ཨོ་རྒྱན་ཉི་མ།
དེང་སང་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་དང་བཅས་པས་བཤད་སྒྲུབ་ཀྱི་སྡེ་རྒྱུན་འཁྱོངས་དང་། གོང་འཕེལ་གཏོང་ཕྱོགས་སྐོར་ཚོགས་འདུ་སྐོང་བཞིན་པ་ཐོས་འཕྲལ་སེམས་ལ་དགའ་བ་དཔག་མེད་བྱུང་། རེད་དེ་གྲོས་ཆོད་དག་མགོ་མཇུག་ལྡོག་ཡོད་པའི་རྣམ་པ་ཞིག་ཡིད་ལྷང་ངེར་ཐོན་སོང་། གང་ཡིན་ཞེ་ན་སྔོན་བྱོན་དམ་པ་གོང་མ་ཚོས་གཞི་ཚུལ་ཁྲིམས་རྣམ་པར་དག་པའི་སྟེང་། བཤད་སྒྲུབ་ཀྱི་སྡེ་དང་། དགོན་སྡེའི་འཛིན་སྐྱོང་དགོས་ཚུལ། དེ་ནས་རིག་གཞུང་ལ་རམ་འདེགས་ཞུ་དགོས་ཚུལ་གསུང་གི་འདུག་མོད། དེ་རིང་འདི་འདྲ་ཞིག་བྲིས་འདུག་༼༼ཕྱི་ཚེས་ ༡༤ ནས་ ༡༧ བར་གྱི་ཚོཊ་འདུའི་གྲོས་གཞི་ཁག་ནི། དང་པོ། དུས་དང་འཚམ་པར་ཆོས་ལུཊ་ཆོས་བརྒྱུད་ཁག་གི་བཤད་སྒྲུབ་བསྟན་པ་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་གཏོང་ཕྱོགས། གཉིས་པ། བཤད་གྲྭ་དང་རྩོད་གྲྭ་ཚཊ་ཚུད་ཡོད་སར་སྒྲུབ་པའི་བསྟན་པ་གོང་འཕེལ་དང་། སྒྲུབ་གྲྭ་ཚཊ་ཚུད་ཡོད་སར་བཤད་གྲྭ་དང་རྩོད་གྲྭ་གོང་འཕེལ་གཏོང་ཕྱོགས། གསུམ་པ། གཞུང་ཆེན་བཀའ་པོད་ལྔ་རེ་རེའི་ཐོག་རིཊ་གཅིག་རྐང་འཛིན་པ་ཐོན་ཐབས། བཞི་བ། རིས་མེད་རྩོད་གྲྭ་༼འཇང་དགུན་ཆོས༽ དང་སྨོན་ལམ་ཆེན་མོ་ཚུཊ་ཕྱོགས། ལྔ་བ། བཤད་གྲྭ་སོ་སོའི་རྒྱུན་ལྡན་སློབ་ཚན་ནང་དེང་དུས་ཚན་རིག་སྒྲིཊ་ཕྱོགས། དྲུག་པ། སོ་སོའི་ཁྱབ་ཁོངས་གཞིས་ཆཊ་སུ་ཡོད་པའི་སྐྱ་བོའི་མི་མང་དང་། ལྷག་པར་དེང་དུས་རིག་པའི་བསླབ་པ་མཐར་སོན་བོད་རིཊ་ན་གཞོན་སློབ་ཕྲུག་ཚོར་དམིཊ་ཏེ་ཚད་མ་གཙོས་ནང་དོན་རིག་པ་སློབ་ཁྲིད་གནང་ཕྱོཊ། བདུན་པ། བསྟན་པའི་གཞི་མ་ལེཊ་པར་གསུང་བའི་ཆོས་འདུལ་བའི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་ཕྱོཊ་སྤྱི་དང་། ལྷག་པར་དེང་སང་ཕྱི་ནང་སྤྱི་ཚོཊ་ཁྲོད་དུ་འབྱུང་བཞིན་པའི་གྲྭ་བརྫུ་བླ་བརྫུ་རིཊ་ཀྱིས་འདུལ་བ་འཛིན་པ་སྤྱི་ལ་མཚན་སྨད་ཡོང་གཞིས་བཟོས་དང་བཟོ་བཞིན་པར་གདོང་ལེན་གནང་ཕྱོགས། བརྒྱད་པ། འབྲེལ་ཆཊ་ཀྱི་གནད་དོན་གཞན་གྱི་ཐོག་བཀའ་བསྡུར་ཞེས་འཁོད་འདུག༽༽ ཁོ་ཚོས་མཁས་པ་དང་། ཐོབ་ཐང་གིས་རྒྱགས་ཏེ། བསྟན་པའི་གཞི་མ་དང་པོ་མ་བཞག་པར་ཐ་མར་དོན་ཚན་བདུན་པའི་ཁོངས་སུ་བགྲང་འདུག་མོད། འདི་ལ་ངས་མགོ་མཇུག་ལྡོག་འདུག་ཅེས་བཤད་འདོད་པ་ཡིན། དོན་ཡིན་ལུགས་ཀྱི་དབང་དུ་བྱས་ན། དང་པོ་བསྟན་པའི་གཞི་མ་སྡོམ་དང་དམ་ཚིག་གི་ཐད་ཉམས་ཞིབ་ཀྱིས་བསྟན་པ་དག་ཐེར་གནང་རྒྱུ་ཞེས་འཇོག་ན་བསྟན་པ་དང་། རིག་གཞུང་། མི་རིགས་ཡོད་ཚད་ལ་ཕན་ཐོགས་ཤིག་ཡོད་པར་སེམས། མ་གཞི་ནས་ཁག་ཡོད་རྒྱུ་མ་རེད། གྲོས་ཆོད་བཞག་མཁན་ཚོ་རང་ཉིད་ལ་ཡིད་ཆེས་དང་། གདེངས་ཚོད་དེ་ཙམ་མེད་ཡིན་པ་འདྲ།
ཡང་ཨོ་རྒྱན་ཉི་མ་ལགས་ཕེབས་འདུག ད་ལྟ་ཀློག་ཁོམ་མ་བྱུང་། རྗེས་སུ་རྒྱབ་སྐྱོར་དང་སྐྱོན་བརྗོད་བྱ་བགྱི་ཡིན།
ཨ་རོ་ཨོ་ཉི། བསྟན་པ་ཟེར་བ་ལུང་རྟོགས་གཉིས་ལ་ཟེར། བསྟན་པའི་གཞི་མ་འདུལ་བ་ཟེར་བ་ཉན་ཐོས་ལུགས་རེད།
