་དེ་ངོ་རྒོལ་ཁྲོམ་སྐོར་བྱས། དེ་ལ་ཁོང་ཁྲོ་ལངས་ལུགས་ཀྱི་བསྒྲགས་གཏམ་ཡང་སྤེལ། དེ་ངས་སངས་རྒྱས་པ་རང་གི་གཞུང་དྲངས་ནས་དོག་འདྲི་ཁ་ཤས་ཤིག་བྱས། དེར་ཁོང་ཚོས་ཡེ་ཤུ་དང་ཁ་ཆེ་དང་རྗེའུ་ལུགས་སོགས་དང་དཔེ་སྦྱར་བ་མ་གཏོགས་སངས་རྒྱས་ཀྱི་བཀའ་སློབ་དང་བསྟུན་པའི་ལན་འདེབས་མཁན་མ་བྱུང་། དེ་ངས་ཐབས་སྐྱོ་བོར་མཐོང་།
ཤོག་བྱང་གི་ངོས་ལ་སྐུ་གསུང་ཐུགས་རྟེན་ལྟ་བུ་འཁོད་པ་མང་པོ་ཞིག་བཟོས་ནས་གང་བྱུང་མང་བྱུང་ལ་བསྐུར་བསྡད་ན་ཉིན་དེའི་ཕྱི་དྲོ་གད་སྙིགས་ནང་ལ་གཡུག་རྒྱུ་རེད། དེང་སང་ཆབ་སྲིད་ལྟ་བ་སྤེལ་མཁན། ཚོང་སྤེལ་མཁན། ཆོས་སྤེལ་མཁན་ཚང་མས་རང་རང་གསལ་བསྒྲགས་ཀྱི་ཤོག་སྙིགས་དེ་མང་མ་དྲགས་ན་ཉུང་མ་དྲགས་པ་རེད། ད་ཡང་སྟབས་མ་ཡག་པ་ཞིག་ལ་ཤཀྱཱ་ཐུབ་པའི་སྐྱེས་སྐར་རེད་ཟེར་ནས་་ཤོག་སྙིགས་ཏྲོན་ཁ་ཤས་ཤིག་བཟོས་ཡོང་ན་ཁོར་ཡུག་ལ་གནོད་སྤྱད། ཐོན་ཁུངས་ལ་གནོད་སྤྱད། དངུལ་འཕྲོ་བརླགས། ལས་ཤུགས་ཆུད་ཟོས་རེད། གལ་སྲིད་ཤོག་བྱང་མ་བཟོས་ན་ཤཱཀྱ་ཐུབ་པའི་ཆོས་ལུགས་དང་འགལ་འགྲོ་བ་འདྲ་ཡིན་ན་ཁག་མི་འདུག་མོད་ངེས་པར་དུ་རྒྱུ་ཆ་བསྐྱར་བཟོའི་ཤོག་བུ་བེད་སྤྱད་རྒྱུ་དང་ཤོག་བྱང་དེ་ཚོ་ཡང་བསྐྱར་བཟོ་ལ་བེད་སྤྱོད་གཏོང་དགོས་པའི་འབོད་ཚིག་ཤོག་བྱང་སྟེང་དུ་འགོད་རོགས།
ངའི་ཕ་ཡུལ་དུ་ཡང་བླ་མ་ཞིག་གིས་རྡོ་འགྱུར་བྱེ་འདམ་འདི་བེད་སྤྱད་ནས་མཆོད་རྟེན་མང་པོ་བཟོས། ནང་ལ་ལྕགས་ཀྱི་དྲ་བ་འཇོག་པ་སོགས་ལས་ཀ་ཚད་ལྡན་བྱེད་མ་ནུས། ལོ་ཤས་རྗེས་ནས་སེར་ཀ་དུམ་བུ་དུམ་བུར་འཐོར་མགོ་ཚུགས། དེ་རིགས་ཀྱིས་ཁོར་ཡུག་ལ་གནོད་པའི་གད་སྙིགས་ལུང་པ་གང་ཆགས་ཡོང་གིན་འདུག ངས་དེ་མི་བཟང་ཚུལ་བཤད་པར་ཡུལ་མི་ཚོས་ངས་ཆོས་ལ་རྒོལ་གྱི་འདུག་ཟེར་ཁུལ་བྱེད་ཀྱིན་འདུག
