ཨོ་རྒྱན་ཉི་མ།
མཚན་དཔེ་ཡོན་ཏན་རྒྱ་མཚོའི་འབྱོར་བས་མཛེས། །
ཞལ་གསུང་སྡེ་སྣོད་ཆོས་ཀྱི་སྒྲ་དབྱངས་སྙན། །
དཔག་ཡས་ཟག་མེད་ལམ་མཆོག་མཁྱེན་པའི་གཏེར། །
བཅོམ་ལྡན་ཤཱཀྱའི་རྒྱལ་པོར་དང་བས་བསྟོད། །
སྟོབས་བཅུ་མངའ་བ་བདེ་གཤེགས་ཟས་གཙང་སྲས།།
སྲིད་འདིར་འཁྲུངས་པའི་ངོ་མཚར་གཏམ་གྱི་ཕྲེང་།།
མཁས་བླུན་ཀུན་གྱི་མགུལ་ན་དོ་ཤལ་བཞིན།།
ཉིས་སྟོང་ལྔ་བརྒྱའི་ལོ་རྒྱུས་ནམ་ཡང་མཛེས།།
འགྲོ་བའི་སྒྲོན་མེ་ཉིད་དང་དམ་པའི་ཆོས།།
དགྲ་བཅོམ་གནས་བརྟན་རིག་པ་འཛིན་པའི་སྡེར།།
སྲིད་ན་དཀོན་པའི་རིན་ཆེན་རྣམ་གསུམ་ཞེས། །
གྲགས་པ་དཀར་བའི་རྒྱལ་མཚན་སྤྱི་བོར་མཆོད།།
རིགས་རུས་ཆོ་འབྲང་སོགས་ལ་མི་ལྟོས་ཤིང་།།
སྟོབས་དང་འབྱོར་བས་དབང་བསྒྱུར་མི་ནུས་པའི།།
ཉིད་ཀྱི་ལམ་མཆོག་སྟོང་དང་རྟེན་འབྱུང་དང་།།
སྙིང་རྗེ་བྱང་ཆུབ་སེམས་ནི་ནོར་གྱི་མཆོག།
སྤྱི་བོར་གཙུག་ཏུ་ཁྱེད་ཉིད་བཞུགས་སའི་གནས།།
མགྲིན་ནས་དུས་རྣམ་ཀུན་དུ་ཁྱེད་ལ་བསྟོད། །
སྙིང་ཁོང་རུས་པའི་གཏིང་ནས་ཁྱེད་ཉིད་སྨོན། །
དཀོན་མཆོག་ཁྱེད་ནི་ཁོ་བའི་སྲོག་སྙིང་ཞིག།
ཁྱེད་ལ་དད་པ་ཞེན་པ་ཆེ་བས་མིན། །
ཁྱེད་ལ་དུང་བ་ཕྱོགས་སུ་ལྷུང་བས་མིན། །
ཁྱེད་ནི་སྐྱེ་དགུ་ཡོངས་ཀྱི་སྐྱབས་གནས་དང་། །
ཁྱད་པར་རྗེས་འཇུག་མི་བསླུ་བདེན་པས་ཡིན། །
ཁྱེད་ལ་འདུན་པ་འཚོ་བའི་ཆེད་དུ་མིན། །
ཁྱེད་རྗེས་བསྙེག་པ་སྙན་གྲགས་སྒྲུབ་ཕྱིར་མིན། །
ཁྱེད་ཀྱི་མཚུངས་མེད་ཐུགས་རྗེ་ཉེར་རྟོགས་ཏེ། །
ཁྱེད་ཉིད་ད་ལྟ་འདི་ནས་མཇལ་ན་བསྙམ། །
ཤར་ནུབ་རི་སུལ་གྲོང་ཁྱེར་གྲོང་བརྡལ་དག །
མཁས་དང་གྲུབ་པའི་འབྱུང་གནས་ཆེན་པོ་ཞེས།།
བསྟོད་པའི་གནས་དང་མཆིས་བྲང་མང་ན་ཡང་། །
སྲིད་རྩ་དྲུང་འབྱིན་གནས་མཆོག་རྡོ་རྗེ་གདན། །
རིག་གཞུང་གསར་རྙིང་ཁྱོད་ཤི་ང་གསོན་གྱིས། །
འཚོ་བའི་གནས་ལ་འགྲན་རྩོད་ཆེ་ན་ཡང་། །
ཉིད་ཀྱི་གསུང་རབ་དམ་ཆོས་འོད་པོ་ཆེ། །
སྲིད་འདིར་སྲིད་པའི་འདམ་གྱི་སྦུབ་ལས་གྲོལ། །
སྒྲོ་བཏགས་འབའ་ཞིག་སྒྲུང་ལ་འཆེལ་བ་དང་། །
རྟོག་པས་གཡོ་བའི་ལྟ་གྲུབ་ཙམ་མིན་པར། །
ཐ་སྙད་སྣང་ཚུལ་དོན་དམ་གནས་ལུགས་ཏེ། །
བདེན་གཉིས་གསལ་བར་སྟོན་པ་ཉིད་ཀྱི་བཀའ། །
སྐྱེ་བའི་ཕྲེང་བ་བརྒྱུད་ནས་འཁོར་ངན་འདིར། །
ཡང་ཡང་སྲིད་པའི་ལས་ཀྱིས་འཕྱན་ན་ཡང་། །
ཚེ་འདིར་ཉིད་ཀྱི་ཞལ་གསུང་དམ་ཆོས་བཅུད། །
འཐུང་བའི་སྐལ་བཟང་འཐོབ་འདིས་དགའ་བ་བརྟས། །
མདོ་སྔགས་གཞུང་ལུགས་མ་དྲོས་མཚོ་ཆེན་ལས། །
རང་བློས་གང་ལྕོག་སྐྲ་རྩེའི་ཟིལ་པ་ཙམ། །
རང་གི་ཡིད་ལ་གོམ་ཕྱིར་ཉེར་བླངས་ཀྱང་། །
རང་དང་སྐལ་མཉམ་དག་ལའང་ཕན་ན་བསྙམ། །
ཉིད་ཀྱི་རྗེས་ཤུལ་འཛིན་པའི་བན་དེ་རྣམས།།
མདོ་སྔགས་ཆོས་ཚུལ་བརྒྱུད་པའི་ཕྱག་བཞེས་བཞིན།།
མཆོད་པའི་ཡན་ལག་བདུན་གྱི་གྲངས་ཚོགས་བཅས།།
ཁྱེད་ཤེས་དད་པའི་སྙིམ་པ་ཁྱེད་ལ་འཐོར།།
དེང་གི་འཚོ་བར་འཆེལ་བའི་ན་གཞོན་ཡང་།།
དགའ་བའི་མཛུམ་མདངས་དགོད་པའི་གར་སྟབས་ཀྱིས།།
སྙན་མོ་གླུ་དང་དངོས་འབྱོར་མཆོད་པའི་སྤྲིན།།
དཔག་ཡས་ཁྲོམས་ཚོགས་དབུས་ནས་ཁྱེད་ལ་ཕུལ།།
ཆོས་དང་སྲིད་ཀྱི་དཔལ་ཡོན་ཕྱོགས་རེ་ཙམ།།
ཐུགས་སུ་ཆུད་པའི་སྐྱེ་བོ་མོད་ན་ཡང་།།
སྣོད་བཅུད་མ་ལུས་སྲུང་བའི་དེད་དཔོན་དངོས།།
མགོན་པོ་ཁྱེད་ནི་སྐྱེ་དགུའི་བདག་པོ་དངོས།།
གསར་རྙིང་གོ་ཐོབ་བསྡུར་བའི་གཡུལ་ས་འདིར།།
ང་ཆེ་ང་བཙན་ཟེར་མཁན་མང་ན་ཡང་།།
དཔྱད་གསུམ་དག་པའི་གསུང་རབ་རིན་ཆེན་འདིས།།
ཁྱེད་ལ་ཕུལ་བྱུང་བྱ་དགའ་ཅིས་མི་དབུལ།།
སྐྱེས་དང་ཚེ་རབས་གཏན་གྱི་འདུན་མ་དག།
མགོན་པོ་ཁྱེད་ལས་གཞན་གྱིས་བདག་དཀའ་བས།།
འཆི་གསོན་བདེ་སྡུག་སྣ་ཚོགས་གང་བྱུང་ཡང་།།
བསླུ་མེད་ཐུགས་རྗེས་ཟུངས་ཤིག་མགོན་པོ་ལགས།།
ཞེས་པ་འདི་ནི་མཉམ་མེད་ཐུབ་པའི་དབང་པོ་ལ་དད་པ་བརྟན་ཞིང་། འདུ་ཤེས་གསུམ་པ་ཨོ་རྒྱན་ཉི་མ་འབོད་པས་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཐོག་མ་བསམ་ཡས་གླིང་དུ་ཚེས་བདུན་གྱི་སྨོན་ཚིག་ལ་ཁ་བསྐང་དང་བཅས་ཚེས་བརྒྱད་ཀྱི་སྟོན་པའི་འཁྲུངས་སྐར་ལ་བྲིས་པའོ།།
སྟོན་པ་ཐུབ་པའི་དབང་པོར་བསྟོད་པའི་ཚིག
འཇེབས་ཤིང་ཡིད་འོང་ཚིག་འཕྲེང་བསྒྲགས་པར་མགུ།
སྔོན་དུས་སྒྲོན་མ་ད་དུས་སྒྲོན་མེ་ཞེས།
ཨ་ཡིག་ཨེ་རུ་འབོད་པ་མང་དུ་མཐོང་།།
་
དེ་བཞིན་སྔོན་དུས་འབྱོར་པ་ཕྱིས་སུ་འབྱོར་བ་དང་།
བོད་ཀྱི་སྐད་ལ་འགྱུར་ཚུལ་མང་པོ་མཐོང་།
ཁྱེད་ཀྱི་སྡེབས་འབྱོར་ལེགས་ཤིང་ཡི་གེ་དག
བློ་གསལ་བློ་ལ་གོམས་པར་ཅིས་ཀྱང་ཕན།།
༄། །ཁྱེད་ནི་འགྲོ་བའི་དོན་གྱི་སླད། །
ཅུང་ཟད་ཙམ་ཡང་མི་ངལ་ཞིང་། །
འགྲོ་བ་རྣམས་ཀྱང་ཁྱེད་ཀྱི་ནི། །
ཡོན་ཏན་བརྗོད་ལ་ངལ་མི་འགྱུར། །
མཁའ་ལྡིང་དབང་པོས་མཁའ་ལ་བགྲོད་བགྲོད་ནས།།
ནམ་ཞིག་རང་སྟོབས་ཟད་པས་ལྡོག་འགྱུར་གྱི།།
ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་ཅིང་།།
ཁྱེད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས།།
སེམས་པའི་མཆོག་ནི་བྱང་ཆུབ་སེམས་དཔའ་ཡིན།།
སྟོན་པའི་མཆོག་ནི་ཤཱཀྱ་ཐུབ་པ་མཆོག །
འཇིག་རྟེན་མུན་སེལ་བྱམས་བརྩེའི་སྣང་བས་ཁྱབ།།
རྒྱལ་བ་མཉམ་མེད་བལྟམས་ལས་བྱུང་ངེས་ཉིད།།
མཉམ་མེད་ཤཱཀྱ་སེང་གེ་སྐུ་བལྟམས་པའི་མཛད་སྟོན་ཆེན་མོར་བཀྲིས་བདེ་ལེགས་ཞུ།།
བཅོམ་ལྡན་འདས་ཡིན་ན་ཤཱཀྱའི་རྒྱལ་པོ་མ་ཡིན་དགོས་པ་གང་ཞིག། ཤཱཀྱའི་རྒྱལ་པོ་ཡིན་ན་བཅོམ་ལྡན་འདས་མ་ཡིན་དགོས་པའི་ཕྱིར། །
སྟོན་པའི་འཁྲུངས་ཚེས་ས་གའི་ཚེས་བདུན་ཚེས་བརྒྱད་དང་། །
གཞན་ནམ་ས་གའི་བཅོ་ལྔར་འཁྲུངས་པའི་མདོ་ཡང་བཀླགས། །
ས་གའི་བཅོ་ལྔར་རྣམ་འདྲེན་བཞི་པ་ཤྰཀ྄ཐུབ་འདིའི། །
དུས་ཆེན་ལྔ་འཛོམས་གྲགས་པ་ལྡན་ལ་བདག་དད་དོ། །
སྟོན་པ་སྒྲོན་མའི་འོད་ནི་ནུབ་ནས་ནི། །
ལོ་ནི་སྟོང་ཕྲགས་འགའ་ཤས་ཐལ་ཞེས་གྲག །
ཆོས་རྒྱལ་འབྱོར་པ་རྒྱས་རྣམས་གཤེགས་ན་ཡང་། །
དད་ལྟན་འབྱོར་ལྡན་རྣམས་ཀྱིས་བསྙེན་བཀུར་གྱིས། །
བུ་་ཆུང་སྣང་བ་སྐྱིད་པའི་གླུ་དབྱངས་ནང་། །
སྒྲོན་མ་སྒྲོན་མེར་འབྱོར་པ་འབྱོར་བ་ལ། །
བྲིས་ཐལ་སོང་བར་རྒན་རབས་རྒད་པོའོ་མཆོག །
ལ་དྭགས་འཇམ་དཔལ་ཐུགས་ལ་བབ་མི་འདུག། །
འབྱོར་པའི་པ་དང་སྒྲོན་མའི་མ་དག་ན། །
དེས་ན་་སྔར་དུས་འབྱོར་པ་ཉམས་ན་ཡང་། །
ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་བསྐུལ་བ་ལྟར། །
ཇོ་བོ་ཆེན་པོས་བྱང་ཆུབ་སྒྲོནམ་མཛད། །
འབྱོར་པ་རྒྱས་པས་སྒྲོན་མ་ད་སྤོར་ཅིག །
ལ་དྭགས་འཇམ་དཔལ་དགྱེས་ཕྱིར་འདི་བྱས་སོ། །
བདག་ནི་སྟོན་པ་གཞན་སྤངས་ནས།།
བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ།།
དེ་ཅིའི་སླད་དུ་ཞེ་ན་ཁྱོད།།
སྐྱོན་མི་མངའ་ལ་ཡོན་ལྡན།།
དུས་གསུམ་ལས་འདས་མ་འོངས་པའི་སྟོན་པ་་་་་་ཕྱོགས་བཅུའི་སྟོན་པ་་་་?
