༈ ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མངོན་བསྟོད་ཞུ་ཚིག
༄༅།། ནམོཨབལོཀིཏེཤྭརཱཡ། འཕགས་མཆོག་འཇིག་རྟེན་མགོན་པོའི་བཞེད་དགོངས་རྣམས།། མཁྱེན་པའི་ནུས་སྟོབས་མངའ་དང་ལྷན་ཅིག་ཏུ།། ལག་ཏུ་ལེན་ལ་གཞན་དྲིང་མི་འཇོག་པའི།། དམ་པ་ཁྱེད་ནི་སྲས་ཀྱི་ཐུ་བོ་ཉིད།། ཅེས་མངོན་བསྟོད་ཀྱིས་སྔོན་བསུས་ཏེ། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༣༩ ལོར་བོད་མདོ་ཁམས་འཇོལ་ནགས་འབྲུག་ཏུ་ཡབ་མགོན་པོ་བསོད་ནམས་དང་ཡུམ་པདྨ་མཁའ་འགྲོའི་སྲས་སུ་འཁྲུངས། སྐུ་བྱིས་པའི་དུས་ནས་དམ་པའི་རང་རྟགས་མངོན་དུ་གསལ་ཞིང་། དགུང་ལོ་བཞིར་སོན་པ་ན་རབ་ཏུ་དབྱུང་རྒྱུར་ཐུགས་འདུན་ཤུགས་དྲག་གིས་ཡངས་ཅན་ཕུན་ཚོགས་གླིང་དགོན་པར་ཞུགས། དགུང་ལོ་ལྔ་པར་ཟམ་གདོང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འཇོལ་དགའ་ལྡན་བདེ་ཆེན་གླིང་དུ་ཁྲི་འདོན་ཞུས། དགུང་ལོ་བདུན་པར་༸སྐྱབས་རྗེ་ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་ཆུ་གཏེར་ལས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་བཞེས། དགུང་ལོ་དགུ་པར་བཤེས་གཉེན་ཆེན་པོ་ངག་དབང་སྦྱིན་པ་སོགས་བསྟེན་ནས་ཐུན་མོང་བའི་རིག་གནས་དང། དགུང་ལོ་བཅུ་གཉིས་པར་དཔལ་ལྡན་འབྲས་སྤུངས་སུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་ཐོས་བསམ་དང་ཆོས་བཀའ་མང་ཙམ་གསན་བཞེས་གནང་། ཕྱི་ལོ་ ༡༩༥༩ ལོར་འཛིན་གྲྭ་དབུ་མ་རྙིང་པར་ཕེབས་ཙམ་ན་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་འབྱོར་གྱིས་ལོ་དེའི་དགུན་ཐོག་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དབུས་དགེ་འདུན་གྲངས་ཚང་བའི་དྲུང་ནས་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་དགེ་སློང་གི་དངོས་པོ་ཡང་དག་པར་བཞེས། ཕྱི་ལོ་ ༡༩༦༠ ལོ་དཀྱིལ་ནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་༸སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་ཐོས་བསམ་དང་། འབྲི་རྩོམ། ཆོས་ཞུ། དཔེ་ཁྲིད་སོགས་ཅི་རིགས་ཞུ་རྒྱུའི་སྐལ་བཟང་ཐོབ། དེ་ནས་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རླབས་ཆེན་མཛད་འཕྲིན་གྱི་སྒོ་མོ་ཡངས་པོར་ཕྱེ་བར་བརྟེན། མཛད་རྗེས་ཐུན་མོང་སྣང་རུང་རྣམས་ཀྱང་ཞིབ་ཚགས་ཞུ་ཐབས་མ་མཆིས་ན། གཞན་རྣམས་ལྟ་ག་ལ་བཟོད། འོན་ཀྱང་ཡོངས་གྲགས་གཙོ་ཆེ་ཁག་ཆེ་ལོང་ཙམ་བསྡུས་ཏེ་ཞུ་ན།
ཀ༽ ༸གོང་ས་མཆོག་ལ་དད་འདུན་གཡོ་བ་མེད་པ།
༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནི་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ་ཁྱད་དུ་འཕགས་པ་ཞིག་ཡིན་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་དང་ལམ་སྟོན་གང་གནང་ལ་ཐེ་ཚོམས་དང་ཐུགས་དྭོགས་སྤུ་ཙམ་མེད་པར་ཤར་བསྐྱོད་ཀྱིས་ལག་ལེན་དོན་འཁེལ་དུ་གནང་བ་མ་ཟད། ༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་མཚན་སྨོད་ཞུ་མཁན་རྣམས་ལ་དངོས་སུ་མདུན་ཐོན་གྱིས་རིགས་པ་དང་རྒྱུ་མཚན་ཐོག་ནས་གདོང་ལེན་གསལ་བཤད་གནང་མཁན་ཞིག་ཡིན་ཞིང་། བོད་མིའི་སྤྱི་ཚོགས་ནང་༸གོང་ས་མཆོག་གི་དགོངས་བཞེད་ཟབ་མོ་རྣམས་རྟོགས་ཐུབ་མཁན་དང་། ཕྱག་བསྟར་ཐུབ་མཁན། དབུ་འོག་དཔུང་འདེགས་ཞུ་མཁན་ཁོང་ཉིད་ལྟ་བུ་ཧ་ལམ་མེད་ཅེས་བརྗོད་ནའང་ཆོག གཞན་ཡང་འོག་ཏུ་འཆད་པར་འགྱུར་བའི་བཟང་ཕྱོགས་ཀྱི་བཅོས་བསྒྱུར་དང་གསར་གཏོད་ཀྱི་བྱ་གཞག་རྣམས་ཀྱང་༸གོང་ས་མཆོག་གི་བཞེད་དགོངས་ཀྱི་མཐིལ་ནས་ཕྱུང་སྟེ་ལག་བསྟར་གནང་བ་ཡིན་པ་གདོན་མི་ཟ།
བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་གནང་སྐབས་མང་གཙོའི་རིང་ལུགས་ཐོག་ནས་ལས་དོན་གྱི་གལ་གནད་འཇོག་སྟངས་ལ་མཚོན་ནའང་། ༸གོང་ས་མཆོག་གི་བཀའ་དེ་ཐོག་མ་དང་། གྲོས་ཚོགས་ཀྱི་གྲོས་ཆོད་སོགས་དེའི་རྗེས་སུ་འཇོག་དོན་ཡང་། གྲོས་ཚོགས་ནི་བཙན་བྱོལ་བོད་མི་རྐྱང་པས་འདེམས་པ་དང་། ༸གོང་ས་མཆོག་ནི་གཞིས་བྱེས་བོད་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་གོང་དུ་བཀུར་བ་ལ་བརྟེན་ནས་ཡིན་འདུག་པ་ནི་དངོས་གནས་རླབས་ཆེ་བའི་དགོངས་ཚུལ་ཟབ་མོ་ཞིག་ཡིན།
ཁ༽ ཤེས་ཡོན་གྱི་གལ་གནད་ལ་གཙིགས་ཆེར་འཛིན་པ།
གཞི་རིམ་གཏན་སློབ་ཁག་གི་བོད་དགེ་དང་། ཆོས་དགེ སློབ་སྤྱི། དེ་བཞིན་མཐོ་སློབ་ཀྱི་སློབ་སྤྱི་དང་། ངེས་སྟོན་པ་བཅས་རིམ་བཞིན་གནང་བའི་འབྲས་བུར་གང་ཉིད་ཀྱི་དྲིན་འོག་ཏུ་བསྐྱངས་པའི་སློབ་ཕྲུག་རྣམས་ད་ཆ་བཙན་བྱོལ་བོད་གཞུང་གི་ཞབས་ཞུ་བ་དང་། སློབ་གྲྭ་ཁག་ཏུ་ཤེས་ཡོན་ཞབས་ཞུ་བ། འཛམ་གླིང་རྒྱ་ཁྱབ་བོད་མིའི་ཆོས་ཚོགས་ཁག་ཏུ་ཆོས་རིག་ཞབས་ཞུ་བ། སྤྱི་ཚོགས་ཞབས་ཞུ་བ་སོགས་ཀྱི་འགན་ཁུར་གནང་དང་གནང་མུས་ཡིན་པ་མ་ཟད། ཁོང་ཚོར་རང་ཉིད་སློབ་དཔོན་མཆོག་གི་སློབ་མ་ཡིན་པའི་གུས་སྤོབས་ཀྱི་ཚོར་བ་དྲག་པོ་ཇི་ཙམ་ཡོད་པའང་རང་རེའི་མཐོང་ཆོས་སུ་ཡོད།
ཕྱི་ལོ་ ༡༩༨༤ ལོར་རང་གཞུང་བཀའ་ཤག་ནས་ཤེས་རིག་ལྷན་ཚོགས་ཤིག་བསྡུ་བསྐོང་གནང་བའི་མདུན་སར་ད་ཡོད་བོད་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་སྒྲིག་འཛུགས་དང་། སློབ་སྦྱོང་གི་ལམ་སྲོལ་གཉིས་ཀ་རང་རེའི་དགོས་མཁོར་མ་འཚམས་པར་གྱུར་ཟིན་པ་དང་། ད་ཆ་གནས་ཚུལ་འདིའི་ཐོག་གཞི་རྩའི་གསར་བརྗེ་གཙང་མ་ཞིག་གནང་ན་མ་གཏོགས། ཆད་མཐུད་ཡོ་བསྲང་གིས་ཉམས་གསོ་ཕྲན་བུ་རེ་མཛད་པས་ཐུགས་ཕན་གསོས་མིན་གྱི་གནས་ཚུལ་ཞིབ་རྒྱས་གསོལ་ཐོག ལོ་རེ་གཉིས་རྗེས་རང་གཞུང་ནས་རེ་སྐུལ་བྱུང་བ་བཞིན་ “བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་འབྱུང་འགྱུར་འབྲིང་རིམ་འཛིན་གྲྭའི་བར་བོད་ཡིག་གི་ལམ་ནས་སློབ་ཚན་ཡོངས་རྫོགས་སློབ་ཁྲིད་བྱེད་ཕྱོགས་ཀྱི་འཆར་ཟིན།” ཞེས་པའི་དཔྱད་གཞིའི་འཆར་གཞི་རྒྱས་པ་ཞིག་ཕུལ་འདུག་པ་དང་། དེ་ནས་སྤྱི་འཐུས་ཚོགས་གཙོ་གནང་སྐབས་ཚོགས་གཙོའི་ལམ་སྟོན་གྱི་ཐོག་ནས་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་དགོས་ཚུལ་ཐེངས་མང་གསུངས་འདུག་ཀྱང་། ལམ་ལྷོང་མ་བྱུང་བར་བརྟེན། བཀའ་བློན་ཁྲི་པར་འཁོད་མ་ཐག་རིང་ནས་སྙིང་དུ་བརྣགས་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཀྱིས་འབྱུང་འགྱུར་མི་རིགས་རྣམས་རྣམ་དཔྱོད་དང་བཟང་སྤྱོད་གཉིས་ལྡན་དང་། འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེ་བའི་ལམ་ཕྱོགས་སུ་བསྒྱུར་བར་མཛད།
ག༽ མང་གཙོའི་རིང་ལུགས་ཕྱག་བསྟར་ཐོག་དམ་དོན་ལྷོད་མེད།
༸སྐྱབས་རྗེ་རིན་པོ་ཆེ་མཆོག་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་གནང་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། མ་འོངས་བོད་ཀྱི་རྩ་ཁྲིམས་བཅས་ཀྱི་ཟིན་བྲིས་ཐོག་ཐུགས་འགན་རྐང་བཞེས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་རིང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་དེ་དངོས་སུ་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་ཏེ་གང་ཟག་གི་དབང་སྒྱུར་ནས་ཁྲིམས་ཀྱི་དབང་སྒྱུར་དུ་བཙན་ཐབས་སུ་འཕོ་བར་མཛད་པ་མ་ཟད། གྲོས་ཚོགས་ནང་དུའང་མང་གཙོའི་རིང་ལུགས་ཀྱི་འགྲོ་ལུགས་རྣམས་དགེ་རྒན་གྱིས་དགེ་ཕྲུག་ལ་སློབ་ཁྲིད་གནང་བ་བཞིན་རེ་རེ་ནས་ནག་པོ་འབྲུ་བཤེར་ལྟ་བུ་མཛད་ཅིང་། གྲོས་ཚོགས་ལམ་ལུགས་ལ་མཁོ་བའི་ཁྲིམས་དང་སྒྲིག་གཞི་ཧ་ཅང་མང་པོ་ཧ་ལམ་མི་གཅིག་ལག་གཅིག་ལྟ་བུས་ངལ་བ་ལྷུར་ལེན་གནང་དགོས་བྱུང་།
