ཐུབ་བསྟན་ལུང་རིགས།
༄༅།། ཇི་སྐད་དུ། སྐྱེ་བོ་དམ་པ་ཞི་བ་ལ།། ངན་པས་ལྷག་པར་འཚེ་བར་བྱེད།། སྣུམ་དང་ལྡན་པའི་སྡོང་བོ་ལ།། མེ་ལྕེ་ཆགས་ཀྱི་གཞན་ལ་མིན།། ཞེས་གསུངས་པ་ལྟར། ཕྱི་ལོ་ ༢༠༠༨ ལོའི་ཟླ ༦ ཚེས ༡༠ ལ་འཇམ་དབྱངས་ནོར་བུས “Barefoot experts” ཞེས་པའི་རྩོམ་ཡིག་ནང། “The Dalai Lama and his exile government have absolutely conceded Tibetan sovereignty to China. The Dalai Lama has repeatedly stated that it was an advantage for Tibet to be a part of China because of China’s booming economy. ….. Recently His Holiness, in a May 18th interview with the Times (London), even said “I can’t wait to be a Chinese citizen.” ཞེས་༧གོང་ས་མཆོག་དང་། ཁོང་གི་བཙན་བྱོལ་གཞུང་གིས་བོད་ཀྱི་མངའ་དབང་ (Sovereignty) རྒྱ་ནག་ལ་རྩིས་འབུལ་ཞུས་ཚུལ་བཀོད་འདུག དེ་ནི་ཆེད་མངགས་མང་ཚོགས་ཀྱི་སེམས་ནང་རྨ་ཁ་བཟོ་ཐབས་དང་མགོ་བོ་རྨོངས་སུ་འཇུག་ཐབས་ལས་མ་འདས། བོད་ཀྱི་མངའ་དབང་གི་གནས་བབ་དངོས་ཡོད་ཀྱི་གནས་ཚུལ་དང་། ལྟ་གྲུབ་ཀྱི་གནས་ཚུལ་གཉིས་ཡོད་པ་ནས་དངོས་ཡོད་ཀྱི་མངའ་དབང་ ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་པ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྩིས་འབུལ་ཟིན་ཁར། ཕྱི་ལོ་ ༡༩༥༩ བར་དེ་མུར་གནས་ཡོད། ཕྱི་ལོ་ ༡༩༥༩ ལོའི་སྒེར་ལངས་ནས་བཟུང་མངའ་དབང་བསྐྱར་གསོ་བྱེད་རྒྱུའི་རེ་འདུན་གྱིས་བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་གཞུང་གི་ངོ་བོར་འཛིན་སྐྱོང་གནང་སྟེ་ལྟ་གྲུབ་ཀྱི་ཆ་ནས་བོད་ཀྱི་མངའ་དབང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པ་ད་ལྟའང་ཁྲིམས་མཐུན་མིན་པ་དང་། བོད་ཀྱི་གནད་དོན་ཐག་ཆོད་མ་བྱུང་བར་དུ་ཁྲིམས་མཐུན་ཆགས་ཐབས་མེད་པའི་ངོས་འཛིན་གསལ་པོ་གནང་མུས་ཡིན་ཞིང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འཕེལ་རིམ་དང་། འགྱུར་འགྲོས་རིམ་པའི་ནང་གོང་གི་ངོས་འཛིན་ལ་འགྱུར་བ་གཏན་ནས་གནང་མེད་ཐོག བོད་རྒྱ་འབྲེལ་མོལ་རིམ་པའི་སྐབས་བོད་ཀྱི་བྱུང་རབས་ལོ་རྒྱུས་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདོད་ཕྱོགས་ལ་ངོས་ལེན་བྱེད་ཐབས་མེད་པ་རྩ་དོན་ཞིག་གི་གྲས་སུ་འཇོག་གནང་མཛད་ཡོད། དེའི་དབང་གིས་བོད་མི་རྣམས་རང་བཙན་རྩོད་སྒྲུབ་བྱེད་རྒྱུའི་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་དམ་བཅའང་འདོར་མེད་དུ་འཛིན་གནང་མཛད་ཡོད།
ཡང་ཁོ་པས་ཕྱི་ལོ་ ༢༠༡༡ ལོའི་ཟླ ༧ ཚེས ༡༡ ཉིན་རྩོམ་ཡིག་[1]“Ending to begin (Part I)”ཟེར་བའི་རྩོམ་ཡིག་ནང་
(a) “One could say that it began in 1988 with the Dalai Lama’s Strasbourg Proposal where he surrendered the cause of Tibetan independence, but a more immediate starting point for this current crises was certainly this year’s 10th March statement by the Dalai Lama where he announced his decision to resign. I posted a blog criticizing the timing of his statement which came just ten days before Tibetan national elections. I also repeated a suggestion I made some years ago in a previous article in Phayul.com, that although the Dalai Lama’s decision t fully democratize the exile government was undoubtedly welcome, it was vital for reasons of political continuity and the morale of the Tibetan people inside Tibet, that he remain the head of state of the Tibetan nation-although in a purely ceremonial capacity”.
(b) “… The Dalai Lama categorically rejected the appeal during a religious teaching at the Tsuglakang temple in Dharamsala on March 19th”.
(c) “… Viewing a video of the speech I was struck by the Dalai Lama’s claim that he was ending the institution of the Dalai Lama “victoriously” (gyalge nang nay). The Dalai Lama went on to say that the name of the Tibetan government Ganden Phodrang (Joyous Palace) was originally the name of the 5th Dalai Lama’s labrang or personal sub-monastery within Drepung monastery, and that he was going to take the name back-clearly intimating that the exile government could no longer use that name and that it was his personal property. The Dalai Lama’s stipulation was somewhat disconcerting at first. Didn’t he realize that he couldn’t just reach back some 370 odd years in history to reorder events to suit his current plans anymore than he could realistically demand the Chinese return to him the actual Ganden Phodrang building (which still exists)”.
