“བཀའ་ཤག་”ཅེས་པའི་ཐ་སྙད་ཀྱི་བསྡུས་དོན།
_________”བཀའ་ཤག་”ཅེས་པའི་ཐ་སྙད་ཀྱི་འབྱུང་ལ་རགས་ཙམ་དཔྱད་པ།
གཅན་བཟོད་རྒྱམ།
བོད་གཞུང་གི་སྲིད་སྐྱོང་དབང་ཆ་ཆ་ཚང་ཡོད་པའི་ལས་ཁུངས་མཐོ་ ཤོས་དེ་ཡིན་ཅིང༌། དེར་སྲིད་འབྱོར་རིག་གསུམ་དམག་དོན་དང་བཅས་པའི་འགན་དབང་ཆ་ཚང་བ་ཡོད་པ་ཡིན། འོན་ཀྱང་དེང་གི་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀའ་བློན་ལྷན་རྒྱས་བཞི་ལས་ གྲུབ་པའི་བཀའ་ཤག་ལྟ་བུ་ལ་ཟེར་བ་འདྲ།
བཀའ་ ཤག་ཅེས་པའི་ཐ་སྙད་འདི་དེ་སྔ་བདག་གིས་མཐོང་བའི་བོད་ཀྱི་ཡིག་ཆ་སྔ་ཤོས་ནི་རྡོ་ རིང་པཎྜི་ཏའི་རྣམ་ཐར་༼དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་ལ་བརྩམས།༽ཡིན་ནམ་སྙམ་ ཞིང༌། རྡོ་རིང་པཎྜི་ཏའི་རྣམ་ཐར། ༼༡༩༨༧ལོ་སི་ཀྲོན་མི་རིགས་དཔེ་སྐྲུན་ཁང༌།༽དེའི་གྲངས་༦༤ལས། “བཀའ་ ཤག་དྲུང་ཡིག་གཞིས་བརྩེ་བཀྲས་མཐོང་པ་དང༌། ལྷ་ས་རག་ཁ་ཚ་ཚུལ་བ། བཀའ་མགྲོན་མཉེས་ཐང་བདེ་སྐྱིང་གླིང་པ། བཀའ་ཤག་འགག་པ་བསམ་ཡས་ལྷ་ཁང་པ་བཅས་སྐྱབས་མགོན་སྲིད་ཞིའི་གཙུག་རྒྱན་རྒྱལ་ མཆོག་སྐལ་བཟང་རྒྱ་མཚོས་དབྱིངས་བཅད་ཀྱིས་གསར་བསྐོས་མཛད་དེ།”ཞེས་བཀའ་དྲུང་ རྣམ་པ་ཇི་ལྟར་བསྐོ་བཞག་གནང་སྐོར་འཁོད་པ་དེ་ཡིན་ཞིང༌། དེའི་སྔོན་གྱི་ཡིག་ཆ་འགར་བཀའ་བློན་ཤག་ཟེར་བ་ལས་བཀའ་ཤག་ཟེར་བའི་ཐ་སྙད་འདི་ མི་སྣང་ངོ༌།།
སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་ལས། “བཀའ་ བློན་ཤག་གི་ལས་ཚན་པས་གཞུང་ལས་འགང་ཆེན་རྣམས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་ པོའི་བསྟན་སྲིད་ཀྱི་ཞབས་འདེགས་དང༌།” ཞེས་པ་འདི་བོད་གྱི་ཡིག་ཐོག་ཏུ་སླེབས་པའི་བཀའ་བློན་ཤག་ཟེར་བ་ཐོག་མ་དེ་ཡིན་ ཞིང༌། བཀའ་བློན་ལྷན་རྒྱས་ཚོགས་སའི་ཁང་པ་༼བཀའ་ཤག་འཚོགས་ཡུལ༽ཞིག་སྡེ་སྲིད་སངས་རྒྱས་ རྒྱ་མཚོའི་སྐབས་ནས་ལྷ་ས་གཙུག་ལག་ཁང་གི་གཞུང་སྒོའི་ཡང་སྟེང་གི་ཚོམས་ཆེན་ཁམས་ གསུམ་ནང་མཉམ་ཚོགས་བྱེད་ཀྱི་ཡོད་ཀྱང༌། ༡༧༢༡ལོར་དའི་ཆང་བཱ་ཐུར་བསོད་ནམས་རྒྱལ་པོ་དང་རྡོ་རྗེ་རྒྱལ་པོ། བཀྲ་ཤིས་རྒྱལ་པོ་གསུམ་བཀའ་བློན་དང༌། ༡༧༢༤ལོར་སླར་ཡང་བཀའ་བློན་གསར་པ་སྐབས་དེའི་རྩིས་དཔོན་ཕོ་ལྷ་བསོད་ནམས་སྟོབས་ རྒྱས་དང༌། སྦྱར་ར་བ་བློ་གྲོས་རྒྱལ་པོ་གཉིས་བཀའ་བློན་ལ་བསྐོས་རྗེས་སུ་རིམ་པས་ལས་དོན་ བྱེད་ཕྱོགས་སྐོར་ལ་བཀའ་བློན་རྣམས་མི་མཐུན་པ་ཆེ་རུ་སོང་བར་བརྟེན། གོང་ས༧བདུན་པ་མཆོག་གིས་བཀའ་བློན་ཚོར་པའི་སེ་ཁང་ཆེན་པས་བཀའ་བློན་གཙོ་བོ་དང༌། བཀའ་བློན་གཞན་གྱིས་རོགས་རམ་བྱས་ཏེ་ལས་དོན་སྒྲུབ་དགོས་པའི་བཀའ་གནང༌། དེ་དང་ཆབས་ཅིག་བཀའ་བློན་གྱི་ཐམ་ཀ་ནག་པོ་གྲུ་བཞི་གླེང་དྲུག་མ་འཁོར་ཡུག་ཡོད་ པའི་ཁ་རིས་སུ་བྱབྱཔའི་སེ་ཁང་ཆེན་པས་གཙོ་བོ་དང་པའི་སེ་ང་ཕོད་པས་རོགས་རམ་ སོགས་ཕྱིང་སང་རྣམས་ཀྱི་ཐམ་ཀ་རྒྱ་ལཞེས་འཁོད་པ་གནང་སྟེ་བཀའ་བློན་རྣམས་ལྷ་ས་ གཙུག་ལག་ཁང་གི་གཟིམ་ཆུང་ཁམས་གསུམ༼གཞུང་སྒོའི་སྟེང་དུ་ཡོད་པ་དེ་ཡིན༽ལས་ཁུངས་ ཚུགས་པའི་སྲོལ་བཏོད། འོན་ཀྱང་སྐབས་དེར་བཀའ་ཤག་མི་ཟེར་ལ། མགྲོན་གཉེར་དང་དྲུང་ཡིག་སོགས་ཀྱང་མེད།
རབ་ བྱུང་བཅུ་གསུམ་པའི་ལྕགས་ལུག་༼སྤྱི་ལོ༡༧༥༡༽ལོར་གོང་ས༧བདུན་པ་ཏཱ་ལའི་བླ་མ་ སྐལ་བཟང་རྒྱ་མཚོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་རྗེས། ཞབས་ཞུར་བཀའ་བློན་བཞི་བསྐོ་བཞག་བྱས་ཤིང་བཀའ་ཤག་ཐོག་མར་བཙུགས་ཏེ་བཀའ་བློན་ གྱི་གཙོ་བོ་དགའ་བཞི་༼རྡོ་རིང༽གུང་པཎྜི་ཏ་དང་ཕྱག་རོགས་ལྟ་བུར་ཛ་སག་མདོ་ཁར་བ་ ༼རག་ཁ་ཤག༽ཞབས་དྲུང་ཚེ་རིང་དབང་རྒྱལ། ཛ་སག་ཐོན་པ་༼བླ་བྲང་རྙིང་པ༽སྲིད་གཅོད་ཚེ་བརྟན། སེར་མོ་བ་མགྲོན་གཉེར་དར་ཧན་ཉི་མ་རྒྱལ་མཚན་༼འབྲོང་རྩེ་བ༽བཅས་ལ་བསྐོ་བཞག་དང༌། བཀའ་བློན་རྣམས་ལ་ཆེ་བའི་རྟགས་སུ་བཀའ་ཤག་དྲུང་ཡིག་གཞིས་རྩེ་བཀྲས་མཐོང་དང་ལྷ་ ས་ཚ་ཚུལ་བ། མལ་གྲོ་ཁྲོན་པ་རྒྱ་བ། བཀའ་མགྲོན་མཉེས་ཐང་བདེ་སྐྱིད་གླིང་པ། བཀའ་བློན་སོ་སོར་འགག་པ་བསམ་ཡས་ལྷ་ཁང་པ་སོགས་ལ་བསྐོ་བཞག་སྩལ་ཏེ། ལྕགས་ལུག་༡༧༥༡ལོའི་ཟླ་༢པོའི་ཚེས་༡ཉིན་བཀའ་བློན་རྣམས་ཀྱིས་གསར་མཇལ་ཞུས། བཀའ་ཤག་དམ་ཕྲུག་ཁ་རིས་སུ་༼སྲིད་ཞིའི་བདེ་སྐྱིད༽འཁོད་པ་གོང་ས༧བདུན་པ་མཆོག་ གིས་ཐུགས་སྨོན་མཚམས་སྦྱོར་དང་བཅས་བཀའ་བློན་ཐུན་མོང་གི་ཕྱག་ཏུ་གསོལ་རས་སྩལ་ ཏེ། “བཀའ་བློན་ལས་འཁུར་འདི་བཞིན་དོན་དུ་སྲིད་སྐྱོང་གི་གནས་དང་ཁྱད་པར་མེད་གཤིས་”ཞེས་སོགས་ཀྱི་བཀའ་སློབ་ཀྱང་སྩལ།
