གྲིབ་གཟུགས།
སྒྲོལ་མ་དཀར་མོ་མིག་གི་དཔྱིད་དཔལ་རེད།།
སྒྲོལ་མ་དཀར་མོ་ཡིད་ཀྱི་གསོས་སྨན་རེད།།
སྒྲོལ་མ་དཀར་མོ་མཛེས་མའི་མཆོག་རབ་རེད།།
སྒྲོལ་མ་དཀར་མོ་སེམས་ཀྱི་དྲན་ཤིང་རེད།།
འོ་མའི་མདངས་ཅན་སྒེག་ཅིང་མཛེས་པ་ཡི།།
བཅུ་དྲུག་ལང་ཚོས་དར་གྱི་ན་བཟའ་བརྒྱན།།
གཞོན་ཤ་ཅན་གྱི་ཕྱག་གི་ཡལ་འདབ་ཟུང་།།
ཉམ་ཐག་འགྲོ་བའི་ཚོགས་ལ་སྐྱབས་བྱིན་མཛད།།
ཞི་འདུལ་བག་ཡོད་སྤྱན་ཟུང་གཡོ་བའི་འོག།
ཁུར་ཚོས་དམར་པོ་ལི་ཁྲིའི་རི་མོ་ཅན།།
བཞིན་རས་འོ་མ་ཟླུམ་གཟུགས་འཁྱིལ་བའི་འོག།
ཆུ་སྒྲོས་དམར་པོ་རྩེ་དགའི་དཔལ་དུ་བཞད།།
ཤིན་ཏུ་གཞོན་པའི་ལུས་ཀྱི་འཁྲི་ཤིང་དེའི།།
རྒྱན་དུ་བཅང་པའི་བྲང་གི་ནུ་འབུར་ཟུང་།།
གཟུགས་ཀྱི་ཡུལ་ཅན་དབང་པོ་དྭངས་པའི་ཚོར།།
རྗེས་ཆགས་འདོད་རླབས་གཡོ་བའི་རྐྱེན་དུ་གྲུབ།།
སྒྲོལ་མ་དཀར་མོར་སྙིང་ནས་གསོལ་འདེབས་ན།།
མུ་མེད་བྱེ་ཐང་ཉུལ་བའི་བདག་འདྲའི་འགྲོར།།
མི་གཙང་དྲི་ཆུ་འཐུང་བའི་ངལ་བ་དག།
རིང་དུ་སྤང་ནས་བརྒྱད་ལྡན་ཆུ་མོའི་ངོགས།།
ཅི་དགར་སྤྱོད་པའི་ལས་སྨོན་འགྲུབ་པར་སྨོན།།
འཛུམ་པའི་ཟླ་གཟུགས་མིག་ལ་འཆར་བར་ཤོག།
ཡིད་འོང་ལང་ཚོའི་དཔལ་འཛིན་དང་འགྲོགས་ཤོག།
མུ་མེད་མྱ་ངམ་ཐང་གི་ངལ་བ་དག།
མྱུར་དུ་ཡལ་བའི་གསོལ་བ་ལན་བརྒྱར་འདེབས།།
གྲིབ་གཟུགས་ལགས་ཀྱིས་ཚེ་ལྷ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྟོད་པ་འདི་བྱིན་རླབས་ཆེ།
སྒྲོལ་མ་དཀར་མོ་སེམས་ཀྱི་དྲན་ཤིང་རེད།།
སྒྲོལ་མ་དཀར་མོ་སེམས་ཀྱི་དྲན་༼དྲན་པ་དང་ཤེས་བཞིན་༽ཤེས་་རེད།།
མིན་ནམ་ཞེས་དང་།
སྒྲོལ་མ་དཀར་མོར་སྙིང་ནས་གསོལ་འདེབས་ན།།
མུ་མེད་བྱེ་ཐང་ཉུལ་བའི་བདག་འདྲའི་འགྲོར།།
མི་གཙང་དྲི་ཆུ་འཐུང་བའི་ངལ་བ་དག།
རིང་དུ་སྤང་ནས་བརྒྱད་ལྡན་ཆུ་མོའི་ངོགས།།
ཅི་དགར་སྤྱོད་པའི་ལས་སྨོན་འགྲུབ་པར་སྨོན།།
འདི་ནང་ཚིགས་རྐང་གཅིག་ཐོལ་བས།
སྒྲོལ་མ་དཀར་མོར་སྙིང་ནས་གསོལ་འདེབས་ན།།
མུ་མེད་བྱེ་ཐང་ཉུལ་བའི་བདག་འདྲའི་འགྲོར།།
མི་གཙང་འཐུང་སོགས་ངལ་སྤང་བརྒྱད་ལྡན་ཆུར།།
ཅི་དགར་སྤྱོད་པའི་ལས་སྨོན་འགྲུབ་པར་སྨོན།།
