ཚུལ་ཁྲིམས་ཟླ་བ།
གནམ་གྱི་མཐོང་ནས་ས་རུ་བབས་ཏེ་མི
གསེར་དངུལ་ཞུན་མའི་སྤྲིངས་ཡིག་
རྒྱལ་བློན་ཐུགས་བསྐྱེད་སྐྱ་རེ
དབུ་ནག་བོད་པ་རྐང་གཉིས་བཙུགས་ཏེ
ལྷ་ལྡན་འཛིན་མའི་ཞིང་ས་གཤིན་པོ
རང་རྐང་ཚུགས་པའི་རིག་གཞུང་མ་ལག་
རིས་སུ་མེད་པའི་ཀུན་སྙོམས་ཐུགས་
ཆོས་སྲིད་ཉི་ཟླའི་འོད་མདངས་རྒྱ
ལུགས་གསུམ་དཔལ་གྱི་ཕོ་བྲང་དབུས་
ལོ་པཎ་སྤྱན་དྲངས་མདོ་རྒྱུད་བསྒྱ
དགའ་སྐྱིད་སྟོན་མོའི་ཡོ་ལང་ཁྲོ
གཞོམ་མེད་རྡོ་རིང་གནམ་ལ་བསླངས་
ཆབ་འབངས་སེམས་པ་བདུད་ཀྱིས་བསླུ
མདོ་མེད་རྗེ་བོའི་དཔུང་ཤེད་རྒྱ
ཤེས་མེད་མ་ལོའི་རིག་པ་འཆོལ་ཏེ་
ས་སྒང་སྟེང་ནས་དབུ་ནག་ཚང་གི་ཐོ
བཙན་པོའི་གདུང་རྒྱུད་དགུང་སྔོན་
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དེ
བདག་མེད་ཆོལ་གསུམ་རྩམ་ཟན་པ་རྣ
ཧོར་སོགས་བྱ་ཁྲའི་ཁྲག་གི་སྦར་མོ
མཆོད་ཡོན་འབྲེལ་བའི་མིང་བྱང་འོ
བླ་ཆེན་མི་ཆེན་དཔུང་ཤེད་བསྡུར་
ལུགས་གཉིས་སྐྱོང་བའི་བཀོད་འདོ
སྡེ་གཉིས་ཐོབ་དང་ཤོར་བའི་དོན་དུ
ཆོས་ཀླད་ནང་དུ་སྲིད་ལུགས་འཛུལ་
དགོན་སྡེ་སྲིད་ཀྱི་དོ་རར་གྱུར་
སྐྲག་ས་མེད་པའི་གོ་ཁ་ནང་ནས་ལང་
དོན་དམ་ཆོས་པའི་མིག་ཟུང་ཟུར་ནས་
ལོ་རྒྱུས་གས་པའི་སྲུབས་ཀ་ཞིག་
རྡོག་སྣེ་འཛོལ་བའི་འགྲུལ་བཞུད་
ནོམ་ཆེན་བཅོམ་པའི་ཇག་ཤུལ་ཞིག་
རྡོག་འདྲེད་ཤོར་བའི་ས་ཚིགས་ཤིག་
དྲན་ཞིང་དྲན་ན་དྲན་སྣང་ཡོལ་བར་
བསམ་ཞིང་བསམས་ན་བསམ་པའི་ཤོག་སྐྱ
གཞིག་ཅིང་གཞིགས་ན་བསམ་གཞིག་རི་
རྒྱ་ཡན་སེམས་ཀྱི་ཁོར་ཡུག་འདི་རུ
ཁྲམ་དང་གཡོ་སྒྱུའི་འཇའ་ལ་བརྟེན་
ཁ་ཡག་ངོ་དགའི་བྱུས་ལ་བརྟེན་ནས་
འཇམ་རྩུབ་རེས་མོས་ཐབས་ལ་བརྟེན་
ང་དགུའི་སྡུག་གི་ལོ་ནག་བསུས་ཏེ་
བཙན་གནོད་དཔུང་པའི་ཤེད་མོང་ངོམ་
བཅིངས་གྲོལ་ཞེས་པའི་སྙན་ཚིག་གྱེ