(d) “… When the participants had an audience with the Dalai Lama to present their conclusions, their first surprise was his firm refusal to even consider their recommendation that he remain as ceremonial head of state. But it was his response to their second point, the retention of ‘Tibetan Government-in-exile’ as the official name, that really shook them. He made a strong and emotional case against this proposal, saying that if the name was retained leading to a problem in future, he would not be able to help them. He also suggested that the new name could be changed to something like ‘Tibetan People’s Administration’”.
(e) “… Right now although the Dalai Lama is said to have completely retired and the claim has been made by the parliament that all political powers have been transferred to new “Tibetan People’s Organization” (TPO), it is not clear whether the various offices of Tibet and representatives and envoys of the Dalai Lama all over the world are under his authority of that of the TPO. Nearly all our dealings with other nations and also much of our externally generated funding is received by these unofficial “embassies”. The Dalai Lama’s international travels and programs are also managed by them”.༧གོང་ས་མཆོག་ལ་སྐྱོན་བརྗོད་དང་། མཚན་སྨོད་ཧ་ཅང་མང་པོ་ཞིག་ཞུས་འདུག་པ་དེ་དག་ཇི་བཞིན་བཀོད་ན་ཡིག་ཚོགས་ཀྱིས་འཇིགས་པས་དོན་གནད་ཁག་མདོར་བསྡུས་ན།
ཀ ཕྱི་ལོ་ ༢༠༡༡ གསུམ་དུས་གསུང་འཕྲིན་དུ་༧གོང་ས་མཆོག་གིས་སྐུ་དབང་ཆ་ཚང་རྩིས་སྤྲོད་གནང་རྒྱུའི་གསལ་བསྒྲགས་མཛད་པ་དུས་ཚོད་འཚམས་པོ་མིན་པ་དང་།
ཁ དམིགས་བསལ་ཚོགས་ཆེན་ནས་༧གོང་ས་མཆོག་ལ་མཛེས་རྒྱན་ཙམ་གྱི་རྒྱལ་ཁབ་ཀྱི་དབུ་ཁྲིད་གནང་རྒྱུའི་རེ་འདུན་ཞུས་པར་ཞལ་བཞེས་མ་གནང་བ་འོས་འཚམས་མིན་པ།
ག དགའ་ལྡན་ཕོ་བྲང་གི་མཚན་དང་། ལས་རྟགས་ཕྱིར་བསྡུ་གནང་བ་འོས་འཚམས་མིན་པ།
ང བཙན་བྱོལ་བོད་གཞུང་གི་མཚན་བོད་མིའི་སྒྲིག་འཛུགས་ཞེས་བསྒྱུར་དགོས་བཀའ་ཕེབས་པ་འོས་འཚམས་མིན་པ།
ཅ ༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་རྗེས་སུའང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཁག་མཚན་གནས་རང་འཇགས་དང་། ༧གོང་ས་མཆོག་གི་ཆིབས་སྒྱུར་གོ་སྒྲིག་ཀྱང་ཞུ་བཞིན་ཡོད་པ་བཅས་འོས་འཚམས་མིན་པའི་སྐོར་རེད་འདུག དེ་དག་ནི་འགའ་ཤས་འཁྱོག་བཤད་དང་། འགའ་ཤས་དངོས་དོན་དང་མི་མཐུན་པ། འགའ་ཤས་རྩོམ་པ་པོ་རང་གི་བརྗོད་ཚིག་སྔ་ཕྱི་འགལ་བ་སོགས་ཅི་རིགས་འདུག་པ་མ་ཟད། དོན་དུ་སྐྱོན་བརྗོད་ཁོ་ནའི་ཆེད་སྐྱོན་དུ་སྒྲོ་བཏགས་བྱས་པ་འབའ་ཞིག་ལས། བོད་དང་བོད་མིའི་རྩ་དོན་ལ་སྨན་པའི་སྒྲུབ་ཕྱོགས་ཀྱི་བསམ་ཚུལ་དང་འཆར་གཞི་གང་ཡང་མི་འདུག
ཀ ༧གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་གསལ་བསྒྲགས་ཕྱི་ལོ་ ༢༠༡༡ གསུམ་དུས་གསུང་འཕྲིན་དུ་གློ་བུར་ཐོག་རྒྱག་གིས་གནང་བ་མིན་པར། ལོ་མང་སྔོན་ནས་འདིའི་སྐོར་ཡིག་ལམ་དང་གསུང་ངག་ཅི་རིགས་ནས་སྔ་རྗེས་ཐེངས་མང་གནང་ཟིན་པའི་སྐོར་གསུམ་དུས་གསུང་འཕྲིན་དང་། གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན། མང་ཚོགས་ལ་སྩལ་བའི་བཀའ་སློབ་སོགས་ཀྱི་ནང་ཞིབ་གསལ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལ་འདིར་བསྐྱར་ཟློས་མ་དགོས། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་འོས་འདེམས་བྱེད་སྲོལ་གཏོད་པ་ནས་བཟུང་། ༧གོང་ས་མཆོག་ཕྱེད་བགྲེས་ཡོལ་ཡིན་པ་དང་། རིང་མིན་དུས་ཚོད་ངེས་ཅན་ཐོག་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་དགོངས་བཞེད་རྒྱུན་ལྡན་དུ་ཡོད་པ་བཀའ་ཤག་དང་། གྲོས་ཚོགས། མང་ཚོགས་བཅས་ལ་ཡང་ཡང་བཀའ་བསྩལ་བ་མ་ཟད། རྒྱ་གར་དང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུའང་ཐེངས་མང་བཀའ་གནང་ཡོད་པ་ཀུན་གྱིས་མཁྱེན་གསལ་ཐོག ངེས་གཏན་དུས་ཚེས་ཀྱང་གཞུང་འབྲེལ་གསལ་བསྒྲགས་གནང་མིན་ལ་མ་ལྟོས་པར་རོབ་ཙམ་ཚང་མའི་ཡིད་ངོར་ཡོད་པ་ཡོངས་གྲགས་རེད། དུས་སྐབས་འདི་འདྲ་ཞིག་ལ་གསལ་བསྒྲགས་མ་བསྐྱངས་པ་ཡིན་ན། བྱང་ཆུབ་ལྗོན་ཤིང་གི་གྲིབ་འོག་ནས་མ་ཐར་བའི་སྡུག་བསྔལ་ཅན་དང་། བླ་རྒན་དགོངས་པ་ཞུས་ན་མགྱོགས་ཙམ་ཞུས་སོགས་བརྗོད་མཁན་ཚོས་གསལ་བསྒྲགས་ཕྱིས་དྲགས་པའི་སྐྱོན་བརྗོད་ཡོང་ངེས་ཡིན།