ཀརྡོ་གཉེར་ཕྱག་པ་མཆོག་གིས་སྒྲོལ་མའི་གསོལ་འདེབས་ཀྱི་བྱིན་རླབས་མྱངས་བར་དགའ་བསུ་ཞུས་པ་ཡིན།
གསོལ་འདེབས་འདི་ནི་སྒྲོལ་དཀར་ཁོང་ལྷ་མོ་ཞིག་གི་ཚད་དུ་མ་བཞག་པར་མི་མོ་མཛེས་སྡུག་དང་ལྡན་པ་ཞིག་ཏུ་བློས་བླངས་བྱས་ནས་བྲིས་པ་ཞིག་ཡིན་པས་སེམས་ཀྱི་དྲན་ཤིང་རང་ཡིན་ལགས།
དམིགས་བསལ་གྱི་གསོལ་འདེབས་
སྒྲོལ་མ་དཀར་མོར་སྙིང་ནས་གསོལ་འདེབས་ན།།
མུ་མེད་བྱེ་ཐང་ཉུལ་བའི་བདག་འདྲའི་འགྲོར།།
མི་གཙང་དྲི་ཆུ་འཐུང་བའི་ངལ་བ་དག།
རིང་དུ་སྤང་ནས་བརྒྱད་ལྡན་ཆུ་མོའི་ངོགས།།
ཅི་དགར་སྤྱོད་པའི་ལས་སྨོན་འགྲུབ་པར་སྨོན།།
འདི་ནི་ངའི་གསོལ་འདེབས་ཀྱི་དགོས་དོན་འགལ་ཆེན་ནང་གི་དོན་ཆེན་སྟེང་སླེབས་ཡོད་པས་རོ་བྲོ་མང་པོ་ཞིག་དང་དངོས་ཤུགས་རྒྱུད་གསུམ་གྱི་དོན་དག་མང་པོ་ཞིག་གོ་རྒྱུ་ཡོད། གལ་སྲིད་ཁྱེད་ལ་དཔྱོད་པའི་བློ་རིག་ཡོད་སོང་ན་་་་་་་་་་་་་་་་
ཡ་ཡ། ལགས་སོ། ལགས་སོ།
སྐྱིད་སྐྱིད་གངས་ཅན་གཡང་གི་ར་བ་དེ།།
དམར་པོ་བཙན་གྱིས་འཕྲོག་པའི་ཉི་མ་དེར།།
ལོ་ཟླ་ཁྲག་ལ་འདྲེས་པའི་དུས་རབས་དེར།།
ང་ཡང་སུན་སྣང་སྐྱེས་ནས་འཕྲང་ལ་འཁྱམ།།
ཆགས་རྒན་མྱིག་ལ་ཡོད་ཚད་ཆགས་པའི་རྒྱུ།
ཡིད་ངག་ཁ་སྒོ་མ་དག་འདོད་པའི་རྒྱུ།
དྲན་ཤེས་ཡོད་ཚད་མི་གཙང་བཙོག་པའི་རྒྱུ།
སྐྱེ་བརྒྱ་སྐྱེས་ཡང་སྐྱེ་བ་ཚོགས་ངན་རྒྱུ།
ཡང་ཡང་ལས་འབྲས་འཁོར་བའི་ལས་ངན་འདིར།།
སྒྲོལ་མ་དཀར་མོས་སྐྱོབས་པར་གསོལ་བ་འདེབས།།
འདོད་པའི་གདུང་བ་རྟ་གདོང་མེ་ལྕེ་འདྲ།།
འདོད་པའི་སྐོམ་པ་ཆུ་བོ་རབ་མེད་འདྲ།།
འདོད་པས་མནར་བའི་འདོད་ཁམས་འགྲོ་བ་ཀུན།།
འདོད་ཡོན་ཅི་དགར་སྤྱོད་པའི་དངོས་གྲུབ་སྩོལ།།
ཀརྡོ་གཉེར་ཕྱག་མེ་ཏོག་དཀར་པོ་དང་།།
གནམ་གྱི་མིང་ཅན་tenzinལས་མེད་ཀུན།།
ཉིན་དང་མཚན་དུ་འབད་པ་མེད་པ་རུ།།
འདོད་པའི་དགའ་མར་རྟག་ཏུ་ཕྲད་པར་ཤོག།
ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབས་པའི་མཐུས།།
བདག་སོགས་གང་དུ་གནས་པའི་ས་ཕྱོགས་ཏུ།།
འདོད་ཆགས་ཆགས་པའི་ནད་ཀུན་ཞི་བ་དང་།།
མི་མོ་མཛེས་མར་རྟག་ཏུ་འགྲོགས་པར་ཤོག།
འདི་ཡང་མེ་དཀར་སོགས་ཀྱི་ཚབ་ཏུ་བྲིས་་་་་་་་་