དེ་བཞིན་སྤྱི་འཐུས་ཚོགས་གཙོ་དང་བཀའ་བློན་ཁྲི་པ་གནང་རིང་སྡེ་ཚན་གསུམ་གྱི་སོ་སོའི་དབང་ཚད་ཆ་བགོས་ལྗིད་མཉམ་བཏང་འཛིན་གྱི་རྒྱ་ལས་མ་བརྒལ་བ་དང་། རང་དབང་ཅན་གྱི་ལས་ཁུངས་རྣམས་ལ་ཐེ་བྱུས་མེད་པའི་ཕྱོགས་སུ་ཧ་ཅང་ནན་གཟབ་གནང་བར་བརྟེན། བོད་མིའི་མང་གཙོའི་རིང་ལུགས་དེ་དུས་ཚོད་ཐུང་ངུའི་ནང་ཧ་ཅང་ཚད་མཐོ་པོ་དང་ཡང་དག་པའི་ཕྱོགས་སུ་བསྐྱོད་ཐུབ་པ་རེད།
ང༽ བཙན་བྱོལ་བོད་གཞུང་གི་ངོ་བོར་གསོན་ཤུགས་དང་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས།
བཀའ་བློན་ཁྲི་པ་གནང་རིང་བཙན་བྱོལ་བོད་གཞུང་གི་ངོ་བོ་དེ་གསོན་ཤུགས་ནུས་ལྡན་ཡོང་ཐབས་སུ་ཐབས་ཤེས་བསྟུད་མར་གནང་བའི་འབྲས་བུར་འཛམ་གླིང་སྲིད་གཞུང་ཁག་གིས་དངོས་སུ་ངོས་འཛིན་ཡོད་མེད་ལ་མ་ལྟོས་པར། གཞིས་བྱེས་བོད་མིའི་བློ་ངོར་རང་གི་རེ་གཏོད་བཅའ་ས་དང་། བདེ་སྡུག་ཞུ་ས། ལྟ་སྐྱོང་གནང་མཁན་བཅས་ཀྱི་གཞུང་ཞིག་ཡོད་སྙམ་པའི་གདེང་སྤོབས་ཆེན་པོ་བསྐྲུན་ཐུབ་པ་མ་ཟད། ཕྱི་མི་མང་པོ་ཞིག་གིས་ཁོང་འཛམ་གླིང་སྡིངས་ཆའི་སྟེང་གི་ལྟ་གྲུབ་སྨྲ་བ་དང་རིགས་པ་སྨྲ་བ་ཞིག་ཏུ་ངོས་འཛིན་ཞུས་པར་བརྟེན། ཁོང་ཅག་རྣམས་ཤུགས་ཀྱིས་བཙན་བྱོལ་བོད་གཞུང་བརྒྱུད་དེ་བོད་དང་བོད་མིའི་ཐོག་གདུང་སེམས་མཉམ་སྐྱེད་དང་། བློ་ཐག་ཉེ་པོ། ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་ཏུ་བསྒྱུར་ཐུབ་པ་དང་།
དེ་བཞིན་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་སུ་ལས་བྱེད་རྣམས་ལ་དུས་ནས་དུས་སུ་ལམ་སྟོན་དང་ལག་ལེན་ཐོག་ནས་མིག་དཔེ་བསྟན་པ་མ་ཟད། ལས་བྱེད་རྣམས་ཀྱི་ཁྲོད་དུ་ཡོང་ཉེ་བའི་སྐྱོན་གནད་ཆེ་བ་ཁ་ཤས་ངོས་འཛིན་ཐེར་འདོན་གནང་འདུག་པ་ནི་འདི་ལྟར། མིའི་འབྲེལ་ལམ་དང་བསམ་སྤྱོད་ཀྱི་འཁྱེར་སོའི་ནང་གཞུང་སྒེར་གྱི་དབྱེ་བ་ཕྱེ་མ་ཐུབ་པ་དང་། ལས་དོན་གྱི་གྲུབ་འབྲས་དང་ངོ་སོ་ལ་རེ་སྟེ་ལས་བྱེད་སྒེར་ལ་ངོ་སོ་མ་ཐོབ་ན་སེམས་ཤུགས་ཆག་པ། བྱ་སྤུ་གནོན་གྱི་སྒྲིག་འཛུགས་ནང་མཉམ་འདུས་ཀྱི་ལས་འགན་དང་གང་ཟག་སྒེར་གྱི་ལས་འགན་ངོས་འཛིན་གསལ་པོ་མ་ཐུབ་པའི་དབང་གིས་ཐག་གཅོད་ཀྱི་ལས་རིམ་ལམ་སྲོལ་དང་ལྡན་པ་ཡོང་དཀའ་བ། ཁྲིམས་ཀྱི་དབང་སྒྱུར་གྱི་གོམས་གཤིས་གཏིང་ཟབ་མེད་པའི་དབང་གིས་གང་ཟག་ལ་ལྟོས་ཏེ་ཐག་གཅོད་བྱས་པ་དང་། ཁྲིམས་དང་སྒྲིག་གཞིའི་གནད་དོན་ཕྲ་ཞིང་ཞིབ་པ་ལ་དོ་སྣང་ཞན་པ། འཆར་འགོད་དང་ཐག་གཅོད་ཀྱི་ལས་རིམ་ནང་དགོས་ངེས་ཀྱི་ཉམས་ཞིབ་དང་། མཚུངས་བསྡུར་གཏིང་ཟབ། ཞིབ་ཚགས་བྱ་རྒྱུའི་གོམས་གཤིས་མེད་པར་སྐབས་འཕྲལ་དཀའ་ངལ་སེལ་ཐབས་སམ་དཀའ་ངལ་འཕར་འགྱངས་བྱ་རྒྱུའི་ཆེད་འཕྲལ་སེལ་གྱི་ཐག་གཅོད་བྱེད་ཐབས་བྱས་པ། དཔལ་འབྱོར་གྱི་སྒྲིག་གཞི་དང་། གཞུང་གྲོན་བསྲི་ཚགས། རྩིས་ཁྲ་ཁམས་གཙང་དགོས་གལ་ལ་དོ་སྣང་ཆུང་བ། ལས་དོན་འཐུས་ཤོར་དང་། ནོར་འཁྲུལ་ལ་ཉེས་འཛུགས་དང་ཆད་པ་གཅོད་པའི་སྐབས་ལྷག་བསམ་དང་ཁུར་བརྩོན་གྱི་གྲུབ་འབྲས་ཡོད་པ་རྣམས་རྒྱུ་མཚན་དུ་བཀོད་དེ་ཉེས་པ་ཡང་ཐབས་བྱས་པའམ། ཡང་ན་སེམས་ཤུགས་ཆག་སྟེ་གཞུང་དང་སྒྲིག་འཛུགས་ལ་བློ་ལོག་པ་བཅས་རེད། དེ་ལྟ་བུའི་ཧ་ཅང་ཁ་གསལ་གཏིང་གསལ་གྱི་བསྡོམས་ནི་རིན་པོ་ཆེ་མཆོག་གི་གཏིང་ཟབ་ཀྱི་མཁྱེན་མྱོང་ཁོ་ནའི་དབུས་ནས་འཆར་བ་ལས། གཞན་ལ་དེ་འདྲའི་ནུས་པ་ག་ལ་ཡོད།
ཅ༽ ཆིག་བསྒྲིལ་དམ་འཛིན་ཡོང་ཐབས་སུ་འབད་པ་ཆེ་བསྐྱེད།
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་སྐབས་བོད་ཀྱི་རིས་སུ་མ་ཆད་པའི་ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པར་གུས་བཀུར་ཆེ་མཐོང་ཚད་མེད་ཀྱིས་བརྟན་བཞུགས་རིམ་འབུལ་དང་། རང་ཉིད་དང་འབྲེལ་བའི་ཆོལ་ཁ་དང་ཆོས་བརྒྱུད་ལ་ཞེན་པ་ཨ་འཐས་སུ་མི་འཛིན་པར་ཆོལ་གསུམ་ཆོས་བརྒྱུད་རིས་སུ་མ་ཆད་པར་བཏང་སྙོམས་སུ་གུས་བརྩི་ཞུས་པར་བརྟེན། མི་རིགས་ཀྱི་ཆིག་བསྒྲིལ་གོང་བུར་ཕན་རླབས་ཅི་ཆེ་བྱུང་།
ཆོས་རིག་ལས་ཁུངས་སུ་ཆོས་ལུགས་ཆོས་བརྒྱུད་རིས་སུ་མ་ཆད་པའི་མངའ་དབང་ལྡན་པའི་ཆོས་དོན་ལྷན་ཚོགས་ཤིག་བཙུགས་ཏེ་རང་ཁོངས་ཀྱི་དགོན་སྡེ་རྣམས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཐད་ཀར་བཏང་འཛིན་ཐུབ་རེར་དགོངས་བཞེས་གནང་ཡང་ལམ་ལྷོང་དུ་མ་གྱུར།
ཆ༽ ཆབ་སྲིད་ནང་བདེན་པ་དང་ཐབས་བྱུས་ཟུང་འཇུག
བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་མ་ཐག་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་ནི་བཀའ་ཤག་གི་ལས་དོན་ཡོངས་ལ་ཁྱབ་ཅིང་། ནམ་ཡང་འདོར་དུ་མི་རུང་བའི་ཚད་འཛིན་གྱི་ཕྱག་རྒྱ་གསུམ་ལ་ངོས་འཛིན་གནང་ཡོད།
དེ་ནས་ཉིན་མཚན་ཁོར་ཡུག་ཏུ་ཐབས་ཤེས་ཡོད་རྒུས་འབད་རྩོལ་གནང་བར་བརྟེན། དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱ་འབྲེལ་མོལ་དེ་བསྐྱར་མཐུད་ཐུབ་པ་མ་ཟད། མཐར་ཆོལ་གསུམ་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་། དེའི་འགྲེལ་བརྗོད་བཅས་རིམ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་དེ་འཛམ་གླིང་སྡིངས་ཆའི་ཐོག་བོད་ཀྱི་དགོས་འདུན་ངོ་མ་གང་ཡིན་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཡོ་རྫུན་གསལ་བཟོ་ཐུབ་པ་སོགས། གང་ལྟར་རྒྱུ་མ་ཕུ་འདེད་ཀྱིས་མཐའ་བསྡོམས་ཤིག་ལ་བསྐྱལ་ཐུབ་པ་བྱུང་།
ཇ༽ དཔལ་འབྱོར་རང་ཁ་རང་གསོ་ཡོང་ཐབས་སུ་ནུས་ཤུགས་རྩལ་བཏོན།
སྤྱི་འཐུས་ཚོགས་གཙོ་གནང་སྐབས་ནས་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གནས་སྟངས་ཐོག་ལམ་སྟོན་ཐེངས་མང་གནང་རུང་། ལམ་ལྷོང་མ་གྱུར་པར་བརྟེན། བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་མ་ཐག་བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གནས་སྟངས་ཧ་ལམ་འབོ་ལུག་རྒྱུའི་ཛ་དྲག་གི་གནས་སྟངས་དེ་ལས་སྐྱོབ་ཐབས་དང་། བདེན་པ་དང་འཚེ་བ་མེད་པའི་ལྟ་གྲུབ་བཅས་ལ་བརྟེན་ནས་གཞུང་གི་དཔལ་འབྱོར་ཚོང་ལས་ཁག་སྒེར་བདག་ཅན་དུ་བསྒྱུར་ཏེ། ཅི་སྟེ་ཕྱིའི་རོགས་དངུལ་མེད་རུང་། གཞུང་གི་རྒྱུན་གྲོན་རྣམས་གཞན་བརྟེན་མ་དགོས་པའི་གནས་སྟངས་ཕྱོགས་སུ་སླེབས་པ་མ་ཟད། གཞུང་གི་མིང་ཐོག་ཏུ་ཡོད་པའི་འཕྲལ་སེལ་རང་བཞིན་ཅན་གྱི་ས་ཁང་རྣམས་ཁྲིམས་མཐུན་ཡིག་ཆ་ཚད་ལྡན་གྱི་ལམ་ནས་གཞུང་ལ་བདག་ཐོབ་ཐུབ་པ་དང་། གཞིས་ཆགས་ཁག་གི་ས་ཐོ་ལག་འཛིན་ཡོད་མེད་ཞིབ་འཇུག་དང་། མེད་རིགས་རྣམས་བཟོ་འགོ་ཚུགས་པ་དང་། དེ་བཞིན་འབྱུང་འགྱུར་དུས་ཡུན་ངེས་ཅན་ནང་བོད་དོན་བདེན་མཐའ་གསལ་བ་ཞིག་མ་བྱུང་ཚེ་གནས་ཚུལ་ཇི་ཡོང་ཆ་མ་རྟོགས་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡུལ་ཁྲིམས་འོག་ངོས་ལེན་ཡོད་པ་ཁག་སྲ་བརྟན་བཟོ་ཐབས་གལ་ཆེར་མཐོང་སྟེ། ལས་ཁུངས་ཁག་གི་དེབ་སྐྱེལ་ཡོད་པའི་ཚོགས་པ་ཁག་གི་ལས་དོན་བྱེད་ཕྱོགས་ཁྲིམས་མཐུན་ཡོང་ཐབས་དང་། དེ་དག་གི་རྩ་ཁྲིམས་དང་སྒྲིག་གཞི་རང་རེའི་དགོས་མཁོ་དང་འཚམས་པའི་བསྐྱར་བཅོས་དགོས་པ་རྣམས་བསྐྱར་བཅོས་དང་། ལས་བྱེད་བླང་དོར་སྒྲིག་གཞི་སོགས་གསར་བཟོ་དགོས་པ་རྣམས་གསར་བཟོ་བྱས་ཏེ་རིམ་བཞིན་གཞུང་ཞབས་མིན་པའི་ལས་བྱེད་ཇི་དགོས་ཚོགས་པ་སོ་སོའི་སྒྲིག་གྲལ་དུ་ཚུད་པ་བྱ་རྒྱུ་དང་། ས་ཞིང་མཁར་དབང་དང་དཔལ་འབྱོར་གྱི་བདག་དབང་ཕལ་ཆེར་དེ་དག་གི་མིང་ཐོག་ཏུ་བསྒྱུར་ཏེ་བཙན་བྱོལ་གཞུང་ནི་སྤྱིའི་འབྲེལ་མཐུད་པའི་ངོ་བོ་ཙམ་ཞིག་ལས། ཅི་སྟེ་རྒྱུན་གནས་མ་ཐུབ་པའི་གོ་སྐབས་བྱུང་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་ཆེ་བ་ཞིག་ཁྲིམས་མཐུན་རང་འཚོ་འཕེར་བ་གནས་ཐུབ་པ་ཡོང་ཐབས་སུ་འབད་པ་ཆེ་བསྐྱེད་མཛད།
བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་། བོད་མིའི་འཕྲོད་བསྟེན་བདེ་ཐང་ཡོང་ཆེད་ཕུགས་ཐག་རིང་པོར་དགོངས་བཞེས་ཀྱིས་སོ་ནམ་ཞིང་ལས་རྣམས་སྐྱེ་ལྡན་དང་རང་བཞིན་ཅན་དུ་སྒྱུར་ཐབས་དང་། མཉམ་འབྲེལ་ཁག་ཚགས་ཚུད་ཀྱིས་མང་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཡོང་ཆེད་བཅས་ལ་མི་རྒྱུ་བསམ་བློ་གསུམ་ཐོག་ནས་འབད་རྩོལ་ཆེ་བསྐྱེད་གནང་དགོས་བྱུང་། འོན་ཀྱང་སྐབས་རེ་རིན་པོ་ཆེ་མཆོག་གིས་འབྱུང་འགྱུར་ལོ་མང་ལ་སྔོན་དཔགས་ཀྱིས་གསུངས་པའི་དགོངས་ཚུལ་ཟབ་མོ་རྣམས་ང་ཚོས་སྤྱི་ཚོགས་ཀྱིས་རྗེས་མ་ཟིན་པའང་ཡང་ཡང་ཡོང་གི་འདུག་ན་ང་ཚོའི་ལས་བསོད་དམན་པས་ཅི་བྱ།
ཉ༽ ཕྱི་གསལ་ནང་གསལ་ཡོང་ཐབས་སུ་གསར་གཏོད་ཀྱི་འགྱུར་བ།
བགྲང་བྱ་ལྔ་ཚན་གཉིས་རིང་བཀའ་བློན་ཁྲི་པ་གནང་སྐབས་བཙན་བྱོལ་གཞུང་གི་ལས་དོན་རྣམས་ཕྱི་གསལ་ནང་གསལ་ཡོང་ཐབས་སུ་ཧ་ཅང་འབད་བརྩོན་གནང་ཞིང་། དཔེར་ན། བཀའ་ཤག་ལྷན་ཚོགས་སུ་ཐག་གཅོད་གནང་བ་རྣམས་རེ་རེ་བཞིན་གྲོས་གཞི་དང་གྲོས་ཆོད་གཉིས་ཀ་ཡིག་ཐོག་ཏུ་བཀོད་དེ་གྲོས་གཞིའི་རྒྱབ་ལྗོངས་འགྲེལ་བརྗོད་དང་། ཐག་གཅོད་སྤྱི་མོས་མང་མོས་ཇི་ཡིན་བཅས་གྲོས་ཆོད་དུ་གསལ་བ་དང་། ཚོགས་འདུ་སྔ་མའི་གྲོས་ཆོད་ཚོགས་འདུ་རྗེས་མའི་ནང་བསྐྱར་ཞིབ་གཏན་འབེབས་བྱས་ཏེ་ཐག་གཅོད་ཡོངས་རྫོགས་གནས་ཚུལ་ཇི་འདྲ་ཞིག་གི་འོག་དང་། རྒྱུ་མཚན་ཇི་འདྲ་ཞིག་ལ་བརྟེན་ནས་གནང་བའི་སྐོར་ཡིག་ཐོག་ཏུ་ཚང་མས་གཟིགས་ཆོག་ཡོད་པ་དང་། དེ་བཞིན་དུ་ལས་ཁུངས་ཁག་གི་ཟུར་དངུལ་ཉར་རྒྱུ་རྣམས་མཚམས་བཅད་ཀྱིས་པད་ཤག་གཅིག་དགོས་ཀྱང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཁྲོལ་ཞུ་དགོས་པ་དང་། ཁྲིམས་དང་སྒྲིག་གཞིར་ལྟོས་མེད་ཀྱིས་རང་ཁོངས་ལས་བྱེད་བསྐོ་རྒྱུ་དེ་དག་མཚམས་འཇོག་གིས་ལས་བྱེད་རྣམས་གཞུང་ཞབས་འདེམས་ལྷན་གྱི་རྒྱུགས་སྤྲོད་ལམ་ནས་ཡོང་རྒྱུ་བཟོས་གནང་བ་མ་ཟད། ཕྱི་རྒྱལ་དོན་ཁང་དུ་འགྲོ་རྒྱུའི་ལས་བྱེད་རྣམས་ཀྱང་ཡིག་རྒྱུགས་ཀྱི་ལམ་ནས་འགྲོ་དགོས་པ་སོགས་གསར་གཏོད་མང་པོ་གནང་དགོས་བྱུང་།
ཏ༽ ལས་དོན་ཐོག་དོ་ནན་ཞིབ་ཚགས་ཀྱིས་ཕུགས་བརྟན་ཡོང་ཐབས།
གཞུང་དང་སྤྱི་ཚོགས་ཀྱི་ལས་དོན་ཇི་འདྲ་ཞིག་ཡིན་ཡང་། ཐོག་མའི་འཆར་གཞི་ཚད་ལྡན་དང་། འཆར་དོན་ལག་བསྟར་སྐབས་ལྟ་རྟོག་བཏང་འཛིན། ལག་བསྟར་གྱིས་གྲུབ་དོན་བསྐྱར་ཞིབ་བྱ་རྒྱུ་བཅས་ཧ་ཅང་གལ་གནད་ཆེ་ནའང་། དངུལ་འབོར་ཧ་ཅང་ཆེ་བའི་འཆར་གཞི་ཁག་འགའ་ཤས་མཐའ་མའི་གྲུབ་འབྲས་གང་ཡང་མ་ཐོན་པ་དང་། མཇུག་བསྒྲིལ་མ་ཐུབ་པར་ལུས་པ། རྒྱུན་གནས་མི་ཐུབ་པ། མི་མང་སྐྱོ་ཤོས་ལ་མི་ཕན་པ། ཁོར་ཡུག་ལ་གནོད་པ་སོགས་མང་དག་ཅིག་བྱུང་བར་བརྟེན། བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་ནས་ཡུན་རིང་མ་སོང་བར་བཙན་བྱོལ་བོད་གཞུང་གི་འཆར་འགོད་ལྷན་ཚོགས་དེ་འཆར་འགོད་ལྷན་ཁང་དུ་བསྒྱུར་ནས་ལས་འཆར་གང་ཡིན་ཡང་འཚེ་བ་མེད་པ་དང་། ཁོར་ཡུག་ལ་མི་གནོད་པ། མི་མང་སྐྱོ་ཤོས་བར་ཕན་པ། རྒྱུན་གནས་ཐུབ་པ་བཅས་རྩ་བའི་ཚད་འཛིན་བཞི་གཏན་འབེབས་ཀྱིས་ལག་བསྟར་གནང་བ་ལ་བརྟེན་ནས་ལས་འཆར་གྱི་ཁ་ཕྱོགས་མ་ནོར་བ་དང་གདབ་སར་སྨིན་པ་ཡོང་རྒྱུར་ཕན་ཐོགས་ཅི་ཆེ་བྱུང་། དེ་བཞིན་དུ་གཞུང་ཞབས་པ་རྣམས་ལ་དུས་ནས་དུས་སུ་བཀའ་ཤག་གི་བསམ་བློ་འཁྱེར་ཕྱོགས་དང་། ལྟ་གྲུབ་ཀྱི་གཞི་རྟེན། དེའི་ཐོག་ནས་བོད་ཀྱི་དཀའ་རྙོག་ལ་ལྟ་སྟངས། དེ་སེལ་བའི་ཐབས་ལམ་བཙལ་ཕྱོགས། དཀའ་ངལ་དང་བར་ཆད་གང་དང་གང་བྱུང་བ། ལས་དོན་རྣམས་བསམ་པ་བཞིན་མ་འགྲུབ་པའི་རྒྱུ་མཚན་བཅས་ཀྱི་ཐོག་ངོ་སྤྲོད་གསལ་བཤད་གནང་སྟེ་ལས་དོན་ཐོག་དོ་ནན་ཞིབ་ཚགས་ཀྱིས་ཕུགས་བརྟན་ཡོང་ཐབས་ཇི་ཙམ་གནང་ཡོད་པ་ནི་ང་ཚོའི་ཉམས་མྱོང་དང་ཁོང་གི་གསུང་བཤད་ཁག་ལས་རྟོགས་ཐུབ།
མཐའ་དོན།
༸སྐྱབས་རྗེ་རིན་པོ་ཆེ་མཆོག་དགུང་ལོ་ ༢༡ ལ་ཌལ་ཧོར་དུ་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་ལ་ཐ་སྙད་རིག་པའི་སློབ་ཁྲིད་དང་། དགུང་ལོ་ ༢༢ ལ་སིམ་ལ་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ དགུང་ལོ་ ༢༦ ལ་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི། དགུང་ལོ་ ༣༢ ལ་ཝཱ་ཎ་མཐོ་སློབ་ཀྱི་སློབ་སྤྱི། དགུང་ལོ་ ༣༨ ལ་ཝཱ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་བཅས་གནང་བའི་བྱུང་རིམ་ལ་གཟིགས་ན། དགུང་ན་ཧ་ཅང་ཕྲ་མོ་ནས་སྤྱི་ཚོགས་ཀྱི་ཁུར་ཆེན་འདེགས་པའི་ནུས་མཐུ་མངའ་བ་དང་། རྒྱུན་ལྡན་མཛད་རྗེས་རླབས་ཆེན་ཇི་ཙམ་བཞག་ཀྱང་འདི་བྱས་འདི་བཏང་གི་བྱས་ཡུས་དང་ཁྲོམ་བསྒྲགས་ཟུར་ཙམ་ཡང་མེད་པ་མ་ཟད། བྱས་རྗེས་ཀྱི་ངོ་གསོ་གཞན་ལ་སྦྱིན་པ་དང་། ནོར་འཁྲུལ་གྱི་འགན་ཁུར་རང་གིས་བླངས་ཤིང་། ཟས་གོས་གནས་མལ་རྣམས་མཐའ་གཉིས་སུ་མ་ལྷུང་བར་འདོད་ཆུང་ཆོག་ཤེས་ཀྱིས་འཚོ་བ་དང་། གཞུང་གི་ལས་སྣེ་གནང་རིང་འབུལ་འབྱོར་བྱུང་བའི་དངུལ་དངོས་རྣམས་ཀྱང་གཞུང་གི་བང་མཛོད་དུ་བཅུག་རྐྱང་གནང་བ་སོགས་དང་། ལྷག་པར་སྤྱི་འཐུས་ཚོགས་གཙོ་གནང་རིང་བཟང་ཕྱོགས་ཀྱི་གསར་གཏོད་དང་བཅོས་བསྒྱུར་བྱ་གཞག་རྣམས་ལག་ལེན་དོན་འཁེལ་གནང་སྐབས་དང་། མང་གཙོའི་རིང་ལུགས་ཀྱི་ལེགས་བྱང་བསྐྲུན་རྒྱུར་དཀའ་ཚེགས་ཆེན་པོ་བྱུང་བ་ནི་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་གི་ཡིག་ཕྲེང་གི་བར་དང་། གསུང་བཤད་ཀྱི་ཟུར་སོགས་ལས་མཁྱེན་རྟོགས་ཐུབ། དེ་བཞིན་བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་མ་ཐག་དཔལ་འབྱོར་གྱི་གནས་སྟངས་ཁྲིམས་དང་བཟང་སྤྱོད་དང་འགལ་བ་མ་ཟད། འབོ་ལུག་རྒྱུའི་མཚམས་སུ་སླེབས་ཡོད་པ་དང་། ཆབ་སྲིད་ཀྱང་རྒྱུན་ལྡན་ཞིག་ལས། གསར་གཏོད་གང་ཡང་མེད་པ། འཛིན་སྐྱོང་ཚགས་ཚུད་དང་ཕྱི་གསལ་ནང་གསལ་མེད་པ། ཤེས་ཡོན་ནི་བྲན་གཡོག་ཏུ་བཟོ་རྒྱུ་དེ་རང་མུ་མཐུད་འགྲོ་བཞིན་པ། ཐ་ན་རང་གཞུང་ལ་བདག་པའི་ས་ཁང་རྣམས་ཀྱང་ཁྲིམས་མཐུན་བདག་དབང་མེད་པ་སོགས་མངོན་དུ་འགྱུར་སྐབས་ཐུགས་ཤུགས་ཆག་པའི་རྒྱུ་རྐྱེན་དུ་འགྲོ་དགོས་ཚོད་ཀྱང་། གང་ཉིད་ནི་དེ་ལས་ལྡོག་སྟེ་ལྷག་པར་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་བཞེས་ཏེ་༸གོང་ས་མཆོག་གི་བླ་ན་མེད་པའི་ལམ་སྟོན་འོག་བོད་མིའི་སྤྱི་ཚོགས་ཀྱི་ཕུགས་འདུན་ལ་གང་ཕན་ཁོ་ནར་གཟིགས་ཏེ་ཉིན་མཚན་ལྟོས་མེད་ཕྱག་ལས་གནང་བ་མ་ཟད། ད་ལྟའང་དགུང་གྲངས་དོན་བཞིར་སོན་ཏེ་དགུང་ན་ཧ་ཅང་སྨིན་ཡང་ད་དུང་མགོན་པོ་གང་ཉིད་ཀྱི་སྲི་ཞུ་བསྒྲུབ་རྒྱུ་གལ་གནད་ཆེ་ཤོས་ཀྱི་ལས་དོན་དུ་བརྩི་འཇོག་གིས་རྟག་ཏུ་གྲ་སྒྲིག་ཨང་གསར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་གྱི་མཐུན་རྐྱེན་ཁོ་ན་ཡོང་ཆེད་ཐུགས་བརྩོན་ལྷོད་མེད་གནང་མུས་སོགས་ནི་དཔེ་ཟླ་མ་མཆིས་པའི་མཛད་རྗེས་རླབས་པོ་ཆེ་དེང་སྐབས་ཧ་ཅང་མཐོང་ཐོས་དཀོན་ཚད་དུ་གྱུར་པ་བཅས་ལ་བརྟེན། རིན་པོ་ཆེ་མཆོག་ལ་སྙིང་ནས་རྗེས་སུ་ཡི་རངས་གྲངས་མེད་ཞུ་རྒྱུ་དང་འབྲེལ། གང་ཉིད་ཀྱི་བཀའ་དྲིན་ལ་བསམ་ཤེས་དང་། བྱས་པ་དྲིན་དུ་ཚོར་བ་མཚོན་པ་ཙམ་གྱི་སླད་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་དཔེ་ལྟར་ ་་་་་་་་་་་་་་་ དང་། ་་་་་་་་་་་་་་་་་ བཅས་འབུལ་ལམ་ཞུས་པ་ལགས་ན། དེ་དེ་བཞིན་དགྱེས་བཞེས་ཡོང་བ་དང་། སླད་མར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་མུ་མཐུད་གནང་སྐྱོང་ཡོང་བ་ཅི་ནས་ཀྱང་མཁྱཻན། མཁྱཻན། མཁྱཻན་ཅེས་ཌལ་ཧོར་ས་གནས་བོད་མི་མང་ཚོགས་ཡོངས་ནས་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ལ་
སྒོ་གསུམ་གུས་ཕྱག་
དང་བཅས་
ཕུལ།།