གསུམ་བཅུའི་དུས་དྲན་ནི་བོད་མིའི་ཆབ་སྲིད་ཀྱི་ཉིན་མོ་གལ་ཆེ་ཞིག་ཏུ་སོང་། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་གལ་ཆེའི་གསལ་བསྒྲགས་མང་ཆེ་བ་ཉིན་དེར་གནང་བའི་སྲོལ་རྒྱུན་ལྟ་བུར་གནང་གི་ཡོད་པ། གྲོས་ཚོགས་དང་བཀའ་ཤག་གསར་རྙིང་འཕོས་ལེན་ཡང་ཉེ་བ་བཅས་དུས་སྐབས་ཧ་ཅང་འཚམས་པ་ཞིག་ཏུ་གཟིགས་ཤིང། གསལ་བསྒྲགས་འདིས་བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུའི་ལས་རིམ་ལ་དོ་ཕོག་གང་ཡང་དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་གཞི་མེད།
ཁ ༧གོང་ས་མཆོག་གི་དགོངས་གཞི་གཙོ་བོ་ནི་བོད་མི་རྣམས་ཆབ་སྲིད་ཀྱི་ཐོག་ནས་རང་རྐྱ་འཕེར་བའི་ལེགས་བྱང་གསར་པ་ཞིག་བསྐྲུན་ཆེད་༧གོང་ས་མཆོག་རྐྱང་པར་ཡིད་ཆེས་བློས་འགེལ་བྱས་པའི་གཞན་བརྟེན་གྱི་བསམ་བློའི་བག་ཆགས་མེད་པ་བཟོ་གལ་ཆེ་བ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་ཀྱི་དབུ་འཛིན་དང་། གཞུང་གི་དབུ་འཛིན་ཐ་དད་མེད་ཅིང་། གལ་སྲིད་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་སྟེ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་ཙམ་དུ་མཚན་བཞེས་གནང་ན། ༧གོང་ས་མཆོག་གསེར་ཞལ་འཚོ་གཞེས་མེད་པའི་སྐབས་ཆ་རྐྱེན་གཞན་ཞིག་བསྐྲུན་དགོས་ཡོང་རྒྱུ་མ་ཟད། ལམ་སྲོལ་དེ་སྐུ་ཕྲེང་ན་རིམ་ལ་རྒྱས་བཀབ་ཡོང་བཟོ་ཡོད་པ་སོགས་དགག་དགོས་དུ་མར་ཞིབ་གཟིགས་ཀྱིས་ཞལ་བཞེས་མ་གནང་བ་ཞིག་ལས། བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་མ་དགོངས་པ་གཏན་ནས་མིན། ལར་ནས་༧གོང་ས་མཆོག་གྲིབ་ནག་མཐུག་པའི་ལྗོན་ཤིང་ལྟ་བུར་ལྟ་མཁན་ཞིག་གིས་ནམ་ཞིག་གྲིབ་ནག་ཡལ་བ་ན་མཛེས་རྒྱན་ཙམ་དུ་དགོས་ཚུལ་བརྗོད་པ་ནི་རང་གི་སྨྲ་བརྗོད་ཐམས་ཅད་རྒྱུ་མཚན་ལ་བརྟེན་པ་མ་ཡིན་པར། སྐྱོན་བརྗོད་ཁོ་ནའི་ཆེད་དུ་སྨྲ་བ་ཞིག་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད།
ག དགའ་ལྡན་ཕོ་བྲང་གི་མཚན་བཙན་བྱོལ་བོད་གཞུང་ལ་རྒྱུན་འཇགས་མ་དགོས་པར་ཕྱིར་བསྡུ་གནང་བའི་རྒྱུ་མཚན་གཙོ་བོ་ནི། ༧གོང་ས་ལྔ་པ་ཆེན་པོ་ནས་བཟུང་ད་ལྟའི་བར་རྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་བོད་རྒྱལ་ཁབ་དང་བོད་གཞུང་གི་དབུ་འཛིན་མཚན་གནས་རྗེས་འབྲེལ་གྱིས་གནང་བའི་ལམ་སྲོལ་དེ་མཇུག་བསྡུས་ནས་མང་གཙོའི་གསར་བརྗེ་ཆེན་པོ་ཞིག་གི་ལམ་དུ་འགྲོ་བ་མཚོན་པའི་ཆེད་ཡིན། ལར་ནས་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་ནི་གཞལ་མེད་ཁང་ངམ། བླ་བྲང་བྱེ་བྲག་པ་གཅིག་ལ་མ་གཏོགས། རྒྱལ་ཁབ་དང་མི་རིགས་ལ་འདོགས་སུ་རུང་བའི་མཚན་ཞིག་མིན། འཇིག་རྟེན་སྤྱི་སྲོལ་དུའང་ཡུལ་མིའི་རྒྱལ་ཁབ་ (Republic) ཚང་མའི་གཞུང་གི་མཚན་ལ་རྒྱལ་ཁབ་དེའི་གཞུང་ཞེས་འབོད་པ་མ་གཏོགས། ཕོ་བྲང་ངམ་སྐྱེས་བུ་བྱེ་བྲག་པ་ཞིག་གི་མཚན་ནས་འབོད་སྲོལ་མེད་པ་ཀུན་གསལ་ལྟར། བརྒྱ་ཕྲག་ཉེར་གཅིག་པ་འདིའི་ནང་དགའ་ལྡན་ཕོ་བྲང་གི་གཞུང་ཞེས་པ་ལས་བཙན་བྱོལ་བོད་གཞུང་ཞེས་འབོད་ན་ཧ་ཅང་འོས་ཤིང་འཚམས་པ་དང་། གལ་སྲིད་དགའ་ལྡན་ཕོ་བྲང་གི་མཚན་༧གོང་ས་མཆོག་གམ། ཡང་ན་གྲོས་ཚོགས་ནས་སྐབས་དེར་ཕྱིར་བསྡུ་གནང་མེད་ན་འཇམ་དབྱངས་ནོར་བུ་ལགས་ལྟ་བུའི་རྩོམ་པ་པོ་རྣམས་ཀྱིས་དེ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་དག་སྤེལ་ངེས་ཡིན་པ་ཚོད་དཔག་བྱེད་ཐུབ།
ལས་རྟགས་ཕྱིར་བསྡུ་གནང་བ་ཞེས་པ་བདེན་པ་མ་རེད། ༡༩༥༩ གོང་བོད་གཞུང་ལ་ལས་རྟགས་ཤིག་མེད་ཀྱང་། བཙན་བྱོལ་དུ་འབྱོར་རྗེས་ལས་ཤོག་ཁག་གི་ཐོག་གངས་སེང་ཟུང་ལྡན་གྱི་ལས་རྟགས་གསར་བསྐྲུན་གྱིས་བེད་སྤྱོད་གནང་མུས་ཀྱང་། ཁྲིམས་ལུགས་ཀྱིས་གཏན་འབེབས་ཡོད་པའི་ལས་རྟགས་ནི་མིན། དེ་ནི་ད་ལྟའང་བཙན་བྱོལ་གཞུང་གིས་བེད་སྤྱོད་གནང་བཞིན་དུ་ཡོད། དགའ་ལྡན་ཕོ་བྲང་གི་མཚན་ཕྱིར་བསྡུ་གནང་བའི་རྗེས་འབྲེལ་གྱིས་དེའི་ནང་ཡིག་ཐོག་ཚིག་བརྗོད་གསར་པ་ཞིག་འཁོད་པ་དེ་ནི་ལས་རྟགས་བསྐྱར་བཅོས་སོང་བ་ཞིག་ལས། ལས་རྟགས་ཕྱིར་བསྡུ་མིན་པ་ཀུན་གསལ་དང་། དགའ་ལྡན་ཕོ་བྲང་གི་ལས་རྟགས་ཟུར་དུ་གསར་བཟོ་མཛད་པ་འདིས་ཀྱང་ལས་རྟགས་རྙིང་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རང་འཇགས་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད། གཞུང་རྟགས་གཙོ་བོ་བཀའ་དམ་བདེ་སྐྱིད་མ་ནི་རང་འཇགས་བཀའ་ཤག་གིས་བེད་སྤྱོད་གནང་བཞིན་ཡོད།
ང བཙན་བྱོལ་བོད་གཞུང་གི་མཚན་ཕྱིར་བསྡུ་དགོས་པ་༧གོང་ས་མཆོག་ནས་བཙན་བཀའ་ནམ་ཡང་གནང་མེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་མཛད་རིང་གཞུང་གི་སྒྲིག་འཛུགས་ཀྱང་༧གོང་ས་མཆོག་གི་མཚན་འོག་ནས་འགྲོལ་བཞིན་པ་ཡིན་ནའང་། ༧གོང་ས་མཆོག་གིས་སྐུ་དབང་ཕྱིར་བཤོལ་གནང་བའི་རྗེས་ཡིད་གཟབ་མ་བྱེད་ན་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ལ་གནས་ཡུལ་རྒྱལ་ཁབ་དང་། རྒྱལ་སྤྱིའི་ནང་ཆབ་སྲིད་དང་། ཁྲིམས་དོན་གཉིས་ཐད་ནས་དཀའ་ངལ་ཡོང་སྲིད་པ་དང་། དེ་རིགས་བྱུང་ཚེ་༧གོང་ས་མཆོག་གི་མཚན་གྱིས་སྐྱོབ་ཐབས་མེད་པ་ཡོང་རྒྱུར་བརྟེན། བཙན་བྱོལ་བོད་མི་རྒྱ་གར་དུ་འབྱོར་བ་ནས་བཟུང་། གནས་ཡུལ་རྒྱལ་ཁབ་ཀྱིས་མཚོན་པའི་རྒྱལ་སྤྱིའི་ནང་ཚང་མས་ངོས་ལེན་ཡོད་པའི་མཚན་ཨིན་སྐད་དུ་ “Central Tibetan Administration (CTA) of His Holiness the Dalai Lama” ཞེས་ཡིག་ངག་གཉིས་ཐོག་ནས་བེད་སྤྱོད་བྱེད་བཞིན་ཡོད་པ་ལྟར། འབྱུང་འགྱུར་བོད་ཡིག་ཏུའང་དེ་དང་མཚུངས་པར་ “དབུས་བོད་མིའི་སྒྲིག་འཛུགས་” ཞེས་བཅོས་ན་ཨིན་བོད་གཉིས་མཚུངས་དང་། གཞན་གྱིས་བསྙོན་འཛུགས་མི་ཐུབ་པ་ཡོང་རྒྱུར་དགོངས་ནས་དགོངས་ཚུལ་བཏོན་པ་ཞིག་ལས། ངེས་པར་དུ་དེ་ལྟར་བསྒྱུར་དགོས་པའི་བཀའ་ཕེབས་མེད། ལར་ནས་བོད་མིའི་ཁྲིམས་མཐུན་གྱི་གཞུང་གནས་དང་གནས་མིན་བོད་མི་མང་ཚོགས་ཀྱིས་ངོས་ལེན་བྱེད་ཕྱོགས་ལ་རག་ལུས་པ་ལས། སྐྱབས་བཅོལ་དུ་ཡོད་རིང་ཡིག་ཐོག་ཏུ་མིང་འདོགས་ཕྱོགས་ཀྱི་ཆ་ནས་ཁྱད་པར་གང་ཡང་མི་འགྲོ་ཞིང་། མིང་ལས་དོན་གཙོ་ཆེ་བར་ངོས་འཛིན་ཐུབ་པ་དགོས་གལ།
