གྲིབ་གཟུགས།
སྤྲིན་ནག་འཁྲིགས་པའི་གནས་དེ་ནས།།
མུན་ནག་ཡིན་པའི་ས་དེ་ནས།།
ཁྱེད་ཀྱི་ཞབས་ཟུང་སྔར་བཞིན་དུ།།
རྟག་བརྟན་རྡོ་རྗེའི་རི་མོ་ཉིད།།
མི་ཚེའི་འཕྲང་ལམ་རིང་མོ་ནས།།
སྡུག་གི་ཁུར་པོ་ལྕི་ས་ནས།།
ཁྱེད་རང་ཕམ་པའི་ལོ་རྒྱུས་ཤིག།
བདག་གི་རྣ་བར་ལྷུང་མ་མྱོང་།།
ལམ་ཐག་རིང་སའི་ཕུགས་འདུན་མདུན།།
ཁྱེད་ཀྱི་སྤོབས་པ་ཞུམ་མ་མྱོང།།
དབང་དྲག་འབྱོར་བའི་དཔུངས་ཤུགས་མདུན།།
ཁྱེད་ཀྱི་དབུ་འཕང་སྨད་མ་མྱོང་།།
མི་ཁ་འུར་འུར་མཆེད་ས་ནས།།
རླུང་དམར་འུར་འུར་ལྡང་ས་ནས།།
ཆོས་ལ་བཅངས་པའི་སེམས་བྱུང་དེ།།
ཚེ་འབར་བཞིན་དུ་རྒྱུན་མ་ཆད།།
འཚོ་བར་དཀའ་ལས་ཡོད་ན་ཡང་།།
བུ་ཕྲུག་རང་མགོ་མ་ཐོན་ཀྱང་།།
དགོན་གྲོང་སྐྱ་བོའི་ལས་དབང་དེ།།
རང་གི་ཡ་ཐོད་རྒྱན་དུ་དཔྱངས།།
གྲང་རླུང་ཤུར་ཤུར་ལྡང་ན་ཡང་།།
དྲག་ཆར་ཤག་ཤག་བབས་ན་ཡང་།།
ཉམ་ཐག་ནད་པའི་སྒོ་ཐེམ་སྟེང་།།
ཁྱེད་ཀྱི་ཞབས་རྗེས་གསལ་ལེར་ཡོད།།
མེ་རུ་འབར་བའི་བརྩེ་བ་དེ།།
དགོན་གྲོང་སྐྱ་བོའི་དྲོད་ཁོལ་ཉིད།།
ཁྱེད་ཉིད་བཞུགས་པའི་དུས་ཡུན་དུ།།
དགོན་གྲོང་སྐྱ་བོས་ལྗང་མདོག་ངོམ།།
དབང་ཤུགས་རྒྱུ་དཔུང་བྲིན་ས་ནས།།
ཉམ་ཆུང་རྣམས་ཀྱི་མགོན་གཅིག་པུ།།
ཆོས་སྲིད་ཟུང་འབྲེལ་དར་ས་ནས།།
ཁྱོད་ནི་ཤཱཀྱའི་དགེ་སྦྱོང་གཅིག།
ར་མ་ལུག་གི་སྤྱི་ཚོགས་དེར།།
སྐྱ་མིན་སེར་མིན་མོད་ས་དེར།།
ཁྱོད་ཀྱིས་སྤོས་པའི་གོམ་འགྲོས་ནི།།
ཁེར་རྐྱང་ཡིན་ལ་དྭངས་གཙང་ཡིན།།
བདེ་ཐང་མིན་པའི་སྤྱན་ཟུང་དེ།།
ཉམ་ཆུང་རྣམས་ཀྱི་ཉི་མ་ཡིན།།
ལྗིད་ཚད་ཆེ་བའི་གོམ་འགྲོས་དེ།།
ནད་པའི་སྙིང་གི་ཕར་སྒྲ་ཡིན།།
འཆི་ལ་ཁད་པའི་ནད་པའི་མིག།
ཅེ་རེར་ཁྱོད་ལ་བལྟས་ནས་ཡོད།།
ངུ་ངག་མིག་ཆུ་དུ་མ་ཞིག།
ཁྱོད་ཀྱི་མདུན་ན་སྐམ་ནས་ཡོད།།
དགོད་སྒྲ་འཛུམ་ཀོང་མང་པོ་ཞིག།
ཁྱོད་དང་འབྲེལ་བ་དམ་ཟབ་ཡོད།།
ཁྱོད་རང་མེད་པའི་དགུན་དུས་ན།།
ཡུལ་མིའི་ངོ་ན་མིག་ཆུ་མོད།།
ཁྱོད་རང་དྲན་པའི་དུས་ཚིགས་ན།།
ཡིད་འགུལ་མཆི་རིས་མིག་ངོར་འཛུམ།།
བཞིན་གྱི་གཉེར་རིས་སབ་སིབ་དེས།།