བོན་པོ་ལགས། ཐེག་པ་ཆེན་པོའི་དབང་དུ་བྱས་ན། ཤཀྱའི་རྒྱལ་པོ་དང་ཤཀྱ་ཐུབ་པ་གཉིས་ལ་མུ་བཞི་ཡོད་དེ། ༡༽གཉིས་ཀ་ཡིན་པའི་མུ་ནི། ཁོང་རྒྱལ་སྲིད་ལ་འཁོད་པ་ནས་བཟུང་དེ་མ་སྤངས་བར་གྱི་ཤཀྱ་ཐུབ་པ་ཆོས་ཅན། ༢༽ཤཀྱ་ཐུབ་པ་ཡིན་ལ་ཤཀྱའི་རྒྱལ་པོ་མིན་པ་ནི། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་དོར་བ་ནས་བཟུང་། རྩཱ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་མ་བསྟན་བར་གྱི་ཤཀྱ་ཐུབ་པ་ལྟ་བུ། ༣༽ཤཀྱའི་རྒྱལ་པོ་ཡིན་ལ་ཤཀྱ་ཐུབ་པ་མ་ཡིན་པ་ནི། ཡབ་རྒྱལ་པོ་ཟས་གཙང་ལྟ་བུ། ༤༽གཉིས་ཀ་མ་ཡིན་པའི་མ་ཡིན་མུ། བོན་པོ་ཁྱེད་རང་ལྟ་བུའོ།
དེ་མིན། དུ་ཉན་ཐོས་ཀྱི་ཐེག་པའི་དབང་དུ་བྱས་ན།བཅོམ་ལྡན་འདས་དང་ཤཀྱའི་རྒྱལ་པོ་གཉིས་ཀྱི་གཞི་མཐུན་མེ་སྙམ་མོ།
དེ་བཞིན་དུ་ཐེག་ཆེན་གྱི་སྐབས་འདིར། བཅོམ་ལྡན་འདས་དང་ཤཱཀྱའི་རྒྱལ་པོ་གཉིས་ལའང་མུ་བཞི་ཡོད་དེ། གཉིས་ཀ་ཡིན་པ། རྒྱལ་སྲིད་བཟུང་བའི་སྐབས་ཀྱི་ཤཀྱ་ཐུབ་པ་བཞག་ན་རིགས་པ་མི་འགལ་ཞིང་དོན་ལ་དེ་ལྟར་གནས་པས་མུ་གཞན་རྣམས་འཇོག་པར་ཤིན་ཏུ་སླའོ་སྙམ།
སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི།
སྟོན་པ་གང་དང་གང་ཡིན་ལ།
བདག་ནི་རྣམ་པ་ཐམས་ཅད་དུ།
མཆོད་ཅིང་གུས་པས་གསོལ་བ་འདེབས།
སྣྲོན ངག་ཁྲི་ལགས། ཁྱེད་ཀྱི་མུ་གཞི་དེ་བརྟན་པོ་ཞིག་ཡོད་ས་མི་འདུག། ཅིས་ན་ཁྱེད་ཀྱིས། གཉིས་ཀ་ཡིན་པའི་མུ་ནི། ཁོང་རྒྱལ་སྲིད་ལ་འཁོད་པ་ནས་བཟུང་དེ་མ་སྤངས་བར་གྱི་ཤཀྱ་ཐུབ་པ་ཆོས་ཅན། གསུངས་འདུག་ན། ཤཀྱ་ཐུབ་པ་ཞེས་པའི་ཚིག་ཟུར་གྱི་ཐུབ་པ་དེའི་དོན་ནི་ལོ་དྲུག་དཀའ་བ་ཐུབ་པའམ་ཡང་ན་ལོ་དྲུག་དཀའ་བ་སྤྱད་པའི་དོན་མ་ཡིན་ནམ། དེ་ལྟར་ཡིན་ན་ཤཱཀྱའི་རྒྱལ་པོ་ཡིན་པའི་དུས་སྐབས་དང་ལོ་དྲུག་དཀའ་བ་ཐུབ་པའི་མཛད་པ་སྐྱོང་བའི་དུས་སྐབས་གཉིས་ནི་འབད་དེ་ཐ་དད་པ་ཡིན་པའི་ཕྱིར། དེ་འདྲ་ཡིན་དུས་གང་ཟག་གཅིག་གི་སྟེང་དུ་དེ་གཉིས་ཀྱི་གཞི་མཐུན་འཇོག་པ་ནི་ཡིན་པ་མི་སྲིད་པའི་ཤེས་བྱ་མ་ཡིན་ནམ། །
བོན་ལ་སྡང་ཟུག་བྱེད་པའི་ནམ་དེ་ཡར་ལངས། ཤཀྱ་ཐུབ་པའི་ཡིན་ལུགས་ཤེས་པའི་ཉི་མ་དེ་མར་མ་ཤར། ད་དུང་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ཟེར་ནས་་དང་བས་བསྟོད་ཁུལ་བྱེད་པ་ནི་རི་བོང་རྭའི་བུ་ལ་དང་བས་བསྟོད་པ་དང་གཅིག་པ་མ་ཡིན་ནམ། བསམ་བློ་ཡག་པོ་བཏང་ན་ཤཀྱ་ཞེས་པའི་རིགས་མིང་དེ་ཡང་ཁོང་ལ་དགོས་པ་ཡོད་མེད་ཅི་ཤེས། ཁོང་ནི་རིགས་རུས་གཙོ་བོར་བཟུང་ནས་ཆེ་མདོག་སྟོན་མཁན་དེ་འདྲ་ཞིག་ཡིན་བཟོ་མེད། ཡང་ཁྱེད་ཚོའི་སྣང་བར་གང་དྲན་དེ་འདྲ་ཡིན་ན་ནི་སུས་ཤེས། །
རྩོད་ལྡན་འདི་རུ་སྟོན་པ་གཅིག་ལས་མེད། །
དེས་གསུང་དམ་པའི་ཆོས་ཀྱང་ལུང་རྟོགས་ཉིད། །
དཔེ་བཤུས་བརྐུས་པས་ངལ་བ་མི་དགོས་པའི། །
འཕགས་ཡུལ་ནས་བརྒྱུད་ཡང་དག་ཚད་མ་དངོས། །
འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །ཁོ་རེ་ཨོ་ཉི། བསམ་ཡས་གླིང་ཟེར་བ་དེ་ག་བར་ཡོད་རེད།
Bonpo ཅི་ངེད་ཅག་སྟོན་པ་ཤཀ་ཐུབ་ལ་མཆོད་ཅིང་བསྟོད་ལ་སྐྱབས་སུ་འགྲོ་མི་ཆོག་པ་ཡིན་ནམ། ཨོ་ཉི་པས་སྟོན་པ་ཐུབ་པའི་དབང་པོར་བསྟོད་པ་ལ་ཁྱོད་སྙིང་ན་དགོས་པ་གང་ཡིན། ཅི་སྟེ་འདིར་བོན་དང་བོན་པོ་བོན་སྟོན་ལ་ཟུར་བ་དང་ཡ་ག་སྒྲོགས་པ་འདུག་ན་ཁྱེད་ཅག་འབར་དུ་རུང་བར་རིགས་མོད། འདིར་ན་འཚེ་མེད་ཞི་བའི་སྟོན་པ་གང་ལ་དོན་ལྡན་གྱིས་བསྔགས་པ་ཁོ་ན་སྣང་བས་ཁྱེད་ཅག་གི་དུས་མིན་ཀུ་ཅོ་འདོན་པར་མི་རོགས་སོ་ཞེས་འདོམས་སོ།།
འཚེ་མེད་ཞི་བའི་སྟོན་པ་ལ། །
རྣམ་པར་དག་པས་བསྟོད་པ་ན། །
མིག་སེར་ལྡང་བའི་སྐྱེ་བོ་ཕལ། །
ཁོང་གི་མེ་ལྕེ་ཁ་རུ་ལུད། །
གཞན་ཟེར་རྗེས་བརྗོད་མི་དགོས་ཤིང་། །
སྒྲོ་བཏགས་ལོ་རྒྱུས་དེ་བས་མིན། །
གཞན་དྲིང་མི་འཇོག་མཁྱེན་རབ་ཀྱིས། །
བསྐྲུན་པའི་བསྟན་པ་འདི་རྨད་བྱུང་། །
བསམ་ཡས་གླིང་དེ་དབྱིན་ཡུལ་གྱི་བྱང་ཕྱོགས་སུ་ཡོད་པའི་བཀའ་བརྒྱུད་པའི་དགོན་པ་ཞིག་རེད། དྲུང་བ་རིན་པོ་ཆེ་དང་། ཨ་དཀོན་རིན་པོ་ཆེ་གཉིས་ཀྱིས་སྤྱི་ལོ་༡༩༦༨ ལོར་གསར་དུ་བཏབ་པ་དང་། ད་ལྟ་བླ་མ་ཡེ་ཤེས་དང་། ཨ་དཀོན་རིན་པོ་ཆེ་གཉིས་ཀྱིས་གཟིགས་སྐྱོང་གནོང་བཞིན་པ་རེད། ང་ཡང་འདིར་གནས་ཚང་གཡར་ནས་འདུག་ཡོད།
འདི་ལ་གཟིགས་དང་ཤེས་ངེས།
http://www.samyeling.org/
༼རྩོད་ལྡན་འདི་རུ་སྟོན་པ་གཅིག་ལས་མེད། །
དེས་གསུང་དམ་པའི་ཆོས་ཀྱང་ལུང་རྟོགས་ཉིད། །
དཔེ་བཤུས་བརྐུས་པས་ངལ་བ་མི་དགོས་པའི། །
འཕགས་ཡུལ་ནས་བརྒྱུད་ཡང་དག་ཚད་མ་དངོས། །༽
༄།། རྩོད་ལྡན་འདི་རུ་སྟོན་པ་གཅིག་ལས་མེད་གྱུར་ན།
སྟོན་པ་གཞན་རྣམས་སྤང་ཞེས་སྨྲས་པ་མི་འགལ་ལམ།
དཔེ་བཤུས་རྐུས་པར་བཞེད་བཞིན་དེ་ཡི་བསྟན་པ་ལ།
རྟག་ཏུ་སྒྲོས་སྐུར་བྱེད་འདི་ནང་འགལ་མ་ཡིན་ནམ།
མཁྱེན་ཡངས་སྐུ་ཞབས་བོན་པོ་ལགས། ངས་ཐེག་ཆེན་གྱི་དབང་དུ་བྱས་ན་ཞེས་པ་དེ་ལ་གོ་རྒྱུ་ཆེན་པོ་ཡོད་པས། དེའི་ལུགས་ལ་འགྲེལ་བཤད་ཇི་ལྟར་གནང་གི་ཡོད་མེད་ཀྱི་སྐོར་ཁྱེད་ཅག་བོན་པོའི་གཞུང་ལ་མེད་ཙང་ཁྱེད་ལ་ཐུགས་ཁག་མེད། ཁྲུལ་ངེས་རེད། དེ་ལ་ཡ་མཚན་གང་ཡང་མི་སྐྱེ། ཐེག་པ་ཆེན་པོའི་ལུགས་ལ་ཁོང་། འོག་མིན་དུ་སངས་རྒྱས་ཟིན་ནས་ཞིང་འདིར་མཆོག་གི་སྤྲུལ་སྐུའི་རྣམ་པས་མཛད་པ་བཅིུས་བསྟན་པ་ཞིག་ཡིན་པས། དེ་ནི་སྔར་གྱི་ཉན་ཐོས་ཐེག་པའི་བཞེད་སྲོལ་ལས་ཞིབ་ཚག་ཅིང་དོན་དངོས་དང་དེ་བས་མཐུན་པ་ཞིག་ཏུ་གདོན་མི་ཟའོ། ། ད་དུང་མུ་གཞན་རྣམས་འགྲེལ་དགོས་གལ་མཆིས་སམ།
སྣང་བ་སྐྱིད་པའི་གླུ་དབྱངས་ཀྱི་མཁན་པོ་ལགས། ༼མདོ་སྔགས་གཞུང་ལུགས་མ་དྲོས་མཚོ་ཆེན་ལས། །
རང་བློས་གང་ལྕོག་སྐྲ་རྩེའི་ཟིལ་པ་ཙམ། །