སྐད་ཆ་དེ་འདྲ་བཤད་ན་འདི་ལ་ཡང་ཞིབ་ཆ་ཞིག་བྱེད་རྒྱུ་ལོས་ཡོད། དོན་ཚན་དང་པོར་བཞག་པ་ཙམ་གྱིས་གལ་ཆེ་ཤོས་ཡིན་པ་དང་། བདུན་པར་བཞག་པ་ཙམ་གྱིས་གལ་ཆུང་ཡིན་པ་མཚོན་ཐུབ་རྒྱུ་མ་རེད། ཡང་ཅིག་བཤད་ན་འདུལ་བའི་ཁྲིམས་ལུགས་ལག་ལེན་དུ་བསྟར་བ་དེ་བཤད་སྒྲུབ་གཉིས་ཀྱི་ནང་ནས་སྒྲུབ་པའི་ཁུངས་སུ་གཏོགས་པ་མ་རེད་དམ། དེར་བརྟེན་དེ་ཡང་དོན་ཚན་དང་པོའི་ཁུངས་སུ་གཏོགས་སོང་བ་རེད་ལ་དོན་ཚན་བདུན་པར་དམིགས་སུ་བཀར་ནས་བཞག་པ་དེ་ཡང་གལ་ཆེན་ནང་གི་དོན་ཆེན་ཡིན་པ་མཚོན་པ་རེད། འོན་ཀྱང་ངེས་པར་དུ་བཤད་དགོས་པ་ཞིག་ལ། ད་ལྟའི་ཆར་གྲྭ་བ་དང་སྔགས་པ་ཡིན་ཟེར་མཁན་ཚོའི་ནང་དུ་གཞི་ངེས་འབྱུང་གིས་བཟུང་བའི་བསླབ་པ་སྲུང་མཁན་ཅི་ཙམ་ཡོད་དམ། ཐ་ན་གདོང་པར་མཛུབ་མོ་བཙུག་ནའང་གདོང་དམར་པོར་མི་འགྱུར་མཁན་ཅི་ཙམ་ཡོད་དམ། གཞི་ངེས་འབྱུང་ལ་བརྟེན་མི་དགོས་པའི་འདུལ་བའི་བསླབ་པ་འདྲ་ཡོད་ན་སུས་ཤེས།
ཨོ་ཉི། དགོན་པ་གཉེན་སྟོན་བྱ་སར་བསྒྱུར་བ་དེས་ཀྱང་མགོ་མཇུག་ལྡོག་མི་འདུག་གམ།
དྲ་གྲོགས་ཨོ་ཉི་མ་ལགས་ཀྱིས། ་་་་་ དང་པོ་བསྟན་པའི་གཞི་མ་སྡོམ་དང་དམ་ཚིག་གི་ཐད་ཉམས་ཞིབ་ཀྱིས་བསྟན་པ་དག་ཐེར་གནང་རྒྱུ་ཞེས་འཇོག་ན་་་་་་་་ལ་རྒྱབ་སྐྱོར་ཡོད།
ངས་ཐག་རིང་ནས།
་་་་ བདུན་པ། བསྟན་པའི་གཞི་མ་ལེཊ་པར་གསུང་བའི་ཆོས་འདུལ་བའི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་ཕྱོཊ་སྤྱི་དང་། ལྷག་པར་དེང་སང་ཕྱི་ནང་སྤྱི་ཚོཊ་ཁྲོད་དུ་འབྱུང་བཞིན་པའི་གྲྭ་བརྫུ་བླ་བརྫུ་རིཊ་ཀྱིས་འདུལ་བ་འཛིན་པ་སྤྱི་ལ་མཚན་སྨད་ཡོང་གཞིས་བཟོས་དང་བཟོ་བཞིན་པར་གདོང་ལེན་གནང་ཕྱོགས། ་་་་
ཟེར་བ་འདི་ལ་ལས་འགུལ་ལམ། ཁྲིམས་སྒྲིག་ལམ་ག་འདྲ་ག་ཅིག་བཟོ་ཐུབ་བམ་སྙམ་པའི་དོགས་པ་དང་བཅས་སྒུགནས་སྡོད་བགྱིད་ཡིན་ནོ། །
ག་ཐོལ་བས་ཡིག་ནོར་ལ་དགོངས་དག
དང་པོ་དང་གཉིས་པ་ཟེར་བ་ནི་གྲངས་འདྲེན་ཙམ་རེད། གྲངས་དེ་དག་ལ་གལ་ཆེན་གལ་ཆུང་ཞིག་ཡོད་རྒྱུ་མ་རེད་འདོད། བཤད་སྟངས་ཙམ་ལས། ད་ལན་འདིར་རྩེ་རྩོད་ཀི་ཡོད་པ་མ་རེད། བྱས་ཙང་དང་པོ་གཉིས་བ་སྒྲིག་སྟངས་ལ་ཧང་སངས་མདོག་དང་ཧོན་འཐོར་མདོག་ཆེན་པོ་བྱེད་མི་དགོས་བ་འདྲ།
ཁ་སང་འབྲུག་ནས་གནས་ཚུལ་ཐབས་རྡུག་ཅིག་ཐོན་སོང་། འདིའི་གནས་ཚུལ་དེ་མི་རིང་བར་བོད་པའི་དགོན་སྡེ་ཁག་ཏུ་ཡོང་ངེས་པས་གཟབ་པར་ཞུ། འབྲུག་གི་གནས་ཚུལ་དེ་རྒྱལ་སྤྱི་ཅན་དུ་གྱུར་ཚར་སོང་།
༼ཆོས་འདུལ་བའི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་ཕྱོཊ་སྤྱི་དང་། ལྷག་པར་དེང་སང་ཕྱི་ནང་སྤྱི་ཚོཊ་ཁྲོད་དུ་འབྱུང་བཞིན་པའི་གྲྭ་བརྫུ་བླ་བརྫུ་རིཊ་ཀྱིས་འདུལ་བ་འཛིན་པ་སྤྱི་ལ་མཚན་སྨད་ཡོང་གཞིས་བཟོས་དང་བཟོ་བཞིན་པར་གདོང་ལེན་གནང་ཕྱོགས། ་་་༽་་་་་་འདི་འདྲ་ཞིག་གནང་འོང་ན་རྗེས་སུ་ཡི་རང་ཡོད། ནུས་པ་མེད་ཀྱང་ཐལ་མོ་སྙིང་གར་སྦྱར་ཏེ་ལེགས་སོ་བརྗོད་རྒྱུ་ཡིན།
སྡོམ་དང་དམ་ཚིག་འདི་གཉིས་ནང་པའི་ཆོས་ཀྱི་རྩ་བ་རེད། དམ་སྡོམ་གཙང་མ་ཞིག་ཡོད་ན་གཞན་མེད་ཀྱང་དགོན་སྡེ་ལྷིང་འཇག་ཅན་མང་པོ་རེད། དེ་མིན་ཁ་བདེ་པོ་ཡོད་པ་ཙམ་དང་། ལུས་ཚུགས་དྲང་བ་ཙམ་གྱིས་ཕན་ཐོགས་མི་འདུག བཙན་བྱོལ་ནང་ལ་དམ་སྡོམ་ལ་གཙིགས་ཆེན་གནང་མཁན་དཀོན་པོ་རེད། ཁྱད་པར་དུ་དགེ་ལྡན་པའི་དཔེ་ཆ་ལྟ་སྟངས་དེ་གཞུང་ཆེན་བཞི་པོ་རྟོག་གེའི་རིགས་པས་བཙུར་ཏེ་རྩོད་གྲ་ལ་མཁས་སོང་ན། རང་གི་རྒྱུད་ཐོག་ལ་སྦྱར་དགོས་བསམ་མཁན་སྔར་ནས་དཀོན་པོ་རེད། དེ་ཕྱིེར་བཙན་བྱོལ་ནང་གི་དགོན་སྡེ་ཕལ་མོ་ཆེར་དགེ་ལྡན་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། ངས་འཆད་ཤེས་དང་། སྒྲུབ་ཡོད་ཟེར་བ་ཙམ་ལས། རང་གི་རྒྱུད་ལ་ཡོད་མེད་ལྟ་མཁན་དཔེ་དཀོན་པོ་རེད། ཨེ་བདེན་ཁོང་མ་ལང་བར་ཁ་ནང་དུ་ལོག་ལ་ལྟོས་དང་།