བདག་ལ་སྐྱོ་བའི་ཤུགས་རིང་བྱིན།།
ཚ་གདུང་ཆེ་བའི་གནས་འདི་ནས།།
འཁྲུགས་ཆ་དོད་པའི་གནས་འདི་ནས།།
བདག་ཀྱང་སློབ་མཇུག་སྒྲིལ་མ་ཐག།
ཁྱེད་ཀྱི་ངལ་བ་སེལ་དུ་འོང་།།
གཞན་ཡུལ་གཞན་གྱི་དབང་ཆའི་འོག།
ཕ་ཡུལ་དྲན་པའི་གདུང་བ་ལྕི།།
ཁྱེད་ཀྱི་དུང་ཞལ་གོར་མོ་དེ།།
བདག་གི་ཁ་རྗེ་དབང་ཐང་ཡིན།།
17/5/2013
༄༅། །༧ཁྱེད་ཉིད་དྲན་པའི་འོ་འདོད་དབྱངས། །གོ་ལའི་རྩེ་མོར་ཡོངས་ཁྱབ་པས། །ཆོས་སྲིད་རང་དབང་གཙང་མའི་དཔལ། །མྱུར་བར་འདྲེན་སླད་ལུས་སྲོག་བཅས། །ཕངས་མེད་བཏང་བའི་ངང་ཚུལ་འདིས། །༧ཁྱེད་ཐུགས་བཟོད་དཀའི་དབྱིངས་དྲངས་པས། །བྱུང་རབས་དམ་བཅའ༵ང་ཤོར་ལ་ཉེ། །
༄༅། །༧ཁྱེད་ཉིད་དྲན་པའི་འོ་འདོད་དབྱངས། །གོ་ལའི་རྩེ་མོར་ཡོངས་ཁྱབ་པས། །ཆོས་སྲིད་རང་དབང་གཙང་མའི་དཔལ། །མྱུར་བར་འདྲེན་སླད་ལུས་སྲོག་བཅས། །ཕངས་མེད་བཏང་བའི་ཞུགས་རྒྱུན་གྱིས། །༧ཁྱེད་ཐུགས་བཟོད་དཀའི་དབྱིངས་དྲངས་ཏེ། །བྱུང་རབས་དམ་བཅའ༵ང་ཤོར་ལ་ཉེ། །
བརྩེ་བའི་ཕ་ལགས།
ཡང་ན།
བརྩེ་བའི་ཨ་ཕ་ལགས།
ཁྱོད་ཀྱི་སྙན་ངག་འདིས་སླར་ཡང་ཡབ་དམ་པ་མིག་ལམ་དུ་ལན་གཅིག་འཆར་དུ་བཅུག་སོང་།
བཀའ་དྲིན་ཆེ། ལྷག་པར་དུ་ཚིགས་བཅད་མཐའ་མ་གཉིས་པོས་ཚོར་སྣང་དམིགས་གསལ་ཞིག་བྱིན་བྱུང་།
བདག་གི་ཡབ་ལགས་ནི་བདག་གི་ཕ་མ་གཉིས་ཀའི་འཐུས་ཚབ་ཡིན་ལ། བདག་གི་རྩ་བའི་བླ་མའང་ཡིན། དེ་བས་བདག་གིས་ཁོང་ཉིད་འཇིག་རྟེན་གྱི་ཕ་མ་དཀྱུས་མ་ཞིག་ཡིན་ཁྱོན་ནས་མི་འདོད་དེ། ཁོང་གིས་རང་ཁྱིམ་ཙམ་མ་ཟད་ཁོང་ཉིད་བཞུགས་སའི་འཁོར་ཡུག་གང་པོར་བདེ་འཇགས་བྱིན་ཐུབ་པས་སོ།།
རང་གི་ཕ་ལ་ངའི་ཡབ་ཡབ་ཟེར་སྲོལ་མེད།
ཁོང་གི་ཡབ་ཡུམ་དང་། ངའི་བཀའ་དྲིན་ཅན་གྱི་ཕ་མ་ཟེར་དགོས། འདི་ནི་འཛམ་གླིང་སྤྱིའི་ཞེ་སའི་འགྲོ་སྟངས་ཅིག་རེད་དོ།
ལགས་སོ།། ཀརྡོ་མཆོག་གི་ལེགས་བཤད་ལ་གུས་འདུད་ཡོད།
ཁ་སང་ལྷ་སྒྲོལ་དཀར་མོར་ངས་ཁྱེད་ཕྱོགས་ལ་སྐྱབས་འཇུག་གང་འཚམས་ཞུས་པ་ཡིན།
དངོས་གྲུབ་འདྲ་ཐོབ་ཡོད་པའི་ཡིད་ཆེས་ཡོད།
ལགས་སོ། ལགས།