རང་གི་ཡིད་ལ་གོམ་ཕྱིར་ཉེར་བླངས་ཀྱང་། །
རང་དང་སྐལ་མཉམ་དག་ལའང་ཕན་ན་བསྙམ། །༽
ཞེས་པའི་རྐང་པ་གསུམ་པའི་རྒྱན་སྡུད་ཀྱི་ཕྲད་དེ་ལ་གོ་རྒྱུ་དམིགས་བསལ་བ་ཡོད་དམ། དེ་མིན་ཉེར་བླངས་པ།། ཡང་ན་ཉེར་བླངས་འདི།། ལྟ་བུ་བྲིས་ན་གོང་འོག་འབྲེལ་མི་ཆེའམ།།
དང་པོ་རང་དོན་དང་། རང་ཉིད་གྲོལ་བ་ཁོ་ནར་དམིགས་ཏེ་སྦྱང་བརྩོན་བྱས་ན་ཡང་། ད་ལྟ་རང་གིས་གང་རྟོགས་པ་དེས་གཞན་ལ་ཡང་ཅུང་ཟད་སྨན་པའི་རེ་བ་ཡོད་ཅེས་པའི་དོན་ཡིན། མ་འགྲིགས་ན་་་་་་་་་
ཤིས་བརྗོད་སྙན་འཇེབ་ལྡན་ཞིང་ཡིད་དབང་འཕྲོག་པ་འདུག ཨ་དཀོན་སྤྲུལ་སྐུས་ཆོས་རྒྱམ་དྲུང་པ་བསམ་ཡས་གླིང་ནས་གནས་དབྱུང་བཏང་སྐད་འདུག ཡིན་ནའང་དྲུང་པས་ཨ་རིར་ཨ་དཀོན་ལས་ཀྱང་ལྷག་པ་སངས་རྒྱས་བསྟན་པའི་བྱ་བ་རླབས་ཆེན་གནང་འདུག
ཨེ་མ་བཅོམ་ལྡན་ལྷ་ཡི་ལྷ། །
མཁྱེན་དང་བརྩེ་བའི་བདག་ཉིད་ཅན། །
ཁྱོད་ཀྱི་ཞབས་མཐིལ་རི་མོ་ཡིས། །
ས་ཆེན་འདི་ཉིད་མཛེས་པར་བྱས། །
སྔོན་ཚེ་སྟོན་པ་སྡེ་དྲུག་སོགས། །
རྟག་ཆད་ཅ་ཅོ་སྒྲོག་པའི་ཁྱུ། །
གནས་ལུགས་སེང་གེའི་ང་རོ་ཡིས། །
ཡང་དང་ཡང་དུ་ཕམ་པར་བྱས། །
ཁྱབ་འཇུག་དང་ནི་དབང་ཕྱུག་གི །
སྤྲུལ་བ་མིན་ཀྱང་སེམས་དཔའ་ཆེ། །
དབུ་མའི་ལམ་གྱིས་ཚེ་གཅིག་ཏུ། །
སོ་སྐྱེའི་ས་ལས་འཕགས་པར་བཞུད། །
ཆགས་སྡང་དུག་གིས་མ་བཟི་བར། །
བློ་གྲོས་འདྲེན་བྱེད་རབ་ཡངས་པའི། །
མཐའ་ཡི་སྐྱེ་བོ་མཐའ་དག་ནི། །
ཁྱོད་ཀྱི་བསྟན་ལ་ངང་གིས་ཕྱོགས། །
གནའ་བོའི་གྲུབ་མཐའ་ཕལ་མོ་ཆེས། །
འཇིག་རྟེན་བྱེད་པོ་སྨྲ་ན་འང་། །
རྟེན་ཅིང་འབྲེལ་འབྱུང་ལྟ་བ་ཡིས། །
རྨོངས་པའི་སྨག་རུམ་རིང་དུ་བསྐྲད། །
ལྷ་ཡི་སྲས་སུ་མ་རློམ་ཞིང་། །
ཨ་བ་ཏཱར་དུ་མ་བརྫུས་ལ། །
རྫུ་འཕྲུལ་ཅི་ཡང་ངོམ་པར། །
ཐབས་ལ་མཁས་པས་འགྲོ་མང་འདུལ། །
ཉིད་ཀྱི་རྟོགས་པ་གཞན་དག་ལ། །
འཕོ་བ་མི་ནུས་གཟིགས་གྱུར་ནས། །
བདེན་གཉིས་ཆོས་ཀྱི་འཁོར་ལོ་ཡིས། །
གཞན་དག་ཐར་བའི་ལམ་དུ་དྲངས། །
སྐར་མའི་བསྟན་བཅོས་མ་བརྩམས་ཤིང་། །
ཤེས་བྱ་མཐའ་དག་མ་གསུངས་ཀྱང་། །
ཆོས་ཉིད་ས་ལེར་གཟིགས་པས་ན། །
ཁྱོད་ལས་ཐམས་ཅད་མཁྱེན་པ་སུ། །
གང་གི་གཟུགས་སྐུའི་ཉི་མ་ཆེ། །
ཞི་བའི་ནུབ་རིར་གཟིམས་པའི་རྗེས། །
ཞལ་གསུང་བདུད་རྩིའི་ཀླུང་བཟང་ནི། །
ཐར་འདོད་ཡིད་ཀྱི་གསོས་སུ་བཞུར། །
ཞེས་པའི་བསྟོད་བསྔགས་ཉུང་ངུ་འདི་ནི་སོ་སྐྱེ་དག་བྱང་ཆུབ་བསྒྲུབ་ལ་བློ་མི་ཞུམ་པའི་སླད་དུ་ཐུན་མོང་གི་སྣང་ངོ་དང་བསྟུན་ནས་ཕ་རྒན་བཅོམ་ལྡན་འདས་ལ་གུས་པས་ཕུལ། །
སྟོན་པའི་རྒྱལ་པོ་འཁོར་བ་འདྲེན་པའི་དཔལ། །
མུན་པའི་ཚོགས་རྣམས་འཇོམས་བྱེད་སྒྲོན་མེའི་འོད། །
མ་རིག་ནད་གདུང་སེལ་བ་སྨན་པའི་གཙོ། །
མི་ཡི་མཆོག་ཏུ་གྱུར་བ་དམུ་ཡི་རྒྱལ། །
དུག་ལྡའི་འདམ་དང་མཚོ་སྐེམ་མེ་ཆེན་དཔུང་། །
མཚན་དང་དཔེ་བྱད་ལྡན་པའི་གཟི་འཕགས་པོ། །
དཀའ་བ་སྣ་ཚོགས་དང་དུ་བླངས་ནས་ནི། །
མཛད་པ་སྣ་ཚོགས་མཐའ་རུ་ཕྱིན་མཛད་ཅིང། །
གཟིགས་ཚད་བཞི་དང་དགོངས་མཛད་དྲུག་གཉིས་ཀྱིས། །
བྱམས་པ་ཆེན་པོས་འཁོར་བ་སྒྲོལ་མཛད་པ། །
གཤེན་རབ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །
དྲུང་པ་རིན་པོ་ཆེས་མཁའ་འགྲོ་ལོ་བཅོ་བརྒྱད་མ་ལོན་པ་བཞེས་པ་ལ་བརྟེན་ནས་དབྱིན་ཡུལ་ནས་ཕེབས་དགོས་བྱུང་བ་དང་། རྗེས་སུ་ཨ་དཀོན་སྤྲུལ་སྐུས་གཟིགས་རྟོག་གནང་ཡིན་ས་རེད། དྲུང་པས་ནུབ་ཕྱོགས་སུ་ཆོས་ཀྱི་སྒོ་ཆེན་ཕ྄ེས་ཡོད་པ་ཡོངས་གྲགས་རེད། ཨ་དཀོན་སྤྲུལ་སྐུས་བོད་ཀྱི་ཆོས་རིག་ལ་ཞབས་འདེགས་ཞུས་པ་དང་། ད་དུང་ཞུ་བཞིན་པ་རེད། ལོ་རེར་རོགས་ཚོགས་ཀྱིས་བོད་ལ་བཤད་སྒྲུབ་ཀྱི་སྡེ་དང་། སློབ་གྲྭ་ཁག འཚོ་བར་སྐྱོན་ཡོད་སའི་མི་སེར་ཁག་ཆིག་ཁྲི་ལྷག་ལ་འགྲོ་གྲོན་བཏང་བ་དང་། གཏོང་བཞིན་པ་རེད།
ཆོས་བོན་གཉིས་ཀྱི་ཉམས་སུ་བླང་བྱ་དང་།།
སྐད་ཡིག་རིག་གཞུང་ལོ་རྒྱུས་གཅིག་ཡིན་པས།།
གསར་བཟོ་ལྟ་གྲུབ་བྱུང་བ་གྱོན་གོས་སོགས།།
ཕྱོགས་སུ་གཅོད་པ་དབྱེན་གྱི་རྒྱུར་འགྱུར་ངེས།།
དེ་ཕྱིར་དེང་གི་ཆོས་བོན་མཐའ་དག་གིས།།
ཕྱོགས་དང་རིས་སུ་གཅོད་པ་ཡོངས་དོར་ཏེ།།
ལམ་བུ་གཅིག་ཏུ་གཤེགས་པའི་རེ་འདུན་དེ།།
ཁ་ཞེ་མཐུན་པའི་གཏན་ཚིག་འདི་ནས་སྒྲོག།
ད་ལྟའི་ཆོས་བོན་གཉིས་ཀྱི་བླང་བྱ་དང་།།
སྐད་ཡིག་རིག་གཞུང་ལྟ་གྲུབ་གཅིག་ཡིན་པས།།
གསར་བཟོ་ལོ་རྒྱུས་གྱོན་གོས་བརྒྱུད་པ་སོགས།།
ཕྱོགས་སུ་གཅོད་པ་དབྱེན་དུ་འགྱུར་ངེས་པས།།
ཆོས་བོན་ཁས་ཆེ་མཁས་བླུན་མཐའ་དག་གིས།།
རིས་སུ་གཅོད་པའི་འདུན་པ་ཡོངས་དོར་ཏེ།།
ལམ་བུ་གཅིག་ཏུ་གཤེགས་པའི་རེ་འདུན་དེ།།
ཁ་ཞེ་མཐུན་པའི་གཏན་ཚིག་འདི་ནས་སྒྲོག།
ཉེར་བླངས་ཀྱང་།།
དེང་སྐབས་རང་མཉམ་དག་དག་ལའང་ཕན་ན་སྙམ།། འདི་འདྲ་ཡོད་ན་ལས་གཞན་དུ་ཁྱེད་ཀྱི་ཞེ་འདོད་དེ་ཞེ་འདོད་ཙམ་ལས་ཚིག་གོ་ནུས་པས་འབྱིན་མ་ཐུབ།
སྟོན་པའི་བསྟོད་པ་འདི་ཀློག་བདེ་བ་ཡིད་ལ་བྱར་བདེ་བ་ཞིག་བྲིས་འདུག ཡི་རངས་ཡོད།
ཞར་ལ་འདིར་ཕེབས་པའི་བོན་པོ་རྣམས་ལ་ཞུ་རྒྱུར། ང་ཚོ་ནང་པ་ཚོས་ཐུབ་པའི་དབང་པོའི་འཁྲུངས་སྐར་ལ་ཚོགས་བསགས་དགེ་སྦྱོང་རྒྱ་ཆེར་ཞུ་བ་དང་། སྟོན་པའི་ཡོན་ཏན་དྲན་པའི་སྒོ་ནས་ཁོང་གི་རྗེས་སུ་སྙེག་པའི་སྐབས་ལ། ཁྱེད་བོན་པོ་རྣམས་ཀྱིས་ང་ཚོ་བོད་པ་གཅིག་ཡིན་པའི་ངོ་གདོང་ལ་གཟིགས་ནས། དགེ་བའི་དུས་ཡུན་འདིར་མིའི་སེམས་ལ་གཟུག་པའི་མཆན་སོགས་མི་སྤེལ་བའི་རེ་བ་ཞུ། འདི་ལྟར་བྱུང་ན་བོན་ཆོས་དབར་ལ་མཐུན་ལམ་ཡོང་བའི་ཕྱིར་རོ་ཟེར།