༼སྡོམ་དང་དམ་ཚིག་འདི་གཉིས་ནང་པའི་ཆོས་ཀྱི་རྩ་བ་རེད། ༽
དང་པོ་ཁ་ནང་དུ་འཁོར་ནས་གཅིག་ལྟོས་དང། སོར་སྡོམ་ཇི་སྲིད་འཚོ་བའི་བར་དུ་ཁས་བླངས་དམ་མ་བཅས་སམ། ད་རང་རྒྱུད་ལ་ནང་པའི་ཆོས་ཀྱི་རྩ་བ་བརླག་པ་རེད་དམ། ངེས་འབྱུང་་་་་བྱང་སེམས་་་་ག་རེ་་་་རང་རྒྱུད་ལ་ཆོས་ལུགས་ཀྱི་ཞེ་སྡང་གི་མེ་འབར་་་་་འདོད་ཆགས་ཀྱི་ཆུ་ཁོལ་བ་གསལ་གསལ་ཐིང་ཐིང་རེད། ཁང་ནང་དུ་འཁོར་ནས་དཔྱད་པ་བགྱིས། རང་རིག་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། དང་པ་གཉིས་པ་གསུམ་པ་སོགས་གྲོས་གཞི་གལ་ཆེ་ཆུང་དབང་དུ་བཞག་པ་ཡིན་གྱི་མ་རེད། སྐབས་བབས་ཀྱི་གནད་དོན་སྟབས་བདེ་མིན་དང་དགོས་དབང་གིས་བཞག་པ་རེད། གལ་ཆེ་བ་དེ་དང་པོར་འཇོག་དགོས་ན། རྙིང་མའི་ཐེག་པ་རིམ་དགུ་རྩི་དུས་དང་པོ་རྫོགས་ཆེན་གྱི་ཐེག་པ་བཞག་ཡོད་དམ། དེ་མིན་ན་རྫོགས་ཆེན་གྱི་ཐེག་པ་དེ་ཐེག་པའི་ནང་ནས་གལ་ཆུང་ཤོས་དེ་རེད་དམ།
མི་འདི་ཡི་རིགས་ངན་པ་ལང་ཤོར་དུ་གཏོང་མི་ཉན། ཁ་ཕྱིར་ལྟས་རྐྱང་བྱས་ཏེ་བཤད་པ་ལས་་་་ཁ་ནང་དུ་བསྐོར་ནས་བསམ་བློ་ནམ་ཡང་གཏོང་གི་མ་རེད།
ཐོག་མའི་རྩ་བའི་རྨང་གཞི་དང་། མཐར་ཐུག་གི་འབྲས་བུའི་སྐྱེལ་སོ་གཉིས་མ་ནོར་བ་དགོས་པ་རེད། ངས་སྐད་ཆ་གང་བཤད་མི་རིགས་དང་རིག་གཞུང་གི་དགེ་ཕན་ལ་བསམ་ནས་བཤད་པ་ལས། རང་ཉིད་ཀྱི་དགོས་མཁོ་ལ་གཞིག་ནས་འཆད་མེད། གལ་སྲིད་ཁྱེད་ལ་ཕོག་ཡོད་ན་རྡུག་གྱོང་རེད།
བན་དེ་བ། རྣ་བ་ཡོད་ན་ཉོན། ཐོག་མའི་རྩ་བའི་རྨང་གཞི་དང་། མཐར་ཐུག་གི་འབྲས་བུའི་སྐྱེལ་སོ་གཉིས་མ་ནོར་བ་དགོས་པ་རེད། རྩ་ཆེན་ཡོད་ཚད་དང་པོ་ལ་འཇོག་དགོས་སུས་བཤད་འདུག ངས་སྐད་ཆ་གང་བཤད་མི་རིགས་དང་རིག་གཞུང་གི་དགེ་ཕན་ལ་བསམ་ནས་བཤད་པ་ལས། རང་ཉིད་ཀྱི་དགོས་མཁོ་ལ་གཞིག་ནས་འཆད་མེད། གལ་སྲིད་ཁྱེད་ལ་ཕོག་ཡོད་ན་རྡུག་གྱོང་རེད།
ཁྱོད་ཀྱི་བླ་མས་མི་གཞན་ལ་རྡུག་གྱོང་གྱིས་གསུང་བྱུང་ངམ། ཁྱོད་ཀྱི་ཆོས་ལུགས་ཀྱི་གདམས་པ་ནས་མི་གཞན་ལ་དེ་ལྟར་བཤད་ན་འགྲིག་འཐུས་གསུང་འདུག་གམ། སྡོམ་པ་དམ་ཚིག་གལ་ཆེ་བརྩི་དགོས་ཞེས་ཁྱོད་ཀྱིས་ཁ་ན་ན་བཤད་ཀྱང་ཕན་པ་གང་ཡོད། ལག་ལེན་ལ་སྐར་ཆ་ཙམ་ཡང་ཕལ་ཆེར་ལེན་མདོག་མི་འདུག སྡོམ་པ་དམ་ཚིག་ནི་ཁ་ཡིས་བཤད་རྒྱུ་ཙམ་ཅིག་མ་རེད། རང་གི་སེམས་ལ་དེ་དེ་བཞིན་དུ་ཉམས་སུ་ལེན་དགོས། དེ་མིན་ནེ་ཙོས་མ་ཎི་བཏོན་པ་དང་གཅིག་མཚུངས་རེད་ཡང་ཁྱེད་ལ་ཕོག་ཡོད་ན་བྱེད་ཐབས་དཀའ་ངས་དངོས་ཡོད་ཀྱི་སྐད་ཆ་ཡིན། ཤ་ཚོ་པོ་ཟ་མཁན་བླ་མ་རེད། སྙིང་རྗེ་ཚད་མེད་སྒྲོགས་མཁན་བླ་མ་རེད།
གྲོས་ཆོད་་ཤིན་ཏུ་ཡག་པོ་བཞག་འདུག།་་ལག་ལེན་ལ་བཀལ་ཐོབ་ན་ཡག་པོ་འདུག་ ལྷག་པར་ཆོས་རྒྱུན་ནང་ཕན་ཚུན་དབར་མཐུན་ལམ་ཡོང་རྒྱུར་ངེས། བསྟན་པའི་རྩ་བ་སོ་ཐར་ཡིན་ལ་ དེ་ཡོང་བ་ལ་འདུལ་བའི་སྡེ་སྣོད་ལས་གནང་བཀག་དང་བཅས་འཚམས་ཕྲ་མོ་ཚུན་ཤེས་དགོས་པས་བཤད་སྒྲ་གལ་ཆེན་པོ་ལོས་ཡིན་། དེ བས་ན་ཨྱོན་ཁྱེད་ཕྱག་དཔེ་མི་ཤེས་མཁན་ཡིན་པར་གོར་མ་ཆག་གོ།
མ་ཤེས་ན་དཀོན་མཆོག་གསུམ་བཞག་མ་ཤེས་ནས་ ཡུལ་ལྷ་གཞི་བདག་དང་ཨ་ཁུ་དགྲ་ལྷ་དང་ བྱམས་པ་བྱམས་རྒན་སྐུ་འདྲ་དང ཚོང་པ་སོགས་བཞག་་པའི་སྐོར་ང་སྐད་སྒྱུར་བྱེད་པའི་སྐབས་གོ་སོང་