ཅ རྒྱལ་སྤྱིའི་ཡུལ་ལུང་གང་སར་ཡོད་པའི་སྐུ་ཚབ་དོན་ཁང་ཁག་གིས་ད་དུང་ “༧གོང་ས་མཆོག་གི་སྐུ་ཚབ་” ཀྱི་མཚན་གནས་དང་འབྲེལ་༧གོང་ས་མཆོག་གི་ཆིབས་སྒྱུར་ཁག་ཀྱང་གོ་སྒྲིག་ཞུ་བཞིན་པ་ཡིན་སྟབས། དོན་ཁང་དེ་དག་སུའི་དབང་འོག་ཏུ་ཡོད་པ་གསལ་པོ་མི་འདུག་ཅེས་འཁོད་པ་ནི་ཤེས་ཡོན་དམན་པ་རྣམས་མགོ་བོ་རྨོངས་བྱེད་དུ་ཚིག་གི་གར་སྟབས་ཙམ་ལས་གསལ་པོ་མིན་པ་གང་ཡང་མིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ནང་གསེས་གསུམ་པར། “བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་། དམིགས་བསལ་སྐུ་ཚབ་རྣམས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ།” ཞེས་གསལ་བ་ལྟར། བཀའ་ཤག་གིས་བསྐོ་འཛུགས་བྱས་པ་ཡིན་སྟབས། བཀའ་ཤག་གི་དབང་འོག་ཏུ་ཡོད་པ་ཧ་ཅང་གསལ་པོ་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་མ་བསྩལ་ན་དོན་ཁང་གི་ངོས་འཛིན་དང་། རྒྱལ་ཁབ་གཞན་གྱིས་གཞུང་དང་འབྲེལ་ལམ་བྱ་རྒྱུར་སྐུ་ངལ་འཕྲད་ཀྱི་ཡོད་པའི་དབང་གིས་མཚན་གནས་གསོལ་བསྩལ་མ་ཞུས་མཐུ་མེད་དུ་གྱུར་སྟབས། དཀའ་རྙོག་དེ་དག་སེལ་སླད་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཇི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁེ་ཕན་ཆེད་དགོངས་བཞེས་གནང་བ་ཞིག་ཡིན་པ་ལས། ༧གོང་ས་མཆོག་དང་། དགའ་ལྡན་ཕོ་བྲང་བླ་བྲང་གིས་དོན་ཁང་ཁག་གི་ཐོག་དབང་བྱུས་འཛིན་རྒྱུའི་དགོངས་བཞེད་གཏན་ནས་མེད་པ་གསལ་པོ་ཤེས་བཞིན་དུ་བོད་མིའི་ཆིག་སྒྲིལ་གྱི་གོང་བུར་ཐོར་བཤིག་གཏོང་ཐབས་ཀྱིས་ཆབ་སྲིད་ཀྱི་དགོས་དབང་ཞིག་གིས་མང་ཚོགས་ནང་རྩོམ་ཡིག་འདི་འདྲ་ཞིག་སྤེལ་བ་ལས་མ་འདས།
ལྷག་པར་རྩོམ་ཡིག་དེའི་ནང་ཕྱི་ཕྱོགས་ནས་ཐོན་སྐྱེད་བྱས་པའི་དགོས་དངུལ་མང་པོ་དོན་ཁང་ཁག་ནས་བསྡུ་ལེན་བྱེད་ཀྱི་ཡོད་ཚུལ་གསལ་བའང་གཞུང་མང་བར་གྱི་ཡིད་ཆེས་ལ་སེར་ཁ་བཟོ་ཕྱིར་མི་རྣམས་མགོ་བོ་རྨོངས་བྱེད་ཀྱི་བརྗོད་ཚིག་ཅིག་སྟེ། བཀའ་ཤག་གིས་ཐད་ཀའི་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་ལས་ཁུངས་ཤིག་ཡིན་སྟབས། ས་གནས་སོ་སོའི་བཙན་བྱོལ་བོད་མིའི་དཔྱ་དངུལ་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་རོགས་དངུལ་སོགས་དོན་ཁང་སོ་སོས་འདུ་འགོད་བྱེད་བཞིན་ཡོད་པ་ནི་གཞུང་གི་ཕྱོགས་བསྡོམས་མ་དངུལ་གྱི་ཆ་ཤས་ཤིག་ཡིན་པས། ཕྱི་གསལ་ནང་གསལ་དང་། ཁྲིམས་མཐུན་རྩིས་ཞིབ་ཀྱི་ཁྱབ་ཁོངས་སུ་ཡོད་པ་ཞིག་ཡིན། ༧གོང་ས་མཆོག་གི་ཆིབས་སྒྱུར་སོགས་དང་འབྲེལ་བའི་བྱུང་སོང་སོགས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་མེད་པས། བླ་བྲང་གི་དགོས་དངུལ་ཁག་རྩིས་ཁུངས་ཟུར་ཡོད་ལས། ཉ་ཉུང་མཉམ་བསྲེས་མིན་པ་མ་ཟད། ༧གོང་ས་མཆོག་གི་ཆིབས་སྒྱུར་གྱི་མཛད་འཆར་གང་གི་ཐོག་ཏུའང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་དངུལ་འགྲོ་གྲོན་སྣེ་གཅིག་གཏོང་གི་མེད་པའང་ཀུན་གསལ་ཡོངས་གྲགས་ཡིན་པ་མཁྱེན་དགོས།
གཞན་ཡང་འཇམ་དབྱངས་ནོར་བུ་ལགས་ཀྱི་རྩོམ་ཡིག་དེ་གའི་ནང་“… The Dalai Lama was not so much retiring as undertaking a major career change… It also makes you realize that His Holiness has for some time now been far more busy in his global spiritual quest than with the issue of Tibetan freedom”. ཞེས་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་བ་ཞེས་པས་ཁོང་གི་འཚོ་ཐབས་སམ་མདུན་ལམ་ལ་འགྱུར་བ་ཆེན་པོ་འགྲོ་གཞི་མི་འདུག་” ཅེས་སོགས་བཀོད་པ་ནི་ཡ་མཚན་སྐྱེ་གཞི་ཞིག་སྟེ། ༧གོང་ས་མཆོག་གིས་བོད་རྒྱལ་ཁབ་དང་། ཆབ་སྲིད་ཀྱི་འགན་དབང་བསྐྱངས་བཞེས་མཛད་པ་དེ་དག་རྩོམ་པ་པོའི་གཟིགས་ངོར་ཁོང་གི་འཚོ་ཐབས་སམ་མདུན་ལམ་ཞིག་ཡིན་པར་གཟིགས་ཀྱི་ཡོད་ན། བོད་དང་བོད་མིའི་སྔོན་གྱི་བྱུང་རབས་དང་། ད་ལྟའི་གནས་བབ། ལྷག་པར་བོད་མི་རིགས་དང་༧གོང་ས་སྐུ་ཕྲེང་ན་རིམ་གྱི་བར་སྲིད་དོན་ཙམ་མིན་པར། སེམས་ཚོར་དང་འདུ་ཤེས་ཀྱི་འབྲེལ་བ་ཇི་ཡོད་གཏན་ནས་མ་མཁྱེན་པར། གནས་ཚུལ་ཡོངས་རྫོགས་དེང་རབས་གོང་མའི་མིག་ཤེལ་ཉག་གཅིག་ནས་གཟིགས་པའི་དབང་གིས་ཀུན་གྱིས་མཐོང་ཆོས་སུ་གྱུར་པའི་དངོས་དོན་མང་པོ་ཞིག་ཇི་བཞིན་མ་གཟིགས་པར་རང་གི་གཟིགས་ཕྱོགས་ཁོ་ནའི་ཐོག་ནས་སྐྱོན་བརྗོད་མཛད་པའི་གནས་ཚུལ་ཕལ་མོ་ཆེ་རང་བཞིན་གྱིས་མ་ཉེས་ཁ་གཡོགས་སུ་གྱུར་ཡོད། འཇམ་དབྱངས་ནོར་བུ་རང་ཉིད་ཀྱི་རྩོམ་ཡིག་དེ་དག་དོན་ངོ་མས་འཚོ་ཐབས་སུ་སྤེལ་བ་ཡིན་པ་གདོད་མི་ཟ་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེར་སོང་འདུག