དེ་བཞིན། བོན་གྱི་སྟོན་པ་གཤེན་རབ་ཀྱི་སྐུའི་འཁྲུངས་སྐར་དུས་སུ། ཁྱེད་བོན་པོ་རྣམས་ཀྱིས་ཀྱང་ཚོགས་བསགས་དགེ་སྦྱོང་གི་དུས་ལ་བདའ་བའི་སྐབས་སུ། ཁ་བརྡ་ལ་ཕེབས་ནས་སྟོན་པ་གཤེན་རབས་ལ་བསྟོད་པ་སོགས་སྤེལ་ནས་ཁོང་གི་ཡོན་ཏན་རྣམས་བསྒྲགས་པར་བྱས་ན། ང་ཚོ་ནང་པ་ཚོར་ཡང་བོན་གྱི་ཤེས་བྱ་ཐོབ་ཤིང་། ཕན་ཚུན་རྒྱུས་མངའ་སྤེལ་ཐུབ་པར་ཕན་ཤས་ཆ་སྙམས།
ཀྱེ་སྟོན་པ།
གང་གིས་སུ་ཡི་ཆེད་དུ་བྱང་ཆུབ་སྟོན།
གང་གིས་སུ་ཡི་ཆེད་དུ་འཁོར་བར་འཁྱམས།
གང་གིས་སུ་ཡི་ཆེད་དུ་སྐྱེ་བ་བླང་།
ཀྱེ་སྟོན་པ། གང་གིས་སུ་ཡིས་ཆེད་དུ་བདེན་པ་སྟོན།
རྒྱ་བོད་མི་རིགས་མཐུན་པར་ཤོག །
ཆོས་བོན་ཟུང་འབྲེལ་དར་བར་ཤོག །
ཆོས་སྲིད་ཟུང་འབྲེལ་འཕེལ་བར་ཤོག །
འཛམ་གླིང་ཞི་བདེས་ཁྱབ་པར་ཤོག །
བསམ་ཤེས་ཀྱི་མཆན་བུ་ ༣༡ དེ་ངས་ཀྱང་ཟློས་པར་བྱས་སོ།།
སྟོན་པ་ཟླ་བྲལ་འདྲེན་མཆོག་ཤཱཀྱའི་ཏོག།
བསྟན་པ་རྨད་བྱུང་ལུང་རྟོགས་དམ་པའི་ཆོས།།
དགེ་འདུན་ཕུལ་བྱུང་རིག་གྲོལ་འདུས་པའི་སྡེ།།
སྐྱབས་གནས་དཀོན་མཆོག་གསུམ་པོ་གཏན་དུ་བསྙེན།།
ཆོས་ཀྱི་སྙིང་པོ་གཞན་ཕན་བྱང་ཆུབ་སེམས།།
ཆོས་ལམ་ཞུགས་པ་དག་གི་འབྱོར་བའི་མཆོག།
ཆོས་འདི་ཉམས་སུ་བླང་དང་མོས་པ་ལ།།
ཆོས་སྨན་བདུད་རྩིས་ཟུག་རྔུ་འབྱིན་པར་ཤོག།
བདེན་དོན་རྩོད་ན་རང་ཉིད་བདེན་པ་དང་།།
བདེན་པའི་ལ་རྒྱ་སྲོག་ལས་གཅེས་པ་དགོས།།
ངག་ནས་བདེན་གཏམ་གཏན་དུ་སྒྲོག་ན་ཡང་།།
བདེན་པ་ལག་ན་མེད་ན་སྟོང་པ་རེད།།
ཤེས་འབྱོར་སྲིད་གསུམ་མངའ་ཐང་དགུང་དུ་བཏེགས།།
མགོ་ནག་བོད་མིའི་སྲོག་ལ་དྲན་པ་བཏགས།།
འཇིག་རྟེན་སྐྱེ་བོའི་གྲལ་དུ་སྤོབས་པས་ཕྱུག།
འདི་དག་ཤཀ་ཐུབ་རྗེས་འཇུག་ཡིན་པའི་རྟགས།།
འགྲན་ཟླ་ཀུན་བྲལ་མཉམ་མེད་ཤཀ་ཐུབ་མགོན།།
སྲིད་འདིའི་མགོན་དུ་ལྷམ་མེར་ལྷགས་དང་ལྷན།།
དཔྱོད་ལྡན་སྐྱེ་བོ་ཕལ་ཆེར་འཇུག་ན་ཡང་།།
དམུས་ལོང་འགའ་ཞིག་ད་དུང་རྨོངས་ཤིང་འཁྱམས།།
མེད་ཀྱང་སྒྲོ་འདོགས་རྫུན་གྱིས་ལོ་རྒྱུས་བརྩམས།།
ཇག་རྐུན་འཁོར་ལོ་བསྐོར་ཏེ་ཡིག་ཚོགས་བསྡུས།།
རྒྱ་བོད་ཧོར་གསུམ་ལོ་རྒྱུས་ཀུན་ལ་ཡང་།།
མ་གྲགས་ཁྲོན་པའི་སྦལ་བའི་ཁྱུ་གསར་ཞིག།
མངའ་མདོས་གླ་གླུད་མོ་བཏབ་རྩིས་རྒྱག་དང་།།
སྒྲུང་དང་ལྡེའུ་བྱ་གཡང་འབོད་ཙམ་གྱིས།།
རྒྱལ་རབས་སུམ་ཅུ་ལྷག་ལ་བོད་མགོ་སྐོར།།
རྨོངས་པའི་ལམ་དུ་བྱིངས་པའི་གཟུ་ལུམ་དག།
མཚན་ཉིད་ཐེག་པ་ཤཀ་ཐུབ་གམ་ནས་བརྐུས།།
གསང་སྔགས་མ་ལུས་པད་འབྱུང་ཟུར་ནས་འཕྲོག།
ད་དུང་ཇག རྐུན་ཁྲེལ་མེད་གཟུ་ལུམ་དག།
བདེན་དོན་རྩོད་ཅེས་བདེན་པའི་གྲལ་དུ་ལང་།།
གངས་རིའི་མགུལ་དུ་ཡ་མེད་གླང་ཆེན་བཞིན།།
ལུགས་གཉིས་ཤེས་བྱའི་ནོར་གྱིས་དབུལ་བ་ན།།
ཚ་བའི་རོང་གི་འདུལ་སྦྱོང་མཁས་པ་ཚོས།།
སྨྲ་ཤེས་དོན་གོའི་སྤོབས་པ་ཐབས་ཀྱིས་གནང་།། །
བླང་དོར་གནས་ལ་རྨོངས་པའི་གདོད་མའི་བོད།།
དམུས་ལོང་དམིགས་བུ་མཁས་པ་སྐྱབས་པ་བཞིན།།
ལང་ཕྱོགས་ལེགས་ཉེས་མ་ལུས་བསྟན་ན་ཡང་།།
ད་དུང་འགའ་ཞིག་ལུས་འདི་ཉོན་རེ་མོངས།།
ལུས་ལ་གྱོན་པའི་ཆོས་གོས་རྣམ་གསུམ་དང་།།
ངག་ན་མཛེས་པའི་སྡེ་སྣོད་རྣམ་པ་གསུམ།།
ཡིད་ལ་འཛིན་པའི་བསླབ་གསུམ་རིན་ཆེན་དག།
ཤཀ྄་ཐུབ་རྗེས་སུ་སློབ་བཞིན་བོན་ཡིན་ཟེར།།
བོན་པོ་ཡིན་ན་རི་བསང་ཕྱ་གཡང་གྱེར།།
ཤ་ཁྲག་མཆོད་པའི་ཡེ་དང་མདོས་ལ་སློབས།།
སྒྲུང་དང་ལྡེའུ་བརྒྱུད་པ་མ་ཆད་བྱོས།།
དེ་བས་ཕན་ལ་བོན་ཞིག་ཡོད་རེ་ཀན།།
གསང་སྔགས་ཕལ་ཆེར་རྙིང་མའི་འགྲམ་ནས་བརྐུས།།
མཚན་ཉིད་ཐེག་པ་ནང་བསྟན་སྤྱི་ནས་བཅོམ།།
དེ་ལས་འགའ་ཞིག་དགེ་ལྡན་ཟུར་ནས་འཕྲོག།
དགུ་ཐུག་ནང་བཞིན་ལྟ་གྲུབ་ཆག་རོ་བསྐྲུན།།
དེང་སང་བོན་པོར་འཁེ་ཆེ་གང་ཟག་རྣམས།།
བོན་དགོན་བསླེབ་ཚེ་སྟོད་འགག་སྔོན་པོ་གོན།།
དཀོར་གྱི་ཆེད་དུ་ཕྱི་རྒྱལ་བསླེབ་པ་ན།།
སྟོད་གོས་ཐམས་ཅད་སེར་པོ་འབའ་ཞིག་བསྒྱུར།།
ཀླུ་ཐོགས་གཉིས་ཀྱི་ཞབས་སོར་བརྩེགས་པའི་དྲུང་།།
མི་འདོད་བཞིན་དུ་རྡུགས་རྒུར་ལོ་མང་བྱས།།
རང་མགོ་ཐོན་དུས་ཕྱི་ས་འདོར་ལ་བྲེལ།།
འདི་དག་བོན་མིང་དེ་ཚོས་ཁྱད་ཆོས་རེད།།
ལོ་རྒྱུས་ཕལ་ཆེར་དབང་གཞུའི་རྗེས་སུ་ཞུགས།།
དོན་དང་དོན་མིན་འབྱེད་པའི་བློ་གྲོས་དབེན།།
ཡོད་ཚད་ཞེན་ཁོག་གཅིག་པུས་གཟུང་འདོད་པའི།
།དེང་སང་བོན་པོ་འགའ་ཞིག་ཤ་རེ་ཚ།།
ད་ལྟའི་ཆོས་བོན་གཉིས་ཀྱི་བླང་བྱ་དང་།།
སྐད་ཡིག་རིག་གཞུང་ལྟ་གྲུབ་གཅིག་ཡིན་པས།།
གསར་བཟོ་ལོ་རྒྱུས་གྱོན་གོས་བརྒྱུད་པ་སོགས།།
ཕྱོགས་སུ་གཅོད་པ་དབྱེན་དུ་འགྱུར་ངེས་པས།།
ཆོས་བོན་འཁེ་ཆེ་མཁས་བླུན་མཐའ་དག་གིས།།
རིས་སུ་གཅོད་པའི་འདུན་པ་ཡོངས་དོར་ཏེ།།
ལམ་བུ་གཅིག་ཏུ་གཤེགས་པའི་རེ་འདུན་དེ།།
ཁ་ཞེ་མཐུན་པའི་གཏན་ཚིག་འདི་ནས་སྒྲོག།
ཨོ་ཉི་ཁོ་རེ་ད་བོན་པོ་ཚོས་མ་ལབ་ཟེར་སོང་་་ཁྱེད་རང་ཚོས་སྟོན་པའི་འཁྲུངས་མཆོད་ཉིན་འདི་ལྟར་རང་གཅེས་གཞན་འདོར
སྨར་བའི་ངག་འཁྱལ་རྣམས་དགེ་བའི་ངོ་བོར་བསམ་ན་དེ་བཞིན་དུ་བགྱིས།
ཨོ་ཉི་ཁྱོད་རང་ཡིན་ནའང་རང་གི་སྤུན་སེམས་རྩ་མ་ཚང་ནས་སྨྱོ་བཞིན་དུ་རྒྱར་འཁྱམས་ཤེས་པར་མཛོད། བསམ་པ་ངན་པ་མི་ལ་བྱས་ན། འབྱོར་བ་རྩུབ་པ་རང་ལ་འཁོར། ལས་འབྲས་སྨིན་པ་རེད་དོ། ད་མི་ལབ་བོན་པོ་ཚོས་བཤད་མི་ཆོག་ཟེར། ཨོ་ཉི་ཁྱེད་ལུང་དང་རིགས་པས་བོན་ལ་རྒོལ་བའི་རྩོད་ལ་བྱེད་ནུས་པ་ཡོད་ན། འཆར་ལོའི་བོད་ཟླ་དང་པོའི་ནང་དུ་ཆོས་རྒྱུད་བཞི་ལྔ་དང་གཡུང་དྲུང་བོན་བཅས་རིས་མེད་ཀྱི་རྩོད་གྲྭ་ཚོགས་གཏན་ཁེལ་བས་དེར་ངེས་པར་དུ་ཕེབས་གནང་རོགས། ལུང་རིགས་ཀྱིས་རྒོལ་ན་རྒོལ་བ་ཡིན། དེ་མིན་ཁྱི་སྐད་རྒྱབ་མ་རྒྱབ་མེད་དོ།
ཆོས་རྒྱུད་ལྔ་ཞེས་བཅོས་རོགས།