ཨ་ཁུ་དགྲ་ལྷ་བརྩི་མཁན་ཁྱེད་ཅག་དཀར་མཛེས་པ་དེ་ཚོ་ཡིན་རྒྱུ་རེད། ཧཧཧཧཧ
ཨོ་རྒྱན་ཉི་མ་བླ་མ་ཞིག་ཡིན་ན། རྡུག་གྱོང་ལྟ་བུའི་བཀའ་ཆོས་བཙན་པོ་མཁན་ཞིག་རེད་འདུག་གི་ཨ། ཨོ་ཙེ། ཧོན་ཐོར་ལ།
གོང་གི་དེའི་བར་ཞིག་ལ་གནང་ཞིག་ཆད་འདུག། གནང་དེ་སྦྱོར་རོགས་གནང།
བསྟན་པའི་སྙིང་པོ་རང་རྒྱུད་ལ་འབྱོར་བར་འདུལ་བ་ལ་རག་མི་ལས་སོ། །འདུལ་བ་གཙོ་ཆེར་འཛིན་པ་ཉན་ཐོས་ཀྱི་ལུགས་སྲོལ་རེད། བསྟན་པའི་ནང་སྙིང་ངོ་མ་སེམས་བསྐྱེད་དང་། ལྟ་བ་སྤྲོས་བྲལ། རྫོགས་པ་ཆེན་པོ་བཅས་རེད།
བསྟན་པའི་རྨང་གཞི་རྩ་བ་དམ་སྡོམ་མེད་པར་འབྲས་བུ་འབྱུང་བར་རེ་བ་ནི། བླུན་པོའི་ལས་སོ། ཧཧཧཧ
མྱི་དཀར་ཞེས་པའི་སྨོན་པ་ཅན་འདི་འདུལ་བ་གལ་མི་ཆེ་བ་ནག་མོ་མཛེས་མ་ཉར་ནས་བུ་ཕྲུག་གི་མཐའ་སྐོར་ནས་སྔགས་ཡིན་ཟེར་མཁན་དེ་རེད་འདུག་་། བསྟན་པའི་གནད་ཤེས་མཁན་ཞིག་ཡིན་ན་ ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ་བ་དང་་ནང་དུ་བྱང་སེམས་ཀྱིས་རྒྱུད་རླན་པ་ཞིག་དང་ གསང་བ་རིམ་གཉིས་དང་ རྫོགས་ཆེན་སོགས་ཀྱིས་གདེང་དང་ལྡན་་པ་ཞིག་དགོས་ལ་ དེ་དག་ཉམ་ལེན་གྱི་གོང་རིམ་ཡང་ངེས་སོ་མི་ཤེས་པ་སྨོན་པ་ཅན་མྱིདཀར་བ།
དེས་ན་ཨོ་ཉི་ཁྱོད་རང་ཆོས་ཅན། དེར་ཐལ། དེའི་ཕྱིར། ཧཧཧཧཧཧཧཧ། རྩ་སྡོམ་ཆུ་ལ་གཡུག་ཚར་བའི་ཕྱིར།ཧཧཧཧ
ཁོ་རེ་ཤར་པ། འགུ་རུ་རིན་པོ་ཆེ་དང་། འབྲུག་པ་ཀུན་ལེགས་སོགས་ནག་མོ་མཛེས་མ་མང་པོས་་མཐའ་བསྐོར་ནས་བསྟན་པའི་སྙིང་པོར་ཉམས་ལེན་མཛད་མི་འདུག་གམ། ཁོང་རྣམ་པ་སོ་ཐར་པ་ཨེ་རེད། ད་དུང་དགོས་ན་རྒྱ་གར་གྱི་གྲུབ་ཆེན་ཚོ་དང་། བོད་ཀྱི་གཏེར་སྟོན་མང་པོ་བགྲང་ཆོག ཨ་ལེ་ཀུ་རེ་ཞུས་ཡིན།
དྲ་གྲོགས་ཚོ། དག་ཆ་ཆུང་ཆུང་ཞིག་གི་དོན་ལ་སྐད་ཆ་ཉུང་ཉུང་ཞིག་ཞུ་ན་འདོད་སོང་།
དེ་རིང་ཁ་སང་། མང་པོ་ཞིག་གིས། དྲི་བ་དོན་པའི་འདྲི་ཚིག་ལ། པས་དང་ནས་དང་པྭ་སོགས་སྦྱོར་བ་མཐོང་ཡང་། ང་རང་གིས་བསམ་པར་དེ་དག་ཚང་མ་ནོར་བ་རེད་འདོད།
གང་ལ་ཡིན་ཟེར་ན། ཨ་དང་ཨེ་ནི་བོད་ཡིག་གི་མགོ་སྔ་བར་གསུམ་གང་ལ་ཡང་སྦྱོར་རུང་བའི་འདྲི་ཚིག་སྟོན་སྤྱད་ཞིག་ཡིན། དཔེར་ན། ཨ་ཡོད་ན། ཨེ་ཡིན་ན། དེ་འདྲ་ཨེ་རེད། ཡིན་ན་ཨ། མིན་ན་ཨ། མི་ཤེས་འི་ཨ། ཤེས་འི་ཨ། ཨེ་ཤེས་འི། རེད་པ་ཨ། མ་རེད་པ་ཨ། རེད་ཨ། མ་རེད་ཨ། ལྟ་བུ་དང་།
དེ་ནས་ཨེ་ཡིག་མིང་མཐའ་ལ་ཡོད་ན་བསྡུ་ཚུལ་ཡང་ཡོད། དཔེར་ན། ཡིན་པ་ཨེ་ལ་ཡིན་པེ། མིན་པ་ཨེ་ལ་མིན་པེ། མ་ཤེས་ནི་ཨེ་ལ་མ་ཤེས་ནེ་ལྟ་བུ་ནི་ཡི་དབྱངས་ཡང་བསྡུ་བ་སོགས་ཡོད་པར་འདོད་པས།
མཁྱེན་ལྡན་དག་གིས་བསམ་གཞིག་རེ་ཡོད་པར་ཞུ།
སྐད་ཆ་འདི་བསམ་བློ་གཏོང་ཤེས་ནི་དག་ལ་ཞུས་བ་ཡིན་པས། པྭ། པས། ནས་སོགས་དྲི་བ་ལ་བེད་སྤྱོད་དགོས་པའི་དགོས་ལུགས་འདྲ་ཡོད་ན་གསུངས་རོགས་གནང་།
གནད་དོན་འདི་ཞུ་དགོས་དོན་ནི་གོང་གི་མཆན་པ་ཚོའི་རང་སྣང་གང་དྲན་ལ་མ་བཟོད་པས་འབྲི་ཐལ་ལོ།
གནམ་ལག་ ཁ་ལག་ཟས་པ་ཨ། ཆུང་ཐུང་པ་ཨ་ འགྲོ་ག་ཨ།་ ཉལ་ག་ཨ་ ཚིག་འདི་བདེ་པོ་འདུག་ཨ།