སྒྲོལ་དཀར་མོ་མི་མོར་འཁྲུལ་ཞིང་ཞེན། །
རང་གི་མིག་རྣར་གྲིབ་གཟུགས་གཡོག་མཁན་ལ། །
ཉིན་དང་མཚན་དུ་འབད་པ་མེད་པ་རུ།།
འདོད་པའི་དགའ་མར་རྟག་ཏུ་ཕྲད་པར་ཤོག།
ཀརྡོ་མཆོག་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།
ཞོགས་པའི་མཇེ་རྒོད་ལྕགས་ཕུར་ལས་མཁྲེགས་དང་གཅིག།
མཚན་གྱི་རྨི་ལམ་སྦྲང་རྩི་ལས་ཞིམ་དང་གཉིས།།
རང་བྱུང་དགའ་བདེར་རྟག་ཏུ་ཞེན་དང་གསུམ།།
གསུམ་འདི་གསུམ་འཛོམས་པའི་དུས་ཚིགས་ལ།།
ལྷ་སྒྲོལ་མ་དཀར་མོར་མཇལ་དུས་མེད།།
མི་མོ་སྒྲོལ་མ་གམ་དུ་ཡོད་གྱུར་ན།།
འདོད་པའི་བདེ་བའི་འབྱུང་གནས་ཡིན།།
དགའ་བའི་མར་ལོའི་བསྲུབས་ས་ཡིན།།
ལྷ་ནི་རྣམ་རྟོག་ཁྱེའུ་ཉིད།
རྟོག་པས་སྤྲུལ་པའི་དགའ་མ་ཉིད།།
མི་མོ་སྒྲོལ་མ་ཡོད་བཞིན་དུ།།
ལྷ་སྒྲོལ་མ་དཀར་མོར་འབོད་པ་དེ།།
བྱིས་པས་འཇའ་མཚོན་རྗེས་འབྲངས་མཚུངས།
དེ་བས་དབང་ཤེས་མ་འཁྲུལ་པར།།
མི་མོ་སྒྲོལ་མར་གསོལ་བ་ཐོབས།།
མི་མོ་སྒྲོ་མ་ལས་ལྷག་པའི་ལྷ་མོ་མེད།།
འོ་ཀརྡོ་གཉེར་ཕྱག་གསན་པར་གྱིས།།
ད་ནི་དབང་དོན་ངོ་སྤྲད་ཡིན།།
ལམ་ལ་རང་ཉིད་འཇུག་པར་བྱ།།
འདིའང་མི་མོ་སྒྲོལ་མ་དང་ལྷ་མོ་སྒྲོལ་མ་གཉིས་ལས་བྱིན་རླབས་ཀྱི་ནུས་པ་ལ་འགྲན་ཟླ་མེད་པ་མི་མོ་སྒྲོལ་མའི་དབང་དོན་ངོ་སྤྲོད་ཙམ་བྱས་པ་ནི་མེ་དཀར་དང་ཀརྡོ་སོགས་ཀྱི་ཆེད་དུ་ཞོགས་ཇ་མ་འཐུང་པའི་སྔ་རོལ་དུ་བགྱིས་པའོ།།
༸རྗེ་བཙུན་སྒྲོལ་སྐར་མ་མཆོད་གོང་། །
ཞོགས་ཇ་ཁ་ལ་མ་འཐུང་གོང་། །
གྲིབ་གཟུགས་མི་མོ་སྒྲོལ་སོགས་ལ། །
མོ་དད་ཆེས་དྲགས་མ་ཡིན་ནམ། །
ཀུ་རེ་ཡིན་ནོ་དྲ་གྲོགས་ལགས།། །།
མི་མོ་སྒྲོལ་མ་དངོས་ཡོད་རེད།
ལྷ་མོ་སྒྲོལ་མ་སྟོང་བསམ་རེད།
ལྷ་མོ་སྒྲོལ་མས་འཇིགས་པ་བརྒྱད་ལས་སྐྱོབ་པའི་ངག་རྒྱུན་ཙམ་ཡོད་ཀྱང་།
མི་མོ་སྒྲོལ་མའི་ལག་ནས་སྒོར་བཅུའི་ཇ་ཕོར་གང་གིས་སྐོམ་པ་བསལ་བ་དེ་རིང་ཞོགས་པའི་དངོས་ཡོད་ཡིན།
བདག་ནི་མོ་དད་ཆེ་བས་མིན་ནའང་མི་མོ་སྒྲོལ་མར་གསོལ་བ་འདེབས་པ་ནི། མི་མོ་སྒྲོལ་མས་མི་སླུ་བས་རེད།
མི་མོ་སྒྲོལ་མར་བོས་ན་ཨ་ལན་སྟེར་འོང་ལ། བལྟས་ན་ལྟ་ས་ཞིག་ཀྱང་འདུག
ལྷ་མོ་སྒྲོལ་མ་ནི་དེ་ལྟར་ཞར་ཡང་མིན་ནོ།།