རང་གི་ཕ་མ་ལ་ཞེ་སར་ཡབ་ཡུམ་ཟེར་སྲོལ་འདུག ང་ཡི་ཡབ་དམ་པ་ལས་སོགས་ཤད་སྲོལ་འདུག དབུས་པ་བ་རྣམས་ཀྱིས་་་་པ་ལགས་་་ཨ་མ་ལགས་་་་མཆོད་དང་བཞེས་དང་་་་བཞེངས་དང་་་གཟིམས་གནང་རོགས་དེ་དག་ཚང་མ་ཞེ་སའི་ཚིག་རེད་་་་བྱས་ཙང་ཡབ་ཅེས་ཞུས་ནའང་མི་འགྲིག་པ་གང་ཡོད།
ཀརྡོ་གཉེར་ཕྱག་པ་ཡིས་གསུངས་ཞིག་བརྗོད་དུས།།
གྲིབ་གཟུགས་ཨུ་ཚུགས་ཅན་པོས་དྲང་ཞིག་བླངས་ཐལ།།
ལུག་མགོ་གཡག་ལ་སྦྱར་བའི་གུས་ཚིག་འདི་ལ།།
བསམ་ཞིང་བསམ་ན་དགོད་རྒྱུ་ཉིན་དགུར་ཡོང་གི།
ངའི་ཡབ་དམ་པ་ལས་ཟེར་དུས། ཡབ་ལ་ཆེ་བའྟོད་བྱེད་ཁུལ་བྱས་ཀྱང་། ངའི་ཡབ། ངའི་ཡམ། ངའི་གསང་ཡུམ། ངའི་སྲས། ངའི་སྲས་མོ། ངའི་གཟིམ་ཤག ངའི་གཤིམ་ལྱར། རང་གིས་རང་ལ་་ཞེ་ས་བྱས་པར་འགྲོ་ལས། རང་གི་དྲིན་ཆེ་བའི་ཕ་དང་མ་དང་ཁྱི་སོགས་ལ་ཞེ་ས་མི་འགྲོ་བས། བན་དེ་བས་སླར་ཡང་སོམས་ཤིགུ
ང་ཡི་སྲས་པོ་་་སྲས་མོ་་་་ཞེས་བརྗོད་པ་མ་གསན་ནམ། དགོངས་ཞིག་གུ།
ངའི་སྲས་དང་ང་ཚོའི་སྲས་མོ་ཞེས་ཁྱེད་ཀྱིས་གོ་ཡོད་ན། ཁྱེད་རང་སྐུ་དྲག་རུལ་སུངས་པ་དང་། བླ་རྗུན་གྲྭ་རྫུན་དེ་ཚོའི་བུ་དང་བུ་མོ་དེ་དག་བླ་སྤྲུལ་དང་མཁའ་འགྲོ་མ་མ་བཟོ་གོང་དང་གསེར་ཁྲིར་འཁོད་གོང་གི་སྤྱོད་གཤིས་ངན་པ་དེས་དྲིན་གྱིས་བྱུང་བར་བདག་གིས་འདོད་དོ། །ཡིན་མིན་བན་དེས་དཔྱད་པར་འཚལ།
ད་ཡོད་པར་ཁས་བླང་སོང་དེ་གས་འགྲིག་པ་རེད་་་་་རྐུན་མ་དམར་པོ་་་་་ཇག་པ་སེར་པོ་་་་་དེ་སུས་བཤད་པ་རེད་་་་་བཤད་ས་སུ་རེད་་་་ལགས་གཅིག་གསུང་དང་་་
་་་རྐུན་མ་དམར་པོ་་་་་ཇག་པ་སེར་པོ་་་་་དེ་དད་མེད་ཀླ་ཀློ་རྒྱ་མིས་བཤད་པ་རེད་་་་་བཤད་ས་ཆོས་བྱེད་ཆོས་བྱེད་དགེ་འདུན། ༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ། དེ་བཞིན་ས་དགེ་དཀའ་རྙིང་ཇོ་ནང་སོགས་ཀྱི་བླ་མ་ཚད་དང་དགེ་སྒོང་ཚད་དང་ལྡན་པ་ལ་བཤད་པ་རེད། གཞན་པ་ངས་ཐོས་མ་མྱོང་ལགས།
ཁྱེད་ཚོས་ཁ་བརྡར་བརྡར་དུས་ཚོད་བཏང་བཏང་བའི་མཐའ་མར་གྲུབ་དོན་འདི་ཙམ་རེད་དམ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
དེ་ལས་གད་མོ་ཞིག་དགོད་བསྡད་ན་མི་སྐྱིད་དམ།