ཨོ་རྒྱན་ཉི་མ་འདི་བསྟན་པ་ལ་ལྷག་བསམ་ཆེན་པོ་འཆང་མཁན་ཞིག་ཏུ་གོར་མ་ཆག །ཁོང་གི་བཞེད་སྟངས་མང་བོར་གཏམ་རྙོག་ཙམ་མ་ཡིན་པར་རྒྱུ་མཚན་ལེགས་པོ་མཆིས། དེང་སང་བོད་ཀྱི་སྤྱི་ཚོགས་ནང་ལ་མཐོ་བ་བླ་ཆེན་ཁྲི་ཐོག་ལ་འགྱིང་མཁན་དང་། དམའ་བ་གྲྭ་རྐྱང་གྲལ་མཐར་བཞུགས་མཁན་ཚོའི་ནང་ལ་རང་རྒྱུད་ལ་རབ་བསྙེན་སོགས་ཀྱི་སོ་ཐར་སྡོམ་པ་མི་གནས་ཀྱང་། བཀུར་སྟི་དང་ཡོང་སྒོའི་ཆེད་དུ་མུ་མཐུད་དུ་གྲྭ་ཆས་བནབས་མཁན་ཡོང་སྲིད། འདི་ནི་གནས་ཚུལ་ཚབས་ཆེན་ཞིག་ཡིན་སྟེ། མ་འོངས་པར་བོད་ཀྱི་བླ་གྲྭ་ཡོད་ཚད་དགེ་ཚུལ་སློང་གཙང་མ་དང་བཅས་པ་སྡོམ་མེད་ཟོག་པོ་རེད་སྙམ་པའི་སྐུར་འདེབས་བྱེད་འོང་ངེས་པ་མ་ཟད། གང་ཟག་རང་ངོས་ནས་སྦས་པའི་རྣལ་འབྱོར་བ་དུས་ཀུན་ཏུ་འབྱུང་སྲིད་པ་དང་། བོད་བརྒྱུད་ནང་བསྟན་ཉམས་རྒུད་དང་རྩ་མེད་འགྲོ་ཤས་ཆེ། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་པའི་ཚད་ནི་འདུལ་བའི་ལག་ལེན་རྣམ་དག་ཡོད་མེད་ཁོ་ནར་རག་ལས། དེ་ནི་མདོ་ཙམ་མ་ཡི་པར་སྔགས་ཀྱི་གཞུང་རྣམས་སུ་བཞེད་སྟབས། དཔལ་དུས་ཀྱི་འཁོར་ལོ་ལས་བསྟན་པའི་གནས་ཚད་གསུངས་པའི་བསྟན་པ་ནི་ཆོས་འདུལ་བར་གོ་དགོས། དེས་ན་རྟེན་རབ་བྱུང་མིན་མཁན་གྱི་བླ་མ་གྲྭ་བ་རྣམས་ཀྱིས་དགེ་བསྙེན་ནམ་སྔགས་པའི་ན་བཟའ་བནབས་ན་བསྟན་པར་ཕན་ཆེ་བ་དང་། རང་ཉིད་ལ་མི་མང་གིས་བརྩི་འཇོག་བྱེད་འོང་།
གཤམ་ལྟར་བཅོས་རོགས་གནང་།
ཨོ་རྒྱན་ཉི་མ་འདི་བསྟན་པ་ལ་ལྷག་བསམ་ཆེན་པོ་འཆང་མཁན་ཞིག་ཏུ་གོར་མ་ཆག །ཁོང་གི་བཞེད་སྟངས་མང་བོར་གཏམ་རྙོག་ཙམ་མ་ཡིན་པར་རྒྱུ་མཚན་ལེགས་པོ་མཆིས། དེང་སང་བོད་ཀྱི་སྤྱི་ཚོགས་ནང་ལ་མཐོ་བ་བླ་ཆེན་ཁྲི་ཐོག་ལ་འགྱིང་མཁན་དང་། དམའ་བ་གྲྭ་རྐྱང་གྲལ་མཐར་བཞུགས་མཁན་ཚོའི་ནང་ལ་རང་རྒྱུད་ལ་རབ་བསྙེན་སོགས་ཀྱི་སོ་ཐར་སྡོམ་པ་མི་གནས་ཀྱང་། བཀུར་སྟི་དང་ཡོང་སྒོའི་ཆེད་དུ་མུ་མཐུད་དུ་གྲྭ་ཆས་བནབས་མཁན་ཡོང་སྲིད། འདི་ནི་གནས་ཚུལ་ཚབས་ཆེན་ཞིག་ཡིན་སྟེ། མ་འོངས་པར་བོད་ཀྱི་བླ་གྲྭ་ཡོད་ཚད་དགེ་ཚུལ་སློང་གཙང་མ་དང་བཅས་པ་སྡོམ་མེད་ཟོག་པོ་རེད་སྙམ་པའི་སྐུར་འདེབས་བྱེད་འོང་ངེས་པ་མ་ཟད། གང་ཟག་རང་ངོསཨོ་རྒྱན་ཉི་མ་འདི་བསྟན་པ་ལ་ལྷག་བསམ་ཆེན་པོ་འཆང་མཁན་ཞིག་ཏུ་གོར་མ་ཆག །ཁོང་གི་བཞེད་སྟངས་མང་བོར་གཏམ་རྙོག་ཙམ་མ་ཡིན་པར་རྒྱུ་མཚན་ལེགས་པོ་མཆིས། དེང་སང་བོད་ཀྱི་སྤྱི་ཚོགས་ནང་ལ་མཐོ་བ་བླ་ཆེན་ཁྲི་ཐོག་ལ་འགྱིང་མཁན་དང་། དམའ་བ་གྲྭ་རྐྱང་གྲལ་མཐར་བཞུགས་མཁན་ཚོའི་ནང་ལ་རང་རྒྱུད་ལ་རབ་བསྙེན་སོགས་ཀྱི་སོ་ཐར་སྡོམ་པ་མི་གནས་ཀྱང་། བཀུར་སྟི་དང་ཡོང་སྒོའི་ཆེད་དུ་མུ་མཐུད་དུ་གྲྭ་ཆས་བནབས་མཁན་ཡོང་སྲིད། འདི་ནི་གནས་ཚུལ་ཚབས་ཆེན་ཞིག་ཡིན་སྟེ། མ་འོངས་པར་བོད་ཀྱི་བླ་གྲྭ་ཡོད་ཚད་དགེ་ཚུལ་སློང་གཙང་མ་དང་བཅས་པ་སྡོམ་མེད་ཟོག་པོ་རེད་སྙམ་པའི་སྐུར་འདེབས་བྱེད་འོང་ངེས་པ་མ་ཟད། བོད་བརྒྱུད་ནང་བསྟན་ཉམས་རྒུད་དང་རྩ་མེད་འགྲོ་ཤས་ཆེ། གང་ཟག་རང་ངོས་ནས་སྦས་པའི་རྣལ་འབྱོར་དུ་སོང་བ་དུས་ཀུན་ཏུ་འབྱུང་སྲིད་ཀྱང་། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་པའི་ཚད་ནི་འདུལ་བའི་ལག་ལེན་རྣམ་དག་ཡོད་མེད་ཁོ་ནར་རག་ལས། དེ་ནི་མདོ་ཙམ་མ་ཡི་པར་སྔགས་ཀྱི་གཞུང་རྣམས་སུ་བཞེད་སྟབས། དཔལ་དུས་ཀྱི་འཁོར་ལོ་ལས་བསྟན་པའི་གནས་ཚད་གསུངས་པའི་བསྟན་པ་ནི་ཆོས་འདུལ་བར་གོ་དགོས། དེས་ན་རྟེན་རབ་བྱུང་མིན་མཁན་གྱི་བླ་མ་གྲྭ་བ་རྣམས་ཀྱིས་དགེ་བསྙེན་ནམ་སྔགས་པའི་ན་བཟའ་བནབས་ན་བསྟན་པར་ཕན་ཆེ་བ་དང་། རང་ཉིད་ལ་མི་མང་གིས་བརྩི་འཇོག་བྱེད་འོང་།་ནས་སྦས་པའི་རྣལ་