དེ་ནས་བཟུང་བཀའ་ཤག་གིས་བོད་ཀྱི་ཕྱི་ནང་གང་ཅིར་ཁྱབ་འདོམས་ བསྐུལ་བྱུས་མཛད་དེ་མི་ལོ་སུམ་བརྒྱ་ལྷག་གི་རིང་བོད་གཞུང་དགའ་ལྡན་ཕོ་བྲང་བའི་ ཆབ་སྲིད་ཀྱི་ཀ་བ་ལྟ་བུར་གྱུར།
བཀའ་ཤག་ལ་བཀའ་ཤག་སྟེང་དང་བཀའ་ཤག་ཤོད་གཉིས་ཡོད་པའི་བཀའ་ཤག་སྟེང་ནི། བཀའ་བློན་བཞི་དང་བཀའ་དྲུང་གཉིས། མགྲོན་གཉེར་གསུམ་བཅས་ཀྱི་ལས་ཀ་ཚོགས་ཡུལ་དེ་ཡིན།
བཀའ་ཤག་ཤོད་ནི་ཤོད་སྐོར་རིམ་པ་བདུན་པའི་ལས་ཚན་པ་དྲུང་ཡིག་ ཆུང་བ་གསུམ་ཡོད་པ་ཁོང་ཚོའི་ལས་འགན་ནི། རྟ་ཁལ་ལམ་ཡིག་ཐོང་འཛིན་སྒྱུར་རྒྱུ་དང༌། རྫོང་གཞིས་ཁག་གི་གཞུང་གཏོགས་དགོན་སྡེ་རྣམས་ལ་ཉི་ལྡོག་ཞབས་བརྟན་སྒྲུབ་ རྒྱུའི་དཔྱད་ཁྲ། དགྱེས་སྟོན་ཁག་གི་སྡེར་གཞུང༌། ཆིབས་རགས་གྲལ་ ཐོ། མཆོད་འབུལ་ལག་དེབ། རྫོང་གཞིས་འཕོ་ལེན་གྱི་སྤྲོད་རྒྱ་དང་ལམ་ཡིག་ཁག་བཀའ་ཤག་བརྒྱུད་རྩེ་ཤོད་དུ་ སྙན་ཁུར་གཏོང་རྒྱུའི་ལས་དོན་བྱེད་པ་སོགས་ཞིབ་ཏུ་དུང་དཀར་ཚིག་མཛོད་ལས་ཤེས་ པར་བྱའོ།།
སྲིད་ལུགས་འགྱུར་བ་དང་མཉམ་དུ་བོད་གཞུང་བཀའ་ཤག་གི་གོ་དོན་ཡང་འགྱུར་མེད་འགྲོ་དྲན། སྔ་མོའི་བཀའ་དེ་རྒྱལ་བོའི་བཀའ་རེད། ད་ལྟའི་བཀའ་དེ་མི་མང་གི་བཀའ་རེད། གོ་བ་ལེན་སྟངས་བསྒྱུར་བ་ཙམ་གྱིས་རྩོད་གཞི་མེད་པ་ཆགས་འགྲོ་གི་རེད་སྙམ། མི་མང་གི་བཀའ་དང་རྒྱལ་བོའི་བཀའ་ཞེས་གཉིས་སུ་དབྱེ་ནས། སྔ་མོའི་བཀའ་ཤག་གིས་རྒྱལ་བོའི་བཀའ་བརྩི་དགོས་པ་དང་། ད་ལྟའི་བཀའ་ཤག་གིས་མི་མང་གི་བཀའ་བརྩི་དགོས་པ་མ་རེད་དམ།
དྲ་གྲོགས་ཚོ། སྟག་སྨྱོན་གྱིས་ཨ་རིག་དགེ་མཐོང་གི་ཟིན་བྲིས་ནང་དུ་ཟམ་གདོང་རིན་པོ་ཆེ་ལས་ཁོ་རང་བཟང་ཚུལ་སོགས་ཀྱི་མཆན་བུ་བཏབས་པ་རྣམས་གཤམས་གསལ། ད་དུང་ཟིན་བྲིས་གཞན་གྱི་ནང་དུ་ཡང་མི་འདིས་ཅི་ཞིག་བྲིས་ཡོད་པ་ལ་བལྟ་རྒྱུ་ཡོད་ངེས་རེད་འདུག་ཀྱང་། ཞིབ་ཀློག་བྱེད་ཐུབ་མ་སོང་།
སྟག་སྨྱོན།
༢༠༠༩/༡༠/༠༡ ཉིན་འདོན་སྤེལ་བྱས།