༸སྐྱབས་རྗེ་རིན་པོ་ཆེ་མཆོག་དགུང་ལོ་ ༢༡ ལ་ཌལ་ཧོར་དུ་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་ལ་ཐ་སྙད་རིག་པའི་སློབ་ཁྲིད་དང་། དགུང་ལོ་ ༢༢ ལ་སིམ་ལ་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ དགུང་ལོ་ ༢༦ ལ་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱི། དགུང་ལོ་ ༣༢ ལ་ཝཱ་ཎ་མཐོ་སློབ་ཀྱི་སློབ་སྤྱི། དགུང་ལོ་ ༣༨ ལ་ཝཱ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་བཅས་གནང་བའི་བྱུང་རིམ་ལ་གཟིགས་ན།
དགུང་ན་ཧ་ཅང་ཕྲ་མོ་ནས་སྤྱི་ཚོགས་ཀྱི་ཁུར་ཆེན་འདེགས་པའི་ནུས་མཐུ་མངའ་བ་དང་། རྒྱུན་ལྡན་མཛད་རྗེས་རླབས་ཆེན་ཇི་ཙམ་བཞག་ཀྱང་འདི་བྱས་འདི་བཏང་གི་བྱས་ཡུས་དང་ཁྲོམ་བསྒྲགས་ཟུར་ཙམ་ཡང་མེད་པ་མ་ཟད། བྱས་རྗེས་ཀྱི་ངོ་གསོ་གཞན་ལ་སྦྱིན་པ་དང་། ནོར་འཁྲུལ་གྱི་འགན་ཁུར་རང་གིས་བླངས་ཤིང་། ཟས་གོས་གནས་མལ་རྣམས་མཐའ་གཉིས་སུ་མ་ལྷུང་བར་འདོད་ཆུང་ཆོག་ཤེས་ཀྱིས་འཚོ་བ་དང་།
གཞུང་གི་ལས་སྣེ་གནང་རིང་འབུལ་འབྱོར་བྱུང་བའི་དངུལ་དངོས་རྣམས་ཀྱང་གཞུང་གི་བང་མཛོད་དུ་བཅུག་རྐྱང་གནང་བ་སོགས་དང་། ལྷག་པར་སྤྱི་འཐུས་ཚོགས་གཙོ་གནང་རིང་བཟང་ཕྱོགས་ཀྱི་གསར་གཏོད་དང་བཅོས་བསྒྱུར་བྱ་གཞག་རྣམས་ལག་ལེན་དོན་འཁེལ་གནང་སྐབས་དང་། མང་གཙོའི་རིང་ལུགས་ཀྱི་ལེགས་བྱང་བསྐྲུན་རྒྱུར་དཀའ་ཚེགས་ཆེན་པོ་བྱུང་བ་ནི་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་གི་ཡིག་ཕྲེང་གི་བར་དང་། གསུང་བཤད་ཀྱི་ཟུར་སོགས་ལས་མཁྱེན་རྟོགས་ཐུབ། དེ་བཞིན་བཀའ་བློན་ཁྲི་པའི་མཛད་ཁུར་བཞེས་་་་་་་་་་་་་་
ཟམ་གདོང་རིན་པོ་ཆེ་ནི་བོད་མི་རིགས་ལ་བཀའ་དྲིན་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་ལ་ཁོང་ནི་ཆོས་སྲིད་གཉིས་ཐོག་ལ་མཁྱེན་པ་ཡངས་པའི་སྐྱེས་ཆེན་ཞིག་ཀྱང་ཡིན། གང་ལྟར་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དྲང་པོར་སྐྱེས་ཆེན་ཁོང་གི་མཛད་པ་བརྗོད་རྒྱུ་དེ་གལ་ཆེན་ཡིན།
ཞིབ་ཀྱིས་འཇུག་ཐུབ་མ་སོང་དེ། རོབ་ཙམ་རྟོགས་སོང་བ་བཞིན་ག་ལེར་ཕྱིར་ལོག་ཡོད། ཧུ་་་་
༄། །མི་ལོ་སྟོང་གི་གོང་དུ་མ་ཕེབས་པའི།
།སྙིགས་དུས་བདག་ཅག་མཁས་མཆོག་སློབ་དཔོན་གང་།
།ཟམ་མི་ཆད་པའི་ལུགས་ཟུང་འགལ་མེད་བསྐྱངས།
།གདོང་དམར་བོད་པར་ཐོབ་ཙམ་སྐལ་བ་བཟང་། །
བདུད་ཀྱི་བདུད་ནི་བདུད་མིན་ལྷ་དཀར་ཡིན།།དགྲ་ཡི་དགྲ་ནི་དགྲ་མིན་གྲོགས་པོ་ཡིན།།
སློབ་མའི་དད་དང་སྒྲོ་བཏགས་གིས། །བླ་མ་ཟོག་པོར་མ་བཏང་བར། །སྐྱོན་ཡོན་གཉིས་ཀའི་ཆ་བརྗོད་ན། །དུས་རབས་ཉེར་གཅིག་དུས་འདིར་མཁོ། །གཞན་དུ་སྐྱོན་མེད་གོང་བུ་ཞིག །སྣང་བ་དག་ནས་བརྗོད་པ་འདིས། །ཁྱེད་ཅག་རིགས་མཐུན་དགའ་མོད་ཀྱི། །གཟུར་གནས་ཚོགས་ལ་གད་མོའི་རྒྱུ། །བསྟོད་པ་བརྗོད་ན་ལོས་བཟང་ཡང་། །ཚད་ལས་བརྒལ་ན་སྐྱོན་དུ་འགྱུར། །ཡན་ལག་ཉིང་ལག་ཚང་དགོས་མོད། །གྲངས་ལས་འདས་ན་རྨོད་པའི་གཞི། །
ྲ
ཟམ་གདོང་གིས་ཁྲི་བྱང་གི་བཀའ་བསྒྲུབ་པར་བསྟོད་ཀྱི་ཡོད་དམ།
ཟམ་གདོང་རིན་པོ་ཆེ་སྔོན་ཆད་མཁས་པ་དང་མཁས་དབང་ཡིན་བསམ་ནས་ཡོད་མོད། བཀའ་ཁྲི་སྐབས་གཉིས་པ་མཇུག་རྫོགས་ནས་བཟུང་བླ་རྒན་འདིས་ཆབ་སྲིད་རྐྱང་རྐྱང་འཁྲབ་ནས་བཙན་བྱོལ་སྤྱི་ཚོགས་འདི་ཕུ་དཀྲུགས་མདའ་དཀྲུགས་བྱས་སོང་བས། ད་ནས་བཟུང་ཟམ་གདོང་བླ་མར་ཆབ་སྲིད་པ་ཟེར་བ་མ་གཏོགས་མཁས་བ་དང་མཁས་དབང་ཟེར་བའི་ཆོ་ལོ་དེ་མི་ཚེ་འདི་ལ་མི་ཟེར་ཁོ་ཐག་ཡིན།
དེ་རིང་སང་ཉིན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་རང་བཙན་དང་དབུ་མ་ཟེར་ནས་ར་དང་ཁྱི་འཕྲད་པ་ནང་བཞིན་གྱི་རྩོད་པ་ཞིག་ཡོང་བཞིན་པ་འདིའི་འགོ་ཁུངས་ཟམ་གདོང་རིན་པོ་ཆེ་ཡིན་པ་མ་ཟད་ཟམ་གདོང་རིན་པོ་ཆེས་དབུ་མའི་ལམ་ལས་འགུལ་ཁང་ཟེར་བའི་ཚོགས་པ་ཕུང་དཀྲུགས་དེའི་སྡིངས་ཆ་བེད་སྤྱོད་བཏང་ནས་རང་བཙན་འཐབ་རྩོད་པ་དང་རང་བཙན་རྩོད་མཁན་ཚོའི་སེམས་ལ་ན་ཚ་བཟོད་ཀྱིས་མི་ཐུབ་པ་བསྣན་ཡོད་ལ། ལྷག་པར་དུ། དབུ་མའི་ལམ་ལས་འགུལ་ཁང་ཟེར་བའི་ཕུང་ཚོགས་འདི་ཡང་ཟམ་གདོང་བླ་མའི་གཡོ་འཕྲུལ་ལྟ་བུ་ཆགས་འདུག
འོ་ཛི་ལགས། བདུད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་ཕར་བཞག་སྨད་ར་གཏོང་རྐྱང་རེད། འོན་ཀྱང་དཔལ་མགོན་ཀླུ་སྒྲུབ་སོགས་ཀྱིས་སངས་རྒྱས་ལ་བསྟོད་པ་ནི། མཁྱེན་པ་བླ་ན་མེད་པ། སྟོན་པ་བླ་ན་མེད་པ། ཞེས་སོགས་བསྟོད་པ་ནི་མ་འཚམས་པ་ཨེ་ཡིན།
རང་གི་བླ་མ་དང་གུས་ཞབས་ཆེས་མཐོར་ཞུ་ས་ལ། སངས་རྒྱས་ཐམས་ཅད་བསྡུས་པའི་སྐུ། ཞེས་བསྟོད་པ་དང་དད་པ་ཞུ་གི་ཡོད། འདི་ང་ཚོའི་ལུགས་དང་འགལ་འདུ་མིན་འདུག་མོད། འོན་ཀྱང་གཞན་འདོད་དང་མི་མཐུན་ན་ནི། ཇ་འཁོལ་ཆེད་མེ་འབུད་དུས་བུད་ཤིང་འཚིག་པར་བཅོས་ཐབས་མེད་སྙམ།
ཚད་ལས་བརྒལ་རྒྱུ་ཕར་བཞག་ཇི་ཙམ་བསྟོད་པ་དེ་ད་དུང་ཚད་དུ་མ་སླེབས་འདུག་སྙམ། གང་ལྟར་རང་གིས་སངས་རྒྱས་ལ་སྨད་རུང་རང་མོས་རང་རེད། སྨད་རྒྱུ་རང་མོས་ཡིན་ན་བསྟོད་རྒྱུ་ཡང་རང་མོས་ཡིན་ཆོག་གོ་སྙམ།
ཟམ་གདོང་གིས་བོད་མི་ཚོ་རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར་ཚུན་ཁྲིམས་མཐུན་ཡིན་དགོས་རབས་ལུང་པ་གང་བཞད་བཞིན་པའི་མུར། ཁོ་རང་བཀའ་ཁྲི་ཡིན་བཞིན་པའི་མུར་༼རྒྱ་གར་མི་སེར་ལག་འཁྱེར་༽བཟོས་པར་བསྟོད་ཀྱི་ཡོད་པེ།
ཟམ་གདོང་བླ་མའི་ནག་ཉེས་བཅུ་ཐམ་པ།
དང་པོ།
༡)
བོད་མི་རྣམས་ལ་གསུམ་བཅུའི་དུས་དྲན་ཉིན་སྐད་འབོད་བྱས་མི་ཆོག་པའི་བཀའ་ཕབ་པ།
༢)
ཆོལ་ཁ་གསུམ་དང་རྒྱ་དམར་ཟེར་བའི་ཐ་སྙད་སོགས་བེད་སྤྱོད་བཏང་མི་ཆོག་པ་བཟོས་བ།
༣)
གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་ཞིབ་འཇུག་ཕྲ་ཙམ་ཡང་མ་བྱས་པར་བོད་རྒྱ་འོག་ཏུ་སྡོད་འདོད་ཡོད་པའི་ཧམ་བཤད་བྱས་བ་མ་ཟད་ཆེས་མཐོའི་རང་སྐྱོང་གི་ཡིག་ཆ་ཡིན་ཟེར་ནས་བོད་ཀྱི་ལོ་རྒྱུས་ལ་ནག་ཐིག་ཕབ་པ།
༤)
བོད་ཀྱི་ནང་པ་སངས་རྒྱས་བའི་རིག་གཞུང་མ་འཇིག་ན་བོད་མི་རིགས་འཇིག་སོང་རུང་མི་སྐྱོན་ཟེར་ནས་མི་རིགས་དང་རྒྱལ་ཁབ་གལ་ཆུང་བའི་གཏམ་བཤད་བྱས་བ།
༥)
ངས་ད་བར་དུ་བོད་བསྟན་པ་ཆབ་སྲིད་ལ་ཞབས་ཞུ་བྱས་བ་ཚང་མ་རང་གི་བླ་མའི་ཆེད་དུ་ཡིན་པ་ལས་བོད་མི་རིགས་ཀྱི་ཆེད་དུ་མིན་ཟེར་ནས་གཏམ་བཤད་སྤེལ་བ།
༦)
བཙན་བྱོལ་བོད་གཞུང་དང༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དབུ་མའི་ལམ་ཡིན་བཞིན་དུ། རྡ་ལམ་ས་ལར་དབུ་མའི་ལམ་ལས་འགུལ་ཟེར་བ་བཙུགས་ནས་རྒྱ་དམར་བཞིན་ཆབ་སྲིད་དྲིལ་བསྒྲགས་ཤུགས་ཆེར་བྱས་བ།
༧)
ཆེས་ཡ་ང་བ་དང་ཡིད་སྐྱོ་བ་ཞིག་ལ། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་རང་བཙན་མི་དགོས་ཟེར་བའི་རྒྱ་ཕྲུག་མང་པོ་བསྐྱེད་བསྲིངས་བྱས་པ།
༨)
དབུ་མའི་ལམ་ལས་འགུལ་ཁང་ཟེར་བའི་སྡིངས་ཆ་བེད་སྤྱོད་བྱས་ནས་རང་བཙན་རྩོད་མཁན་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་དམའ་འབབ་དང་མཐོང་ཆུང་། ད་དུང་མི་དགའ་བའི་རྣམ་འགྱུར་བསྟན་པ།
༩)
ཁ་ནས་མང་གཙོ་དང་ཁོག་ནས་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ལག་བསྟར་བྱས་པ།
༡༠)
བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་དང་བསམ་ཚུལ་ཕྲན་ཚགས་མི་མཐུན་པ་རྣམས་རྒྱ་དམར་དང་ཤུགས་ལྡན་བསྟེན་མཁན་ལས་སྡུག་པའི་གཏམ་བཤད་སྤེལ་བ།
ང་དང་ང་འདྲ་བའི་བོད་མི་རྣམས་ལ་མཚོན་ན། ཉི་མ་དེ་རིང་ནས་བཟུང་ཟམ་གདོང་བླ་མ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཕུང་དཀྲུགས་བྱེད་མཁན་གྱི་གཏེ་བོ་ཨང་དང་པོ་དེར་བརྩི་གི་ཡིན།
ཀ་དག་འོད་གསལ་ཡོན་ཏན་རབ་རྫོགས་དབྱངས་ཀྱི་བདག་མོ་དབྱངས་ཅན་མ། །
ཁ་བའི་བུ་ངས་ཁྱེད་ཉིད་རེ་ནས་བསྟོད་ཡུལ་གོང་མར་མཆོད་བསྟོད་ཕུལ། །
ག་དུས་ཡིན་ཀྱང་བཀའ་དྲིན་ཆེ་ཡང་སྨྱུག་འཛིན་མཁན་ཚོས་མ་བསྟོད་པའི། །