འབྱོར་བ་དུས་ཀུན་ཏུ་འབྱུང་སྲིད་པ་དང་། བོད་བརྒྱུད་ནང་བསྟན་ཉམས་རྒུད་དང་རྩ་མེད་འགྲོ་ཤས་ཆེ། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་པའི་ཚད་ནི་འདུལ་བའི་ལག་ལེན་རྣམ་དག་ཡོད་མེད་ཁོ་ནར་རག་ལས། དེ་ནི་མདོ་ཙམ་མ་ཡི་པར་སྔགས་ཀྱི་གཞུང་རྣམས་སུ་བཞེད་སྟབས། དཔལ་དུས་ཀྱི་འཁོར་ལོ་ལས་བསྟན་པའི་གནས་ཚད་གསུངས་པའི་བསྟན་པ་ནི་ཆོས་འདུལ་བར་གོ་དགོས། དེས་ན་རྟེན་རབ་བྱུང་མིན་མཁན་གྱི་བླ་མ་གྲྭ་བ་རྣམས་ཀྱིས་དགེ་བསྙེན་ནམ་སྔགས་པའི་ན་བཟའ་བནབས་ན་བསྟན་པར་ཕན་ཆེ་བ་དང་། རང་ཉིད་ལ་མི་མང་གིས་བརྩི་འཇོག་བྱེད་འོང་།
ནོར་སོང་། དགོངས་དག །
ཨོ་རྒྱན་ཉི་མ་འདི་བསྟན་པ་ལ་ལྷག་བསམ་ཆེན་པོ་འཆང་མཁན་ཞིག་ཏུ་གོར་མ་ཆག །ཁོང་གི་བཞེད་སྟངས་མང་བོར་གཏམ་རྙོག་ཙམ་མ་ཡིན་པར་རྒྱུ་མཚན་ལེགས་པོ་མཆིས། དེང་སང་བོད་ཀྱི་སྤྱི་ཚོགས་ནང་ལ་མཐོ་བ་བླ་ཆེན་ཁྲི་ཐོག་ལ་འགྱིང་མཁན་དང་། དམའ་བ་གྲྭ་རྐྱང་གྲལ་མཐར་བཞུགས་མཁན་ཚོའི་ནང་ལ་རང་རྒྱུད་ལ་རབ་བསྙེན་སོགས་ཀྱི་སོ་ཐར་སྡོམ་པ་མི་གནས་ཀྱང་། བཀུར་སྟི་དང་ཡོང་སྒོའི་ཆེད་དུ་མུ་མཐུད་དུ་གྲྭ་ཆས་བནབས་མཁན་ཡོང་སྲིད། འདི་ནི་གནས་ཚུལ་ཚབས་ཆེན་ཞིག་ཡིན་སྟེ། མ་འོངས་པར་བོད་ཀྱི་བླ་གྲྭ་ཡོད་ཚད་དགེ་ཚུལ་སློང་གཙང་མ་དང་བཅས་པ་སྡོམ་མེད་ཟོག་པོ་རེད་སྙམ་པའི་སྐུར་འདེབས་བྱེད་འོང་ངེས་པ་མ་ཟད། གང་ཟག་རང་ངོསཨོ་རྒྱན་ཉི་མ་འདི་བསྟན་པ་ལ་ལྷག་བསམ་ཆེན་པོ་འཆང་མཁན་ཞིག་ཏུ་གོར་མ་ཆག །ཁོང་གི་བཞེད་སྟངས་མང་བོར་གཏམ་རྙོག་ཙམ་མ་ཡིན་པར་རྒྱུ་མཚན་ལེགས་པོ་མཆིས། དེང་སང་བོད་ཀྱི་སྤྱི་ཚོགས་ནང་ལ་མཐོ་བ་བླ་ཆེན་ཁྲི་ཐོག་ལ་འགྱིང་མཁན་དང་། དམའ་བ་གྲྭ་རྐྱང་གྲལ་མཐར་བཞུགས་མཁན་ཚོའི་ནང་ལ་རང་རྒྱུད་ལ་རབ་བསྙེན་སོགས་ཀྱི་སོ་ཐར་སྡོམ་པ་མི་གནས་ཀྱང་། བཀུར་སྟི་དང་ཡོང་སྒོའི་ཆེད་དུ་མུ་མཐུད་དུ་གྲྭ་ཆས་བནབས་མཁན་ཡོང་སྲིད། འདི་ནི་གནས་ཚུལ་ཚབས་ཆེན་ཞིག་ཡིན་སྟེ། མ་འོངས་པར་བོད་ཀྱི་བླ་གྲྭ་ཡོད་ཚད་དགེ་ཚུལ་སློང་གཙང་མ་དང་བཅས་པ་སྡོམ་མེད་ཟོག་པོ་རེད་སྙམ་པའི་སྐུར་འདེབས་བྱེད་འོང་ངེས་པ་མ་ཟད། བོད་བརྒྱུད་ནང་བསྟན་ཉམས་རྒུད་དང་རྩ་མེད་འགྲོ་ཤས་ཆེ། གང་ཟག་རང་ངོས་ནས་སྦས་པའི་རྣལ་འབྱོར་དུ་སོང་བ་དུས་ཀུན་ཏུ་འབྱུང་སྲིད་ཀྱང་། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་པའི་ཚད་ནི་འདུལ་བའི་ལག་ལེན་རྣམ་དག་ཡོད་མེད་ཁོ་ནར་རག་ལས། དེ་ནི་མདོ་ཙམ་མ་ཡི་པར་སྔགས་ཀྱི་གཞུང་རྣམས་སུ་བཞེད་སྟབས། དཔལ་དུས་ཀྱི་འཁོར་ལོ་ལས་བསྟན་པའི་གནས་ཚད་གསུངས་པའི་བསྟན་པ་ནི་ཆོས་འདུལ་བར་གོ་དགོས། དེས་ན་རྟེན་རབ་བྱུང་མིན་མཁན་གྱི་བླ་མ་གྲྭ་བ་རྣམས་ཀྱིས་དགེ་བསྙེན་ནམ་སྔགས་པའི་ན་བཟའ་བནབས་ན་བསྟན་པར་ཕན་ཆེ་བ་དང་། རང་ཉིད་ལ་མི་མང་གིས་བརྩི་འཇོག་བྱེད་འོང་།་ནས་སྦས་པའི་རྣལ་འབྱོར་བ་དུས་ཀུན་ཏུ་འབྱུང་སྲིད་པ་དང་། བོད་བརྒྱུད་ནང་བསྟན་ཉམས་རྒུད་དང་རྩ་མེད་འགྲོ་ཤས་ཆེ། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་པའི་ཚད་ནི་འདུལ་བའི་ལག་ལེན་རྣམ་དག་ཡོད་མེད་ཁོ་ནར་རག་ལས། དེ་ནི་མདོ་ཙམ་མ་ཡི་པར་སྔགས་ཀྱི་གཞུང་རྣམས་སུ་བཞེད་སྟབས། དཔལ་དུས་ཀྱི་འཁོར་ལོ་ལས་བསྟན་པའི་གནས་ཚད་གསུངས་པའི་བསྟན་པ་ནི་ཆོས་འདུལ་བར་གོ་དགོས། དེས་ན་རྟེན་རབ་བྱུང་མིན་མཁན་གྱི་བླ་མ་གྲྭ་བ་རྣམས་ཀྱིས་དགེ་བསྙེན་ནམ་སྔགས་པའི་ན་བཟའ་བནབས་ན་བསྟན་པར་ཕན་ཆེ་བ་དང་། རང་ཉིད་ལ་མི་མང་གིས་བརྩི་འཇོག་བྱེད་འོང་།