བོད་ཀྱི་བོན་པོ་ཚོ་རྒྱ་གར་གྱི་ཚད་མ་རིག་པའི་སྲོལ་བོད་དུ་བརྒྱུད་པ་ཚད་མ་སྔ་རབས་པ་ཕྱ་པ་ཆོས་སེང་དང་ཚད་མ་ཕྱི་རབས་པ་འཇམ་མགོན་ས་པན་སོགས་ཀྱིས་སྲོལ་བཏོད་པའི་རྟགས་གསལ་འགོད་པའི་རྩོད་པ་རྒྱག་སར་ཕེབས་ན་ཡག་པོ་མི་འདུག དེ་ལས་བོན་པོ་ཚོས་གནའ་སྔ་མོའི་ལྡེའུའི་རིག་པ་སོགས་བསྐྱར་གསོ་བྱས་ནས་བོད་མི་ཚོར་རིག་པ་སྦྱང་དུ་འཇུག་ཐུབ་ན་རང་འགན་དང་མཐུན་ལ་བོད་ཀྱི་ཐུན་མིན་རིག་གནས་རྒྱུན་འཛིན་དར་སྤེལ་ངོ་མ་དེ་ཡང་རེད། གཟི་བརྗིད་ཆེན་པོ་ཡོང་ས་རེད།
ཁྱི་ལས་དང་། ཁྱི་སྐད་རྒྱག་མཁན་ཁྱེད་རང་ཚོ་རེད། བཀྲ་ཤིས་པ་སྟོན་པའི་འཁྲུངས་སྐར་ཉིན་མོ། ལྟས་་ངན་པའི་ཨག་སྐད་རྒྱག བན་དེའི་ཚད་མ་བརྐུས་ཏེ། ཚུར་བརྒོལ་བ་ནི་རྐུ་་མ་ཧམ་ཅན་དང་། ཁྲེལ་མེད་ཚོས་བརྐུས་ནོར་བདག་པོར་ངོམས་པ་དང་གཉིས་སུ་མ་མཆིས།
ཡང་ཕུང་གསུམ་པ་ཨོ་ཉིས་འཁྲུག་ཟིང་བསླངས་སོང་།
ཚད་མ་སུ་ཡི་རྐུས་མིན་ཟླ་བ་དང་པོར་ཕེབས།
ལུང་རིགས་འཁོར་གསུམ་ཡོད་ན་དེ་དུས་ཐོགས་ལ་ཤོག
ཐེ་ཚོམ་དྲ་བ་ཡོད་ན་དེ་དུས་གཅོད་ལ་ཤོག
སྟག་གི་མཆེ་བ་ཡོད་ན་དེ་དུས་བདར་དུ་ཤོག
ལྐོག་ན་འབུ་བཞིན་ལང་བ་ཕན་པ་མེད།
སྡོམ་པ་ངོ་ལྐོག་སྲུང་ན་ཕན་ཡོན་མེད།
གདོང་ནས་གདོང་ཐུག་བྱེད་པ་ཕོ་ཡི་རབ།
རྒྱལ་ཕམ་ལུང་རིགས་མིན་པ་སུ་ཡིད་ཆེས།
སྟོན་པ་ཐུབ་པའི་དབང་པོ་མཆོག་སྐུ་འཁྲུངས་པའི་དུས་ཚེས་བཟང་པོར། གང་གིས་མཛད་པའི་གཙོ་བོ་བཅུ་གཉིས་ཏེ།
སྟོན་པ་འདི་ཉིད་བསྐལ་པ་གྲངས་མེད་གསུམ་འདས་པའི་སྔོན་སངས་རྒྱས་ཤཀྱཱ་ཐུབ་པ་ཆེན་པོ་ལས་སེམས་བསྐྱེད། དེ་ནས་བཟུང་སྟེ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས། དང་པོ་ལ་འདྲེན་པ་ཡུལ་འཁོར་སྐྱོང་ནས་སངས་རྒྱས་རྣམ་གཟིགས་བར་སངས་རྒྱས་ལྔ་ཁྲི་ལྔ་སྟོང་བྱོན། གཉིས་པ་ལ་ལེགས་མཛད་ནས་དབང་པོའི་རྒྱལ་མཚན་བར་དྲུག་ཁྲི་དྲུག་སྟོང་བྱོན། གསུམ་པ་ལ་མར་མེ་མཛད་ནས་གཙུག་གཏོར་ཅན་བར་བདུན་ཁྲི་བདུན་སྟོང་བཅས་མཉེས་པར་མཛད། དེ་རྗེས་ཚེ་ལོ་བརྒྱ་བའི་བར་སྐབས་སུ་འཛམ་བུ་གླིང་འདིར་སྐུ་འཁྲུངས་རྒྱ་གར་རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས་པ་ཡིན་ཏེ། དེའི་ཚུལ་ནི་གོང་གི་ཚོགས་ལམ་དུ་སངས་རྒྱས་མར་མེ་མཛད་ཀྱིས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་སངས་རྒྱས་དང་ཉེ་བའི་སྲས་ཆེན་སེམས་དཔའ་ཆེན་པོ་ལྷ་ཡི་བུ་དམ་པ་ཏོག་དཀར་པོ་དེ་དགའ་ལྡན་གནས་སུ་རྣམ་མཁྱེན་རྒྱལ་བའི་རྒྱལ་ཚབ་ཏུ་བཞུགས་རྗེས་འཛམ་བུའི་གླིང་དུ་འགྲོ་བ་འདུལ་བའི་ལུང་བསྟན་དུས་ལ་བབས་ཏེ་རྒྱལ་ཚབ་མ་ཕམ་པ་བསྐོས་ནས་ཚེ་འཕོས་པ་དང་གཅིག རབ་བརྟན་གླང་པོའི་རྣམ་པས་རྒྱ་གར་གྲོང་ཁྱེར་སེར་སྐྱར་ཤཀྱཱའི་རྒྱལ་པོ་ཟས་གཙང་མའི་བཙུན་མོ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་པ་དང་གཉིས། དེ་ནས་ཟླ་དགུ་ངོ་གཅིག་གི་མཚམས་ཤིང་ལུམྦི་ནིའི་ཚལ་དུ་ཡུམ་གྱི་རྩིབ་ལོག་གཡོན་ནས་སྐུ་མཆོག་མངོན་པར་བལྟམས་དང་གསུམ། བཟོ་ཡི་གནས་ལས་སོགས་པ་རིག་པའི་གནས་ཐ་དག་སྐྱེས་ཐོབ་ཤེས་རབ་ཀྱིས་ཡོངས་སུ་གཟིགས་མཁྱེན་མཛད་པ་དང་བཞི། རིགས་སྟོབས་དང་སྒྱུ་རྩལ་གྱིས་ཡོངས་སུ་དཔག་སྟེ་བཙུན་མོའི་འཁོར་དུ་རོལ་ཞིང་རྒྱལ་སྲིད་བསྐྱངས་པ་དང་ལྔ། སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞིའི་སྐྱོན་གཟིགས་ཤིང་འཁོར་བའི་ཁྱིམ་སྤངས་རབ་ཏུ་བྱུང་བར་མཛད་པ་དང་དྲུག ངེས་འབྱུང་དྲག་པོས་དཀའ་སྤྱད་མཛད་པར་ནེརཉྫ་ནའི་འགྲམ་དུ་ལོ་དྲུག་བཞུགས་ཏེ་ལུས་ཤེད་སྨད་པར་མཛད་པ་དང་བདུན། ཕྱོགས་བཅུའི་བདེ་བར་གཤེགས་པས་དབུགས་འབྱིན་མཛད་དེ་ཞིང་པའི་བུ་མོའི་འོ་ཐུག་གསོལ་བས་མཐུ་སྟོབས་རྒྱས་པར་མཛད་པ་དང་བརྒྱད། རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་ལྷ་སྦྱིན་གྱི་དཔུང་ཚོགས་བདུད་རིགས་བྱེ་བ་ས་ཡ་བཏུལ་བར་མཛད་པ་དང་དགུ། དགུང་ལ་བསམ་གཏན་ཆེན་པོའི་ཏིང་ངེ་འཛིན་ལ་རོལ་བའི་ཐུན་ཐ་མར་སྲིད་ལས་བརྒལ་བའི་ཐམས་ཅད་མཁྱེན་པའི་ཞིང་དུ་སངས་རྒྱས་པར་མཛད་པ་དང་བཅུ། བདེན་པ་བཞི་དང་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ཐེག་པ་བཅས་བཀའ་འཁོར་ཐོག་མཐའ་བར་གསུམ་ཡོངས་སུ་བསྐོར་བ་དང་བཅུ་གཅིག ཕན་བདེའི་རྩ་བ་བསྟན་པ་རིན་པོ་ཆེ་ཉམས་མེད་སློབ་མའི་ཚོགས་ཀྱིས་ཟིན་པར་དགོངས་ཏེ་སཱ་ལའི་ཚལ་དུ་མྱ་ངན་ལས་འདས་ཤིང་སྐུ་གདུང་རྒྱས་པར་མཛད་པ་བཅས་མཛད་ཆེན་བཅུ་གཉིས་སུ་མཛད་དོ། གང་གི་གསང་གསུམ་ཡོན་ཏན་དྲན་པ་ལས། གང་གི་མཛད་པའི་ཆ་ཙམ་སྨོས་པའི་དགེ། གང་མཆིས་ཨོ་སྤོབས་གཙོར་བྱས་མར་གྱུར་འགྲོ། གང་སྐུ་བརྩེ་བའི་ལྕགས་ཀྱུས་དྲོངས་མཛོད་གསོལ།
ལེགས་སོ།
ད་འགྲིག་སོང་།
ཆོས་ཡང་དག་པ་ལ་ང་དང་ཁྱོད་ཅེས་འཛིན་པ་མེད་པ་ཞིག་དགོས། “ལེགས་པར་བཤད་པ་གང་ཡིན་སངས་རྒྱས་གསུང་།”ཞེས་ལེགས་སྦྱར་སྐད་དུ། བཀླགས་མྱོང་། བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བ་མུ་སྟེགས་བྱེད་ཀྱིས་ཚུལ་བཟུང་ནས་དམ་ཆོས་སྤེལ་བ། བཅོམ་ལྡན་འདས་ཞལ་བཞུགས་དུས་སུ་བྱུང་། དེ་ཡང་བཀའ་འགྱུར་ན། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་ཐབས་ཀྱི་རྣམ་པར་འཕྲུལ་པ་བསྟན་པ། ཞེས་པའི་མདོ་ཞིག་བཞུགས། དེ་ན་བཅོམ་ལྡན་འདས་ཀྱིས་མུ་སྟེགས་བྱེད་ཀྱི་བུ་བདེན་པར་སྨྲ་བ། སངས་རྒྱས་པ་མ་ཡིན་པའི་ཚུལ་བཟུང་ནས། དམ་པའི་ཆོས་དར་བར་བྱེད་པ་དེ། ད་ལྟ་འདས་མ་འོངས་རྣམས་སུ་ཡིན་པ། བཅོམ་ལྟན་འདས་ཀྱིས་ལུང་བསྟན་མཛད། འདིར་ང་དང་ཁྱོད་ཅེས་ཕྱོགས་འཛིན་གྱི་ལྟ་བ་འཛིན་པ་པོ་རྣམས་ཀྱིས་མདོ་སྡེ་དེ་ལ་གཟིགས་པར་མཛོད་ཅིག ཅེས་ཞུ་བ་མཆིས་སོ།།
ལགས་སོ། བསྟན་པ་སྤེལ་ན་འགྲིགས་མོད། བྱང་ཆུབ་སེམས་དཔའ་ཚུལ་མིན་སྤྱོད་པ་ཅན་མང་པོ་རེད། ཡིན་ན་ཡང་བྱང་ཆུབ་སེམས་དཔའ་གཞན་ཕན་གྱི་བསམ་བློ་མེད་པར། རང་དོན་ཁོ་ན་གཙོར་བཟུང་གིས་མི་རིགས་དང་། རིག་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་བརྒོལ་གྱིས་ལོ་རྒྱུས་རྫུན་མ་བཟོ་མཁན་ཡོད་སྲིད་དམ། ཧཧཧཧཧ