ཟམ་སྟོང་མཁས་པ་མ་རེད་ལ། རྩོམ་པ་པོ་ཞིག་ཀྱང་མ་རེད། ཁ་བདེ་བོ་ཞིག་ཡོད་པ་མ་གཏོགས་ཐ་ན་ཤེས་ཡོན་པ་ཡག་པོ་ཞིག་ཀྱང་མ་རེད། འོན་ཀྱང་བོད་པ་ཚང་གི་མིག་ལ་རྨོངས་དད་ཀྱི་མིག་ཤེལ་ཞིག་གྱོན་གྱོན་ལ་ཡོད་པས་སུས་ལོག་ལྟ་བྱས་ན་དེ་དམྱལ་བ་ལ་སྐྱེ་རྒྱུ་མ་གཏོགས་ཅི་ཡོད། ངོ་ནས་བཤད་ན་ཟམ་གདོང་ལ་ང་ཚོའི་ཕྱི་ཚོགས་ནང་གི་རྩོམ་པ་པོ་ཆེས་ཐབས་རྡུག་དོལ་ཤུལ་རྒྱ་མཚོ་དང་། ཧོར་གཙང་ལེགས་བཤད། ཀཿབྲག་དངོས་གྲུབ་ལྟ་བུའི་རིན་ཐང་ཡང་མི་འདུག ཡིད་མི་ཆེས་ན་ཟམ་སྟོང་གི་རྩོམ་ཡིག་འདི་ཡིན་ཟེར་བ་ཞིག་ཁྱེར་ཤོག་དང་།
སྟག་སྨྱོན།
༢༠༠༩/༡༠/༠༢ ཉིན་འདོན་སྤེལ་བྱས།
ཨ་རིག་གླེན་རྒན་ནི་ངོ་ནས་གླེན་རྒན་ཞིག་རེད། བོད་གཞུང་ལ་ངས་ཁ་བཏང་མ་བཏང་དེ་གལ་ཆེན་པོ་མ་རེད། གཙོ་བོར་འདི་ལོར་ར་རྫི་ལུག་རྫི་ལྟ་བུའི་སྤྱི་འཐུས་ཁྱི་རྒན་དེ་ཚོས་ཞབས་འདྲེན་ཅི་ཞུས་འཛམ་གླིང་གིས་ཧ་གོ་ཚར་བ་རེད། དེ་ནས་ཟམ་སྟོང་རེད། ཁོ་མཁས་པ་མ་རེད། ཁོས་བཀའ་ཤག་གི་འགན་ལེན་དུས་བཀའ་ཤག་ལ་ཐོག་བརྒྱབ་པ་དེས་ཅི་ཞིག་མཚོན་གྱི་རེད། ངོ་ནས་བཤད་ན་ཁོས་སཾཀྲིཏ་འདྲ་ཤེས་ཀྱི་ཡོད་ན་གང་ཤེས་མ་གཏོགས། གཞན་ཟམ་གདོང་དང་ངེད་གཉིས་ནང་གི་ང་མཁས་སྣང་མི་ཤར་གི་ན་དཀོན་མཆོག་གསུམ། ཁྱོའི་རྣ་བ་ལ་ཨེ་འགྲོ་གི ཡིན་ན་ཡང་ང་བཀའ་ཁྲི་ལ་མ་སླེབས་པ་དེ་བླ་སྤྲུལ་མིན་པའི་རྐྱེན་གྱིས་རེད་ཡ། བླ་སྤྲུལ་འདི་ཚོ་གཡོ་འཁྲབ་ལ་མཁས་པ་དང་། བོད་མིའི་མིག་ལ་རྨོང་དད་ཀྱི་མིག་ཤེལ་གོན་ཡོད་པ་གཉིས་ཀ་ཐོ་ཐུག་སོང་ནི་རེད། ཤུ་རེ་ཀོ བོད་པ་ཚང་འདི་ག་དུས་རྨོངས་གཉིད་ལས་སད་རྒྱུ་ཡིན་ནམ།
སྟག་སྨྱོན།
༢༠༠༩/༡༠/༠༣ ཉིན་འདོན་སྤེལ་བྱས།
ཨ་དགེ་དང་ཟ་ལེ་རྒྱལ་གཉིས་ལགས།
གོང་དུ་སྟག་སྨྱོན་ཟེར་བ་ཞིག་གིས་མཆན་མང་པོ་བཏབས་འདུག་པ་དེ་ང་མིན། ངས་ཉེ་སྔོན་མཆན་བུ་ཁ་ཤས་འདེབས་ཉེས་ཤིག་གིས་དྲ་གྲོགས་མང་པོ་ཞིག་གི་སེམས་ལ་ཕོག་འདུག གྲི་མདུང་ལྟ་བུའི་ཚིག་མཚོན་མང་པོ་བརྒྱབ་པས་སེམས་ལ་རྨ་ཁ་ཡང་གྲངས་མེད་བཟོས་སོང་། ཁྱད་པར་བསམ་གཏན་ཟེར་བ་ཞིག་གིས་ཨུ་ཚུགས་མཐའ་སྐྱེལ་གྱིས་ཚིག་ངན་འབྲི་རྒྱུ་ད་དུང་མཚམས་བཞག་མི་འདུག