ང་ཚོས་མེས་པོ་གཉིས་པ་ལྟ་བུར་ཟམ་གདོང་པཎ་ཆེན་སྙིང་ནས་འདུད། །
ཅ་ཅོའི་གཏམ་ལ་མགོ་བོ་འཁོར་ནས་རང་ཚུགས་ཤོར་བས་ལོ་རྒྱུས་མེད། །
ཆ་ལུགས་མི་གཅིག་ཕྱི་གླིང་ལད་མོ་བཟོ་འདོད་ཨ་གསར་ཁྱེད་ལ་མེད། །
ཇ་ཆང་བག་དང་ཚུལ་མིན་བརྟེན་ནས་ལ་རྒྱ་ཤོར་བའི་ལོ་རྒྱུས་མེད། །
ཉ་མོ་ཇི་བཞིན་འགྱུར་འགྲོས་མེད་པའི་མཁས་དབང་ཁྱེད་ཉིད་སྙིང་ནས་དྲན། །
ཏ་ལའི་་བླ་མའི་དགོངས་པ་རྟོགས་ནས་སྐུ་ཚེར་ཧྲིལ་པོ་གཞན་དོན་མཛད། །
ཐ་ཆད་མི་བུ་འབུར་འཇོམས་བྱས་ནས་བོད་གཞུང་བུ་ལོན་དོང་ནས་འདྲེན། །
ད་ལྟའི་དུས་འདིར་ཤེས་རིག་སྒྲོན་མེའི་སྣང་སྙན་མང་པོ་ཁྱེད་ཀྱི་དྲིན། །
ན་སོ་རྒན་པའི་གངས་ཅན་སྤྱི་མི་ཁྱེད་མིན་སུ་ཞིག་གང་དུ་ཡོད། །
པ་ཊ་ལྟར་མཛེས་ཕྱི་ནང་རིགས་གནས་མཁྱེན་རྒྱ་ཡངས་ཤིང་འཆད་རྩོད་མཁས། །
ཕ་བཟང་བུ་ཡི་གཤིས་ཁ་དེ་ཡིས་ས་སྟེང་ཝ་ཚོགས་ཟུར་གྱིས་གནོན། །
བ་གླང་ལྟ་བུ་བསམ་སྤྱོད་དོར་ནས་དུས་རབས་གསར་པའི་འགྱུར་འགྲོས་ནང་། །
མ་ཡུམ་གངས་ཅན་ཤེ་རིག་གཤོག་ཟུང་ཕྱོགས་ཀུན་བརྐྱངས་ནས་བཀའ་བཞིན་བསྒྲུབས། །
ཙ་དང་ལོ་མའི་གནས་མལ་བརྟེན་ནས་རིག་པའི་གནས་ལྔར་གསན་བསམ་མཛད། །
ཚ་གྲང་སྡུག་བསྔལ་ཇི་ལྟར་བྱུང་ཡང་བཟོད་པའི་གོ་ཆ་བཙན་པོ་གྱོན། །
ཛ་དྲག་དུས་སུ་སྙིང་སྟོབས་འཕེལ་བཞིན་འཁོར་སློབ་དུ་མར་ལམ་སྟོན་མཛད། །
ཝ་་མོའི་གཡོ་སྒྱུར་གོམས་པ་ཆེ་བས་རུལ་སུངས་མཁན་དག་སྣ་མགོ་བརྡུངས།
ཞྭ་གོས་ལ་སོགས་གྲྭ་རྐྱང་ཞིག་དང་མཚུངས་པར་སྤྱོད་བཞིན་དམངས་དོན་བསྒྲུབས། །
ཟ་འཐུང་ཙམ་ཡང་དོན་མཐུན་མི་ཤེས་རྨོངས་རྒན་ཚོགས་ཀྱིས་ཁྱེད་ཉིད་ལ། །
འ་འུར་ངན་སྨྲས་ཨུ་ཚུགས་བྱས་རུང་བྱམས་དང་སྙིང་རྗེའི་གནས་སུ་གཟིགས། །
ཡ་རབས་ཚུལ་མཐུན་སྐྱེས་མཆོག་ཁྱེད་ནི་གངས་ཅན་མགོན་པོའི་ཐུགས་སྲས་དངོས། །
ར་བ་གངས་ཅན་ཁ་བའི་ཞིང་དུ་སྐུ་ཡི་མཚན་དཔེའི་མེ་ཏོག་བཞད། །
ལ་ལུང་བརྒལ་ཏེ་འཕགས་པའི་ཡུལ་ནས་གསུང་གི་ཟེ་འབྲུའི་མཆོད་སྤྲིན་ཕུལ། །
ཤྰཀྱའི་སྲས་པོ་ཉེ་བར་འཁོར་འདྲའི་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཤིང་། །
ས་ལའི་སྨན་ལྗོངས་མིང་དུ་གྲགས་པས་རང་ཡུལ་བདེ་སྡུག་བརྩེ་བས་གཟིགས། །
ཧ་ལམ་གངས་རིའི་ཡུལ་ལྗོངས་འདི་ན་ཁྱེད་འདྲའི་སྐྱེས་ཆེན་དཀོན་པར་སྣང་། །
ཨ་ཕའི་རྐང་འདྲེན་ཁྱི་རྒན་འགའ་རེའི་ཁྱེད་ལ་ངུ་ཟུགས་ཡང་ཡང་དང་། །
ཧ་ཅང་ཐལ་བས་དྲ་འབུ་འགའ་རེའི་ཁྱེད་ཉིད་མི་བཟོད་རྟག་ཏུ་ངུ་། །
ཨ་ཕའི་བུ་ང་དེ་དག་མཐོང་དུས་སེམས་ཀྱི་གཏིང་ནས་ཁྲེལ་དགོད་ཤོར། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །
རྒྱལ་མཚོ་ལས་ཟབ་རི་རབ་ལས་མཐོ་བས། །
ཚུར་མཐོང་བདག་ལྟའི་གཞལ་བ་མི་ནུས་ཀྱང་། །
ཆ་ཤས་ཙམ་འདིའི་བཀའ་དྲིན་རྗེས་དྲན་ཞུའོ།། །།
རྟ་བདུན་དབང་པོའི་གསེར་མདོག་ཟེར་དེ། །
འབྱུང་བྱ་འུག་པའི་མིག་ལ་མི་མཛེས་མོད། །
ནོར་འཛིན་རྒད་མོར་མཛེས་པའི་རྒྱན་བཟང་སྟེ། །
ཀུ་མུད་འདབ་བཟང་བཀྲ་འདི་ཨེ་མ་རྨད། །
མཁས་མང་གསེར་རིའི་འཕྲེང་བས་དབུས་ཉིད་དུ། །
ལྷན་པོའི་སྤོ་ལྟར་མཐོ་བས་ཟམ་གདོང་རྗེ། །
ཁྱེད་ཀྱིས་སྙན་པའི་ས་ཆེན་དོགས་ན་ཡང་། །
དུག་གསུམ་གཅོང་ནད་ཅན་ཚོས་ཆོ་ངེ་བཏོན། །
མི་ལོ་ཉིས་སྟོང་གོང་རོལ་དུ་ཡང་། དགེ་སྦྱོང་གཽཏམ་གང་ཉིད་བདུད་ཀྱི་སྙིང་ལ་ཟུག་པའི་མདའ་མོ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཚུལ་ལ་དུག་ཏུ་བལྟ་མཁན་བློ་མཐུན་རླབས་ཆེན་གྱི་གཙོ་འཛིན་མའོ་ཡང་ཕེབས་མྱོང་བའི་ལོ་རྒྱུས་ཡོད་ན། དེ་ཙམ་གྱི་མི་བཟོད་རང་མེད་སྙམ་མོ།།
གལ་ཏེ་ཁྱོད་ཀྱི་འུད་བསྟོད་དོན་གནས་ན། །བྱུང་རབས་སྨོད་ནས་འབྱུང་འགྱུར་འགོག་དོན་ཅི། །དབུ་མར་ཞེན་ནས་རང་བཙན་སྡང་དོན་ཅི། །དཔྲལ་བར་བསྡད་ནས་མིག་ལ་སྨོད་དོན་ཅི། །རྒྱ་ལ་ཞེན་ནས་བདག་དབང་འགོག་དོན་ཅི། །ཚོར་སྣང་གླེང་ནས་ཅལ་རྗེས་འགྲོགས་དོན་ཅི། །རང་བཙན་དཀའ་ཞིང་དབུ་མ་སླ་ཚུལ་སོགས། །དངོས་ཤུགས་བརྒྱུད་ནས་ཁུངས་མེད་བསྒྲགས་དོན་ཅི། །གཞོན་སྐྱེས་ཡིད་ཐང་ཆད་གཞིར་འདྲེན་དོན་ཅི། །མ་འཇོན་འཇོན་འདོགས་དམ་བཅའ་འཇོག་དོན་ཅི། །
བོད་རྒྱལ་ལོ་༢༡༣༦ལོར། ༧གོང་ས་མཆོག་གི་རྣམ་ཐར་ཆེན་མོའི་དབུ་འབྱེད་མཛད་སྒོའི་ཐོག ༧ཁོང་སྐུ་ངོ་མའི་ཞལ་སྔ་ནས།༼ད། ད་རེས་ངའི་ལོ་རྒྱུས་འདི་དྲང་པོ་དྲང་ཞག་དངོས་ཡོད་གནས་ཚུལ་གཞི་ལ་བཞགས་ནས་བྲིས་ཡོད་ན་ཡག་པོ་རེད་མ་གཏོགས། གཞན། སྒྲོ་བཏགས་ནས་མང་པོ་ཞིག་བྲིས་པ་ཡིན་ན་ཡང་། དེ་འདྲ་དེ་འདྲ་རེད། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་ཟེར་བ་དེ་འདྲ་རེད། ༽ཞེས་སོགས་གསུངས་གནང་བ་དེ་དག་གཟིགས་ཙམ་གནང་དང་དགེ་མཚན་ཡོད་ངེས་ཡིན་ལགས།
ཟམ་གདོང་བླ་མའི་རྗེས་བྱས་བཅུ་ཐམ་པ་ནི།
དང་པོ། དབུས་ལམ་ལམ་ལྷོང་ཆེད་དུ། བོད་མི་རྣམས་ལ་གསུམ་བཅུའི་དུས་དྲན་ཉིན་སྐད་འབོད་བྱས་མི་ཆོག་པའི་བཀའ་ཕབ་པ།
གཉིས་་པ། དེའི་སྟེང་དུ། རྒྱ་རིགས་དང་བོད་རིགས་བར་མཐུན་སྒྲིལ་འོང་ཕྱིར་ཆོལ་ཁ་གསུམ་དང་རྒྱ་དམར་ཟེར་བའི་ཐ་སྙད་སོགས་བེད་སྤྱོད་བཏང་མི་ཆོག་པ་བཟོས་པ།
གསུམ་པ། གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ལ་ཞིབ་འཇུག་གིས་ཆེས་མཐོའི་རང་སྐྱོང་གི་ཡིག་ཆ་རྒྱ་གཞུང་སྤྲད་ནས་རྒྱ་གཞུང་ཅི་ཆ་བརྟོལ་མེད་ཆགས་པ།
བཞི་པ། བོད་ཀྱི་ནང་པ་སངས་རྒྱས་བའི་རིག་གཞུང་མ་འཇིག་ན་བོད་མི་རིགས་འཇིག་སོང་རུང་མི་སྐྱོན་ཟེར་ནས་མི་རིགས་དང་རྒྱལ་ཁབ་གཉིས་ཀ་སྐྱོབས་ཐབས་ཀྱི་གཏམ་བཤད་བྱས་པ།
ལྔ་པ། ངས་ད་བར་དུ་བོད་བསྟན་པ་ཆབ་སྲིད་ལ་ཞབས་ཞུ་བྱས་བ་ཚང་མ་རང་གི་བླ་མའི་ཆེད་དུ་ཡིན་པ་ལས་བོད་མི་རིགས་ཀྱི་ཆེད་དུ་མིན་གསུངས་ནས་ཁ་གཏིང་སྦས་གསང་མེད་པ།
དྲུག་པ། བཙན་བྱོལ་བོད་གཞུང་དང༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དབུ་མའི་ལམ་ཡིན་པ་ལྟར་རྡ་ལམ་ས་ལར་དབུ་མའི་ལམ་ལས་འགུལ་ཟེར་བ་སོགས་ནས་དབུས་ལམ་སྐོར་ལམ་སྟོན་རེ་བ་ལྟར་གནང་།
བདུན་པ། ཆེས་ཡིད་རངས་པ་ཞིག་ལ། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་རང་བཙན་བློས་བཏང་ཐུབ་པ་དང་དབུས་ལམ་པ་མང་པོ་བསྐྱེད་བསྲིངས་བྱས་པ།
བརྒྱད་པ། དབུ་མའི་ལམ་ལས་འགུལ་ཁང་ཟེར་བའི་སྡིངས་ཆ་བེད་སྤྱོད་བྱས་ནས་རང་བཙན་རྩོད་མཁན་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་སློབ་སྟོན་དང་ལམ་སྟོན་དང་། ད་དུང་སེམས་ཤུགས་སྤར་བ།
དགུ་པ། ཞལ་ནས་མང་གཙོ་གསུངས་པ་དང་ཁོག་ནས་རང་གི་དབང་ཆ་གཞན་ལ་འོས་པ་ཅིག་ལ་སྤྲོད་རྒྱུར་སྒྲ་སྒྲིག་ཨང་སར་བྱས་ནས་བཞུགས་མཁན་འདོད་ཆུང་ཆོག་ཤེས་ཅན་རེད།
བཅུ་པ། བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་དང་བསམ་ཚུལ་མི་མཐུན་པ་དཔེར་ན་རྒྱ་དམར་དང་ཤུགས་ལྡན་བསྟེན་མཁན་རྣམས་ལའང་ཕན་འདོགས་དང་མཐུན་ལམ་གང་ཐུབ་མཛད་པ་དང་བཅུའོ། །
ཆོས་པ་ཟེར་ན་ཆགས་སྡང་ལྷང་སེ་ལྷང་།།
སྲིད་དོན་བྱས་དུས་ཆོས་སྐད་ལྷང་སེ་ལྷང་།།
རང་བཙན་དབུ་མ་འགལ་བ་ལྟག་སྤྲོད་དུ།།
བྱས་པའི་ཤིང་རྟའི་སྲོལ་འབྱེད་ཁྱོད་ལ་འདུད།།
ལ་ལས་སྐྱབས་རྗེ་ཟམ་གདོང་ཡིན་ཟེར་འུད་ཀྱིས་བསྟོད།
ལ་ལས་དབུ་རང་དཀྲུགས་པའི་བྱེད་པོ་རེད་ཟེར་སྨད།
ལ་ལུང་མང་པོའི་གཏམ་གྱིས་མྱོས་པའི་བོད་རིགས་རྣམས།
ལང་ལོང་སྤྲིན་གྱིས་བང་རིམ་འཁྲིག་ལྟར་རྨོངས་པར་འགྱུར།
དྲ་གྲོགས་ཚོ། དག་ཆ་ཆུང་ཆུང་ཞིག་གི་དོན་ལ་སྐད་ཆ་ཉུང་ཉུང་ཞིག་ཞུ་ན་འདོད་སོང་།
དེ་རིང་ཁ་སང་། མང་པོ་ཞིག་གིས། དྲི་བ་དོན་པའི་འདྲི་ཚིག་ལ། པས་དང་ནས་དང་པྭ་སོགས་སྦྱོར་བ་མཐོང་ཡང་། ང་རང་གིས་བསམ་པར་དེ་དག་ཚང་མ་ནོར་བ་རེད་འདོད།