འཛམ་གླིང་གི་ཆོས་ལུགས་ཕལ་ཆེར་གཅིག་གི་ཤན་གཅིག་ལ་ཞུགས་ཡོད་པས། ས་འོག་ནས་གློ་བུར་དུ་ཆུ་བརྡོལ་བ་ལྟ་བུའི་ཆོས་ལུགས་མང་བོ་མེད། ཡེ་ཤུའི་ཆོས་ལུགས་ནི་རྗེའུ་ཆོས་ལུགས་ལས་བྱུང་བ་དང་། རྒྱ་གར་ནས་དར་བའི་ཆོས་ལུགས་ཚང་མ་ཕན་ཚུན་བར་ལ་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་པས་གཞན་དང་མ་འདྲེས་པའི་གྲུབ་མཐའ་གཙང་མ་རྙེད་དཀའ། རྒྱ་ནག་གི་ནང་ཆོས་ལ་ཏོ་ཅོའི་ཤུགས་རྐྱེན་ཐེབས་ཡོད་པ་ལྟ་བུས་མཚོན། མགོ་མཁྲེགས་ཤིང་གུ་དོག་མཐོང་རྒྱ་ཆུང་བའི་གནས་བརྟན་སྡེ་བའི་གྲྭ་བ་ཁ་ཤས་ཀྱིས་ཁོ་རང་ཚོའི་ལུགས་སྲོལ་མ་གཏོགས་ཐེག་ཆེན་སོགས་གཞན་སངས་རྒྱས་ཀྱི་ཆོས་གཙང་མ་མ་ཡིན་སྙམ་པའི་ང་རྒྱལ་འཆང་གི་ཡོད་ལ། ལྟ་ཚུལ་དེ་ནི ནོར་འཁྲུལ་ཏེ། སངས་རྒྱས་པ་ཡིན་ན་གནས་བརྟན་སྡེ་བ་ཡིན་དགོས་སྙམ་པ་ནི་གླེན་རྟགས་ཚ་བོར་ཟད།
བོད་ཀྱི་མཁས་པ་ཁ་ཅིག་གིས་བོན་ལ་ནང་གསེས་སུ་བརྡོལ་བོན་དང་། བསྒྱུར་བོན། འཁྱར་བོན་བཅས་གསུམ་དུ་བཀར་ནས་བརྡོལ་བོན་ཞེས་བོད་རང་ནས་གསར་དུ་བྱུང་བ་ཞིག་ཡོད་པར་བཤད་ཀྱང་འཐད་དཀའ། བོད་ཀྱི་མཐོ་སྒང་སུ་མིའི་སྤྱི་ཚོགས་འགོ་ཚུགས་པ་ནས་བཟུང་འདས་པའི་ལོ་སྟོང་ཕྲག་དུ་མར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ལུགས་སྲོལ་དང་ཆོས་ལུགས་ཕན་ཚུན་བརྗེ་རེས་བརྒྱབ་ཡོད་པ་མ་ཟད། གནའ་བོའི་བོད་མི་ཕལ་ཆེ་ཤོས་ནི་ཨེ་ཤི་ཡ་ཤར་མ་ནས་གནས་སྤོ་བྱེད་མཁན་དང་། སྟག་གཟིག་སོགས་ལ་སྔོན་ཆད་ནས་འབྲེལ་འདྲིས་ཟབ་མོ་བྱུང་བས། བརྡོལ་བོན་ཟེར་བའི་རང་བྱུང་རྐྱེན་མེད་བོད་ཀྱི་ཆོས་ལུགས་ཤིག་ཡིད་ལ་འཆར་དཀའ།
ཁྱེད་ཅག་འགའ་རེས་བོོན་པ་ཚོས་ལྟ་སྒོམ་སྤྱོད་གསུམ་ཚང་མ་ང་ཚོའི་རྩ་ནས་བརྐུས་པ་རེད་ཅེས་བཀའ་བཀྱོན་གཏོང་བ་འདི་ཕྱོགས་རིས་ཅན་གྱི་གཏམ་དུ་མཐོང་། བོན་པོ་ཚོས་བན་དེ་ཚོའིརྩ་ནས་གདམས་ངག་མང་བོ་ཕར་ཁྱེར་བ་བདེན་མོད། བན་དེ་ཚོས་ཀྱང་བོན་པོ་ཚོའི་རྩ་ནས་གདམས་ངག་མང་བོ་ཁྱེར་ཡོད་པས་འདྲ་མཉམ་དུ་གྱུར། དེང་སང་བོད་ཀྱི་བན་དེ་དམར་ཧྲིག་ཧྲིག་མང་བོ་རྒྱ་ནག་དང་ཐེ་བན་སོགས་ལ་ཕེབས་ནས། གཡང་འབོད། བགེགས་བསྐྲད། རླུང་བསྐྱེད། འདྲེ་འདུལ། མནོལ་བསང་། ལུང་བསྟན། པྲ་འབེབ། བྱབས་ཁྲུས། མོ་རྩིས། བསང་གསུར། ལྷ་འབེབ་སོགས་ཆོ་ག་སྣ་ཚོགས་བཏང་ནས་ཕྲིན་ལས་རྒྱ་ཆེན་པོ་འབྱུང་བཞིན་པ་འདི་ཚོ་སྤུན་ཟླ་བོན་པོ་ཚོའི་བཀའ་དྲིན་ཡིན་པ་དྲན་པར་མཛོད། དེས་ན་ཐུའུ་བཀྭན་ཆོས་ཉིས། བོན་ལ་ཆོས་འདྲེས་ཆོས་ལ་བོན་འདྲེས་པས༼ལུང་དེ་ཇི་བཞིན་དྲན་མ་སོང༽།ཞེས་གསུངས་པ་གཟུ་བོར་གནས་པའི་གསུང་ངོ་། །
གཞན་ཡང་བོན་གྱི་ལོ་རྒྱུས་མང་བོ་ཞིག་རྒྱ་བོད་ཧོར་གསུམ་གྱི་ཡིག་ཚང་ལ་མ་གྲགས་སོ་ཟེར་ན། བོན་ཙམ་དུ་མ་ཟད་ང་ཚོ་བན་དེའི་ལོ་རྒྱུས་མང་བོ་ཞིག་རྒྱ་བོད་ཧོར་གསུམ་གྱི་ཡིག་ཚང་གང་ལ་མ་གྲགས་ཤིང་། དག་སྣང་ལ་བརྟེན་ནས་བྱུང་བ་མང་དུ་བཞུགས་པས་དེ་དག་དགག་དགོས་པར་འགྱུར་བས་ཐལ་ཆེས་པ་མ་ཡིན་ནམ། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། །རང་ལ་བལྟ་བའི་མེ་ལོང་དགོས།།ཟེར་བ་དེ་རང་གཞན་ཉམས་སུ་ལེན་འོས་པའི་རྡོ་རྗེའི་ཚིག་བདུད་རྩི་ལྟ་བུ་ལགས།
བོན་ཀྱི་རྣལ་འབྱོར་བ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལྟ་བུ་ནི་བན་བོན་ཚང་མས་གཅིག་མཐུན་གྱིས་དད་པ་བྱེད་ཡུན་རེད། བོན་པོའི་ནང་ལ་འཕགས་པའི་གང་ཟག་མང་བོ་ཡོད་ལ། བོན་ཆོས་བསྒྲུབ་ན་ཐར་པའི་ལམ་ཐོབ་པར་ཐེ་མི་ཚོམ་ན། བགྲོ་གླེང་གནང་ན་མི འོས་མེད་ཀྱང་། བོན་ཆོས་དང་བོན་པོ་ཚོར་སྨ་འབེབས་བརྙས་བཅོས་གཏོང་བར་རྗེས་སུ་ཡིད་རང་བྱེད་ཀྱི་མིན།
ཞེས་བན་དེ་འོད་གསལ་ནས།
ཆོས་བོན་རྣམ་དབྱེ་འབྱེད་ལ་གྱིད་ལུག་གྱུར།
བོན་གྱི་བཅོས་ཀས་ཕན་པ་ཀུན་གྱི་རེ།
བོན་པོ་ཇུ་ཐིག་ཅན་ལ་བླང་འདོར་འདྲི། ་ལུང་དེ་རྣམས་ཁྱེད་ཀྱིས་མ་ཐུགས་དྲན་མ་གསོས་པ་དེར་མཚམས་སྦྱོར་ཞུས་པ་ཡིན།
༼ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས།
ཆོས་བོན་རྣམ་དབྱེ་འབྱེད་ལ་གྱིད་ལུག་གྱུར།
བོན་གྱི་བཅོས་ཀས་ཕན་པ་ཀུན་གྱི་རེ།
བོན་པོ་ཇུ་ཐིག་ཅན་ལ་བླང་འདོར་འདྲི།༽
ཞེས་ལུང་དེ་རྣམས་ཁྱེད་ཀྱིས་ཐུགས་དྲན་མ་གསོས་པ་དེར་མཚམས་སྦྱོར་ཞུས་པ་ཡིན།
བན་དེ་ལགས། དེ་ལས་གཞན་པའི་ལུང་གཞན ཞིག་ཡོད་པ་རེད།
༼ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང།
ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།
ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས།
ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུགས་གྱུར།
བོན་ཞེས་སྨོད་ཀྱང་གལ་ལ་ཐུག་པའི་དུས།
བོན་ལྟར་གྱེར་ལ་དགའ་ཞིང་གཏོ་ཐབས་སོགས།
བོན་གྱི་བཅོས་ཀས་ཕན་པ་ཀུན་གྱི་རེ།
བོན་པོ་ཇུ་ཐིག་ཅན་ལ་བླང་འདོར་འདྲི།༽
ཞེས་ལུང་དེ་རྣམས་ཁྱེད་ཀྱིས་ཐུགས་དྲན་མ་གསོས་པ་དེར་མཚམས་སྦྱོར་ཞུས་པ་ཡིན།
འདི་ན་ཚང་འདུག་གམ། དེ་མིན་ངས་མི་དྲན་ནོ།
དེ་རང་རེད་ལགས། “ཆོས་ལ་བོན་འདྲེས་བོན་ལ་ཚོས་འདྲེས་པས། །”
Welcome you
དཀོན་མཆོག་གསུམ་གྱི་ཡིན་ལུགས་མ་ཤེས་པས།
དགེ་འདུན་གྲལ་མགོ་ཕ་རྒན་མང་པོས་བཟུང་།
ལུག་རྟོགས་དམ་ཆོས་ཚུལ་བཞིན་མ་སྦྱང་པས།
བཅོམ་ལྡན་འདས་ལ་ཤཀྱའི་རྒྱལ་པོ་ཟེར། །
གཞན་ཕན་བྱང་ཆུབ་ཟེར་བའི་གཡོ་སྐད་འདི།
སྐྱ་མིན་སེར་མིན་་དག་གིས་ཆབ་སྲིད་བྱས།
ཉམས་སུ་ལེན་རྒྱུའི་ཆོས་དེ་མ་བླངས་པས།
བདུད་རྩིས་ཟུག་རྔུ་འབྱིན་པ་སྨྱོ་གཏམ་ཡིན། །
བདེན་པ་ཞེས་པའི་ཤེས་བྱའི་གནས་ལུགས་འདི།