ངས་ཞིབ་འཇུག་ཅིག་བྱས་པ་ཡིན། བསམ་གཏན་ཟེར་བ་དེ་ངའི་གྲོགས་པོ་ནང་མ་ཞིག་རེད་འདུག་པར་མ་ཟད། ངེད་གཉིས་ལ་དངུལ་ཡོད་དུས་རྡི་ལིའི་གཞང་ཁང་ཡན་ཆད་འགྲིམ་རོགས་དང་། དངུལ་མེད་དུས་རྒྱ་གར་ཚོང་ཁང་ཁག་ནས་སྣུམ་ནག་དང་། ཡི་ཚི་ཚུན་ཆད་བརྐུས་པའི་རྐུན་གྲོགས་ཀྱང་བྱེད་མྱོང་བ་ཞིག་ཡིན། འོན་ཀྱང་ཁོས་མིང་རྫུན་མའི་ཐོག་ནས་ཁྲེལ་མེད་འདི་འདྲ་བྱས་པས་ང་ངོ་གནས་བློ་ཕམ་ཆེན་པོ་བྱུང་། གྲོགས་པོས་ཁྲེལ་མེད་བྱས་པས་མིག་མཐར་མཆི་མ་འཁོར། དེར་བརྟེན་ངས་གྲོགས་པོ་ཁོང་གི་རེ་བ་འགྲུབ་ཆེད་དེང་སང་དྲ་ཐོག་ཏུ་ཡོང་གི་མེད་ལ། མ་འོངས་པར་ཡང་མི་ཡོང་རྒྱུར་འབད་པ་བྱེད་ཀྱི་ཡོད། དེས་ན་ད་ནས་བཟུང་མཆན་བུ་གཅིག་ཀྱང་འདེབས་རྒྱུ་མིན་པས་ཁྱེད་རྣམས་མགོ་མ་འཁོར་རོགས། ད་དུང་སྟག་སྨྱོན་རྫུན་མས་མཆན་ཅི་བཏབས་རུང་ང་ལ་འགན་ཁུར་ཅི་ཡང་མེད། ངས་ཟིན་བྲིས་རེ་རེ་བཞིན་ཀློག་ཁོམ་མ་བྱུང་ཡང་། ཟིན་བྲིས་གཞན་གྱི་ནང་དུ་ཡང་མཆན་འདི་འདྲ་འདེབས་ཀྱི་ཡོད་སྲིད། འོན་ཀྱང་ང་ལ་འགན་ཁུར་ཅི་ཡང་མེད་པ་གོང་དུ་ཞུས་ཟིན། དེ་དོན་ཐུགས་ལ་འཛིན་རོགས་ཞུ།
བསམ་མེད་བསམ་གཏན་དང་སྙིང་མེད་སྟག་སྨྱོན་ཁྱོད་གཉིས་ངུ་ཐག་ད་དུང་མ་ཆོད་ནི་ཨེ་རེད་་་་་་་་་་་་་་་་སྙིང་རྗེ་་་་་་་་་་་་་་་་་་་་་་་་
ངོ་མ་དང་། རྫུན་མ་གང་ཡིན་རུང་། སྟག་སྨྱོན་ཟེར་བ་འདིའི་མཆན་དང་ཟིན་བྲིས་ཞིག་ཡིན་ན། དགག་བཞག་གི་གནས་དེར་ཐད་ཀར་མདུང་བཙུགས་བྱེད་རྒྱུ་ཐལ་དྲགས་པས། ལ་ལས་ཁོ་ལ་མ་འདོད་པའི་ཚིག་གི་འུར་རྡོ་རྒྱང་འཕེན་བྱེད་ཀྱི་ཡོད། ཡིན་ན་ཡང་། སྣ་བརྒྱ་མེ་ཏོག་འཛོམས་པའི་ཡིད་འོང་གི་ཁ་བརྡ་ལྡུམ་རྭ་འདི་རུ་སྟག་སྨྱོན་ཁོ་རྟ་རྒྱུགས་ཐེངས་རེ་བྱེད་དུས་ཁོར་ཡུག་གི་བྱ་ཚོགས་རྣམས་དབང་མེད་དུ་སྐད་སྙན་མི་སྒྲོག་ཀ་མེད་དུ་གྱུར་བ་དང་། དུས་མཚུངས་ཁ་བརྡ་སྐྱེད་ཚལ་འདིའང་རྒྱུན་ལྡན་མ་ཡིན་པའི་ངག་གི་གླིང་ག་ཞིག་དུ་གྱུར་འགྲོ་བར་འདུག
རེད་རེད། སྟག་སྨྱོན་གྱིས་ཟམ་གདོང་རིན་པོ་ཆེ་ལས་ཁོ་མཁས་སྙམ་པ་དེ་ཡང་། གླེན་པའི་དྲན་ཚུལ་ཅིག་ཡིན་ནི་རེད། ཟམ་གདོང་རིན་པོ་ཆེ་ལ་རྩོམ་ཡིག་མི་གང་ཡང་མི་འདུག་ཟེར་ན་དེ་རང་གི་གློག་མ་ཐུབ་པའི་སྐྱོན་རེད། མི་ཁ་ཤས་ཅིག་ལ་སྐྱོན་འདི་འདྲ་ཅིག་ཡོད། དཔེ་དེབ་དེ་གནའ་རབས་ཀྱི་ལུགས་སྲོལ་ལྟར་ཡོད་ན་ཀློག་གི་མ་རེད། དེང་རབས་ཀྱི་ལུགས་སྲོལ་ལྟར་མདུན་ངོས་སུ་ཚོན་ཁྲ་ཟ་ང་ཟིང་ངེ་ཅིག་ཡོད་ན་གློག་གི་རེད། དེ་ནས་ཟབ་གདོང་རིན་པོ་ཆེས་བསྐྱེད་བསྲིངས་བྱས་པའི་སློབ་ཕྲུག་ག་ཚོད་ཀྱིས་བོད་མི་དམངས་ལ་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད། སྟག་སྨྱོན་གྱི་དགེ་ཕྲུག་ག་ཚོད་ཀྱིས་བོད་གཞུང་ལ་ཞབས་ཞུ་ཞུ་གི་ཡོད་པ་རེད། དེ་འདྲའི་ཐོག་ནས་བསྡུར་དང་། ང་རྒྱལ་ཉུང་རུ་འགྲོ་གི་རེད། ད་དུང་ཁོང་གི་བསྒྱུར་རྩོམ་༼གླུ་ཐལ་སྦྱར་མ༽འམ་༼གླུ་ཡི་སྙིམ་པ༽ དེ་ཚོ་ཀློག་དང་། སྙན་ངག་ཁོ་རང་གི་སྒང་ནས་རང་གི་ང་རྒྱལ་ཆགས་འགྲོ་གི་རེད། ཆོས་དང་། དེ་མིན་ཤེས་བྱ་གཞན་དག་ཕར་བཞག་ཞོག འདི་ནི་ཤ་ཚ་བའི་གཏམ་ཡིན་མ་གཏོགས། གོང་གི་མཆན་དག་ལས་ཁྱོད་རང་གིས་བོད་འབངས་ཡོད་དོ་ཅོག་ནི་རྨོང་དད་པ་དང་། ཟམ་གདོང་རིན་པོ་ཆེ་ནི་གླེན་པ་འདྲ་བོ་ཅིག་བཟོས་པའི་ཤུལ་ཏུ་ལྷག་པའི་མཁས་པ་ཅིག་ཡོད་པ་ནི་ཁྱེད་རང་གཅིག་བུ་ཡིན་ན་ཡང་། རང་གི་འཁོར་ཡུག་ན་རང་ལ་ཡིད་ཆེས་བྱེད་མཁན་ག་ཚོད་འདུག དེ་ལ་ཡང་གྲངས་ཀ་ཅིག་རྒྱོབས་དང་། རང་གི་གཞི་མེད་ཀྱི་ང་རྒྱལ་ཞི་བ་ལ་ཕན་གྱི་རེད།
ཡིན་ན་ཡང་ཆབ་སྲིད་ཀྱི་ལྟ་བའི་ཐོག་ཏུ་བགྲོ་གླེང་བྱས་ན་དེ་ནི་དགའ་བསུ་བྱེད་འོས་པ་ཅིག་རེད། འབྲེལ་བ་ཡོད་པ་ཅིག་རེད། ཟམ་གདོང་རིན་པོ་ཆེ་ནི་དེང་སང་གི་བཀའ་བློན་ཁྲི་བ་རེད། ཆབ་སྲིད་ཀྱི་ཐོག་ལ་བཀའ་མོལ་བྱས་ན་དེ་ནི་འོས་པ་ཅིག་རེད། དཔེར་ན་ཆབ་སྲིད་སྐོར་གྱི་ཚིག་ཁ་ཤས་བསྒྱུར་བཅོས་བཏང་ཡོད་པ་དེ་ཚོ་ལ་བགྲོ་གླེང་བྱེད་འོས་པ་ཅིག་རེད་བསམ། དཔེ་མཚོན་གཅིག་ཞུ་ན། གུང་ཁྲན་ཏང་ལ་རྒྱ་དམར་ཟེར་མི་ཆོག་ཟེར་བ་ལྟ་བུ་རེད།
༄༅།། མ་མཇལ་ཡུན་རིང༌། དེ་རིང་ཞུ་འདོད་པ་ཞིག་ནི། དྲ་གྲོགས་ཚོ་སྟག་སྨྱོན་གྱིས་རང་ཉིད་ཟམ་གདོང་རིན་པོ་ཆོན་ལས་ཀྱང་མཁས་མདོག་བསྟན་པ་ཞིག་ཡིན་ནམ། ཁོ་ཟམ་གདོང་རིན་པོ་ཆེན་ལས་མཁས་པ་ཡོད་མེད་ནི་ཁོས་གནད་དཀྲོལ་མི་དགོས་པར་ཀུན་གྱིས་མཁྱེན་མོད། དེ་ནི་ཕྲན་གྱི་བསམ་པར། ནད་འཁྲིས་པའི་སྨན་ལ་ཞིམ་པ་མེད། ཤ་ཚ་བའི་གཏམ་ལ་སྙན་ཆ་མེད། ཞེས་པའི་རང་རིགས་ཀྱི་ཞལ་དཔའི་བསླབ་བྱ་བཞིན་མ་ཡིན་ནམ།། ཡང་ཕྱོགས་གཞན་ཞིག་ནས་མནོ་ན། དེ་ནི་ཁོས་སྨྲ་བརྗོད་རང་དབང་དང་དམངས་གཙོ་ལམ་ལུགས་བཀོལ་སྤྱོད་བྱས་པ་ཞིག་མ་ཡིན་ནམ༌།།