ཡང་ནོར་སོང་།
འོད་གསལ་གྱིས་བཤད་པ་བདེན། ང་ཡང་ཨོ་རྒྱན་ཉི་མའི་རྩོམ་ལ་མི་དགའ་རྒྱུ་གང་ཡང་མེད། ལེན་རྒྱུ་ཟེར་ནས་རྡོག་རྡོག་དམར་མོ་མང་པོ་ཞིག་རག་མ་སོང་མོད་ཞིབ་ཏུ་བསམ་བློ་རེ་བཏང་ན་ལོས་བདེན་སྙམ་པ་མང་པོ་བྲིས་ཡོང་གི་འདུག ཡིན་ན་ཡང་ཚན་རིག་ལ་དགག་པ་བརྒྱབ་དེ་ལ་ནི་རྒྱུ་མཚན་ཟེར་ནས་ཅང་རག་མ་སོང་།
་་་་་་་་་་་སྦས་པའི་རྣལ་འབྱོར་བ་དུས་ཀུན་ཏུ་འབྱུང་སྲིད་པ་དང་། བོད་བརྒྱུད་ནང་བསྟན་ཉམས་རྒུད་དང་རྩ་མེད་འགྲོ་ཤས་ཆེ། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་པའི་ཚད་ནི་འདུལ་བའི་ལག་ལེན་རྣམ་དག་ཡོད་མེད་ཁོ་ནར་རག་ལས། དེ་ནི་མདོ་ཙམ་མ་ཡི་པར་སྔགས་ཀྱི་གཞུང་རྣམས་སུ་བཞེད་སྟབས། དཔལ་དུས་ཀྱི་འཁོར་ལོ་ལས་བསྟན་པའི་གནས་ཚད་གསུངས་པའི་བསྟན་པ་ནི་ཆོས་འདུལ་བར་གོ་དགོས། དེས་ན་རྟེན་རབ་བྱུང་མིན་མཁན་གྱི་བླ་མ་གྲྭ་བ་རྣམས་ཀྱིས་དགེ་བསྙེན་ནམ་སྔགས་པའི་ན་བཟའ་བནབས་ན་བསྟན་པར་ཕན་ཆེ་བ་དང་། རང་ཉིད་ལ་མི་མང་གིས་བརྩི་འཇོག་བྱེད་འོང་། ་་་་་་་་་ཟེར།
་་་་་་་ དེས་ན་རྟེན་རབ་བྱུང་མིན་མཁན་གྱི་བླ་མ་གྲྭ་བ་རྣམས་ཀྱིས་དགེ་བསྙེན་ནམ་སྔགས་པའི་ན་བཟའ་བནབས་ན་བསྟན་པར་ཕན་ཆེ་བ་དང་། རང་ཉིད་ལ་མི་མང་གིས་བརྩི་འཇོག་བྱེད་འོང་། ་་་་་་་་་ཟེར།
དེང་སང་ང་ཚོས་ཚན་རིག་ཞེ་ནས་ཁས་ལེན་མི་ལེན་ནི་མི་སྒེར་གྱི་འདོད་མོས་ལ་རག་ལས་མོད། ཁ་ནས་ཚན་རིག་ལ་དགག་པ་བརྒྱབ་ན་བསྟན་པར་ཕན་མི་ཐོགས་པ་མ་ཟད། ཅིག་བྱས་ན་གནོད་པར་འགྲོ་གི་རེད་སྙམ། དེང་སང་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་ལོ་གཞོན་མང་བོ་ཞིག་ཚན་རིག་ལ་བློ་སྙིང་བྲང་གསུམ་གཏད་ཀྱི་ཡོད་པས། དེ་དག་གི་བློ་ཁ་ཆོས་ལ་ཕྱོགས་པའི་ཆེད་དུ་ཚན་རིག་དང་ནང་ཆོས་ཀྱི་འབྲེལ་བ་གང་ཡོད་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་གལ་ཆེ། ཉེ་ཆར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཚན་རིག་དང་ནང་ཆོས་ཀྱི་འབྲེལ་བའི་སྐོར་ལ་དཔྱད་ཞིབ་མང་བོ་ཐོན་པ་མ་ཟད། དགའ་འོས་པའི་གྲུབ་འབྲས་མི་ཉུང་བ་བྱུང་འདུག །ནང་པའི་སྒོམ་ཉམས་སུ་བླངས་ནས་སེམས་ཀྱི་ན་ཚ་དྲག་བསྐྱེད་འབྱུང་གི་ཡོད་པ་ཀླད་རྩ་རིག་པ་བ་རྣམས་ཀྱིས་བདེན་དཔང་ར་སྤྲོད་བྱས་ཡོད་པས། ཆབ་སྲིད་པ། དམག་མི། སློབ་མ། ཐ་ན་བཙོན་པ་སོགས་མི་སྣ་ཅི་རིགས་ནང་ཁུལ་དུ་ནང་ཆོས་ཉམས་ལེན་བྱེད་མཁན་མང་བོ་ཡོད། གོ་ཐོས་ཤིག་ལ། ཨ་རིའི་སྲིད་འཛིན་ཟུར་པ་ཁི་ལེན་ཌིན་གྱིས་གྲྭ་བ་གཅིག་རང་ཁྱིམ་དུ་གདན་དྲངས་ནས་སྒོམ་སློབ་ཀྱི་ཡོད་ཟེར། རྒྱ་གར་དུ་སྐུ་ཞབས་གོ་བིན་ཌས་ས་ཆ་གང་ས་གང་དུ་མི སྟོང་ཕྲག་མང་བོར་ཞི་ལྷག་བསླབས་པ་དང་། ལྡི་ལའི་ཆེས་ལྕི་བའི་བཙོན་ཁང་ནང་དུ་བཙོན་པ་ཚོར་ཉིན་བཅུའི་རིང་ལ་ཞི་ལྷག་བསྒོམ་བཅུག་ཏེ་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད། བཙོན་པ་དེ་ཚོའི་ནང་ལ་ཁ་ཆེ་བ། ཧིན་དྷུ་བ། གཅེར་བུ་བ་དག་ཆོས་མེད་མཁན་སོགས་བྱུང་ཡོད་པ་འདྲ།