སངས་རྒྱས་སྒམ་པོས་མཛད་པའི་ལོ་རྒྱུས་མེད།
སེམས་ཅན་མགྲིན་པོས་བཅོས་སུ་ག་ལ་ཡོད།
བསོད་ཟད་དག་གིས་དེ་བས་ག་ལ་མཐོང་། །
ཤེས་འབྱོར་སྲིད་གསུམ་མངའ་ཐང་འཁྱགས་ལ་སྦྱར།
མགོ་ནག་བོད་མིའི་བདེ་སྐྱིད་རྩ་བ་དཀྲུགས།
འཇིག་རྟེན་སྐྱེ་བོའི་གྲལ་མཐར་ཉུལ་དགོས་པ།
བན་དེ་དམ་ཉམས་ཁྱེད་ཚོས་བྱས་རྗེས་ཡིན།།
སྐྱུར་འཐུང་མཚོན་ཆ་བཟུང་ནས་ངན་སྔགས་ཟློ།
དམ་ཚིག་ཚུལ་བཞིན་མི་བསྲུང་གང་དྲན་བྱེད།
དངུལ་དང་འཁོར་བར་ཞེན་ནས་ཕྱི་རྒྱལ་ཉུལ།
ཐུབ་པའི་ཞབས་ནས་འདྲེན་པའི་ལྟས་ངན་ཁྱོད་། །
བོན་བོད་ལོ་རྒྱུས་གསེར་རིའི་གཏོས་དང་མཉམ།
ལོག་པའི་ལམ་བཞུགས་དག་གིས་གཞལ་བྱ་མིན།
ཆོས་ཁུངས་བོན་ལ་ཐུག་པ་བོད་ཀྱི་ལུགས།
ཨ་ཙཱ་ར་ཡི་ཨ་བུས་ག་ལ་མཐོང་། །
ནད་ཀྱིས་གདུང་བ་སྨན་གྱིས་གསོ་བ་དང་།
གདོན་གྱིས་བཙས་པ་གཏོ་ཡིས་བཅོས་པ་སོགས།
རང་ལུགས་བོད་ཀྱི་རིག་པའི་གནས་ཀུན་ལ།
ཐན་དུ་ལྟ་བའི་བན་ལོག་བསོད་ཟད་མང་། །
སྒྲུང་དང་ལྡེའུ་གསང་བའི་གནད་དོན་རྟོགས་།
ཕྱྭ་དང་གཡང་གི་དམུ་ཞག་རྟག་ཏུ་འཁོར།
རྒྱལ་རབས་སུམ་ཅུའི་གཟི་བརྗིད་བོན་དང་འབྲེལ།
སྐུ་གཤེན་གཙང་མའི་འཕྲིན་ལས་རྒྱས་པར་ཤོག། །
ཤཀ་ཐུབ་མ་སྐྱེས་གོང་ནས་མཚན་ཉིད་ཡོད།
པད་འབྱུང་མ་རྫུས་སྔོན་ནས་གསང་སྔགས་དར
ངོ་ཚ་བྲལ་བའི་རྫུན་རྒན་ཁྲེལ་མེད་འདིས།
བདེན་པའི་གནས་ལུགས་མི་ཤེས་ཐག་ཆོད་རེད། །
ལྟས་ངན་འུག་པས་ཐན་སྐད་འདོན་པ་བཞིན།
གངས་རིའི་ལྗོངས་ལ་ཤེས་བྱའི་དབུལ་བར་གླེང་།
རོང་རྒན་འཆལ་པོའི་རྗེས་འཇུག་སྐལ་ཆད་འགས།
རང་ཡུལ་བོད་ཀྱི་གཟི་བརྗིད་ཡང་ཡང་བརྙས། །
བླང་དོར་མཁས་དག་བོད་ལུགས་གཙིགས་སུ་བཟུང་།
གཡེམ་རྒྱུག་གཅམ་བུས་རོང་ལུགས་སྐྱབས་སུ་བསྟེན།
ཕུགས་འདུན་མེད་པའི་རྐྱལ་སྟོང་དུམ་བུ་འགའ།
ད་དུང་རང་ངོ་མ་འཕྲོད་སྙིང་རྗེའི་གནས། །
ན་བཟའ་པད་ལོ་རིས་དྲུག་ལུས་ལ་གྱོན།
ཐུགས་དམ་མདོ་སྔགས་སེམས་གསུམ་ཉམས་སུ་བླངས།
རྨད་འབྱུང་ཐེག་ཆེན་འདུལ་ཁྲིགས་གཙང་མས་རྒྱན།
གཡུང་དྲུང་བོན་བསྟན་སྲིད་མཐར་རྒྱས་པར་ཤོག། །
ཆོས་གོས་རྣམ་གསུམ་བོད་ལ་གྱོན་མཁན་མེད།
སྡེ་སྣོད་གསུམ་པོ་དགེ་སློང་སེར་པོས་ཁྱེར།
བསླབ་པ་གསུམ་གྱི་བརྒྱུད་པ་རྩ་གཏོར་བཏང་།
བན་རྒན་རང་གིས་སྡིག་བྱས་རང་ལ་སྨིན། །
བོན་པོའི་རི་བསང་ཕྱ་གཡང་བན་དེས་བརྐུས།
ཞིང་བཅུ་གསོད་ཅིང་ཤ་དང་ཁྲག་ལ་རྔམ།
དམག་ཁྲུག་སྒྲུང་གིས་འབྲོག་པ་མགོ་སྐོར་བཏང་།
འདི་ཚོ་བན་དེའི་རང་ཚུགས་ངོ་མ་ཡིན། །
རྙིང་མའི་སྔོན་ནས་བོན་ལ་གསང་སྔགས་ཡོད།
གསང་སྔགས་འཆང་བ་གཡུང་དྲུང་བོན་ཞེས་བརྗོད།
ཐོས་པ་ཕྱོགས་མེད་བྱེད་པ་མཁས་པའི་ལུགས།
གྲུབ་མཐའི་གསང་བ་རྟོགས་པའི་ཤེས་རབ་འཕེལ། །
ཡ་ཀི་བོན་ནས་ཏོག་ཙམ་མར་ལ་བླངས།
ཕ་ཀི་ཧིན་རྡུའི་དྲུང་ནས་ཅུང་ཙམ་བརྐུས།
མ་ཀི་དགེ་སེར་མདུན་ནས་ཉུང་ཙམ་འཕྲོག།
ཤཀ་ལུགས་རྡོག་རོལ་གཏོང་མཁན་ཁྱེད་ཚོ་ཡིན།
བྱང་ལ་འགྲོ་དུས་སྟོད་འགག་སེར་པོ་གྱོན།
ལྷོ་ལ་སླེབས་དུས་སྟོད་འགག་བརྩིས་མེད་བཏང་།
བུ་མོར་རྔམ་དུས་སྔགས་ཆས་དཀར་པོ་གྱོན།
ངོ་ཚ་མེད་པའི་བན་རྒན་བསྟན་བཤིགས་ལགས། །
ཤཀྱ་ཐུབ་པས་སྟོད་གོས་གྱོན་རབས་མེད།
ཁྱེད་ཚོར་ཡོད་པ་སྟོད་གོག་རྗེན་པ་ཡིན།
སྟོད་གོས་སེར་པོ་སྔོན་པོ་གང་ཡིན་ནའང།
དེ་དག་ཐམས་ཅད་བོན་ལ་དབང་བ་ཡིན། །
བོན་པོའི་དྲུང་ནས་རྫོགས་ཅེན་ལོ་མང་བསླབས།
རང་མགོ་ཐོན་དུས་ཁྱི་རྒན་ངར་སྐད་སྒྲོག།
བོན་རྒནའཇའ་ལུས་ཕེབས་ཐེངས་རེ་རེ་ལ།
རྙིང་རྒན་དྲན་མེད་བརྒྱལ་ཐེངས་རེ་རེ་ཡིན། །
སྤུ་རྒྱལ་བཙན་པོའི་གདུང་རབས་གསེར་དུ་བྲིས།
རྒྱལ་གཤེན་བསྟན་པའི་དབུ་འཕང་དགུང་ལ་བསྟོད
བོད་ཡུལ་བདེ་ཞིང་སྐྱིད་པའི་ལོ་རྒྱུས་འདི།
བོན་པོ་འགའ་ཡི་སྤོབས་པའི་དང་མ་ཡིན། །
ཆོས་བོན་ལྟ་གྲུབ་གཅིག་ཏུ་འདོད་པ་ནི།
བན་རྒན་ཡ་མ་སླ་ཡི་ལམ་ལུགས་ཡིན།
བོན་གྱི་བསྟན་པ་རང་ལུགས་བཙང་མ་འདི།
གངས་ཅན་བོད་ཀྱི་བསོད་ནམས་འཁོར་ས་ཡིན། །
ལམ་གོག་གཅིག་ཏུ་གཤེགས་པའི་རེ་སྟོང་དང་།
ཐམས་ཅད་ཁྱོད་དགའི་ཆོས་ལ་བཅུག་འདོད་ནི།
བན་རྒན་རི་གླང་འདྲ་བའི་བྱ་སྤྱོད་ཡིན།
གཡོ་སྒྱུའི་འདོད་དོན་མི་འགྲུབ་ཐག་ཆོད་རེད། །
ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང།
ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།
ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས།
ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུགས་གྱུར།
ཞེས་པ་འདི་བདེན་པ་རེད། བོད་ཀྱི་བོན་ཆོས་གཉིས་ནི་ཕར་འདྲེས་ཚུར་འདྲེས་རྩམ་ཕྱུར་བསྲེས་པ་ནང་བཞིན་རེད། ཧཧཧཧཧ།
བན་བོན་གཉིས་ཀས་ནང་རྩོད་རེ་ཞིག་བཞག་རོགས།
ད་རེས་ Bon Po ཟེར་བའི་འགོང་པོ་འདིས་དོན་མེད་ས་ལ་རྙོགས་དྲ་འཁྲིད་བྱུང་། དེ་རྗེས་ཨོ་ཉི་དང་། ཡང་འོད་གསལ་འདིས་རྙོགས་དྲ་འདིའི་སྲོད་འཐུད་ནས་ཡང་རྙོགས་དྲ་མ་བཟོ་ཟེར། ཁྱེད་ཅག་ལ་སེམས་མ་དགའ་སོང་། དུས་གཞན་ཞིག་ན་རང་གི་བསྟན་པ་ལ་ཁ་ཟེར་དུས་ཁ་བཙུམ་ནས་སྡོད་ནི་མིན།
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
མེ་ཏོག་དཀར་པོ་ལགས། ཐུགས་ཁྲོ་མ་གནང་། རྩོད་པ་ཅུང་བྱས་ན་སྐྱོན་ཅི་ཡང་ཡོད་མ་རེད། ཆགས་སྡང་མ་བཟུང་ནས་ཕན་ཚུན་གུས་ཞབས་སྒོ་ནས་རྩོད་གླེང་བྱས་ན་ཕན་ཚུན་བར་ལ་གོ་རྟོགས་བརྗེ་རེས་དང་མཛའ་མཐུན་ཡོང་བར་ཕན་ཡོང་།
བོན་པོ་དེ་ཚོ་རྫུན་བཟོ་ལ་དགའ་བ་དེ་ཁོ་ཚོས་མིང་བེད་ཆོད་གཏོང་ཚུལ་ལ་ལྟོས་དང་ཤེས་ངེས། མིང་དངོས་གནས་བེད་ཆོད་གཏོང་བ་ལ་ངོ་ཚ་ནས། མིང་རྫུན་རྐྱང་རྐྱང་བེད་ཆོད་ཀྱིས་་་་་་་་་་་་་་་་་་་་་་་་་་་་་་་་དཔེར་ན་་་་་་་་་་་་་་་་་་་་་་་་་བན་དེ་བ། བོན་པོ་་་་་་་་་་་་་་་་་་་་་་་ཧཧཧཧཧ