གཡོ་ཟོལ་འདྲེས་མའི་འཛུམ་མདངས་
ཕྱི་འཇམ་ནང་རྩུབ་ཐབས་ལ་བརྟེན་ཏེ
སྙིང་གི་བླ་མ་གཞན་ཡུལ་བསྐྲད་དེ་
མེས་པོའི་ཕ་ཟོག་ཇག་ལ་ཁྱེར་ནས་ཕ་
སྤུན་ཟླ་མིང་སྲིང་བསད་རྨས་གཏུབ་
མི་ལོ་དྲུག་ཅུའི་མེ་རོ་ལངས་ནས་
མེ་རླབས་འབར་བའི་གདོང་དམར་བ་ལ་
དུ་སྨུག་འཁྲིགས་པའི་སྒང་པ་བོད་
ཚིག་རོའི་གསེབ་ཀྱི་རྩམ་ཟན་པ་ལ་
བསམ་ཞིང་བསམས་ན་སྙིང་གི་འཕར་ཚད་
འཛམ་གླིང་ཡངས་རྩེ་ཁ་བའི་ལྗོངས་
ཤར་ནས་ཚིག་པའི་མི་རོའི་གསུར་དྲི
སྤུན་ཟླ་ངུས་པའི་ཁྲག་གི་མཆི་མ་
མ་ཤི་གསོན་པོའི་དམྱལ་ཁམས་འདི་ཀོ
དུག་མདའ་ནག་པོའི་མདེ་འུའི་མདུན་
ལྕགས་སྒྲོག་བཙན་པོའི་མུ་ཁྱུད་ཁྲ
ཁྲག་དང་མིག་ཆུའི་ལོ་ཟླའི་ཁྲོད་
ངན་བཤམ་ཁྲིམས་ཀྱི་གཡོ་སྒྱུའི་འོ
རང་དབང་འཁོས་ཀ་གཞན་གྱིས་འཕྲོགས་
མི་བུའི་ཐོབ་ཐང་བཙན་གྱིས་བཅོམ་
འདྲ་མཉམ་འཚོ་བ་རྡོག་རོལ་བཏང་བས་
རང་དབང་ཐོབ་ཐང་འདྲ་མཉམ་ཆེད་དུ་
བཙུན་པའི་སྙིང་ཁམས་མེ་རུ་སྦར་ཏེ
བཙུན་མའི་སྐུ་ལུས་མེ་རུ་སྦར་ཏེ་
དཔའ་བོའི་སྙིང་སྟོབས་མེ་རུ་སྦར་
དཔའ་མོའི་ཞེ་རྩ་མེ་རུ་སྦར་ཏེ་
ཨ་ཕ་མཆེད་པའི་ད་ཕྲུག་ཞིག་གིས་མེ
བུ་ཆུང་འབར་བའི་ཕ་རྒན་ཞིག་གིས་
ཨ་མ་ཚིག་པའི་བུ་མོ་ཞིག་གི་མིག་
བུ་མོ་བཞུས་པའི་ཨ་མ་ཞིག་གིས་ཡི་
ཁ་སང་སྦར་བའི་སྤུན་ཟླ་རྣམས་ཀྱི་
དེ་རིང་ཞུམ་མེད་དཔའ་བོ་ཕོ་མོས་
སང་ཉིན་ཆོལ་གསུམ་རྩམ་ཟན་པ་རྣམས་
རྫོགས་ལ་ཉེ་བའི་མི་རིགས་འདི་ཡི་
རང་སྲོག་དོར་བའི་དཔའ་སྙིང་རྒོད་
ངན་ཁྲིམས་སྡུག་གིས་གཉའ་ནས་མནན་
རང་གི་ལུས་ལ་དུང་བ་ཟབ་ཀྱང་དམར་
རང་རིགས་དཔའ་བོའི་སྙིང་སྟོབས་མེ
ཞུམ་མེད་སྤོབས་པའི་ཆོད་སེམས་དྲ
འདྲེན་བྱེད་ལམ་ལ་མངོན་དུ་མེད་
ཟླ་མེད་སྙིང་སྟོབས་ཡིད་ལ་ཤར་ཚེ་
ཚིག་ཅིང་གོག་པའི་སྐུ་ལུས་མཇལ་དུ
སྤུན་ཟླ་འབར་བའི་མེ་ལྕེའི་ཁྲོད་
