ཁ་བའི་འབྲོག་མོ།
རྐུན་མས་རྐུན་མར་སྒུག་པ།། ནམ་མཁའི་སྐར་མས་མཐོང་ཡོད།།
མིག་ཆུ་སྐམ་ནས་ཚར་ཐལ།། སེམས་པ་དྲོན་པོ་འཁྱག་ཐལ།།
ལུས་སེམས་བར་གྱི་འོད་ཐིག། རླུང་ཁའི་མར་མེ་རྐང་གཅིག།
རི་ལ་བཅོལ་བའི་མིག་ཆུ།། བྱ་རྒོད་གླག་གིས་བརྔུབས་སོང།།
རུས་རྐང་སྐམ་པོའི་རེ་ཐག། ས་གཞི་ཆེན་པོའི་ཁ་ཟས།།
བློ་སེམས་གཅིག་ཏུ་འདྲིས་དུས།། བཙན་པོའི་ཤེད་ཀྱིས་གཤེགས་སོང།།
སྤྲིན་དཀར་བ་གམ་གསེབ་ནས།། མིག་ཆུའི་ཐིག་པ་ཟགས་ཐལ།།
འཇིན་རྟེན་ཆོས་ཉིད་ཟེར་ན།། དེ་འདྲའི་ལུགས་ཤིག་ཡོད་དམ།།
ཚར་དང་རྫོགས་པའི་བར་ནས།། འཁོར་བར་སྐོར་གཅིག་བརྒྱབས་པ།།
ལྷ་དང་མི་ཡི་ཞིང་ལ།། བདེ་སྐྱིད་ཉག་གཅིག་ཚོར་ཡོད།།
ཀྭ་ཡེ་རྒྱང་བཞུད་གྲོགས་པོ།། རླུང་ལ་སྐུར་བའི་རེ་བ།།
ཁྱེད་དང་ཐུག་པ་འབྱུང་ན།། ཐེངས་གཅིག་གསན་རོགས་ཀྱིས་ཤིག།
༡༣/༠༥/༢༠༡༣
ཁ་བའི་འབྲོག་མོའི་སྙན་ངག་འདི་ངོ་དེབ་ནས་བཀླགས་ཟིན། ཧ་ཅང་ཡག་གི་འདོད་བྱུང་། འདིའི་ཁྱད་ཆོས་ཀྱི་སྐོར་ལ་ངོ་དེབ་ནས་མཆན་ཞིག་བྲིས་ཡོད། དེར་ལྟ་རོགས།