རྒྱ་ནག་ལྷོ་ཡི་ཞོགས་པ་ཞེས་པའི་གསར་འགྱུར་སོགས་ལས་ཐོན་གསལ་ལྟར་ན། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ་ལྷ་སའི་ཇོ་ཁང་གི་ཉེ་འགྲམ་དུ་སྲིད་གཞུང་གིས་ཉོ་ཚོང་ལྟེ་གནས་རྒྱ་ཁྱོན་ལ་མི་ཏྲུར་ཆིག་འབུམ་ལྔ་ཁྲི་ཅན་ལ་ས་འོག་ཏུ་མོ་ཏྲ་འཇོག་ས་དང་བཅས་པ་ཞིག་བསྐྲུན་རྒྱུའི་ལས་འཆར་མགོ་ཚུགས་འདུག དེས་ནི་ཚོང་ལས་དང་ཡུལ་སྐོར་ལྟད་མོ་བའི་ཡོང་སྒོ་འགུགས་པའི་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་ལུགས་བཤད་འདུག ཡིན་ན་ཡང་པེ་ཅིང་དུ་བཞུགས་པའི་རྩོམ་པ་མོ་ཚེ་རིང་འོད་ཟེར་གྱིས་ཀྱིས་དེ་ནི་ཇོ་ཁང་ལ་གཏོར་བཞིག་ཉམས་ཆག་ཚབ་ཆེན་ཡིན་ཚུལ་བརྗོད་འདུག ཁོང་གིས། ལྷ་ས་ཇོ་ཁང་ནི་ཡུལ་སྐོར་ལྟད་མོ་བ་ཁོ་ནི་ཆེད་དུ་མིན་པར་དེ་ནི་ཆོས་ཕྱོགས་ཀྱི་དད་མོས་དང་འབྲེལ་བའི་གནས་ཁྱད་པར་ཅན་ཞིག་ཡིན་པས་དེ་ཉིད་ཉོ་ཚོང་རྒྱ་སྐྱེད་ལྟེ་བ་ཞིག་ཏུ་བསྒྱུར་བ་དེ་ཉིད་བོད་མི་མང་གི་དད་མོས་བརྩེ་དུང་ལ་མཐོང་ཆུང་རྡོག་རོལ་བྱས་པ་ཡིན་པར་བརྗོད་འདུག ལྷ་ས་ཇོ་ཁང་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཁ་བཅས་ནི་རྒྱལ་ཚོགས་མཉམ་འབྲེལ་གྱི་གནའ་ཤུལ་གནས་ཆེན་སྲུང་སྐྱོབ་ཁྱབ་ཁོངས་སུ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་གནས་དང་རྟེན་ཁྱད་པར་བ་ཞིག་རེད། འདི་དེང་རབས་ཀྱི་ཉོ་ཚོང་འདུ་འཛིའི་ཁོར་ཡུག་ཏུ་བསྒྱུར་ན་དེའི་ཆོས་ཕྱོགས་ཀྱི་གནས་སྐོར་མཆོད་འཇལ་གྱི་ཆོས་ཉམས་ལེན་ལ་བར་ཆད་དུ་འགྱུར་ངེས་པ་དང་། གནའ་བོའི་ལག་ཤེས་སྒྱུ་རྩལ་གྱི་ངོ་མཚར་གཟི་བྱིན་ཉམས་པར་འགྱུར་ངེས་ཡིན་པས་དོ་སྣང་ཅན་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་འདུག
མགྱོགས་མྱུར་ངང་བོད་ནང་གི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱབས་བྱེད་ཐབས་སོགས་ལ་སྒོ་ཀུན་ནས་འབད་གལ་ཆེ་བ་མཐོང་། སྐྱབས་བཅོལ་ནང་ནས་ཚོར་བ་ཙམ་དང་ཁ་སྟོང་ཚིགས་སྟོང་གི་དཔའ་སྐད་སྟོང་པ་རེ་སྒྲོགས་ནས་སྡོད་པ་ཙམ་ལས་གང་ཡང་ཕན་ཐོག་མ་མཐོང་།