ཚེ་སྲོག་གཤེགས་པའི་སྐུ་ཕུང་འགྲ
གོ་ལ་ཟླུམ་པོའི་ཁོར་ཡུག་འདི་ན་
གངས་ཅན་བོད་ཀྱི་ཕྲག་ཏུ་བབ་པའི་
མཉམ་འབྲེལ་རྒྱལ་ཚོགས་རྣ་བར་ཐོས་
ཁྲིམས་ལུགས་ཡོན་པོ་སེམས་ནས་དྲན་
ཚེ་སྲོག་དམར་པོའི་གོད་ཆག་བསམས་
འཛམ་གླིང་མི་བུའི་འདྲ་མཉམ་བསམས་
ངན་ཇུས་ཐབས་འཕྲུལ་ཇེ་དར་བྱེད་དུ
ངན་བཤད་ཁ་ལྕེ་ཇེ་འགུལ་བྱེད་དུས་
ངན་གཡོའི་སྲིད་ཇུས་ཇེ་གཏོང་བྱེ
ངན་རྩུབ་ཁྲིམས་ཁ་ཇེ་དམ་བྱེད་དུ
མེ་ལྕེ་དམར་པོ་དགུང་ལ་མཆེད་པས་
མེ་སྟག་དྲག་པོ་གནམ་ལ་ཡར་བས་གཡོ་
མེ་དཔུང་འབར་བའི་འུར་སྒྲ་གྲགས་
རུས་རྐང་ཚིག་པའི་དུ་ཞག་འཁྲིགས་
མེ་ཕུང་ཁྲོད་ཀྱི་གོམ་སྟབས་རེ་རེ
མེ་ཕུང་ཁྲོད་ཀྱི་དབྱངས་རྟ་རེ་རེ
མེ་ཕུང་ཁྲོད་ཀྱི་ཁུ་ཚུར་རེ་རེ་
མེ་ཕུང་ཁྲོད་ཀྱི་དཔའ་ངར་རེ་རེ་
མི་རིགས་ཤིག་གི་བདེ་སྡུག་ཆེད་དུ
ཆོས་ལུགས་ཤིག་གི་འབྱུང་འགྱུར་ཆེ
སྐད་ཡིག་ཅིག་གི་སྐྱེ་འཇིག་ཆེད་
ཁ་བ་རི་པའི་དཔའ་རྒོད་རྣམ་པར་དེ་
དམར་པོའི་ཟིལ་ཤུགས་ཇི་ཙམ་ཆེ་ཡང་
དྲག་གནོན་ལྗིད་ཚད་ཇི་ཙམ་ལྕི་ཡང་
རྫས་མདེལ་ནག་པོ་ཆར་ལྟར་ཕབ་ཀྱང་
གངས་དཀར་ཨ་མའི་བུ་རྒོད་རྣམ་པར་
གཉེན་དང་ཉེ་བའི་དུང་བར་བསམ་ཚེ་
རང་རིགས་འཇོམས་པའི་དགྲ་དང་ཐུག་
གངས་རི་དཀར་པོའི་ལས་དོན་བསམ་ཚེ་
དགའ་མེད་སྡུག་གི་ནམ་ཟླའི་ཁྲོད་
འཚེ་མེད་ལྟ་གྲུབ་ཐུགས་ལ་བཅངས་
བདག་ལས་གཞན་གཅེས་ཐུགས་ལ་བཅངས་
རང་གཞན་རང་དབང་འདྲ་མཉམ་བསམས་ནས་
ཀི་ཀི་བསྭོ་བསྭོ་ཕོ་ལྷ་དགྲ་ལྷས་
གངས་རི་དཀར་པོའི་འདབས་རོལ་ཞིག་
དབྱངས་གསལ་སོ་བཞིའི་ཚེག་ཁྱིམ་ཞི
ལོ་རྒྱུས་ཆེན་པོའི་གླེགས་བམ་གསེ
ཆོལ་གསུམ་སྤུན་ཟླའི་སྙིང་གི་དབུ
མྱ་ངན་སྡུག་གི་ལོ་ཟླའི་ཁྲོད་ནས་
ངན་རྩུབ་ཁྲིམས་ཀྱི་སོ་ཁ་ཞིག་ནས་
ཚེ་སྲོག་དམར་མོའི་གོད་ཆག་ཁྲོད་
འདས་མ་ད་ལྟའི་ཁ་བ་རི་པའི་སྤུན་
2013.10.15.ཉིན།