གོང་སྨོས་གནས་ཚུལ་དེ་དག་འཇམ་དབྱངས་ནོར་བུ་ལགས་ཀྱིས་དུས་ཡུན་རིང་པོའི་ནང་རྩོམ་ཡིག་དང་གསུང་བཤད་གྲངས་ལས་འདས་པ་ཞིག་ཡོད་པའི་ནང་ནས་དཔེ་མཚོན་གྱི་ཚུལ་དུ་རེ་ཟུང་རྡོག་སྒྲུག་ཞུས་པ་ལས། མཐའ་དག་བརྗོད་ཀྱིས་མི་ལངས་ཤིང་། དགོས་པའང་མ་མཐོང་། འོན་ཀྱང་གནས་ཚུལ་འདི་དག་གིས་ཁོང་གི་རྩོམ་ཡིག་དང་གསུང་བཤད་གཞན་དག་གི་འགྲོ་ཕྱོགས་དང་གནས་བབ་མཚོན་ཐུབ། དཔྱད་གླེང་འདིའི་དམིགས་ཡུལ་ནི་ཤེས་ཡོན་དམན་པ་དང་། ཡང་ན་གནས་ཚུལ་རྣམས་རང་སྟོབས་ཀྱིས་ཞིབ་དཔྱོད་མི་བྱེད་པར་བརྒྱུད་ལམ་ཁག་རྐྱང་པར་བརྟེན་ནས་ཕེབས་མཁན་རྣམས་དབུ་མི་འཁོར་བ་དང་། དཔྱད་ཞིབ་ཟབ་ནན་དགོས་པའི་བྱ་གཏོང་སྙན་སྒྲོན་ཙམ་གྱི་ཆེད་དུ་ཡིན་པ་ལས། འཇམ་དབྱངས་ནོར་བུ་ལགས་ལ་ཀླན་ཀ་འཚོལ་བ་གཏན་ནས་མིན་ཞིང་། ཁོང་གི་དགོངས་ཚུལ་འགྱུར་བ་འགྲོ་རྒྱུའི་རེ་བ་ནི་དེ་བས་ཀྱང་མེད། དཔྱད་གླེང་འདིའི་ནང་འཇམ་དབྱངས་ནོར་བུ་ལགས་ཀྱི་ལུང་འདྲེན་བཀོད་པ་རྣམས་ཁོང་གི་རྩོམ་ཡིག་ནས་འབྲུ་ཐོག་འབྲུ་བཞག་གིས་བོད་སྒྱུར་བྱེད་རྒྱུ་ཡིག་ཚོགས་ཀྱིས་འཇིགས་པས་མ་བཀོད་པས་། ཀློག་པ་པོ་རྣམས་ཀྱིས་གཟིགས་ཏེ་བླང་དོར་མ་ནོར་བ་དང་བདེན་རྫུན་དབྱེ་འབྱེད་ཀྱིས་དེ་ལ་གདོང་ལེན་ཐུབ་པའི་དྲན་སྐུལ་དང་བྱུང་རབས་དེབ་ཐེར་ནང་གསལ་ཆེད།།
མཆོག་གསུམ་བྱིན་རླབས་མཐའ་ཡས་ཀྱང།།
དད་པ་མེད་ན་ཅི་ལྟར་སྐྱོབ།།
རྒྱ་མཚོ་ཆེ་ཡང་ཆར་འདོད་ཀྱི།།
བྱེའུ་སྐོམ་པ་སེལ་མི་ནུས།།
༢༠༡༣ ཕྱི་ཟླ་༥ ཚེས་༡༧ གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་རྫོགས་པར་བྲིས་སོ།།
གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་བོད་རིགས་ཤེས་ཡོན་དང་ལྷག་བསམ་ཅན་རེ་ཟུང་ཡོད་པ་དེ་ཚོ་ལ་མདུང་རྩེ་སྟོན་ཡག་དེ་ཡིན་པ་འདྲ། ཐུབ་བསྟན་ལུང་རིག་ཟེར་བའི་མི་རྒན་ཀླད་སྟོང་འདིའི་མཐོང་བ་དེ་བོད་པ་ནང་ཕན་ཚུན་རེད། རྒྱ་གུང་ཁྲན་ལ་དགོས་པ་དེ་མི་རྒན་རྒྱ་རྐམ་འདིས་བྱེད་ཀྱི་འདུག
བོད་ཀྱི་མངའ་དབང་གི་གནས་བབ་དངོས་ཡོད་ཀྱི་གནས་ཚུལ་དང་། ལྟ་གྲུབ་ཀྱི་གནས་ཚུལ་གཉིས་ཡོད་པ་ནས་དངོས་ཡོད་ཀྱི་མངའ་དབང་ ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མིང་རྟགས་བཀོད་པ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྩིས་འབུལ་ཟིན་ཁར། ལམ་དབུ་མ་ནི་་་་་་་་་་་་་་་་།
་་་་་་ འཇམ་དབྱངས་ནོར་བུ་ལགས་ལ་ཀླན་ཀ་འཚོལ་བ་གཏན་ནས་མིན་ཞིང་། ཁོང་གི་དགོངས་ཚུལ་འགྱུར་བ་འགྲོ་རྒྱུའི་རེ་བ་ནི་དེ་བས་ཀྱང་མེད། དཔྱད་གླེང་འདིའི་ནང་འཇམ་དབྱངས་ནོར་བུ་ལགས་ཀྱི་ལུང་འདྲེན་བཀོད་པ་རྣམས་ཁོང་གི་རྩོམ་ཡིག་ནས་འབྲུ་ཐོག་འབྲུ་བཞག་གིས་བོད་སྒྱུར་བྱེད་རྒྱུ་ཡིག་ཚོགས་ཀྱིས་འཇིགས་པས་མ་བཀོད་པས་། ཀློག་པ་པོ་རྣམས་ཀྱིས་གཟིགས་ཏེ་བླང་དོར་མ་ནོར་བ་དང་བདེན་རྫུན་དབྱེ་འབྱེད་ཀྱིས་དེ་ལ་གདོང་ལེན་ཐུབ་པའི་དྲན་སྐུལ་དང་བྱུང་རབས་དེབ་ཐེར་ནང་གསལ་ཆེད།། ་་་་ཟེར།
འཇམ་ནོར་གྱིས། … Viewing a video of the speech I was struck by the Dalai Lama’s claim that he was ending the institution of the Dalai Lama “victoriously” (gyalge nang nay).་་་་་་་ཟེར།
་་་་་ དུས་སྐབས་འདི་འདྲ་ཞིག་ལ་གསལ་བསྒྲགས་མ་བསྐྱངས་པ་ཡིན་ན། བྱང་ཆུབ་ལྗོན་ཤིང་གི་གྲིབ་འོག་ནས་མ་ཐར་བའི་སྡུག་བསྔལ་ཅན་དང་། བླ་རྒན་དགོངས་པ་ཞུས་ན་མགྱོགས་ཙམ་ཞུས་སོགས་བརྗོད་མཁན་ཚོས་གསལ་བསྒྲགས་ཕྱིས་དྲགས་པའི་སྐྱོན་བརྗོད་ཡོང་ངེས་ཡིན། ་་་་་ཟེར།
་་་་་ འཇམ་དབྱངས་ནོར་བུ་རང་ཉིད་ཀྱི་རྩོམ་ཡིག་དེ་དག་དོན་ངོ་མས་འཚོ་ཐབས་སུ་སྤེལ་བ་ཡིན་པ་གདོད་མི་ཟ་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེར་སོང་འདུག ་་་་་ཟེར།
་་་་་ གལ་སྲིད་དགའ་ལྡན་ཕོ་བྲང་གི་མཚན་༧གོང་ས་མཆོག་གམ། ཡང་ན་གྲོས་ཚོགས་ནས་སྐབས་དེར་ཕྱིར་བསྡུ་གནང་མེད་ན་འཇམ་དབྱངས་ནོར་བུ་ལགས་ལྟ་བུའི་རྩོམ་པ་པོ་རྣམས་ཀྱིས་དེ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་དག་སྤེལ་ངེས་ཡིན་པ་ཚོད་དཔག་བྱེད་ཐུབ། ་་་་ཟེར།
བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དང་། བཙན་བྱོལ་བོད་གཞུང་གི་མཚན་བྱང་དམར་གསོད་གཏོང་མཁན་གྱི་ཤན་པ་ལག་དམར་བ་ཐུབ་བསྟན་ལུང་རིག་ཟེར་བ་འདི་ནི་བོད་མི་རིགས་ཀྱི་དགྲ་ངོ་མ་ཞིག་ཡིན་པར་བོད་མི་དཀྱུས་མ་བ་ཚོས་ངོས་འཛིན་བྱེད་ཀྱི་ཡོད།
མི་ཤི་ནས་རུས་པ་ས་འོག་ཕྱིན་ཀྱང་ལོ་རྒྱུས་ནག་ཉེས་ས་སྟེང་རྩོད་ངེས་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་གི་མཚན་བྱང་རང་འཇག་བཞག་དགོས་པར་མང་མོས་བྱུང་ཡང་སྒེར་གཅོད་པ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བརྩིས་མེད་རྡོག་རོལ་བཏང་ནས་སྒྲིག་འཛུགས་ལ་སྒྱུར་སོང་།་་་ང་ཚོའི་སེམས་ཀྱི་སྨྲ་ཁ་འདི་་བོད་གཞུང་སླར་གསོ་མ་བྱུང་བར་དུ་དྲག་ཐབས་མེད།
