ཁ་བའི་འབྲོག་མོ།
བཞི་མདོ་འདི
གནའ་སྔ་མོའི་བཞི་མདོ་རེད
དེང་རབས་ཀྱི་རྣམ་པ་འཛོམས་པའི་བཞི་མདོ་ཡང་ཡིན་པས
བཞི་མདོ་དེའི་མདུན་ན་ཡང་བཞི་མདོའི་སྨུག་རིམ་འཁྱུག་འདུག
རྒྱབ་མདུན་གྱི་བར་ན་བསྲིང་བའི་བཞི་མདོ་ལ
ལོ་རྒྱུས་དང་རེ་སྒུག་གིས་གང་བའི་རྣམ་ཤེས་དེས
གད་རྒྱངས་ཉེ་བར་སྒྲོག་དུས
གནམ་གྱི་དབྱིངས་སུ་འཁྲུངས་པའི་པདྨ་ཡིས
དགའ་སྐྱོ་རེས་མོས་ཀྱི་འདབ་མ་ཡུན་གྱིས་གཏོར་སོང
གོ་རིམ་ཞིག་གི་བར་སྲུབ་ནས
སུ་ཞིག་གི་ངེས་འབྱུང་ཡིན་མིན་མ་ངེས་ཀྱང
བཞི་མདོ་ལ་འགྱུར་བག་ཅིག་གཞི་ནས་མངོན་བྱུང
གལ་ཏེ་འགྱུར་བག་གི་བྱུང་རིམ་ཁྲག་དང་སྲོག་ཅིག་ཡིན་ན
དེ་ནི་སྙིང་སྟོབས་དང་གདེང་ཚོད་ཀྱིས་བྱིན་རླབས་ཅི་ལ་མིན་ནམ
༡༦།༠༥།༢༠༡༣
ཡག་གི བཀླགས་ནས་ཐོན་སོང།