རྒྱང་མིག
——-ཨ་མའི་ཉིན་མོ་ལ།
བསམ་བློའི་ནར་མ་སོན་པའི་སྔོན་ཆད
ཁོར་ཡུག་གི་དབང་གིས་ཡིན་ནམ
ཆོས་ལུགས་ཀྱི་ཤུགས་རྐྱེན་ཞིག་གིས་ཡིན་ནམ
གང་ལྟར དྲིན་ཆེན་སྐྱེད་མས་བསྐྲུན་པའི་ང་ཡིས
སྐྱེད་མའི་དུས་ཆེན་ལ་བསམ་གཞིགས་བྱས་མ་མྱོང་ཞིང་
སྐྱེད་མའི་ཉིན་མོ་ཞིག་ཡོད་པའང་དུས་ཡུན་རིང་པོར་མ་ཤེས
མཐའ་མེད་ནམ་མཁའ་ཡི་འོག་ན
ས་གཞི་ཆེན་པོ་འདིའི་སྒང་ན
རང་ཉིད་ལ་དོན་དངོས་ཀྱི་དྲིན་ཆེན་ཞིག་ཡོད་པ་ནི
རང་ཉིད་འཇིག་རྟེན་འདིར་བསྐྲུན་པའི་ཨ་མ་ཁོ་ན་རེད
ཨ་མ་ཁོ་ན་ལས སུས་ཀྱང་ཡོད་ཚད་རང་ཉིད་ལ་སྦྱིན་མེད་ཅིང་
ཨ་མ་ཁོ་ན་ལས སུས་ཀྱང་རང་ཉིད་བརྩེ་དྲོད་ཀྱིས་བསྐྱངས་མེད
ཅི་ཡང་མི་ཕོད་ཅིང་ ཅི་ཡང་མི་ནུས་པའི་ང་ཚོའི་བྱིས་དུས་ནི
ཨ་མའི་ལྷད་མེད་ཀྱི་བྱམས་བརྩེ་དྲོན་མོ་ལ་ཇི་འདྲའི་འབྲེལ་ཆེ་ཨང་
དེ་ཕྱིར ཨ་མ་ནི་དཀོན་མཆོག་ལས་ལྷག་པའི་ལྷ་མཆོག་དངོས་ཡིན་ལ
ཨ་མ་ལས་ལྷག་པའི་དྲིན་ཆེན་གཞན་ཞིག་གཏན་ནས་མེད
ཨ་མའི་བདེ་སྡུག་དང་དགའ་སྐྱོ་ནི་ང་ཚོར་སྦྲེལ་ནས་ཡོད་ཅིང་
ཨ་མའི་གངས་དཀར་སེམས་པ་དེ་ནམ་ཡང་ང་ཚོར་འཁོར་ནས་ཡོད
སྐྱེད་མའི་དྲིན་ལན་ཇི་བཞིན་འཇལ་མ་ཐུབ་ཀྱང་
སྐྱེད་མའི་བཀའ་དྲིན་གྱི་ཆ་ཙམ་ངོས་ཟིན་པའི་ཚོར་ཤེས་འདི
ང་ཡི་ཨ་མས་གཙོས་པའི་འཇིག་རྟེན་གྱི་སྐྱེད་མ་ཡོངས་ལ
ལེགས་སྐྱེས་མཚོན་བྱེད་ཀྱི་མེ་ཏོག་ཆུན་པོ་ཞིག་གི་ཚབ་ཏུ་ཕུལ
༢༠༡༣ ། ༥ ། ༡༢
བོད་ལུགས་ལ་ཨ་མའི་ཉིན་མོ་ཟེར་བ་ཡོད་དམ། ཕྱི་ལུགས་ལ་ཨ་མའི་ཉིན་མོ། ཨ་ཕའི་ཉིན་མོ། དགའ་རོགས་ཀྱི་ཉིན་མོ་ཟེར་བ་སོགས་མང་བོ་འདུག །
མི་རྐྱང་ངས་ཀྱང་ཁྱེད་ཀྱི་རྗེས་སུ་འབྲངས་ནས་མ་ཡུམ་དུས་ཆེན་ལ། འཇིག་རྟེན་སྟེང་གི་རླབས་ཆེན་གྱི་མ་ཡུམ་ཡོངས་རྫོགས་ལ་འཚམས་འདྲི་ཞུས་པ་ཡིན།
ཚེ་འདིའི་གཙོས་པའི་ཚེ་ཚེ་རབས་རབས་སུ་དྲིན་གྱིས་སྐྱོང་བས་མ་རྒན་རྣམས་གཏན་བདེའི་གོ་འཕང་ཤོག་