གང་ལ་ཡིན་ཟེར་ན། ཨ་དང་ཨེ་ནི་བོད་ཡིག་གི་མགོ་སྔ་བར་གསུམ་གང་ལ་ཡང་སྦྱོར་རུང་བའི་འདྲི་ཚིག་སྟོན་སྤྱད་ཞིག་ཡིན། དཔེར་ན། ཨ་ཡོད་ན། ཨེ་ཡིན་ན། དེ་འདྲ་ཨེ་རེད། ཡིན་ན་ཨ། མིན་ན་ཨ། མི་ཤེས་འི་ཨ། ཤེས་འི་ཨ། ཨེ་ཤེས་འི། རེད་པ་ཨ། མ་རེད་པ་ཨ། རེད་ཨ། མ་རེད་ཨ། ལྟ་བུ་དང་།
དེ་ནས་ཨེ་ཡིག་མིང་མཐའ་ལ་ཡོད་ན་བསྡུ་ཚུལ་ཡང་ཡོད། དཔེར་ན། ཡིན་པ་ཨེ་ལ་ཡིན་པེ། མིན་པ་ཨེ་ལ་མིན་པེ། མ་ཤེས་ནི་ཨེ་ལ་མ་ཤེས་ནེ་ལྟ་བུ་ནི་ཡི་དབྱངས་ཡང་བསྡུ་བ་སོགས་ཡོད་པར་འདོད་པས།
མཁྱེན་ལྡན་དག་གིས་བསམ་གཞིག་རེ་ཡོད་པར་ཞུ།
སྐད་ཆ་འདི་བསམ་བློ་གཏོང་ཤེས་ནི་དག་ལ་ཞུས་བ་ཡིན་པས། པྭ། པས། ནས་སོགས་དྲི་བ་ལ་བེད་སྤྱོད་དགོས་པའི་དགོས་ལུགས་འདྲ་ཡོད་ན་གསུངས་རོགས་གནང་།
གནད་དོན་འདི་ཞུ་དགོས་དོན་ནི་གོང་གི་མཆན་པ་ཚོའི་རང་སྣང་གང་དྲན་ལ་མ་བཟོད་པས་འབྲི་ཐལ་ལོ།
ཨ་གནམ་རྒན་མ། པ་དང་པས་འདི་དག་ཨམ་སྐད་མིན་པས་མི་འགྲིག་ཟེར་ན་དེར་ཟད། གཞན་ངེད་ཅག་གིས་ནི་འགྲིག་པར་འདོད། མ་གཞི་ནས་ཁྱོད་རང་གིས་བྲིས་པའི་མཆན་བུ་ནང་བོད་སྐད་བརྒྱ་ཆ་ ༣༠ ཨ་སྐད་བརྒྱ་ཆ་ ༧༠ ཅན་ཤ་སྟག་ཡིན་པ། དེ་རིང་བོད་སྐད་ག་འདྲ་བྱས་ཏེ་དྲན་སོང་།
མེ་དཀར་ལགས། མདོ་དབུས་ཁམས་གསུམ་གྱི་སྐད་ལ་བྱང་ཆ་ཡོད་པའི་མྱི་ཞིག་ཡིན་ན། ཁྱོད་ལྟར་བོད་སྐད་མི་གོ་བའི་སྡུག་སྐད་རྒྱག་མ་དགོས་པ་རེད།
རྣ་པས་ཉོན་དང་གོ་རྒྱུ་མང་ནི་རེད། མྱིག་གིས་ལྟོས་དང་རིག་རྒྱུ་མང་ནི་རེད། ཤེས་ནི་ཞིག་ཡིན་ན་སྦྱོངས་དང་སྦྱང་རྒྱུ་ཡང་མང་ནི་རེད། དེ་ལྟར་མི་ཡོང་ན། རང་དགའི་གདོང་པ་ལ་རང་དགའ་ཡིད་སྨོན་ཤོར་ནས་འདུག་ཡ་རེད། ཤེས་སོང་ངམ།
དེ་མིན་སྐད་ཆ་སྙན་པོ་འདྲ་ཡོད་ན་བཤད་རྐྱང་བྱོས། དགོངས་དག། གསུང་རྐྱང་གནོངས། བཤད་རྐྱང་ཟེར་ག་པར་རུང་། གསུང་རྐྱང་གནོངས་ཟེར་པའི་སྐུལ་ཚིག་གི་གནོངས་དེ་ལ་ཡང་དགོངས་འགལ་མེད་པར་ཞུ།
འོག་གི་ཚིག་སྒྲུབ་འདི་གཉིས་ཀྱི་འགྲོ་སྟངས་ལ་བསམ་བློ་ཡག་པོ་ཞིག་གཏོང་ལོ།
(དེ་འདྲ་ཡིན་པས། ང་ལ་རྒྱུ་མཚན་འདི་དག་ཡོད།)
(དེ་འདྲ་ཡིན་པེ།)
མ་གཞི་ནས་རྩོམ་པ་པོའི་མིང་མེད་པའི་ཡིག་འཁྱམ་དེ་སུས་བྲིས་སམ། འདིར་འཁུར་སླེབས་ནི་དགྲ་ལོག་དགེ་འདུན་རབ་གསལ་ཟེར་མཁན་དེ་རེད་འདུག
རྩོམ་པ་པོ་མེད་པའི་ཆེ་བསྟོད་ཕལ་ཆེ་བ་རང་ཉིད་ཀྱིས་རང་ཉིད་གླེང་བ་ཡིན་པས། ཟམ་གདོང་རིན་པོ་ཆེ་མཆོག་གིས་ཏྲལ་ཧོར་བརྒྱུད་ནས་དེ་ལུགས་མི་གནང་བའི་འབོད་བསྐུལ་དང་རེ་བ་གཉིས་ཀ་ཡོད།
གནམ་ཁྱོད་དེ་རིང་ནམ་སད་སོང་ངམ།
དབང་ཆེན་ལ། ཌལ་ཧོར་ས་གནས་མང་ཚོགས་ཡོངས་ནས་ཞེས་བྲིས་མི་འདུག་གམ། མ་གཞི་སྐད་ཆ་འགན་འཁུར་ནས་བཤད་འདོད་ཡོད་ན་གདོང་སྟོན་ཐུབ་པ་བྱེད་རོགས། དེ་མིན་ཡིག་འབྲུ་གཅིག་ཀྱང་དམ་སྲིའི་རྗེས་སུ་འབྲངས་མཁན་ཚོར་འབྲི་འདོད་མེད།།
ལྷ་སྡེ་གནམ་ལོ་ཡག་ལ། ཡང་གནམ་ས་ཆ་ལང་མ་སྡེབས་རོགས། ཅིག་ཤེས་མདོག་གིས་ཕར་ནང་རིག་སོང་ཁོ་ཡེ་རྒྱུ་འདི་འཁྲབ་ནས་མི་སུན་གིའམ། སྐད་ཆ་བཤད་སྟངས་འདི་རིགས་ལ་གད་མོ་ཤོར་གི ངོ་མ་ཡིན།
མཁས་དབང་ཟམ་གདོང་རིན་པོ་ཆེར་མི་དགའ་བ་གནང་མཁན་ནི་རིགས་གསུམ་ལས་མེད། རྒྱ་ནག་པོ་དང་དོལ་ཚོགས། དེ་སྔ་ཁོང་སྲིད་བསྐྱོང་མ་གནང་གོང་གི་དཔལ་འབྱོར་ལས་བྱེད་པ་འགའ་བཅས་རེད། རྒྱ་མཚན་ཕྱི་གསལ་ནང་གསལ་རེད། ཡིན་ནའང་ཨ་མདོའི་ནང་ནས་མོས་པ་མེད་པ་འགའ་རེས་འདུག་ན་རྒྱ་མཚན་ཅི་ཡིན་མི་ཤེས། གང་ལྟར་ཁོང་ནི་རང་རེ་སྤྱི་ཚོགས་ལ་མཚོན་ན་ངེས་པར་ཚང་དགོས་པའི་གྲལ་ཞིག་ཡིན། རྒྱ་གར་ནང་དེ་སྔ་ཚོགས་པ་མང་པོས་རྩིས་བཀུར་ཞུས་ཡོད། ད་དུང་ཡང་མཐོང་ཆེན་དང་བཀའ་སློབ་ཞུ་བཞིན་མཆིས། རྒྱ་གར་མཁས་དབང་ཁྲོད་ཁོང་ལ་གོ་གནས་མཐོ་ཐག་གཅོད་འདུག་ བོད་པ་ཚོ་ག་རེད་བྱས་པ་ཡིན་ནམ། སྤྱི་ཚོགས་ཀྱི་འགན་འཁུར་དགོས་ལ། མི་རིགས་ཀྱི་ལར་ཞེན་དགོས། བོད་རིགས་ཆོས་ལ་མོས་པ་ཡོད་མེད་བསམ་ཤེས་ཅན་ཕྱོགས་གཉིས་ཀས་ད་ག་རང་གསུང་གི་ཡོད། ད་དུང་སྤྱི་ཚོགས་འགན་འཁུར་སྐབས་སྒེར་གྱི་ཚོར་བ་ནམ་ཡང་མཉམ་སྲེ་མི་རུང་བ་དེ་ཡར་རྒྱས་ཀྱི་གོམས་པ་དང་པོ་ཡིན། དེའི་དོན་ནི་སྒེར་དང་ལྟ་སྤྱོད་མི་མཐུན་མཁན་ཞིག་སྤྱི་ཚོགས་ལ་ཕན་ཐོགས་ཡོད་ན་ཡི་རངས་དང་། ཡང་ན་ཁ་རོག་གེར་སྡོད་ན་བཟང་ཟེར་བ་ཡིན། རྒྱ་གར་མེས་པོ་གྷན་དི་དང་། དྲ་སྤྱོད་པ་(སུ་བའ་ཤི་ ཅན་དྲ་ བྷོ་སི།) གཉིས་ལྟ་སྤྱོད་མི་མཐུན་ནའང་རྒྱ་གར་གནད་དོན་ཐོག་སུ་ཕན་གང་ཕན་རེད་མ་གཏོགས་ནང་ཁུལ་ཁོན་འཛིན་ཡོད་པའི་ལོ་རྒྱུས་མེད་དོ།།།།།།།
བློ་བཟང་ལགས། འདིའི་རིགས་འདི་གསལ་བཤད་གནང་དགོས་ཀྱི་མ་རེད། མི་ཉུང་ཤས་ཤིག་གིས་ག་དུས་ཡིན་ན་ཅིག་བཤད་བསྡད་ཡོད་རེད། ངས་ཚིག་ཐག་ཆོད་པོས་བཤད་ཐུབ་པ་ཞིག་ལ། བོད་ཕྱི་ནང་གཉིས་ཀྱི་ཨ་མདོའི་མཁས་པ་གཟུར་གནས་ཅན་སུ་གང་གིས་ཀྱང་རིན་པོ་ཆེའི་བཞེད་དགོངས་ལ་རྒྱབ་སྐྱོར་གཙང་མ་ཞུ་བཞིན་པ་དེ་རེད། བཙན་བྱོལ་ནང་དཔེར་ན། གོང་གི་གནམ་ལོ་ཡག་ལྟ་བུ་ཁོ་པ་ཚོ་གྲོགས་པོ་ནང་ཚགས་རེ་གཉིས་ཤིག་ལ་ག་རེ་བྱས་ཡིན་ནམ། རིན་པོ་ཆེར་ཞེ་དྲག་མ་འདོད་མདོག་མདོག་བྱེད་ཁུལ་རེད། ཡིན་ནའང། དེ་སྐྱོན་གང་གེ་མཐོང་མ་སོང་ལ། དེ་ཙམ་གྱིས་ཨ་མདོའི་ནང་ན་ཞེས་པའི་ཚིག་འདི་ཡར་བསླངས་ཐུབ་ཀྱི་མ་རེད། སྔོན་མ་གནམ་ལོ་ཡག་གིས་དྲ་ངོ་འདི་ནས་ཀེ་ཏ་ཀ་འཁྲབ་ནས་རང་གིས་རང་བཀྱགས། དམ་པ་རྣམས་གནས་ལུགས་མེད་པར་ཁ་བཏང་ནས་བསྡད་པ་རེད། སོང་ཙང་དེང་སང་གི་སྤྲུལ་ཁྱི་དབང་ཆེན་ཟེར་བ་འདི་ཚོའི་རིགས་འདི་མ་གཞི་ནས་གཅིག་པ་རེད་ཝ། མནར་མེད་དམྱལ་མདོ་འབྲི་མཁན་སོགས་བདེ་སྲུང་གིས་གསལ་བོ་མ་མཁྱེན་པ་གང་ཡང་མ་རེད། ད་དུང་སྐྱ་མིན་སེར་མིན་མཁན་མིང་འཛིན་པ་རེ་འགར་རྟགས་མཚན་ཡང་བྱུང་ཡོད་ས་རེད་མོད། ལྐོག་ནས་ཉོག་བཤད་རྒྱག་པ་འདི་མཚམས་འཇོག་འདོད་མེད་པ་འདྲ།
གང་ལྟར་ངས་ནི་ཁ་བརྡ་ཡིན་ན་འདྲ། དུས་བབ་ཡིན་ན་འདྲ། བཙན་བྱོལ་ནང་གི་དྲ་བའི་ཁོར་ཡུག་འདི་རུ་བྱ་བྱེད་འདི་འདྲ་མ་ཡོང་ན་བསམས་ནས་སྨོན་ལམ་རྒྱག་གི་ཡོད།།
དྲག་སྤྱོད་པའམ་དྲག་ལས་པ།
ཁུག་རྟ་ལགས། གསལ་བཤད་ལ་ཐུགས་རྗེ་ཆེ།
ཤར་ཕྱོགས་ཁ་ཏྭས་རང་གི་འཐབ་ཕྱོགས་འཚོལ་བཞིན་པའི་སྒང་རེད། ད་རེས་བློ་བཟང་ཟེར་བ་ཞིག་རག་རེ་ཆེ། སྨོན་ལམ་ཡོད་གདའ།
བོད་སྐྱོབས།
ལོ་ཕལ་ཆེར་བཞི་ཅུ་ལྷག་སྔོན་དུ། ཟམ་གདོང་རིན་པོ་ཆེ་མཆོག་ཝཱ་ཎ་བོད་ཀྱི་སློབ་གྲྭ་ཆེན་མའི་སློབ་སྤྱིར་ཕེབས། ཁོང་སློབ་གྲྭ་དེར་ཁྲིམས་སྐྱོང་སྟངས་ལ་སུ་གང་གིས་ངོ་རྒོལ་མེད་པ་ནི། མཛད་པ་དྲང་པོས་བྱུང་བསམ་པ་སྔོན་མ་ན་ཡོད། དི་རིང་སྔ་དྲོ་གཉིད་དུ། ཟམ་གདོང་རིན་པོ་ཆེ་རྨི་ལམ་དུ་མཇལ། བོད་དོན་ཡིན་པར་ཨ་སྒོར་༢་དང་ཕྱེད་ཀ་འབུལ་དགོས་པ་གློག་ཀླད་བཅུག་ནས། ཕེབས་གྲབས་མཛད་པ་ན། བདག་གིས་ཅི་འབུལ་དགོས་བསམས་ནས། ཁྱག་སྒམ་ནས་མངའ་རིས་ཁམ་བུ་ཁ་ཤས་འགྱིག་ཤོག་ཁུག་མ་ཞིག་ཏུ་བཅུག འབུལ་བར་འགྲོ་བ་ན། ཁོང་ཕྱི་ལོགས་ལ་ཕེབས་ཟིན། ཕྱོགས་གང་དུ་ཕེབས་པ་མ་ཤེས། དེ་ནས་གྲྭ་པ་གཅིག་མི་སྐྱ་གཉིས་བོད་མི་གསུམ་འོང་བ་ལ་འདི་ན་ཟམ་གདོང་རིན་པོ་ཆེ་ཕེབས་སམ། ཞེས་དྲིས་པ་ན། ཕེབས། ཟེར། ཚོད་དཔགས་བྱེད་ན། སྲང་ལམ་ག་ན་ཡོད་ཅེས་པ་ན། ལན་གསལ་ཐག་ཆོད་པ་ཞིག་མ་བྱུང་བར་ལོག་དགོས་པ་བྱུང་བ་རྨིས། རྨི་ལམ་ལ་སྙིང་པོ་མེད་ཀྱང་། ཡ་མཚན་ཞིག་རྨིས་པ་བྲིས་པ་ལགས་སོ།།
ཤར་ཁུགས་ཀྱིས་ཉེན་བརྡ་ཞིག་བཏང་སོང་། ད་ནི་ཁ་འདི་ལ་བདག་པོ་རྒྱབ་དགོས་པ་འདྲ། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཁྱེན་ནོ།།
ཟམ་གདོང་རིན་པོ་ཆེ་དང་དབུ་མའི་ལམ་ལ་འདོད་མོས་མ་གནང་ན་རང་མོས་རང་ཐག་གཙང་གཅད་རེད། རང་དོན་རང་གཅེས་རེད། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་དང་མ་མཐུན་པ་གནང་ན་ཡང་རང་འདོད་རེད། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་རིང་དུ་འགྲོ་ན་ཡང་རང་འདོད་ཆ་ཚང་ཡོད། བོད་དོན་ལ་དོ་འཁུར་བྱས་ན་ཡང་འདོད་མོས་རེད་ལ་མ་བྱས་ན་ཡང་འདོད་པ་རེད། བཙན་བཀའ་གནང་མཁན་སུ་ཡང་མིན་འདུག
