ཨེ་མ་ཧོ།
འཁྲུངས་སྐར་བཀྲ་ཤིས་བདེ་ལེགས། །
གནམ་ལ་རྒྱུ་སྐར་བཟང་ངོ་། །
བར་ལ་ཁུ་བྱུག་སྙན་ནོ། །
ས་ལ་ཕྱིན་དྲུག་བཞད་སོང་། །
ལོ་དྲུག་དཀའ་སྤྱད་མཛད་ནས། །
རྡོ་རྗེ་གདན་དུ་ཕེབས་ཞིང་། །
བདུད་དཔུང་གཡུལ་ལས་རྒྱལ་བའི། །
མངོན་སངས་རྒྱས་པའི་དུས་ཆེན། །
སྐལ་བཟང་སློབ་ཚོགས་ཡོངས་ལ། །
ཆོས་འཁོར་རིམ་གསུམ་བསྐོར་ནས། །
དད་ལྡན་ཐར་ལམ་བཀོད་ཅིང་། །
མྱ་ངན་འདས་པའི་དུས་ཆེན། །
ཨེ་མ་ངོ་མཚར་ཆེའོ། །
ཆོས་ཀྱི་སྡོམ་བཞི་གསུངས་ནས། །
ཆོས་མཐུན་འགྲོ་ཀུན་འདྲེན་པའི། །
ཞི་བདེའི་དེད་དཔོན་རྒྱལ་ལོ། །
ས་ག་ཟླ་བའི་རྗེས་དྲན་དུ་ཤྲྰིས་གླུ་རུ་བླངས་པ་དགེའོ། །