དེ་བཞིན་དུ་སྐྱེས་སྐུར་རེས་དང་། གཉེན་གྲོགས་མགྲོན་འབོད་སོགས་མི་དགོས་གཏོ་བཅོས་ཀྱི་རྒྱས་སྤྲོས་འདི་རིགས་ཀྱང་མང་ཚོགས་ཁྲོད་ན་མང་ཐག་ཆོད་པ་ཡོད་པས་དོན་མེད་ཀྱི་ཁུར་བོ་གསར་པའི་ལམ་སྲོལ་བཏོད་ནས་དགོས་པ་ཅང་འདུག་གམ། ཤཱཀྱ་ཐུབ་པ་ཁོང་རང་བཞིན་དུ་འདོད་པ་ཆུང་ཞིང་ཆོག་ཤེས་པ། དོན་ཉུང་ཞིང་བྱ་བ་ཉུང་བའི་བསླབ་བྱ་ལམ་སྟོན་རེ་གནང་རྒྱུ་མེད་ན་ཡང་སྤྱི་ཚོགས་ཁྲོད་དུ་མི་དགོས་པའི་ལམ་སྲོལ་སྣ་ཚོགས་ཀྱི་ཁུར་བོ་མང་པོ་བཟོས་བསྡད་ནས་ཅི་བྱེད།
མདོར་ན་འཁྲུངས་སྐར་ལ་བདེ་ལེགས་ཞིག་ཞུ་རྒྱུ་དཀའ་ལས་ཁག་པོ་མ་རེད། ཚང་མས་རྒྱབ་སྐྱོར་གནོང་དང་། མགོ་ནས་སྐྱོན་བརྗོད་གཅིག་ལ་བསམ་བློ་མ་གཏོང་རོགས། བོད་པ་ཚང་གི་བསམ་བློ་ལ་ཡར་རྒྱས་ཏོགས་ཙམ་སོང་ན་ཡག་པོ་རེད།
ས་ག་ཟླ་བ་ནང་ལ་ནང་པ་ཚོས་དུས་ཆེན་སྲུང་བརྩི་བྱེད་གསོལ་ཡོད་ཀྱང་། སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞེས་པ་ཞིག་བྱུང་མྱོང་མེད། སྤྱིར་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ནང་ལ་སྟོན་པ་སྐུ་འཁྲུངས་པའི་དུས་ཆེན་ཡང་ཚུད་ཡོད་ཀྱང་། འཁྲུངས་སྐར་ཞེས་པ་ནི་སྐུ་འཁྲུངས་པའི་ཉིན་མོ་དེ་ལས་ཟླ་བ་གཅིག་ཧྲིལ་པོར་འཁྲུངས་སྐར་སྲུང་བརྩི་ཞེས་པ་ཞིག་ཡོང་ཤེས་ཐབས་མེད་པ་རེད། ལྷག་ཏུ་དེང་སང་འཛམ་གླིང་ནང་འཁྲུངས་སྐར་སྲུང་བརྩིའི་ལམ་སྲོལ་ཤུགས་ཆེར་དར་བཞིན་ཡོད་པ་དང་། ཆོས་ལུགས་གཞན་དག་ནས་ཀྱང་སོ་སོའི་སྟོན་པའི་འཁུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་འདུག་ན། སོ་ནམ་མ་ཤེས་རོགས་ཟླ་སྲུངས་ཞེས་པའི་དཔེ་ལྟར་ང་ཚོས་ཀྱང་སྟོན་པའི་འཁྲུངས་སྐར་སྲུང་བརྩི་བྱེད་དགོས་རྒྱུ་གལ་ཆེར་མཐོང་།