གཅན་བཟོད་རྒྱམ་ལགས།
དེང་སང་བཀའ་བློན་ལྷན་རྒྱས་བཞི་ལས་གྲུབ་འི་བཀའ་ཤག་མིན། ད་ལྟའི་ཆར་བཀའ་བློན་བརྒྱད་ཡོད་པ་དགོངས་འཇགས་འོང་བ་ཞུ། དེ་བཞིན་ཁྱེད་ཉིད་ཀྱིས་དུང་དཀར་ཚིག་མཛོད་ལ་གཟིགས་འདུག་ཀྱང་། རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་བསྐལ་གྱི་འཕུལ་ཕྱིས་པ་ཡོངས་གྲགས་སྐལ་བཟང་དང་རིགས་བསྒྲེས་ནས་བཀོད་པར་སྙམ་ཡང་། དེ་ནི་ནོར་བ་ཡིན། དུང་དཀར་ཚིག་མཛོད་དུ་བཀོད་པ་ལྟར་དག་པ་རེད། བཀའ་བློན་ཤག་དང་བཀའ་ཤག་ལ་ཚིག་བསྡུས་མིན་ཁྱད་ཙམ་ལས་དོན་ལ་ཁྱད་ཅང་མེད། དེ་ནི་དཔེར་ན་བསྟན་འཛིན་དོན་གྲུབ་ཅེས་པ་ལ་བསྟན་དོན་གྲུབ་ཅེས་འབོད་པ་དང་མཚུངས་པས། སྤྱིར་བཏང་ཐོག་ནས་བཤད་ན་བྱུང་ན་བྱུང་མཉམ་རེད། འོན་ཀྱང་མཚན་ཉིད་པ་ཞིག་གི་ཐོག་ནས་བཤད་ན་ལྟོས་འབྲེལ་གྱི་སྒོ་ནས་རྩོད་གླེང་བྱ་སྲིད། ཐུགས་རྗེ་ཆེ།
གོང་དུ་སྟག་སྨྱོན་གྱིས་ཞེས་མང་པོ་ཞིག་བྲིས་འདུག་པ་ངས་བྲིས་པ་ཞིག་མ་ཡིན་པ་མ་ཟད། གང་ཞིག་ཏུ་བྲིས་ཡོད་མེད་ཀྱང་མཐོང་མྱོང་མེད། གཞན་ཡང་རིན་ཆེན་ལགས་ངས་མི་ཆུང་དེ་ལ་དམིགས་པའི་མཆན་བུ་གང་ཡང་འདེབས་ཀྱི་མེད་བཞིན་དུ་ཕྲན་ཡང་ཐག་ཞོར་འབྲང་འདྲུད་ཀྱིས་གཤེ་བར་བློ་ཕམ་བྱུང་། ངས་ཁྱེད་ཅག་གི་སྤྲོ་སྣང་ཆེད་མི་ཆུང་འདིའི་ཚིག་ངན་ག་ཚོད་ཅིག་སྣང་མེད་གཏོང་གི་ཡོད་པ་ལེགས་པར་དཔྱད་པར་འཚལ།
རྩོམ་ཡིག་འདིའི་གཤམ་དུ་མཆན་བུ་དགུ་འདུག་ཀྱང་མཆན་བུ་གཉིས་ལས་གཞན་ཚང་མ་གོང་གི་རྩོམ་དང་འབྲེལ་མེད་རྐྱང་རྐྱང་རེད་འདུག ངའི་བསམ་པར་སྟག་སྨྱོན་གྱི་སྐོར་ལ་རྩོད་འདོད་ན་དུས་བབ་ཚང་ན་ཁོའི་ཟིན་བྲིས་འདུག་པས་དེར་སོང་ལ་རྩོད་ཅིག
གཞན་བྲག་གཡག་ལགས་ཀྱིས་དགོངས་ཚུལ་བཏོན་པར་དགའ། བཀའ་བློན་ཤག་དང་བཀའ་ཤག་གཉིས་དོན་གཅིག་ཀྱང་ངས་འདིར་ཐ་སྙད་ཀྱི་བྱུང་བ་ཞིག་བཙལ་བའི་ཁུལ་ཡིན་པས་བཀའ་བློན་ཤག་དང་བཀའ་ཤག་ཅེས་པའི་ཐ་སྙད་འདི་གཉིས་ཀྱི་བྱུང་སྔ་ཕྱི་ཡང་གསལ་བོ་རེ་ཡོང་དགོས་པར་འདོད། ད་དུང་བཀའ་ཡི་བློན་པོ་དང་བཀའ་བློན་ཞེས་པའི་ཐ་སྙད་འདི་གཉིས་ཀྱི་སྐོར་ལའང་འདི་འདྲ་བའི་རྩོམ་ཐུང་ཞིག་བྲིས་ཡོད་པ་རིམ་གྱིས་དགོད་པར་འདོད། གཞན་དུས་བབ་ཚང་ན་བདག་གི་ཟིན་བྲིས་ཁྱར་ཁྱོར་ཞིག་བྲིས་ཡོད་དེར་གཟིགས་པར་འཚལ།