སྲིད་གཞུང་གིས་ཉོ་ཚོང་ལྟེ་གནས་རྒྱ་ཁྱོན་ལ་མི་ཏྲུར་ཆིག་འབུམ་ལྔ་ཁྲི་ཅན་ལ་ས་འོག་ཏུ་མོ་ཏྲ་འཇོག་ས་དང་བཅས་པ་ཞིག་བསྐྲུན་རྒྱུའི་ལས་འཆར་མགོ་ཚུགས་འདུག་ཟེར།
མི་ཏྲུར་ཆིག་ཁྲི་ལྔ་སྟོང་༡༥༠༠༠༠སྤྱི་ལེ་ཡང་ན་ཀེ་ལོ་མིའུ་ཏྲར་༡༥༠རེད།་
དེ་འདྲ་རང་ཨེ་ཡིན་ནམ། བསམ་བློ་ཐོངས་དང་། ལག་པར་གང་ཐེབས་ཀྱིས་གསར་འགྱུར་དུ་མ་བཀོད་ན་ལེགས།
མི་ཊར་ཡིན་གྱི་མ་རེད་རྒྱ་སྐད་ལ་ཕིང་ཕང་ཟེར་བ་དེ་མིན་འགྲོ་། ཁ་གྲུ་བཞི་མ་།
རྩོམ་ཡིག་གི་ཁ་བྱང་ལ་གཙུག་ལག་ཁང་གཏོར་གྱི་ཡོད་པའི་བཟོ་འདྲ་ཞིག་བྲིས་འདུག དེ་འདྲ་རང་ད་ཨེ་ཡིན་ནམ།
དམར་ནག་ཁྲ་གསུམ་རྒྱ་ཡི་གཞུང་དག་གིས། །མངོན་ལྐོག་བརྒྱུད་ནས་སྣོད་བཅུད་མང་བཅོམས་ཀྱང་། །མགོ་འབུལ་ལུས་འབུལ་ལས་ལ་བརྩོན་པ་འདི། །གཉིས་སྨན་སྲིད་ཇུས་མ་རེད་གཉིས་མེད་ཉིད། །
Fuck chinese mother fucker fuck fuck chinese ass
དེ་ལ་ཧ་ལས་ཡག་རྩ་བ་ནས་ཡོད་མ་རེད་འདོད། སྔ་མོ་བོད་པ་ཀླད་པ་ཡོད་མཁན་ཚོའི་གཏམ་དཔེར། མགོ་མི་ལ་སྤྲད་ནས། སྲོག་ཐར་བའི་རེ་བ་མ་བྱེད་ཟེར་བ་བཞིན། ཕ་ཡུལ་རྒྱ་ལ་སྤྲད། ད་རྒྱས་འདི་བྱེད་ཀྱི་འདུག དེ་བྱེད་ཀྱི་འདུག་ཟེར་ན་ནོར་བ་རེད། དང་པོ་ནས་དགྲ་ལག་ཏུ་མ་ཤོར་གོང་ནས་གོང་གི་གནས་ཚུལ་རྣམས་བསམ་བློ་འཁོར་ནས་བྱ་བ་བརྩམས་དགོས།
དེས་མ་དགོས། སང་ཉིན་རྒྱས་ཇོ་ཁང་ནང་ལ་སྐྱག་པ་གཏོང་གི་ཡིན་ཟེར་ཡང་། ཁོང་ཚོའི་ལག་པ་རེད། བོད་ཁོང་ཚོའི་འོག་ལ་ཡོད།
ད་ལྟ་ང་ཚོས་གླེང་དགོས་པ་བདུན་ནི།
༡༽ མའོའི་རུས་ཁོགས་དེ་གང་མགྱོགས་་ཕྱིར་འདོན་དགོས་པའི་རྒྱུ་མཚན་ཤོད་ཆོག་སྟངས།
༢༽ མའོའི་རོ་ཁང་བཙན་དཀས་གུས་དུད་འཚམས་འཇོག་བྱེད་དགོས་སྟངས།
༣༽ དེ་བཞིན་ཅ་འོ་ཨ་ལེན་དང་ཏིང་ཞའོ་ཕིང་གཉིས་ཀྱིས་རོ་ཁང་རྩ་གཏོར་གཏོང་དགོས་སྟངས།
༤༽ ཛང་ཙེ་མིན། ཧུ་ཅིན་ཏའོ་གཉིས་དུག་ཤི་ཐེབས་སོང་ན། ཁོ་གཉིས་ལ་ཆེ་བསྟོད་རོ་ཁང་བརྩིག་མི་ཆོག་སྟངས།