དཔལ་འབྱོར་རྐྱང་རྐྱང་བསམ་རུང་རང་འདོད་རེད། ཆོས་བསམ་རུང་རང་འདོད་རེད།
འོན་ཀྱང་ང࿒རང་གོ་ཕྱོགས་སྐྱོ་ནས་ཡིན་རུང་། གང་ལྟར་ཉེ་ཆར་འཇམ་དབྱངས་ནོར་བུ་ལགས་སུ་voaདྲ་བརྙན་དྲིས་རྩད་སྐབས། རྡ་རམ་ས་ལའི་མང་གཙོའི་གནས་བབ་ཧ་ལས་པའི་སྐྱོ་པོ་ཡིན་པའི་སྐྱོན་བརྗོད་ཆེན་པོ་བྱས་པ་དེ་དངོས་གནས་དེ་ལྟར་མིན་པར་སེམས། གལ་ཏེ་ཡིན་ན་སྲིད་སྐྱོང་དང་གོ་བསྡུར་འདྲ་གནང་ཡས་ཡོད་ཆོག་གི་རེད། དེ་དང་དུས་མཉམ། ངའི་བསམ་ཚོད་ལ་ལོ་རྒྱུས་བདེན་པའི་སྐོར་མཐོང་རྒྱ་ཡོད་པ་དང་། རྩོམ་རིག་དེབ་མང་ཐོན་པ་ཙམ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བཏང་འཛིན་སྐྱོང་བའི་ནུས་ཚད་ལོངས་དཀའ་བ་ཡིན། མཐོ་མཐོ་བའི་ལྟ་བ་བཟང་ངན་གང་ཡང་དངོས་གཞི་ལག་ལེན་དུ་སྤྱོད་པ་དང་འཚམས་ཞིག་སྒང་ནས་ངེས་པར་འགྲོ་དགོས་ངེས་མ་ལགས་སམ།
ཧ་ལམ་རྡ་སའི་སྒྲིག་འཛུགས་ནི། གཅིག་སྡུད་ལམ་ལུགས་དང་སྨྲ་བརྗོད་རང་དབང་ཁྱོན་ནས་མེད་པ་ར་ལྟ་བ་དེ་བདེན་པ་རང་ཨེ་ཡིན། མང་གཙོ་དང་ལོ་རྒྱུས་ཤེས་བྱ་ཅན་ཚོས་དེ་འདྲ་གསུངས་ན་རན་པོ་དང་སྙིང࿒རྗེ་པོ་མིན་འདུག་སྙམ། ལོ་རྒྱུས་དང་དེབ་ཙམ་བྲིས་ནས་བདེན་པ་བདེན་ཐོག་ལ་སླེབས་དཀའ། དངོས་སུ་མི་མང་ནང་ལས་གཞི་བང་བསྒྲིགས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་བབ་དང་ཁོར་ཡུག་དང་བསྟུན་མཁན་ཕེབས་རྒྱུ་ལས། ང་ཚོར་ལོ་རྒྱུས་བདེན་པ་ཡོད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་དགོས་ཞེས་སྐད་ལོག་བརྒྱབ་པ་གཅིག་པུས་ཕན་ཐོགས་ཡོད་མེད་གཟིགས་དགོས། བདེན་པ་བདེན་མིན་བཟོ་མཁན་གུང་བྲན་རེད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་རྡོག་རོལ་གཏོང་མཁན་གུང་བྲན་རེད། མི་མང་དང་ཕུགས་རྒྱང་ལ་ཕན་ཐོགས་མེད་ན་མང་གཙོ་དང་རང་དབང࿒རེད་ཅེས་འདོད་ཚད་བྱུང་ཚད་བཤད་རྒྱུ་དེ་སྨྲ་བརྗོད་རང་དབང་ཡིན་ནམ།
ནང་པའི་ཆོས་ཀྱི་རང་ཉིད་ལ་རན་པོ་དང་ཕན་ཐོགས་མེད་པ། ཆོས་ལ་དད་མོས་མེད་ན་འཇིག་རྟེན་ལུགས་ཐོག་ནས་མི་ཚེ་བསྐྱལ་ཐབས་བྱས་ན་སུས་ཀྱང་འགག་རྡོ་བྱེད་མཁན་ཡོད་མ་རེད། འོན་ཀྱང་རང་ཉིད་འཇིག་རྟེན་ཕལ་པ་སྒང་ནས་མི་ཚེ་འབུད་སྐབས། ཆོས་འགག་པ་དང་སྐྱོན་བརྗོད་བྱ་དགོས་དོན་མི་ཆེ། གལ་སྲིད་སྐྱོན་བརྗོད་སྒང་ནས་འཚོ་བ་དོན་གཉེར་བ་ཡིན་ན་གང་ཞིག་དེ་མིན་དོན་སྙིང་མ་མཐོང་། རང་བཙན་མ་ལེན་ལབ་མཁན་སུ་འདུག རང་གི་འཇོན་ན་གུང་བྲན་མངའ་འོག་ཏུ་བསྒྱུར་ན་ཡང་རང་འདོད་རེད། སུས་ཀྱང་འགག་པ་བྱེད་མཁན་ཡོད་མ་རེད། ཚང་མར་རང་འདོད་ཆེ་ཆུང་སྣ་ཚོགས་ཡོད། བསམ་ཚད་ལག་ལེན་འགེལ་རྒྱུ་མི་སྲིད་པ་རེད། རང་ཉིད་ལངས་ཕྱོགས་དེ་ཟིན་ནས་འཐབ་རྩོད་ག་རེ་ཡིན་རུང་གནང་དགོས། བདེན་པ་བདེན་པ་ཞེས་འདས་པའི་ལོ་རྒྱུས་བདེན་པ་ནི་དེབ་ནང་འཁོད་པའི་སྐད་ཅ་རེད། དེ་སུས་ཀྱང་བསུབ་མི་ཐུབ། གུང་བྲན་ཀྱིས་བསུབ་ཐབས་རྩར་མེད་གཏོང་འདོད་དེ་སྟོང་བསམ་རང་རེད། གལ་ཆེ་བ་ད་ལྟ་དང་མ་འོངས་པའི་བདེན་པ་གལ་ཆེ་བས་དགོངས་པ་གཟབ་བཞེས་ཅི་ནས་དོ་འཁུར་ཆེ་བ་བཅས།།།
བློ་)གྲོས་མཚུངས་པ་མེད་པའི་རོལ་གར་གྱིས། །
བཟང་)པོའི་རིགས་རྣམས་ཀུན་གྱི་རྩེར་འགྱིངས་ནས། །
བསྟན་)སྲིད་སྲོག་གི་ཀ་བ་འཛིན་པ་ཁྱོད། །
འཛིན་)མའི་ཁྱོན་འདིར་ཡུན་དུ་བརྟན་པར་མཛོད། །
གོང་གསལ་རྩོམ་ཡིག་ནང་འབོ་ལུག་ཟེར་བའི་ཚིག་འདི་ཐེངས་མ་གཉིས་ལ་སྤྱད་འདུག་པ་ནོར་བ་ཡིན།
སྦོ་ལུག་ཅེས་འབྲི་དགོས། དག་ཡིག་གསར་སྒྲིག་ནང་སྦོ་ཡི་འགྲེལ་པ་བྱེད་སྐབས། མི་ཕྱུགས་ཀྱི་ལྟོ་བའི་སྨད་ཀྱི་མིང་སྟེ། གཡག་གི་སྦོ་རྩིད་ཅེས་པ་ལྟ་བུ། ཞེས་གསུངས་འདུག་པ་ཁྱབ་ཆུང་བར་སྙམ།
སྦོ་ཞེས་པ་མི་ཕྱུགས་དང་བྱ་རི་དྭགས་ཀུན་གྱི་བྲང་ཁར་ཡང་གོ་བའི་སྐབས་ཡོད། དཔེར་ན་མི་ལ་མཚོན་ན། སྦོ་རྒྱན་རྒྱན་མ་བྱེད། ཅེས་པ་ལྟ་བུ། འདིའི་སྐབས་བྲང་ཁར་གོ་དགོས་པ་ལས། ལྟོ་བ་རྒྱན་རྒྱན་མ་བྱེད་ཟེར་བའི་དོན་མིན།
ཝ་ཡེ་འཇིགས་བློ། སྦོ་རྒྱན་རྒྱན་བྱས་ན་ལྟོ་བ་རྒྱན་རྒྱན་མི་བྱེད་པའི་རྒྱུ་མཚན་ཞིག་ཨེ་ཡོད། ཡང་ན་ལྟོ་བ་རྒྱན་རྒྱན་བྱས་ན་སྦོ་རྒྱན་རྒྱན་མི་བྱེད་མཁན་ཞིག་ཨེ་ཡོད་དམ། ཞོར་ལ་གཅུང་པོ་ཡང་རྒྱན་རྒྱན་མི་བྱེད་པའི་ངེས་པ་ཞིག་གང་ན་ཡོད། ཧ་ཧ།
ང་ཚོས་ཕྱོགས་ལྷུང་མེད་པར་ཟམ་གདོང་རིན་པོ་ཆེའི་མཛད་པར་རྟོགས་ཞིབ་བྱ་ཚེ་ཁོང་གི་གཟི་བརྗིད་དེ་རང་བཞིན་གྱི་མངོན་ཡོང་གི་རེད། དེ་མིན་སྲང་ལམ་གྱི་སྐད་ཆ་དྲ་ཐོག་ཏུ་ཁྱེར་ནས་ཉོག་གཏམ་བཤད་ན་ཕན་ཐོགས་གང་ཡང་མེད། ཉེ་སྔོན་བོད་རིགས་རེ་ཟུང་གིས་ཟམ་གདོང་རིན་པོ་ཆེའི་མཛད་པར་ལོག་མཐོང་དང་ཁ་གཏོང་མཁན་ཡོད་པ་ཤེས་རྟོགས་བྱུང་། འོན་ཀྱང་། མི་དེ་རིགས་ཀྱི་གནས་ཚུལ་ཆད་ཀ་ལས་མ་རྟོགས་པར་ཟམ་གདོང་རིན་པོ་ཆེའི་མཛད་པར་ལོག་མཐོང་བྱེད་ཀྱི་འདུག དེ་ནི་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་ཁྲོད། ༧གོང་ས་མཆོག་ཕུད་དེ་མིན་བོད་ཀྱི་བླ་སྤྲུལ་ཁྲོད་ཆོས་སྲིད་གཉིས་ཐད་ནས་མཛད་པ་ཆེ་ཤོས་དེ་ཟམ་གདོང་རིན་པོ་ཆེ་ཡིན་པ་ཆུ་དང་ཉ་གསལ་རེད། ཞོར་འཕྲོས་སུ། ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་ཁོང་གིས་མཛད་འཕྲིན་རྣམས་བཏགས་ཆད་ཀྱི་མཐའ་གཉིས་དང་བྲལ་ནས་གསུངས་ན་དགེ་མཚན་ཆེན་པོ་ཡོང་ས་རེད། ཕྱོགས་གཞན་ཞིག་ནས། ཉེ་སྔོན་རང་རེའི་སྤྱི་ཚོགས་ཁྲོད་ཕྱག་ལས་གནང་མྱོང་མཁན་གྱི་ནུབ་ཕྱོགས་པའི་བུད་མེད་རྒན་གྲས་ཤིག་མཇལ། ཁོང་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་མཁྱེན་གྱི་འདུག་ལ་ལྷག་པར་དུ་མཐོ་རིམ་མི་སྣར་རྒྱུས་མངའ་ཆེན་པོ་འདུག ཁོང་གིས་ཟམ་གདོང་རིན་པོ་ཆེ་བཀའ་བློན་གནང་སྐབས་འཛིན་སྐྱོང་གི་ཕྱག་ལས་དེར་བསྟོད་བསྔགས་ཆེན་པོ་གནང་གི་འདུག དེ་ཡང་དངོས་ཡོད་ཡིན་ཏ།
༄༅། །ཟ༵མ་གསར་བཙུགས་ནས་རྒྱ་མིར་སྨན་པ་བདེན། །གདོ༵ང་དམར་བཀག་ནས་རང་བཙན་གནོད་པ་བདེན།།བློ༵་གྲོས་ཆེ་བའི་མཁས་དབང་ཡིན་པ་བདེན། །བཟ༵ང་པོའི་ཐུགས་ཀྱིས་དགྲ་བོར་བྱམས་པ་བདེན། །བསྟ༵ན་ལ་ཞུགས་ཤིང་བཀའ་ཁྲིར་བདམས་པ་བདེན། །འཛི༵ན་སྐྱོང་ཚགས་ཚུད་གཅིག་སྡུད་མཛད་པའང་བདེན། །
སྐྱག་པ་གསེར་དུ་མཐོང་བར་ཤོག །
རྣག་ཁྲག་ཆུ་གཙང་དུ་མཐོང་ཤོག །
གང་བྱས་མཛད་བཟང་མཐོང་བར་ཤོག །
ཁ་ཅིག་ལོག་ལམ་མ་འཁྲིད་ཤོག །
གསེར་འབྲུག་སྡེར་ཟད། ཁ་ཚུམས། ཧ་ཧ་
སྔོན་སོང་སྔོན་རབས་སྐལ་པ་བཟང་དུས་སུ། །
མཁས་རྣམས་མཁས་པས་མཆོད་ཀྱི་བླུན་པོས་མིན། །
དམ་པ་དམ་པའི་རང་བཞིན་མི་འདོར་བས། །
ནམ་ཞིག་ནམ་ཕུག་གསལ་བའི་དུས་ཤིག་འོང་། །
ཆིག་འདི་ཟམ་གདོང་རིན་པོ་ཆེས་དགེ་ཆོས་ལ་གསུངས་པ་རེད། ངའི་བསམ་པར་རིན་པོ་ཆེ་ཁོང་རང་ལ་འོས་ཤིང་འཚམ་པར་མཐོང་།
བསྐལ་པ་བཟང་དུས་སུ།
བླ་མའི་བཀའ་སྒྲུབ་ཆེད་དམངས་ལ་ཞབས་ཞུ་ཞུ་མཁན་འདི་ཚོ་རྫིག་གི སྐྱག་མོ་རྫིག་གི དངོས་གནས་རྫིག་གི བློ་གྲོས་ཟབ་པ་ལས་ཀྱང་ཆེས་ཤིན་ཏུ་ཟབ་པའི་གྲྭ་རྒན་འདིས། འཛེམས་བག་སྤུ་ཙམ་མེད་པར་རྒྱ་གར་དུ་ཚོང་ལས་གཉེར་ཡོད་ན། ད་ཆར་དོལ་ལུགས་པ་ཚོར་དངུལ་བྱང་གཅིག་གིས་ཉོས་ཡོད་ཤག་ཤག བློ་གྲོས་ཡོད་ན་མི་ཚེའི་ལམ་བུ་འདེམས་བསྒྲིགས་ལ་གཟབ་གཟབ་གནང་ཨ།
ང་དངོས་གནས་རྒྱ་གར་གྱི་ཕྱུག་པོའི་ཚོ་ཁག་ལ་ཡིད་སྨོན་འཆོར་གི
`ཨ་ཨ་ཨ་་་་་ཡ་མཚན་ལ་་་་་ད་ལན་མཆན་བུ་འདི་དག་གི་ནང་དུ་་་བོང་རྒན་ཅོ་རི་དང་་གསེར་འབྲུག་ལོག་སྤྱོད་པ་ཚོས་་་་ངུ་སྐད་རྒྱག་གི་མི་འདུག་་་གང་ཡིན་ནམ་་་་་་་
ནག་ཉེས་ཅིག་དེ་ གཞོན་ནུ་ཚོགས་པའི་ཚོགས་མི་ཡིན་ན་བོད་གཞུང་ལས་བྱེད་པ་བྱེད་མི་ཆོག་པ་ཞེས་སྦྱར་ན་མཐུས་སམ