སྟག་སྨྱོན། ངས་སྔོན་མ་ནས་ཁྱོད་ལ་རྫུན་གྱིས་མཐའ་འཁྱོལ་གྱི་མ་རེད་ཅེས་བཤད་མྱོང་བ་དྲན་གྱི་འདུག་གམ། ཁྱོད་དངོས་གནས་མི་རིག་པ་ཅན་ཞིག་རེད། རང་གིས་བྲིས་པའི་མཆན་རྣམས་ལ་ཁ་ལས་དགེ་བོ་མ་བྱུང་བ་དང་། དེའི་རྐྱེན་གྱིས་རང་ཉིད་སྤྱི་ཚོགས་ཀྱི་མིག་གི་དགྲ་བོ་ཆགས་ཙང་། ད་མཆན་སྔོན་མ་ཚོ་རང་ཉིད་ཀྱིས་བྲིས་པ་མིན་མདོག་སྟོན་ཆེད། སྟག་སྨྱོན་ང་ཡིན། སྟག་སྨྱོན་ང་མིན་ཟེར་ཁུལ་གྱིས་མཐོ་དམན་མང་པོ་ཞིག་འབྲི་ཁུལ་བྱེད་ཀྱི་ཡོད་པ་མི་ཤེས་མཁན་ཞིག་མེད། ཐ་ན་ཁྱོད་རང་གི་ཟིན་བྲིས་ཤི་རོ་དེ་ཡང་ད་སྒོ་ཕྱེ་གི་ཡིན། ད་སྒོ་རྒྱག་གི་ཡིན། ཡང་འཕུར་འགྲོ་གི་ཡིན། ཡང་སླེབས་ཡོང་གི་ཡིན་ཟེར་ནས་ཕྲུ་གུའི་ངུ་དགོད་ལྟ་བུ་བྱེད་ཀྱི་འདུག་པ་དེའི་ཐོག་ནས་ཀྱང་། སྟག་སྨྱོན་ང་ཡིན་སྟག་སྨྱོན་ང་མིན་ཟེར་བསྡད་མཁན་ཚོ་ཆ་ཚང་ཁྱོད་གཅིག་པུ་ཡིན་པ་ཤེས་སོང་། ད་དུང་སྟག་སྨྱོན་བསམ་གཏན་རེད་ཟེར་བ་དང་། ཡང་བསམ་གཏན་ཚུལ་ཁྲིམས་མཐར་ཕྱིན་རེད་ཟེར་བ་སོགས་ཀྱང་རང་གིས་བཟོས་པའི་ནང་ཉེས་ཆ་ཚང་བསམ་གཏན་གྱི་མགོ་ལ་འཇོག་འདོད་ཡིན་མོད། བསམ་གཏན་གྱི་ངོས་ནས་དུས་ནམ་ཡང་ཁྱོད་ཀྱིས་རང་ཉེས་གཞན་འགེལ་བྱས་པ་འདི་ཚོར་རྩིས་རྒྱག་གི་ཡིན་པས་ཁྱོད་སེམས་དགའ་བར་གྱིས།
དྲ་གྲོགས་ཚོ། གོང་གི་མཆན་བུ་འདི་ཚོ་ངའི་རྩོམ་འཁྱོག་དེའི་དོན་དང་རང་དུ་གྱེས་མི་འདུག་གམ། “བཀའ་ཤག”ཅེས་པའི་ཐ་སྙད་འདིའི་སྔ་ཕྱི་དང་ཁྱབ་ཁོངས། དགོས་དམིགས་ལ་སོགས་ཐད་ནས་གླེང་ན་ལས། ཟམ་གདོང་མཁས་མི་མཁས་དང་རྩོམ་ཡིག་འབྲི་ཤེས་མིན། ད་དུང་སྟག་སྨྱོན་ཟེར་བ་མི་ཅི་འདྲ་ཞི་ཡིན་མིན་སོགས་རྩད་པར་འདོད་ན། དུས་བབ་ཚང་ན་སྟག་སྨྱོན་གྱི་ཟིན་བྲིས་སྒོ་ཆེན་བརྒྱངས་བཞག་འདུག་པས་དེར་སོང་ལ་རྩོད་ཅིག
རིན་པོ་ཆེ་ནི་རིན་པོ་ཆེ་རང་རེད་། སྐྱབས་སུ་ཆེ།
དོན་ཡོད་ནི་དོན་ཡོད་རང་རེད། རྗེས་སུ་སྙེགས་ཐུབ་ན་དངོས་གྲུབ་རྒྱ་མི་ཆུང་པ་ཐོབ་རྒྱུ་ངེས།
འཇིགས་མེད་ནི་སུ་ལ་འཇིགས། རྒྱབ་བྲག་རི་ལ་བརྟེན་ན། སུ་ཡི་གནོད།
ད་ལྟའི་བཀའ་ཤག་འདི་ལས་གྲུབ།
དྲུང་ཆེ་ཆུང་རྣམ་པ་ཡ་རེ་ང༌།