གྲོས་མཐུན་དོན་ཚན་ཅུ་བདུན་ལ་ངོས་ལེན་ཡོད་མཁན་བཙན་བྱོལ་ནང་དུ་ཁྱོད་རང་ཙམ་ཡིན་གྱི་རེད། ༧གོང་ས་མཆོག་དང་བོད་རྒྱ་ཆེན་མི་དམངས་ཀྱིས་ངོས་ནས་བརྩིས་མེད་ཡིན་པའི་གསལ་བསྒྲགས་སྤེལ་པ་ཡོངས་གྲགས་རེད།
་་་་་་ བཙན་བྱོལ་བོད་གཞུང་གི་མཚན་ཕྱིར་བསྡུ་དགོས་པ་༧གོང་ས་མཆོག་ནས་བཙན་བཀའ་ནམ་ཡང་གནང་མེད། ་་་་ཟེར།
འཇམ་དབྱངས་ནོར་བུ་ཆོས་མེད་ཀླ་ཀློ་རེད། །
ལ་རྒྱ་ཡོད་མདོག་ནང་དཀྲུགས་ཞབས་འདྲེན་རེད། །
ཨིན་སྐད་ཆེད་རྩོམ་རང་གཞན་གཉིས་མེད་རེད། །
རང་བཙན་ཧམ་བཤད་ལོག་ལམ་འཁྲིད་མཁན་རེད། །
༸གོང་ས་མཆོག་ལ་སུ་ཡིས་སྡིགས་གྱུར་ན། །
མི་དེ་ང་ཡི་དགྲ་བོ་དང་པོར་གྱུར། །
ད་ངར་ངར་དེ་འདྲ་མ་གནང་། རྒྱ་གར་ལ་ཀོང་གི་རེ་སི་དང་བི་ཇི་པི་ཡོད་པ་རེད། ལུང་པ་ཚང་མ་ལ་གཡས་ཕྱོགས་པ་དང་གཡོན་ཕྱོགས་པ་ཡོད་རེད། འཇམ་དབྱངས་ནོར་བུ་སོགས་ནི་བོད་ཀྱི་ཆབ་སྲིད་ཆ་ནས་གཡས་ཕྱོགས་པ་རེད་དོ།
བུ་རྒོད་པོ་ཡིན་ན་༧གོང་ས་མཆོག་ལ་སྡིགས་ར་སྐུལ་ངོ་མ་དགྲ་བོ་གུན་ཁྲན་ཏང་རེད། དེར་ཤེས་ན་ཡག་གི་རེད་འདོད།
འཇམ་ནོར་རྩོམ་འཆལ་པ་ཅིག་རེད་མ་གཏོགས། ཆབ་སྲིད་པ་མི་ཚེ་འདི་ནང་ལ་མི་འཇོན་པ་ཐག་ཆོད་པ་རེད་དོ། །ད་དུང་མི་རེ་བ་མེད་ས་གཅིག་ལ་རེ་བ་མ་བརྒྱབས་ན་ཡག་བགྱིད་རེད།
༡༣༽ ཅོ་རི་ཉི་མ་ལགས།
༨༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༣ གི་ཆུ་ཚོད་ ༢༣ སྐར་མ་ ༢༤
ད་ལྟ་ང་ཚོས་གླེང་དགོས་པ་བརྒྱད་ནི།
༡༽ མའོའི་རུས་ཁོགས་དེ་གང་མགྱོགས་་ཕྱིར་འདོན་དགོས་པའི་རྒྱུ་མཚན་ཤོད་ཆོག་སྟངས།
༢༽ མའོའི་རོ་ཁང་བཙན་དཀས་གུས་དུད་འཚམས་འཇོག་བྱེད་དགོས་སྟངས།
༣༽ དེ་བཞིན་ཅ་འོ་ཨ་ལེན་དང་ཏིང་ཞའོ་ཕིང་གཉིས་ཀྱིས་རོ་ཁང་རྩ་གཏོར་གཏོང་དགོས་སྟངས།
༤༽ ཛང་ཙེ་མིན། ཧུ་ཅིན་ཏའོ་གཉིས་དུག་ཤི་ཐེབས་སོང་ན། ཁོ་གཉིས་ལ་ཆེ་བསྟོད་རོ་ཁང་བརྩིག་མི་ཆོག་སྟངས།
༥༽ མའོ་སོགས་ཀྱིས་གསར་བརྗེར་ཁག་བཀྲིས་ནས། ཉེས་མེད་མི་མངས་ག་ཚད་དམར་གསད་ཡོད་བཏང་ཡོད་མེད་གྲངས་འབོར་རྒྱ་གཞུང་རང་གིས་དྲང་ཏམ་གཏན་འབེབས་བྱེད་དགོས་སྟངས།
༦༽ ད་ལྟའི་རྒྱ་གཞུང་ནང་གི་ལྐོག་ཟས་ཆེན་པོ་བྱས་པ་ཚང་མ་བཙོན་འཇུག་བྱེད་དགོས་སྟངས།
༧༽ རྒྱ་ནག་མི་མང་ཡོངས་ལ་ད་ལྟའི་དམར་གཞུང་འདི། མང་གཅོ་ཡང་དག་ཅིག་ལ་གཏོང་དགོས་ཡོད་མེད་འོས་འཕེན་ཐོབ་ཐང་དང་། གོ་སྐབས་སྤྲོད་དགོས་སྟངས་སོགས་ཤིན་ཏུ་མང་ངོ། །
༨༽རྒྱ་ནག་སྤྱི་དང་། བོད་ནང་ལ། བོན་ཆོས་དང་ནང་ཆོས་རྟེན་དང་བརྟེན་པ། རྒྱལ་ཁང་དང་བློན་པོའི་འཁྲུངས་ས་ཞིག་རོ་སོགས་དང་རྡོ་རིང་ཡིག་ཆ་སོགས་བདག་ཉར་བྱེད་ཆོག་པའི་ཐོབ་ཐང་ལེན་ཆོག་ཡང་གླེང་དགོས་འདུག
འཇམ་ནོར་གྱིས་འདི་འདྲ་བ་གཅིག་ཀྱང་བྲི་མྱོང་ངམ། བྲིས་ཡོད་ན་ང་ལ་ཅིག་སྟོན་དང་།
ཐུབ་བསྟན་ལུང་རིགས་ལགས་ཀྱིས་ཡག་པོ་བྲིས་འདུག མུ་མཐུད་དུ་འབྲི་རོགས་གནང་། ༧གོང་ས་མཆོག་ལ་བློ་རྩེ་འགྱུར་མེད་ཀྱི་ཡིད་ཆེས་དང་དད་གུས་ཡོད་ཅིང་། བོད་མི་རིགས་ཀྱི་མདུན་ལམ་ལ་འགན་ཁུར་མཁན་ཤེས་ཡོན་གྱིས་ཕྱུག་པའི་ཉམས་མྱོང་རྒན་པོས་བྲིས་པ་དེ་གཞན་དག་དང་སྡུར་ཐབས་མི་འདུག བོད་མི་རིགས་ལ་རྒྱབ་གྱིས་ཕྱོགས་པའི་མི་བུ་ཁ་བདེ་ལྕེ་བདེ་ཅན་རེ་ཟུང་གིས་ཚིག་ངན་གྱི་མཚོན་ཆས་བསྣུན་ནའང་དཔའ་ཞུམ་མི་རུང་། ང་ཚོ་བོད་མི་མང་༧གོང་ས་མཆོག་དང་ཁྱེད་ཚོའི་རྒྱབ་དཔུང་ན་རྟག་ཏུ་ཡོད།
༺།
རང་བཙན་དར་རས་དགུང་ལ་འཕྱར་ནས་ནི། །
༧རྒྱལ་བ་དང་ནི་༧རྒྱལ་བའི་གཞུང་ཞབས་ལ། །
མདའ་མཚོན་ཚིག་གིས་ཡང་ཡང་བསྣུན་བྱེད་པོ། །
འཇམ་ནོས་རང་བཙན་སྒྲོག་པ་གང་གི་དོན། །
གངས་ལྗོངས་བསྟན་སྲིད་སྤྱི་དགྲ་དོལ་ཚོགས་དང་། །
འབྲེལ་བའི་དར་ཐག་སྔོན་ནས་ཡོད་མོད་ཀྱང་། །
འཕྲུལ་གྱི་ངོ་འབག་ཉེ་དུས་འདི་ནས་བཟུང་། །
གདོང་དེབ་དྲ་རྒྱའི་ཐོག་ཏུ་གསལ་བར་མངོན། །
ཀྱེ་མ་སྟག་ལྤགས་གྱོན་པའི་བོང་བུའི་གཟུགས། །
བདག་པོའི་ཞིང་ལ་ཧམ་བཟའ་ཆེ་དྲག་ན། །
ཉིན་གཅིག་ཞིང་བདག་རྒད་པོ་མཐའ་སྐོར་ནས། །
རྒྱུགས་པས་རྡུང་རྡེག་གཟེད་པ་ཡིད་རེ་མུག །
དབུ་མའི་དར་དམར་དགུང་འཕྱར་ནས་ནི།།
༧རྒྱལ་དང་༧རྒྱལ་བའི་ཞབས་བརྟན་ཡིན་སྐད་ཀྱིས།།
མདའ་མཚོན་ཚིག་གིས་ཕུ་ནུར་བསྣུན་བྱེད་པོ།།
ཐུབ་ལུང་དབུ་མ་སྒྲོགས་པ་སུ་ཡི་དོན།།
གངས་ལྗོངས་བསྟན་སྲིད་སྤྱི་དགྲ་རྒྱ་དམར་དང་།།
འབྲེལ་བའི་དར་ཐག་སྔོན་ནས་ཡོད་གྱུར་ཀྱང་།།
གཡོ་ཅན་ཝ་མོ་སྒྲིག་འཛུགས་ར་བའི་ནང་།།
འཛུལ་ནས་དཀྲུགས་ཤིང་བརྒྱགས་པའི་ལམ་ལུགས་ཅི།།
ཀྱེ་མ་འདོད་རྔམས་ཅན་གྱི་འཕར་བ་ཁྱོད།།
མི་རིགས་ལྷན་སྐྱེས་ཐོབ་ཐང་བཙོང་ནས་ནི།།
ཤ་ཁྲག་དམར་པོའི་ཟས་ལ་རྔམས་དྲག་ན།།
ནམ་ཞིག་སྐྱག་དོང་ནང་ལྷུངས་ཡིད་རེ་མུག།།
ང་ཚོ་བོད་མི་མང་༧གོང་ས་མཆོག་དང་ཁྱེད་ཚོའི་རྒྱབ་དཔུང་ན་རྟག་ཏུ་ཡོད། ་་་་ཟེར།
ཀརྡོ་ཕྱག་གཉིས་པ་ལགས། འཛམ་གླིང་མི་དུང་ཕྱུར་དྲུག་ཅུ་ལྷག་ཅིག་ཡོད་པ་རེད། དེ་ཚང་མ་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་པ་མ་རེད། དེ་ཚང་མ་ཁྱེད་ཀྱི་དགྲ་བོ་རེད་དམ།
འོས་འཚམས་མིན་པའི་མིན་སྟངས་སུ་གཅིག་གིས་བྲིས་མི་འདུག་གི་ཨ། ཕྱོགས་གཉིས་ཀས་ཅིག་བཤད་གི་ཡོད་པ། བཤད་དང་ནས་མེད་པ་འདྲ་པོ་ཞིག་འདུག། གང་ཤེས། ནང་འཛིངས་བ་གྱོད་པའི་སྤུ་འདི་ཚོ།