བོད་གངས་ཅན་པས་དུས་ཡུན་རིང་པོའི་གོང་ནས་ས་ཀ་ཟླ་བ་ཞེས་སྟོན་པ་མཉམ་ཀྱི་འཛད་ཆེན་གསུམ་འཛོམས་ཞིག་ལ་ངོས་འཛིན་གྱི་སྡིག་སྤོང་དགེ་སྒྲུབ་ཀྱི་ཕྱག་སྲོལ་བཟང་པོ་ཞིག་སྔ་མོ་ནས་ཡོད་ཡོད་པ་རེད་་་་་་་་་དེ་རྒྱུན་འཛིན་ཡག་པོ་ཞིག་བྱས་ན་དེས་མི་ཆོག་པ་ཞིག་གང་ཡོད་དམ་
མི་གཞན་ན་ལ་རྒྱུད་སྐུལ་མང་པོ་བྱེད་ཁུལ་ཙམ་མ་གཏོག་རང་གི་རྒྱུན་སྲོལ་བཟང་པོ་དེ་ཙམ་ཡང་ཉམས་ལེན་བྱེད་གི་ཡོད་མེད་ཅི་ཤེས་
ཀླུ་སྨྱོན་ཟེར་བ་དང་རྫ་ཚེ་ཟེར་བའི་ཡོངས་གྲགས་ཀྱི་མི་རྩ་མེད་དེ་ཚོ་ལྟོ་ནི་མིས་སྤྲད་སྡད་ས་ཡང་མིས་སྤྲས་་་་་་རང་གི་ལས་རྒྱུ་སྐྱག་པ་གཏང་ཡག་དང་གཉིད་ཉལ་རྒྱུ་དེ་ཙམ་མ་གཏོག་མེད་དུས་ཀུན་སློང་གཉེན་བསྐུར་སྙན་གྲགས་སོགས་ཁོ་ནས་ཀུན་ནས་སླངས་ཏེ་བསྟན་པ་ལ་ཤ་ཞེན་ཡོད་ཁུལ་གསར་གཏོད་ཡིན་ཁུལ་གྱི་གཞན་ལ་ལད་མོ་འདྲ་བྱས་ཏེ་སྨྱོ་གཏམ་དེ་འདྲ་ག་དུས་ཡིན་ཡང་དྲ་ལམ་ཁག་ལ་ཤོད་བཞིན་པ་རེད་དེ་འདྲ་ཞིག་མ་བྱས་ན་ཡང་ཁོང་ཚོའི་བཀོར་ཟས་ཀྱི་ཡོང་ཁུང་ཆད་འགྲོ་གི་ཡོད་རེད་
མི་དེ་ཚོས་གང་བྱུང་བཤད་པ་ལ་སྔར་ཡང་བདག་པོ་རྒྱག་ཁན་ཞིག་བྱུང་ཡོད་མ་རེད་ལ་མ་འོང་པ་ལ་ཡང་བདག་པོ་རྒྱག་ཁན་ཞིག་ནམ་ཡང་ཡོང་མི་སྲིད་
ཀླུ་སྨྱོན་ཀྱི་ཨ་རི་དང་རྫ་ཚེ་ཟེར་བ་ཐ་ཝེན་ལུང་པར་སྨྱོན་པ་རྩ་མེད་ཞིག་ང་མིན་ན་སུ་ཡིན་ཟེར་བ་འདྲ་བོ་བྱས་ནས་གཞན་མགོ་སྐོར་ནས་བསྡད་ཡོད་པ་ཡོངས་གྲགས་རེད་
སྟོན་པའི་འཁྲུངས་སྐར་ས་ཟླའི་ཚེས་བདུན་ལ་བྱེད་པ་ཁུངས་ཅི་ཡོད་དམ་གསུང་རོགས་གནང་། རང་རེས་བོད་པས་དུས་ཆེན་གསུམ་འཛོམས་ཏེ་ས་ཟླའི་ཚེས་བཅོ་ལྔ་ལ་སྐུ་བལྟམས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པ་བརྩི་སྲོལ་ཡོད་པ་ཡོངས་གྲགས་རེད།
༸སྟོན་པའི་འཁྲུངས་སྐར་ས་གའི་ཚེས་བཅོ་ལྔ་རང་ལ་སྲུང་བརྩི་བྱས་ན་ཕན་ཡོན་ཆེ་བར་སེམས།