གཞན་ཡང་དངོས་རྡུལ་རིག་པ་དང་ཐེག་ཆེན་པའི་གྲུབ་མཐའ་སྨྲ་བ་གཉིས་ཀྱི་བར་ལ་འབྲེལ་བ་གཏིང་ཟབ་མོ་རྙེད་བཞིན་ལ་མ་ཟད། ལྷག་ཏུ་རྙིང་མ་བའི་མཁས་པ་འགའ་ཤས་་ཀྱིས་སྟོང་ཉིད་གཏན་ལ་ཕབ་སྟངས་དང་དེ་གཉིས་ཧ་ཅང་འཆམ་པོར་གནས་ཏེ། རྙིང་མའི་གཞུང་གི་ལྟ་བ་གཏན་ལ་འབབ་པའི་སྐབས་སུ་ཕྱི་རོལ་གྱི་དངོས་པོ་ཚང་མ་ཆ་ཤས་སུ་གསིལ་ནས་དེ་ཡང་དངོས་སུ་མ་གྲུབ་པ་དང་། ནང་སེམས་ཀྱི་འཇིག་རྟེན་ཉིད་ཀྱང་ཤིན་ཏུ་ཕྲ་བའི་སྐད་ཅིག་མ་དང་དེ་ཡང་མ་གྲུབ་པར་གཏན་ལ་ཕབས་ནས་སྟོང་ཉིད་བསྒྲུབས་ཀྱི་ཡོད། འདི་ནི་རྫོགས་ཆེན་སྐབས་གཞི་མེད་རྩ་བྲལ་གྱི་གནས་ལུགས་ཟེར་བ་དང་མཚུངས་མི་འགྲོ་སྙམ། དེས་ན་རྫོགས་ཆེན་ཚན་རིག་མཐུན་ཅེས་ལབ་ན་མི་ཆོག་པ་མེད། འོན་ཀྱང་རེད་མདའ་བ་སོགས་བོད་ཀྱི་མཁས་པ་མང་བོས་ནི་གོང་གི་སྟོང་ཉིད་གཏན་ལ་འབེབ་སྟངས་ལ་ཐུགས་མ་དགྱེས་ནས། ཆ་ཤས་བཅོམ་བཞིག་གིས་སྟོང་བའི་སྟོང་ཉིད་དེ་སྟོང་བ་ཀུན་གྱི་ཐ་ཤལ་དུ་སོང་བར་དགག་པ་མ་ཟད། དངོས་པོ་ལ་གཞི་མེད་རྩ་བྲལ་དུ་སོང་བས་ཆད་སྟོང་དུ་འགྱུར་སྙམ་པའི་དོགས་པ་བཟུང་གི་ཡོད། འོན་ཀྱང་ཁོང་ཚོས་དངོས་ཡོད་སྨྲ་བའི་ལུགས་ཀྱི་བདེན་གཉིས་དགག་སྟངས་སྐབས་སུ་སྔ་འགྱུར་བ་ནང་བཞིན་ཆགས་སོང་། དེས་ན་ཁོང་རྣམ་པ་འགའ་རེས་མིང་རྐྱང་བཏགས་ཡོད་ཀྱི་རིགས་པས་སྟོང་ཉིད་བསྒྲུབ་བཞིན་པ་འདྲ། ལོ་ཤས་སྔོན་ལ་རྒྱ་གར་གྱི་དངོས་རྡུལ་རིག་པ་བ་ཨ་མིད་གོ་སི་བམ་མེ་ཟེར་བ་ཞིག་གིས་རང་གསལ་བའི་འཇིག་རྟེན་ཟེར་བའི་དེབ་ཞིག་རྩོམ་ནས། དེ་ཀློག་ཚེ་སེམས་ཙམ་པའི་གྲུབ་མཐའ་དང་འདྲ་བོ་ཞིག་ལབ་ཀྱི་ཡོད་པས་ཡ་མཚན་པར་སྣང་། དེས་ན་ཚན་རིག་གི་སྒོ་ནས་རྣམ་ཤེས་ཀྱི་རྒྱུན་སྒྲུབ་ཚུལ་མི་ཉུང་བ་ཡོད་པར་ཐེ་མི་ཚོམ།
འོད་གསལ་གྱི་དད་སྣང་ད་སྤོབས་པས་རྒྱབ་སྐྱོར་འདུག བསྟན་པ་ལ་ལྷག་བསམ་ཟེར་བ་དེ་་་་ གང་ལྟར་ལྷག་བསམ་ཡིན་ཟེར་ནས་ལུང་རྟོགས་ཀྱི་བསྟན་པར་བཤད་སྒྲུབ་གཉིས་ཀྱིས་ཞབས་ཏོག་ཞུས་དང་ཞུ་ན་ལྷག་བསམ་རེད། དེ་མིན་གཟུགས་མེད་ཀྱི་གདོན་ཞིག་སྙིང་གི་ཟུར་ཞིག་ན་བཞག་སྟེ་གཅིག་མ་འགྲིག ཉིག་མ་འགྲིག་ཟེར་བ་བསྟན་པར་ལྷག་བསམ་ག་ལ་ཡིན། ལར་ནས་གང་ཟེར་ལ་མ་བལྟ། གང་བྱས་ལ་ལྟོས་ཟེར་བ་མིན་ནམ།
མེ་ཏོག་དཀར་པོས་གསུངས་པ་རྒྱུ་མཚན་འདུག །ཨོ་རྒྱན་ཉི་མས་གསུངས་ཚེ་ཁོང་ལ་རྒྱུ་མཚན་འདུག །མཁས་པས་བཤད་ན་ཅི་ཡང་བདེན། །ཟེར་བ་འདི་ཀ་རང་ཡིན་ས་རེད། འཇིག་རྟེན་གྱི་མི་རེ་རེར་ལས་ཀ་རེ་རེ་ཡོད། ཨོ་རྒྱན་ཉི་མའི་ལས་ཀ་དེ་ཕུང་གསུམ་པ་དགག་རྒྱུ་དེ་ཡིན་ས་རེད། ཧེ་ཧེ།
་་་་་་་ རྙིང་མའི་གཞུང་གི་ལྟ་བ་གཏན་ལ་འབབ་པའི་སྐབས་སུ་ཕྱི་རོལ་གྱི་དངོས་པོ་ཚང་མ་ཆ་ཤས་སུ་གསིལ་ནས་དེ་ཡང་དངོས་སུ་མ་གྲུབ་པ་དང་། ནང་སེམས་ཀྱི་འཇིག་རྟེན་ཉིད་ཀྱང་ཤིན་ཏུ་ཕྲ་བའི་སྐད་ཅིག་མ་དང་དེ་ཡང་མ་གྲུབ་པར་གཏན་ལ་ཕབས་ནས་སྟོང་ཉིད་བསྒྲུབས་ཀྱི་ཡོད། འདི་ནི་རྫོགས་ཆེན་སྐབས་གཞི་མེད་རྩ་བྲལ་གྱི་གནས་ལུགས་ཟེར་བ་དང་མཚུངས་མི་འགྲོ་སྙམ། དེས་ན་རྫོགས་ཆེན་ཚན་རིག་མཐུན་ཅེས་ལབ་ན་མི་ཆོག་པ་མེད། ་་་་་་ཟེར།
མོས་སྒོམ་དང་དཔྱད་སྒོམ་གཉིས་སོ་སོར་རང་སར་འཇག་དགོས། མོས་སྒོམ་གྱི་ཡུལ་ལ་གཞི་གྲུབ་པས་ཁྱབ་པ་མེད། དཔྱད་སྒོམ་ཚད་ལྡན་ཡིན་ན། རང་ཡུལ་ཡོད་པས་ཁྱབ་དགོས་པས་སོ།།
ཨོ་ཉིས་ལས་ཀ་ཕུང་གསུམ་པ་དགག་ཡ་དེ་ཡིན་ན་དང་པོ་ཕུང་གསུམ་པའི་ལྟེ་ཕོ་ཨོ་ཉི་ཁོ་རང་
དགག་དགོས། ཁ་ནས་ཆོས་བཤད་ཁོག་ནས་སྡིག་བྱེད་མཁན་ཁོ་རང་རེད།