༧་གོང་ས་སྐྱབས་མགོན་རིན་པོ་ཆེ་དང་ཁོང་གི་རྗེས་སུ་འབྲངས་བ་རྣམས་ནི་བོད་ཀྱི་ཕ་རྒན་སྤྲེའུ་བྱང་ཆུབ་སེམས་དཔའ་དང་འདྲ། གཞོན་ལྷན་དང་སྐུ་ཞབས་འཇམ་དབྱངས་ནོར་བུ་དང་ཀླུ་མཁར་བྱམས་སོགས་ནི་མ་བྲག་སྲིན་མོ་དང་འདྲ། དེ་ནས་ཤར་ཁུག་དང་གླིང་ཚ་སོགས་ནི་ཨ་ཁུ་ཁྲོ་ཐུང་དང་འདྲ།
བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་ནས་དཔྱད་ཞིབ་ཡག་པོ་གནང་འདུག ཐུགས་རྗེ་ཆེ།
དེས་ཙམ་གྱིས་ཀྱང་སྤྱིར་བོད་མི་རིགས་ལ་ཤ་ཞེན་ཡོད་པ་གསལ་བོ་ཤེས་ཐུབ།
འདྲ་འབུ་ཁ་ཤས་ཀྱིས་ད་ལྟའི་བོད་པའི་གནས་བབས་དང་། འཛམ་གླིང་འདིའི་སྒང་རྒྱ་ནག་ལ་ནུས་ཤུགས་ག་འདྲ་ཡོད་མེད་སོགས་ལ་བསམ་བློ་མ་བཏང་བའམ་གཏོང་མ་ཤེས་པར་འོལ་ཚོད་ཀྱིས་ཅིག་འབྲི་བ་ནི་རང་ཉིད་ངལ་བའི་རྒྱུ་ལས་མ་འདས།
དཔྱད་བརྗོད་འདི་ལྟ་བུ་ལ་ཅིག་འབྲི་འདོད་ཡོད་ན་སོ་སོས་དེ་ལྟ་བུའི་ལུང་དང་རིག་པས་ཁུངས་བཙན་པོ་ཞིག་འབྲི་ཐུབ་ན་རང་གཞན་ཀུན་ལ་ཕན་ངེས་ཡིན་་་་་་་་་་་དེ་མ་གཏོགས་མ་་
རྣམ་དཔྱོད་ལྷག་བསམ་ཡངས་པའི་ཐུབ་བསྟན་ལུང་རིགས་ལགས་ཀྱིས་འཇམ་ནོར་གྱི་རྩོལ་འཆལ་གྱི་ནང་དོན་གསལ་སྟོན་དང། གནད་ལ་ཁེལ་བའི་འགག་ལན་གནང་འདུག་ལ་འཇམ་ནོར་གྱི་རྩོམ་འཆལ་དེའི་རྒྱབ་ལྗོངས་ནས་ཁོའི་བསམ་སྤྱོད་གསལ་པོ་མཐོང་གི་འདུག
དྲ་གྲོགས་རྣམས་ནས་སྐབས་སུ་བབ་པ་འཇམ་ནོར་གྱི་རྩོམ་འཆལ་དེའི་ཐོག་བསམ་ཞིབ་གནང་ན་དགེ་ཚན་ཆེ།
༢༠༽ རྡོ་རྗེ་བཀྲ་ཤིས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༥ གི་ཆུ་ཚོད་ ༡༦ སྐར་མ་ ༠༩
ཀརྡོ་ཕྱག་གཉིས་པ་ལགས། འཛམ་གླིང་མི་དུང་ཕྱུར་དྲུག་ཅུ་ལྷག་ཅིག་ཡོད་པ་རེད། དེ་ཚང་མ་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་པ་མ་རེད། དེ་ཚང་མ་ཁྱེད་ཀྱི་དགྲ་བོ་རེད་དམ།
ལན་དུ།
དེ་ཚོའི་ནང་ནས་༸གོང་ས་མཆོག་ལ་སྡིགས་མཁན་འཇམ་ནོར་འདྲ་བོ་གཅིག་གི་མིང་སྟོན་དང་། དེ་ཐུབ་ན་རྡོ་རྗེ་དང་བཀྲ་ཤིན་དངོས་གནས་རེད། དེ་མིན་ཁྱེད་རང་ལ་མིང་འོས་པ་མིན་འདུག་གདའ། ཧཧཧ།
་་་་དང་བཀྲ་ཤིས་དངོས་གནས་རེད། དེ་མིན་ཁྱེད་རང་ལ་མིང་འདི་འོས་པ་མིན་་་་་ ལ་བཅོས།
སྤུན་ཟླ་ཚོ། ཆོས་སྲིད་རིག་གནས་གང་གི་ཐད་ལ་དཔྱད་གླེང་དང་དགོངས་ཚུལ་གསུངས་སྐབས།
གནད་དོན་ལ་འཕིགས་པའི་རིགས་ལམ་གྱིས་དགག་སྒྲུབ་དང་དགེ་སྐྱོན་གསལ་སྟོན་བྱ་དགོས་པ་ལས་
རང་ཉིད་ཀྱིས་དགའ་ཕྱོགས་གཙོར་བཟུངས་ཀྱིས་སྐྱེ་བོ་སྒེར་གྱི་མི་གཤིས་ལ་དམའ་འབེབ་རིགས་འཛེམས་ཐུབ་ན་ལེགས་སོ་སྙམ་མོ་་་ནག་ཆུ་ཀུན་དགའ་ནས
༢༠༽ རྡོ་རྗེ་བཀྲ་ཤིས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༥ གི་ཆུ་ཚོད་ ༡༦ སྐར་མ་ ༠༩
ཀརྡོ་ཕྱག་གཉིས་པ་ལགས། འཛམ་གླིང་མི་དུང་ཕྱུར་དྲུག་ཅུ་ལྷག་ཅིག་ཡོད་པ་རེད། དེ་ཚང་མ་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་པ་མ་རེད། དེ་ཚང་མ་ཁྱེད་ཀྱི་དགྲ་བོ་རེད་དམ
རྒྱལ་བ་རིན་པོ་ཆེས་ལ་དད་པ་བྱས་ཕྱིན་ཆད་འཛམ་གླིང་མི་དུང་ཕྱུར་དྲུག་ཅུ་ལྷག་ཅིག་ཡོད་པའི་གྲས་ལ་རྩི་སམི་ཆོག་པ་འདྲ།
རྒྱལ་བ་རིན་པོ་ཆེ་ལ་ཁ་བཏང་མཁན་འཇམ་ནོར་གཅིག་པུ་མིན་པར་འཛམ་གླིང་མི་མང་གི་རྒྱལ་བ་རིན་པོ་ཆེས་ལ་ཁ་བཏང་གི་ཡོད་རེད་ལབ་ཀྱི་ཡོད་པ་འདྲ།
རྡོ་རྗེ་བཀྲ་ཤིས་ལགས། དེ་འདྲ་རང་ད་གསུངས་ཡ་ཨེ་ཡོད་དམ།
ངས་བོད་པ་གཅིག་གིས་༸གོང་མཆོག་དད་པ་མི་འདུག་ཟེར་བགྱིད་མེད། ངས་བོད་པ་གཅིག་གིས་༸གོང་ས་མཆོག་ལ་སྡིགས་བགྱིད་འདུག་ཟེར་བགྱིད་ཡོད།
༸གོང་ས་མཆོག་ལ་སྡིག་མཁན་བོད་པ་འཇམ་ནོར་གཅིག་པུ་མ་རེད་དྲན། བོད་ནང་ལོག་ལ་ཆ་བཞག་ན་བོད་ལྗོངས་ཏང་གི་འགོ་གཙོའི་གྲལ་ནས་བཟུང་བོད་མི་བསམ་མེད་ཇི་སྙེད་ཅིག་ཡོད་ནི་རེད། དེ་བཞིན་བོད་ཀྱི་ཕྱི་ལོག་ལའང་གྲྭ་ས་ཆེན་པོའི་ནང་དུ་ལོ་མང་ཆོས་ལ་བགྱིས་ཁུལ་བྱས་ཏེ་དགའ་ལྡན་ཁྲི་པའི་མཚན་གནས་ཀྱང་ཐོབ། མཐར་༸གོང་ས་མཆོག་དང་བཙན་བྱོལ་བོད་མའི་སྒྲིག་འཛུགས་ལ་དགྲ་ཁ་གཏད་པའི་སེར་མོ་བ་གཙོས་བོད་མི་སྟོང་ཕྲག་མང་པོ་ཡོད་ནི་རེད།
གལ་སྲིད་འཇམ་ནོར་ནང་ཆོས་ལ་མི་དད་པ་ཞིག་ཡིན་པའི་དབང་དུ་བཏང་ན། ༸གོང་ས་མཆོག་ནི་ཕྱི་ལོ་ ༢༠༡༡ གོང་དུ་ཅི་གསུང་བཀའ་སྒྲུབ་ཞུ་དགོས་པའི་འཇམ་ནོར་གྱི་དཔོན་པོ་ཞིག་ཡིན་ཀྱང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ངམ་བོད་རྒྱལ་ཁག་དེ་ཉིད་སྲིད་སྐྱོང་ལ་རྩིས་སྤྲད་གནང་བ་ནས་བཟུང་འཇམ་ནོར་ལ་མཚོན་ན་༸གོང་ས་མཆོག་ནི་བོད་མི་ཕལ་པ་ཞིག་ལས་མཐོང་ཅི་ཡང་མེད་པར་སེམས།
དེས་ན་འཇམ་ནོར་གྱིས་༸གོང་ས་མཆོག་ལ་ཅི་ཞིག་འཆད་ཀྱང་དེ་ག་ཙམ་དུ་ཟད། ང་ཧ་ལས་ས་ནི་ལོ་མང་རིང་གཞུང་བཀའ་པོད་རྣམས་ལ་ཐོས་བསམ་སྒོམ་གསུམ་བྱས། ལམ་བསླབ་པ་རྣམས་གསུམ་གྱིས་རྒྱུད་སྦྱངས་ཁུལ་བྱས་ཀྱང་མཐར་༸གོང་ས་མཆོག་རང་ཉིད་ཀྱི་དགྲ་བོར་འཛིན་པའི་སེར་མོ་བ་དེ་དག་ལ་ཞེད་སོང་། དངོས་གནས་སེམས་པ་སྐྱོ་སོང་།
སྐུ་ངོ་ཐུབ་བསྟན་ལུང་རིག་ལགས་ཀྱིས་བོད་སྤྱི་དོན་དགོངས་ཏེ་འཇམ་ནོར་ལྟ་བུ་བོད་པའི་སྤྱི་ཚོགས་ནས་དག་ཐེར་དང་རྒོལ་རྡུང་གཏོང་གནང་གི་ཡོད་ཚེ། དང་པོ་འཇམ་ནོར་ལས་ལྷག་པ། འཇམ་ནོར་ལས་མང་བ། མིང་ཡོད་མཁན། ཆེ་མཐོང་ཡོད་མཁན། ནུས་ཤུགས་ཡོད་མཁན། སྟོབས་ཡོད་མཁན་དེ་ཚོ་ལ་སྨྱུག་ཁ་གཏད་རོགས།
ལར་སྐུ་ཉིད་ཀྱིས་ཏང་གི་རྒྱུག་ཁྱི་བྱེད་ཀྱིན་པའི་ཡེ་དོར་ལྟ་བུའི་བོད་རིགས་རྩོམ་བྲིས་བ་དེ་དག་ལ་ད་ཕན་ཡི་གེ་ན་ཞིག་བྲིས་པ་མ་མཇལ་བས་དེས་ན་འཇམ་ནོར་དང་སྐུ་ཉིད་ཀྱི་བར་སྒེར་གྱི་འཁོན་འཛིན་ཡོད་པ་མིན་ནམ་དྲན་གྱིན་འདུག་པས་གལ་ཏེ་དོན་དངོས་སུ་དེ་ལྟར་ཡིན་ན། བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་ཞལ་ཆེམས་ལྟར་མི་རིགས་མཐུན་སྒྲིལ་དང་རྡོག་རྩ་ཆིག་སྒྲིལ་ལ་གཞིག་སྟེ་རེ་ཞིག་སྨྱུག་ཁ་མ་གཡུག་རོགས་གནང་ཞུ།།
བསྟན་འཛིན་རྒྱ་བོ་ལགས། གཅིག་ཡིན་ན་གཅིག་གཉིས་ཀྱི་གཅིག་ཡིན་དགོས་པ་མ་རེད། གཅིག་ཟེར་བ་ཉུང་བའི་དོན་ལ་འཇུག་པ་ཡོད་རེད།
གཅིག་གཉིས་ཟེར་བ་དང་། གཉིས་གསུམ་ཟེར་བ་དང་། ལྔ་དྲུག་ཟེར་བ་སོགས་ལྟོས་ས་ལྟོས་འཇོག་གི་ཚིག་མང་བོ་ཡོད་རེད། དགུ་ཟེར་ན་ཡང་བརྒྱད་དགུའི་དགུ་ཡིན་དགོས་པ་མ་རེད། མང་བོ་དང་ཐམས་ཅད་ཀྱི་དོན་ལ་འཇུག་པ་ཡོད་རེད།
དམན་པའི་སྒྲ་སྦྱར་བ་ཟེར་བ་ཞིག་ཁྱོད་ཀྱིས་གོ་མྱོང་ཡོད་ཀྱི་མ་རེད་སྙམ།
གཅིག་ཟེར།
བསམ་གཏན་སྒྲོལ་མ་ལགས། དང་པོ་གོང་དུ་ཁྱེད་རང་གིས་བྲིས་པའི་ཚིག་འཁོར་དེའི་ནང་ནོར་བ་ག་ཚད་འདུག་གཟིགས་རྗེས་ང་ལ་སྐྱོན་འཛུག་རོགས་ཞུ།
“འཛམ་གླིང་མི་མང་གི་(གིས)རྒྱལ་བ་རིན་པོ་ཆེས་(ཆེ)ལ་ཁ་བཏང་(གཏོང)གི་ཡོད་རེད་ལབ་ཀྱི་ཡོད་པ་འདྲ།”
དམར་གཞུང་གིས་༧གོང་ས་མཆོག་ལ་མཆོག་ལ་མཚན་སྨོད་བྱེད་པ་ནི་ཁྲིམས་འགལ་དང་ལུགས་འགལ་ཅིག་ཏུ་བོད་མི་སྤྱི་དམངས་ཀྱི་འདོད་ཀྱིན་ཡོད། རྗོད་ཚིག་འདི་ཡང་བོད་མི་ཚད་ལྡན་ཤིག་གི་ངོས་བཤད་ན་ཡང་དག་པ་དང་ཡིད་རྟོན་རུང་བར་བཤད་མི་དགོས་པ་བྱོས། དོལ་རྒྱལ་ཚོགས་པས་ཀྱང་༧གོང་ས་མཆོག་ལ་མཚན་སྨོད་བྱེད་ཀྱིན་ཡོད། དེ་ནི་ཚོགས་པ་ཁོ་རང་གི་ངོས་ནས་དྲག་སྤྱོད་དང་རྒྱུ་མཚན་ལྟར་སྣང་མང་པོ་ཞིག་བགྲང་མཐར་སློབ་དཔོན་ཆེན་པོ་ཡོན་ཏན་འོད་ཀྱི་ཤིང་ཐུར་དེས་ཆོས་མིན་ཕྱོགས་གཏོགས་ཀྱི་ཚོགས་པ་ཞིག་ཡིན་པར་གསལ་གསལ་དུ་བསྟན་ཡོད་པར་མ་ཟད། ཚོགས་པ་ཁོ་རང་གི་ངོས་ནས་ཀྱང་ད་དུང་དམར་གཞུང་གི་མི་དམངས་ཤོག་སྒོར་གྱི་ཤུགས་དེ་དམ་སྲི་དོལ་རྒྱལ་གྱི་ཤུགས་ཡིན་མདོག་འཁྲབ་ཞོར་དུ་མི་དམངས་ཤོག་སྒོར་ཉིད་བསྟེན་གསོལ་བྱེད་ཀྱིན་ཡོད་མོད། མདུན་དུ་མངོན་པར་ལྷག་པའི་གཞི་བྱེས་ལྷན་འཛོམས་ལ་འཇིགས་སྣང་བྱུང་བས་རང་བཙན་ལ་མོས་པ་ཡོད་ཁུལ་ཡང་ཡང་བྱེད་བཞིན་ཡོད། གནད་འགག་མཁྱེན་པའི་བོད་མི་ཚོས་ཁྱིམ་གནས་སྤོས་པ་ན་སྒོ་ཁྱི་ཇི་བྱེད་མིན་ཡང་དྲན་གསོས་ཀྱིན་ཡོད་སྟབས་འདིར་དཔྱད་པ་མི་བགྱིད།
འཇམ་ནོར་གྱི་མཚན་སྨོད་ནི་འཇིག་རྟེན་མི་ཆོས་དང་འགལ་བར་བདག་གིས་སྙམ་བགྱིད་ཡོད། འགོར་འགྱང་གི་རང་བཙན་འཐབ་རྩོད་ཅིག་མིན་ནའང་རང་བཙན་གླེང་མཁན་དང་རང་བཙན་དངོས་གནས་འདོད་མཁན་ཞིག་ཡིན་ན། དམར་གཞུང་གིས་མཚན་སྨོད་མི་འདོད་པ་བཞིན་དུ་་འཇམ་ནོར་གྱི་མཚན་སྨོད་དེ་འང་ཁས་ལེན་ཐུབ་ཀྱི་མ་རེད།
དེས་ན་འཇམ་ནོར་གྱི་་རང་བཙན་ནི་ཡབ་མེས་གོང་མ་དག་ལ་ཆེས་ངོ་གནོང་དགོས་པ་ཞིག་ཡིན་པར་གུས་པས་ཚོར་ཀྱིན་ཡོད། བདག་གིས་ནི་ཡབ་མེས་དག་ལ་འདི་ལྟར་ཞུ་གི་ཡོད།
ཚེ་ཚེ་རབས་རབས་སུ་གདུང་རྒྱུད་མི་འཆད་པ་དང་། ངེད་ཅག་ཤུལ་ལུས་རྣམས་ཁ་འཐོར་དགུ་འཐོར་དུ་མ་སོང་བའི་ལྷན་འཛོམས་ཀྱི་འདྲ་མཉམ་ལ་ནུས་ཚོད་ཀྱི་འབད་ཀྱིན་ཡོད་ན་ཡབ་མེས་རྣམས་བློ་བདེ་གནང་རོགས་ཞེས་སྤོབས་པ་ཆེན་པོས་ཞུ་ཐུབ་ཙམ་བྱུང་། འཇམ་ནོར་གྱིས་འདི་ལྟར་སེམས་སྟེང་ནས་ཞུ་ཐུབ་མིན་དོགས་པ་བྱེད་མཁན་ནི་ཇེ་མང་ཇེ་མང་རེད་འདུག དེ་ལས་ཀྱང་ཚོད་དཔག་ཐུབ་པ་ཞིག་ནི་དགོས་གལ་མེད་པའི་སེམས་ཚོར་བཅུན་མི་ཐུབ་པ་ཚོར། ཐུན་མོང་གི་ཁྱད་ཆོས་ཞིག་ཡོད་པ་ནི་དྲན་པ་རྣལ་མར་མི་གནས་པ་ཙམ་དུ་མ་ཟད། དེ་ཡང་རང་བཙན་གྱི་དོན་དུ་ཡིན་མདོག་མདོག་གནང་བགྱི་དེ་ཙམ་རེད། དྲྭ་བརྙན་གླེང་མོལ་ནང་ཁོང་ངུ་གྲབས་འདྲ་ཞིག་གནང་སོང་། གནང་ལུགས་འདི་ནུབ་ལུགས་ཀྱི་སྒྱུ་རྩལ་ཟེར་བ་ཡིན་སྲིད་མོད། ལྷོད་འཇམ་ཀྱི་གཤིས་ཀར་གོམས་ཆེ་བའི་བོད་མི་དཀྱུས་མ་ཅིག་གིས་བལྟས་ན་རྩ་མི་ཚང་བའི་གནང་ལུགས་རང་ཡིན། འདི་ཡང་ནུབ་ལུགས་པ་ཁོང་གིས་མཁྱེན་ཡོད་ཚོད་མི་འདུག
བཀུར་འོས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་སུ་འབུལ།
སྐུ་ཉིད་ཀྱིས་དུས་ཚོད་བར་གསེང་ཡོད་ཚད་འཇམ་ནོར་ལ་བཏང་རྗེས་ད་དུང་སྐར་ཆ་ཁ་ཤས་ཞིག་ལྷག་འདུག་ན་འདིའི་ཐད་ལ་སྨྱུག་ཁ་ཞིག་ཅིས་ཀྱང་གཏད་ཐབས་གནང་རོགས་ཞུ། http://english.cntv.cn/special/01/20130516/106560.shtml
ལྷན་རྒྱས་ཚོ་ ཡི་གེ་འབྲི་ཀློག་ཤེས་ཙམ་དང་དམངས་གཙོ་གོ་བ་ཡོད་ཙམ་གྱིས་བདེ་སྤྱོད་བྱེད་སྟངས་མ་ནོར་བ་གྱིས། ནར་ནར་ལྕེ་ལ་བདག་པོ་མ་རྒྱབ་ན་ རིལ་རིལ་རྐུབ་ལ་འོ་རྒྱལ་བཟོས་ཡོང་ དམངས་གཙོ་ཟེར་དུས་གང་བྱུང་མང་བྱུང་ཆོ་མེད་ཚང་མ་བརྗོད་ཟེར་གྱི་ཡོད་མ་རེད་དོ་ ཀླ་ཀློ་ཆོས་མེད་འཇམ་ནོར་དུས་ནམ་ཡང་གཤིན་རྗེའི་འོག་ནས་ཐར་མི་ཐུབ་ གང་ལྟར་མཚམས་མེད་ལྔ་བྱེད་ན་དམྱལ་བ་ཐིང་ནག་ལ་འགྲོ་ངེས་དེ་དུས་ལྟད་མོ་བལྟས་ཆོག
འཇམ་དབྱངས་ནོར་བུའི་རྩོམ་ཡིག་ལ་ཐུབ་བསྟན་ལུང་རིགས་ལགས་ཀྱིས་རིགས་ཚུལ་དང་མཐུན་པའི་ལན་བསྐྱོན་འདུག་པར་དགའ་བསུ་ཞུ།