འོོ་རེད་དཱ། འཇམ་གཅེས་ཏང་ཡོན་ཁ་བརྡ་ལས་གནས་དབྱུངས་བཏང་ནས་དུས་རིང་སོང་ཡང་དེ་རིང་སྙིང་ནད་གཅིག་དྲུད་ནས་ངུ་འབོད་བྱེད་ཀྱི་འདུག་ག། གསེར་འབྲུག་སྡེར་ལྔ་གསོན་པོར་གནས་ཡོད་ལ་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཚད་མཐོའི་ཡུལ་གྲུར་སྐྱིད་པའི་གླུ་བླངས་དགའ་བའི་གཞས་བཏང་ནས་བསྡད་ཡོད་ད།
འོ་ཡ། ཟམ་གདོང་བླར་རྒན་འདི་དགོས་སར་ཆད་མི་དགོས་སར་ལྷག་བསྡད་པ་རྐྱང་རྐྱང་རེད།
འདི་ལྟར།
ཟམ་ངན་དཔེ་ཅིང་བར་དུ་བཙུགས་ནས་ནི།།
གདོང་དམར་མི་རིགས་ཆུ་ནང་གཡུགས་གྱུར་ཏེས།།
བློ་ངན་བག་ཆགས་ཏང་ཞེན་ཚ་གྱུར་བས།།
བཟང་བཟང་ཡིན་མདོག་བྱུང་རབས་མག་མོག་བཟོས།།
བསྟན་སྒོར་བཞུགས་ཀྱང་སྲིད་ཚོང་འཁྲུལ་མེད་ཅིག།།
འཛིན་མའི་ཁྱོན་ལ་འདི་འདྲ་ཡོད་དམ་ཅི།། ཧ་ཧ།
འཇིགས་བློ་ལ།
སྔོན་སོང་སྔོན་རབས་སྐལ་པ་བཟང་དུས་སུ།།
མཁས་རྣམས་མཁས་པས་མཆོད་པ་བདེན་གྱུར་ཀྱང་།།
དེང་སང་དེང་རབས་མི་རྣམས་རྟོགས་སད་ཀྱིས།།
མགོ་བསྐོར་གཏོང་ས་མེད་པར་ཤེས་པར་བགྱིས།།
ཧ་ཧ་ཧཧ་ཧ་ཧ་ཧ་ཧ་་་་སྙིང་མ་བརྗེ་ཡ་་་་་་་་་་་་་་་་་་རང་ཚུགས་མེད་པའི་མི་ལ་འདི་ལྟར་ཡོད་པ་དེ་རིང་ནས་ཤེས་སོང་་་་་་་་་་
སློབ་དཔོན་ཆེན་པོས་ཆད་མེད་པ། མི་དམངས་ཤོག་སྒོར་དགོས་ཟ་གི་འདུག ཁུངས་སྐྱེལ་དཔང་འཕེར་རྒྱ་གར་ཉེན་རྟོག་ལས་ཁུངས་ནས་གནང་གི་རེད་ཅེས་ཆབ་སྲིད་རྐྱང་པ་བཤད་དུས། ངོ་ཕུར་འཁོར་བཅས་ཁ་བཙུམས་ནས་བསྡད་པ་བོད་མི་དམངས་ལ་གསལ་གསལ་ཡིན་པ། མི་དགོས་སར་ལྷག་མེད་པ། ཆོས་དང་མིན་འབྱེད་པའི་ཐབས་དང་དེ་སྟོན་པ་པོ་ནི། བོད་མི་དམངས་ལ་དགོས་པ་ཙམ་དུ་མ་ཟད། ངོ་ཕུར་འཁོར་བཅས་ལ་ཡང་དགོས་མདོག་མདོག་ཡིན་པ།
སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད་ཟེར། སྡོམ་ཚིག་འདི་སྲིད་པ་རྒན་པོ་ཚོས་བཞག་པ་རེད།
སྲིད་པ་རྒན་པོ་ལ་ཉམས་མྱོང་གིས་ཕྱུག་པས་ནོར་འཆུགས་ནམ་ཡང་མེད།
ཟམ་གདོང་བླ་མས་དྲྭ་འབུ་ཚོའི་ཁ་ཆོད་ནི་མ་རེད། དེ་ཡང་དཀའ་མོ་ཟིག་རེད།
གང་ལྟར་བོད་མི་བརྒྱ་ཆའི་མང་ཤོས་ཀྱི་ཁ་ཆོད་ན་འགྲིག་གི་ཡོད་རེད།
ངས་བལྟས་ན་ཟམ་གདོང་བླ་རྒན་གྱིས་གཟིགས་ཕྱོགས་དང་གནང་ཕྱོགས་གང་ཡིན་ཡང་བརྒྱ་ཆ་དགུ་བཅུ་གོ་དགུ་འགྲིག་གི་ཡོད་པའི་གླེང་ཕྱོགས་འདུག
དེ་རླབས་ཆེན་གྱི་ཕྱག་ལས་རེད་སྙམ།
ཨོྃ་མ་ཎི་པདྨེ་ཧུྃ།
སངས་རྒྱས་གྲངས་མེད་བྱོན་ནས་མ་ཐུབ་པ། ཟམ་གདོང་གཅིག་པུས་ག་ལ་ཐུབ།
ཆེས་ངན་ལང་ཤོར་ཟིན་པས་ལོག་སྤྱོད་ཤོག་ཁག་དང་དོལ་ཚོགས། ད་དུང་ལྐོག་ཟ་རུལ་སུངས་མཁན་དང། ཆོལ་ཆོས་ཞེན་ཁོག་ཅན། དེ་བཞིན་བསང་མྱུལ་བ་དག་ལ་ཟམ་གདོང་བླ་མས་རྣག་ཐོག་གཙག་འཁེལ་མང་སོང་བས་དབང་གི་ཆོ་ངེ་འདོན་གྱི་ཡོད་པ་ལས། དེ་མིན་ཡང་དག་པའི་གནས་ལུགས་རྒྱུ་མཚན་གང་ཡང་མེད་པ་གསལ་གསལ་ཐིང་ཐིང་རེད།
རེད་ཡ། ཆེས་ངན་ལང་ཤོར་ཟིན་པའི་ཏང་ཡོན་འདི་ཚོས་བོད་འདི་རྒྱ་ཁོངས་བསྒྲུབ་རྒྱུ་དང་བོད་མི་རིགས་འདི་རྒྱ་གཡོག་འཇུག་རྒྱུའི་ངན་ཇུས་ལ་རྫོགས་མཐའ་མེད་ལ། ད་དུང་གཞུང་རྒྱུ་ལྷ་འདྲེ་གདོན་བགེགས་འདུལ་ཆེད་བཏང་བས་ལྐོག་ཟ་རུལ་དྲི་ཐལ་རྡུལ་འགེབ་བསྲུང་བྱེད་རྒྱུ་ནི་ཏང་ཡོན་ཤོག་ཁག་དང་སྲིད་དོན་ཚོང་པའི་ལས་འགན་ཡོད་ན་མེད་ན་གཅིག་རེད།
ཆོས་ལུགས་ཀྱི་དུག་ཆུས་མྱོས་ཟིན་པའི་དགེ་ལུགས་ཀྱི་བླར་རྒན་ཁ་ནག་འཇམ་གཅེས་འདི་ཏཱ་ལའི་ཁ་བྲལ་ལོག་སྤྱོད་ཤོག་ཁག་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱེད་རྒྱུར་དམ་བཅའ་བརྟན་པོར་བཟུངས་ཏེས་བཙན་བྱོལ་ནང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་པ་རེད་དོ། ཧ་ཧ་ཧི་ཧི།
རེད་ཡ། ཆེས་ངན་ལང་ཤོར་ཟིན་པའི་ཏང་ཡོན་འདི་ཚོས་བོད་འདི་རྒྱ་ཁོངས་བསྒྲུབ་རྒྱུ་དང་བོད་མི་རིགས་འདི་རྒྱ་གཡོག་འཇུག་རྒྱུའི་ངན་ཇུས་ལ་རྫོགས་མཐའ་མེད་ལ། ད་དུང་གཞུང་རྒྱུ་ལྷ་འདྲེ་གདོན་བགེགས་འདུལ་ཆེད་བཏང་བས་ལྐོག་ཟ་རུལ་དྲི་ཐལ་རྡུལ་འགེབ་བསྲུང་བྱེད་རྒྱུ་ནི་ཏང་ཡོན་ཤོག་ཁག་དང་སྲིད་དོན་ཚོང་པའི་ལས་འགན་ཡོད་ན་མེད་ན་གཅིག་རེད།
ཆོས་ལུགས་ཀྱི་དུག་ཆུས་མྱོས་ཟིན་པའི་དགེ་ལུགས་ཀྱི་བླར་རྒན་ཁ་ནག་འཇམ་གཅེས་འདི་ཏཱ་ལའི་ཁ་བྲལ་ལོག་སྤྱོད་ཤོག་ཁག་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱེད་རྒྱུར་དམ་བཅའ་བརྟན་པོར་བཟུངས་ཏེས་བཙན་བྱོལ་ནང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་པ་རེད་དོ། ཧ་ཧ་ཧི་ཧི་ཧི།
རང་གི་དམིགས་ཡུལ་ངན་པ་དང་བསྒྲུགས་དགོས་པའི་སྐྱུག་དྲོ་བས་ལས་འགན་དེ་དག་འགེབས་བསུང་ཆེད་དུ་གཞན་ལ་ཞྭ་མོ་གཡོག་འདོད་པ་ནི་རྒྱུག་ཁྱི་ཚོས་བྱེད་སྟངས་དམིགས་བསལ་ཅན་ཞིག་ཡི་པ་ངས་སྔོན་མ་ནས་ཤེས་ཀྱི་ཡོད། མདོར་ན་སྐྱེ་བ་ནས་ཚེ་རབ་ཀུན་ཏུ་ཁྱོད་ལྟ་བུའི་ཕྱི་སྣ་སྣང་ནང་འདྲེན་དང་ཆར་སྣར་རླུང་ཁྲིད་གི་བྱ་བ་ཐལ་ཤལ་དེ་འདྲ་ལ་ནམ་ཡང་འཇུག་གི་མ་རེད་ལ། ལྷག་པར་དུ་ཡང་༸གོང་ས་ཡིད་བཞིན་ནོར་བུའི་དགོངས་གཞི་དང་འགལ་བས་ལས་ཕྲ་མོ་ཙམ་ལ་ཡང་དོགས་ཟོན་བྱེད་ངེས་པ་ཡིན་་་་་ཁྱེད་ཀྱིས་སྡུག་སྙིང་གས་རུང་་་ང་ལ་ཐབས་ཤེས་གང་ཡང་མེད་པ་རེད་་་་་་་་་་་
དང་པོར་དམ་པའི་རང་རྟགས་མངོན་ནས་བླ་མའི་མིང་གིས་གསེར་ཁྲིར་བཀོད།
བར་དུ་དམ་པའི་གཤེས་གཉེན་བསྟེན་ནས་མདོ་སྔགས་གཞུང་ལུགས་ཀུན་ལ་སྦྱངས།
ཐ་མར་སྲིད་ཀྱི་ཁྲི་ལ་བསྐོད་ནས་རང་བཙན་ཐ་སྙང་འབུར་བཅོམ་བྱས།
མེས་པོ་གོང་མས་བསྐྲུན་པས་ལོ་རྒྱུས་ནག་བསུབ་གཏོང་བཞིན་དཔའ་སྐད་སྒྲོགས།
ཁྱེད་ལ་རང་བཙན་དགོས་པ་མེད་ན་དབེན་པའི་རི་ལ་སྒོམ་ལ་རྒྱུགས།
ཁྱེད་ལ་བོད་དེ་དགོས་པ་མེད་པ་ཚ་རྒྱུད་མེད་པས་ནོངས་སམ་ཅི།
ས་ཡ་དྲུག་གི་རེ་བའི་མིག་བུ་ཨ་ཞང་རྒྱ་ལ་བཙོང་དོན་ཅི།
མཁས་པའི་དབང་པོའི་མཛད་རྗེས་བསམ་ན་མི་རབས་འདི་ཡི་ངོ་ཚ་ཡིན།
གཞིས་བྱེས་ལྷན་འཛོམས་ལ་ཞེད་སྣང་དེ་འདྲ་ཞིག་བྱེད་དགོས་ཀྱི་མེད་པ་འདྲ། མི་ངོ་རྟགས་མ་ཆོད་སྟབས་རྡ་སའི་བློ་རྒྱ་གསོད་མཁན་བཞིན་སྲོག་འགོ་ཐུབ་ཙམ་འོང་ཡོང་། མ་གཞི་ནས་དགེ་སློང་གི་ལྕེ་ཡི་རྫུན་མ་མི་བཤད་ཆོག་པ་ཅེས་ལོ་རྒྱུས་ཁས་མ་བླངས་ན་འདུལ་བ་འགལ་འགྲོ་སྙམ་མཁན་༧གོང་ས་མཆོག་རེད་ཅེས་རྒྱ་མི་ཚའོ་ཁྲིང་ཆིན་གིས་ཀྱང་གསར་འགོད་དེ་ལ་གོ་བ་བླངས་ཐུབ་ཡོད།
འདི་ངོ་ཕུར་ངས་ངའི་ཨ་ཕྲུག་ཚོར་བློ་བསྐྱེད་སྤྲད་པ་ཡིན། དེང་སང་གི་དུས་འདི་གནད་འགག་ཅིག་རེད། ཟམ་གདོང་དེ་འདུལ་བ་ལ་མཁས་པ་དཔེ་མི་སྲིད་པ་རེད། བསྟན་དགྲ་ཁྱེད་ཚོས་ཆབ་སྲིད་ལ་གོ་ཐོས་མེད་ལོ་སྒང་ལུ་འདུལ་བ་ལ་གོ་ཐོས་མེད་ལུ་ང་སེམས་ཕམ་སོང་། ངོ་ཕུར་ནས།
གཞིས་བྱེས་ལྷན་འཛོམས་ལ་ཞེད་སྣང་དེ་འདྲ་ཞིག་བྱེད་དགོས་ཀྱི་མེད་པ་འདྲ། མི་ངོ་རྟགས་མ་ཆོད་སྟབས་རྡ་སའི་བློ་རྒྱ་གསོད་མཁན་བཞིན་སྲོག་འགོ་ཐུབ་ཙམ་འོང་ཡོང་། མ་གཞི་ནས་དགེ་སློང་གི་ལྕེ་ཡི་རྫུན་མ་བཤད་མི་ཆོག་པ་ཅེས་ལོ་རྒྱུས་ཁས་མ་བླངས་ན་འདུལ་བ་འགལ་འགྲོ་སྙམ་མཁན་༧གོང་ས་མཆོག་རེད་ཅེས་རྒྱ་མི་ཚའོ་ཁྲིང་ཆིན་གིས་ཀྱང་གསར་འགོད་དེ་ལ་གོ་བ་བླངས་ཐུབ་ཡོད།
འདི་ངོ་ཕུར་ངས་ངའི་ཨ་ཕྲུག་ཚོར་བློ་བསྐྱེད་སྤྲད་པ་ཡིན། དེང་སང་གི་དུས་འདི་གནད་འགག་ཅིག་རེད། ཟམ་གདོང་དེ་འདུལ་བ་ལ་མཁས་པ་དཔེ་མི་སྲིད་པ་རེད། བསྟན་དགྲ་ཁྱེད་ཚོས་ཆབ་སྲིད་ལ་གོ་ཐོས་མེད་ལོ་སྒང་ལུ་འདུལ་བ་ལ་གོ་ཐོས་མེད་ལུ་ང་སེམས་ཕམ་སོང་། ངོ་ཕུར་ནས།
འཇམ་གཅེས་ཟེར་བ་འདི། དྲྭ་ཐོག་གི་དོལ་ཁྱིའི་ཉེན་རྟོག་པ་ཞིག་ཡིན་པ་འདྲ། ཁྱི་སྨྱོན་འདི་ཚོའི་དྲན་པ་རང་བཞིན་དུ་མི་གནས་སྟབས་ཐད་ཀར་སམ་གདོང་གི་མདུན་དུ་ཤོར་འགྲོ། དེ་དུས་དེ་སྔོན་བོད་གཞུང་ལ་ཕུལ་བའི་བྱ་ཤ་དང་སྒོང་ང་དེ་ཚོ་སྤྲོད་རྐྱང་བྱོས་ཨ།
བདེན་པའི་ལམ་ནས་བདེན་གཏམ་འཆད་པ་འདིས་་་་སུ་ཡི་བློ་སྙིང་ལ་ན་ཟུགས་རྒྱག་གྱི་འདུག་ན་དེ་རང་ལ་དམིགས་པ་ཡིན་ནོ་་་་་་་་་་་་་་་་་་་་་་