༥༽ མའོ་སོགས་ཀྱིས་གསར་བརྗེར་ཁག་བཀྲིས་ནས། ཉེས་མེད་མི་མངས་ག་ཚད་དམར་གསད་ཡོད་བཏང་ཡོད་མེད་གྲངས་འབོར་རྒྱ་གཞུང་རང་གིས་དྲང་ཏམ་གཏན་འབེབས་བྱེད་དགོས་སྟངས།
༦༽ ད་ལྟའི་རྒྱ་གཞུང་ནང་གི་ལྐོག་ཟས་ཆེན་པོ་བྱས་པ་ཚང་མ་བཙོན་འཇུག་བྱེད་དགོས་སྟངས།
༧༽ རྒྱ་ནག་མི་མང་ཡོངས་ལ་ད་ལྟའི་དམར་གཞུང་འདི། མང་གཅོ་ཡང་དག་ཅིག་ལ་གཏོང་དགོས་ཡོད་མེད་འོས་འཕེན་ཐོབ་ཐང་དང་། གོ་སྐབས་སྤྲོད་དགོས་སྟངས་སོགས་ཤིན་ཏུ་མང་ངོ། །
༨༽རྒྱ་ནག་སྤྱི་དང་། བོད་ནང་ལ། བོན་ཆོས་དང་ནང་ཆོས་རྟེན་དང་བརྟེན་པ། རྒྱལ་ཁང་དང་བློན་པོའི་འཁྲུངས་ས་ཞིག་རོ་སོགས་དང་རྡོ་རིང་ཡིག་ཆ་སོགས་བདག་ཉར་བྱེད་ཆོག་པའི་ཐོབ་ཐང་ལེན་ཆོག་ཡང་གླེང་དགོས་འདུག
ད་ལྟ་ང་ཚོས་གླེང་དགོས་པ་བརྒྱད་ནི།
༡ ནས་
་་་་་་་་
༨༽རྒྱ་ནག་སྤྱི་དང་། བོད་ནང་ལ། བོན་ཆོས་དང་ནང་ཆོས་རྟེན་དང་བརྟེན་པ། རྒྱལ་ཁང་དང་བློན་པོའི་འཁྲུངས་ས་ཞིག་རོ་སོགས་དང་རྡོ་རིང་ཡིག་ཆ་སོགས་བདག་ཉར་བྱེད་ཆོག་པའི་ཐོབ་ཐང་ལེན་ཆོག་ཡང་གླེང་དགོས་འདུག
དགའ་ཡ་ལགས། ངས་ཀྱང་དོགས་པ་འདྲ་ཞིག་སྐྱེས་སོང་། ངས་དབྱིན་ཡིག་གི་གསར་འགྱུར་ཨ་མ་འདི་ལ་བརྟེན་ནས་བྲིས་པ་ཡིན། ངས་དབྱིན་ཡིག་ཅང་མི་ཤེས་པས་ཀློག་མ་ཤེས་པ་ཡིན་སྲིད། The construction project near the Jokhang temple – the most sacred and important temple in Tibet – reportedly involves building a 150,000 square meter shopping center and an underground parking lot in the heart of the ancient city. རྣམ་པ་དབྱིན་ཡིག་མཁྱེན་མཁན་ཚོས་འདི་ལ་གོ་བ་ལེན་རོགས།
མི་ཏྲར་ཞེས་པ་དེ་(meter )ཡིན་པས་ཆ་བཞག་ན། meter ཆིག་འབུམ་ལྔ་ཁྲི་ནི་སྤྱི་ལེ་(km)བརྒྱ་དང་ལྔ་བཅུ་རེད། རིང་ཚད་གཅིག་པོ་ཡིན་ན་ལྷ་ས་ནས་སྟག་རྩེ་བརྒལ་གྱི་རེད།་གྲུ་བཞི་མ་ཡིན་ན་ལྷ་ས་གླིང་ཧྲིལ་པོ་ཁེངས་གྱི་རེད།་