ཨོ་ཉི་འདི་ཁོ་རང་གི་ཤ་ཉེ་བཞིན་རྩ་ཚང་མི་འདུག་གམ། བན་དེ་བ་ཞེས་པ་་་་་བཙུན་པ་ལ་གོ་བ་ལས་་་་ཁྱོད་ཀྱིས་སྤྱོད་པའི་ཆོས་ལུགས་ཁོ་ནར་གོ་བ་གང་ནས་བཤད་འདུག་གམ། ཚིག་མཛོད་རིགས་ལ་དོ་སྣང་བགྱིས། ཧ་མ་གོ་བར་་་་ཧུཾ་ཧུཾ་ཕཌ་ཕཌ་མ་བཤད་རོགས།
བཀའ་དང་བསྟན་བཅོས་ཡོད་ཚད་བརྐུས་ཚར་རེད། ད་མིང་དེ་ཡང་བརྐུས་སོང་ན། དེ་ནས་བན་དེ་ཚོར་གང་ཡང་ལྷག་ས་རེད། མདོས་གླུད་བཏང་བ་དེ་ཚོ་ཡང་བསྣམ་ནས་ཕེབས་ན་འགྲིགས་པ། ཧཧཧཧཧཧཧཧཧཧ
ས་སྐྱ་་་དགེ་ལུགས་་་་བཀའ་རྒྱུད་་་་ཇོ་ནང་་་་སོགས་བོད་རྒྱུད་ནང་བསྟན་པ་ལ་མེད་པའི་རྫོགས་ཆེན་དེ་བརྐུས་རྟགས་དང་པོ་རེད། གཞན་མ་ཚོར་ཐེག་པ་དགུ་མེད་པར་་་་་ཁྱོད་ལུགས་ལ་ཐེག་དགུར་འདོད་པར་བརྐུས་རྟགས་རེད། དེ་བྱེད་དུས་ལྡན་མ་སྟོང་དཔོན་དྲན་ཡོང་གི། ཇུ་ཐིག་ནི་འཇུ་མི་ཕམ་པས་བརྐུས། ལྷ་སངས་ལས་སོགས་མང་པོ་སློབ་དཔོན་གྱིས་བརྐུས། འབུམ་བཞི་ནི་གཡུ་ཐོག་གིས་བརྐུས། ད་དུང་ཀོང་སྤྲུལ་རིན་ཆེན་གཏེར་མཛོད་ནང་དུ་ཡོད།
ནང་པའི་ཐེག་པ་རིམ་དགུ་ནི།
ཉན་རང་རང་བྱང་སེམས་གསུམ། ཀྲི་ཡ་ཨུ་པ་ཡོ་ག་གསུམ། མ་ཧྰ་ཨ་ནུ་ཨ་ཏི་ཡོ་ག་གསུམ་དང་དགུའོ། །
བོན་ལུགས་ཀྱི་ཐེག་པ་རིམ་དགུ་ནི།
ཕྱ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་གསུམ། དགེ་བསྙེན། ཨ་དཀར། དྲང་སྲོང་། ཡེ་གཤེན་དང་བཞི་དང་། དེའི་སྟེང་དུ་ཁྱད་པར་ཆེན་པོའི་ཐེག་པ་གཅིག་དང་དགུའོ། །
རང་གཅིག་ཐོལ་འདུག་དགོངས་དག་གོ
མཁན་སློབ་ཆོས་གསུམ་མ་ཕེབས་པའི་གོང་དུ་ཕུན་སུམ་ཚོགས་པའི་རིག་གཞུང་དང་། ལྟ་གྲུབ བརྡོ་སྤྲོད་པའི་གཞུང་མེད་པའི་མི་རིགས་ཤིག་ལ་ཐེག་པ་རིམ་དགུ་ཡོད་ཟེར་བ་བླུན་པོའི་ཨུ་ཚུགས་རེད། རྒྱུ་མཚན་དང་། གཏན་ཚིག་ལ་ངེས་ཤེས་མེད་པའི་ཁྲེལ་མེད་ཚོས་མེད་ན་ཡང་ཡོད་ཅེས། རྡུག་རྒུར་བྱེད་བསྡད་ན་རང་དགར་འཇོག་རྒྱུ་ལས་ཐབས་གཞན་མེད་པ་རེད། ཡོད་ན་ལོ་རྒྱུས་ཚད་ལྡན་ཡོད་དགོས་པ་ལ་དེ་ནི་མེད། བསྒྱུར་བོན་འགོ་འཛུགས་པ་དེ་ཁྲི་སྲོང་དུས་ནས་འགོ་འཛུགས་ཤིང་། དུས་རབས་ཉི་ཤུ་པའི་མཇུག་པར་ཆ་ཚང་ཞིག་བསྒྱུར་མ་བཏུབ་པ་རེད། ད་ལྟ་ཁྱེད་ཅག་གིས་ལྟ་གྲུབ་ཡོངས་རྫོགས་བསྒྱུར་ཟིན་ཡང་། ལོ་རྒྱུས་དང་། སྡོམ་རྒྱུན། བོན་འབྱུང་རྩ་བ་ཞིག་མ་རྙེད་དུས་རྫུན་བཟོ་བྱེད་བཞིན་པ་རེད། ཁྱོད་ཚོས་དུན་ཧོང་ཡིག་ཆ་རྫུན་བཟོ་བྱས་པ་ནས་བཟུང་ལོ་རྒྱུས་ལ་རྫུན་བཟོ་བྱ་བའི་ཐབས་ལམ་མང་པོ་བཏིང་ཡོད་ཀྱང་ལམ་ལྷུང་དེ་འདྲ་ཞིག་བྱུང་མེད་པ་འདྲ།
བརྡ་སྤྲོད་པའི་གཞུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ནོར་བཅོས།
སྦལ་དོང་གི་སྐད་ཆ་བོན་གཞུང་རྒྱ་མཚོ་ལྟ་བུ་ཡོད་བཞིན་དུ། མངོན་སུམ་ལ་ཕུ་རྒྱབ་མཁན་བསྟན་བཤིག་གི་ལྟེ་བོ། འཕུང་དཀྲུགས་ཀྱི་གཞི་མ། སྔ་འགྱུར་བའི་ཞབས་འདྲེན། ཆོས་ལུགས་ཀྱི་དཀྲུགས་རྡོ་རིལ་མོ། ཁྱོད་ཀྱིས་མ་མཐོང་ན་མེད་ཟེར་མཁན་་་་ཧཧཧཧིཧིཧིཧུཧུ་རེད།
བོན་པོ་ལྟ་ངན་མུ་སྟེགས་ཕྱི་པ་ཡིན་པར་ཁྱོད་ཀྱིས་སྒྲུབ་ན། དེས་ཁྱོད་ཀྱི་ཕ་ཆོས་རྫོགས་ཆེན་ཀྱང་དེ་ལྟར་གྲུབ་པར་ཤེས་པར་གྱིས།
ཀུན་མཁྱེན་ཤེར་འོད་དང་སྟག་ཚང་ལོ་ཙ་བས་་་་་་་་་བོན་གྱི་ཐེག་པ་རིམ་པ་དགུ་པ་རྙིང་མའི་རྫོགས་ཆེན་དང་མཐུན་པར་བཤད། མཁས་གྲུབ་ཐམས་ཅད་མཁྱེན་པས། ཅི་ཡང་མི་རྟོག་གང་དུ་མི་འཛིན་པར། མ་བཅོས་གསལ་ལ་མི་རྟོག་ངོས་བཟུང་མེད། བོན་དང་རྫོགས་ཆེན་ཧ་ཤང་ཏིང་འཛིན་ལ། མཆོག་ཏུ་འཛིན་པ་ལྷག་མཐོང་གཟུགས་བརྙན་ཡིན།
རྙིང་རྒན་ཁྱོད་ཀྱི་ཕ་ཆོས་རྫོགས་པ་ཆེན་པོ་དེ་ལ་ཅི་ཞིག་བཤད་མི་འདུག་གམ། ད་དུང་དགེ་ལུགས་ཀྱི་སབུ་མའི་ལྟ་ཁྲིད་སོགས་ནས། ཁྱོད་ཀྱི་ཕ་ཆོས་རྫོགས་པ་ཆེན་པོ་ལ་དགག་པ་ས་ཁེབས་གནམ་ཁེབས་བྱས་འདུག་པས་མཐོང་ཨེ་མྱོང་་་་ད་དུང་ལྡན་མ་སྟོང་དཔོན་གྱིས་ཨོ་སྨྱོན་ཁྱོད་ཚོའི་ཕ་རྒོད་བླ་མ་་་ཀློང་ཆེན་རབ་འབྱམས་པ་ལ་་་ཚུལ་གསུམ་རིགས་པས་འཁོར་གསུམ་ཅི་ལྟར་བསྐོར་འདུག་རིག་ཨེ་མྱོང་་་་རིག་ནའང་མ་རིག་མདོག་མདོག་་་མཐོང་ནའང་མ་མཐོང་མདོག་མདོག་་་ཡིན་ནམ།
ཕ་ཙན་དན་སྡོང་པོ་ལ་་་་་བུ་ཆུ་ཤིང་རུལ་གོག་་་་དེ་རེད། ངོ་ཨེ་འཕྲོད་་་དེ་ཚོ་གལ་མི་ཆེ་བའམ་་་ཕོར་གོག་རྟག་ཆད་གཉིས་ཀྱི་མཐའ་རུ་བསྐྱལ་བ་ཨེ་ཤེས། ཨ་ཀོན་གྱི་སྒོ་ཁྱིའི་སྤུས་ཚད་དེ་ལས་མེད་པ་རེད་དམ། བཀའ་བོན་གཉིས་ནི་འབྲེལ་ལམ་ཡག་པོ་ཡོད། ལྷག་པར་ཏུ་ཀརྨ་པ་སྐུ་གོང་མ་དང་ད་ལྟའི་ཀརྨ་པ་མཆོག་སམིགས་བསལ་གྱི་འབྲེལ་མ་ཡོད་པས་ཁྱོད་ལྟ་བུས་ནམ་ཡང་དཀྲུགས་མི་ཐུབ་་་ཁྱོད་རང་གི་རྨི་ལམ་ཡིན་པར་ཤེས་པར་མཛོད།
ཝེ། ཨོ་ཉི། ཏུན་ཧོང་ཡིག་ཆ་རྫུན་བཟོ་བྱས་ཟེར་དུས་ག་རེ་ལབ་ཀྱི་ཡོད་རེད། ཅུང་ཟད་ཁ་གསལ་དུ་བཏང་ནས་ཤོད་དང་། ཏུན་ཧོང་ཡིག་ཆ་བོན་པོས་བཟོས་པ་རེད་ཟེར་གི་ཡོད་པས་་་་་་་་་་་
ངོ་མ་བཤད་ན་བོན་དང་བན་དེ་ཟེར་བ་ཚོས་བོན་ཕྱོགས་བཟང་རབས་བཤད་ནས་ཆོས་ཕྱོགས་ལ་སྨད་པ་ནི་ཁྭ་ཏ་དང་ཝ་མོས་རང་རྒྱུས་གཞན་ལ་ངོམ་པ་ཙམ་རེད། གང་ཟག་ལ་མི་གཙོ་བར་ཨོ་རྒྱན་ཉི་མའི་རྒྱུ་མཚན་དང་ལྡན་པའི་གཏན་ཚིགས་དག་ལ་བསམ་བློ་གཏོང་བའི་དུས་ཚོད་སླེབས་འདུག
གནའ་དེང་བོན་གྱི་ཤན་འབྱེད།།
2013-5-20 13:47:01
གནའ་དེང་བོན་གྱི་ཤན་འབྱེད།། སྟོན་པ་ཟླ་བྲལ་འདྲེན་མཆོག་ཤཱཀྱའི་ཏོག། བསྟན་པ་རྨད་བྱུང་ལུང་རྟོགས་དམ་པའི་ཆོས།། དགེ་འདུན་ཕུལ་བྱུང་རིག་གྲོལ་འདུས་པའི་སྡེ།། སྐྱབས་གནས་དཀོན་མཆོག་གསུམ་པོ་གཏན་དུ་བསྙེན།། ཆོས་ཀྱི་སྙིང་པོ་གཞན་ཕན་བྱང་ཆུབ་སེམས།། ཆོས་ལམ་ཞུགས་པ་དག་གི་འབྱོར་བའི་མཆོག། ཆོས་འདི་ཉམས་སུ་བླང་དང་མོས་པ་ལ།། ཆོས་སྨན་བདུད་རྩིས་ཟུག་རྔུ་འབྱིན་པར་ཤོག། བདེན་དོན་རྩོད་ན་རང་ཉིད་བདེན་པ་དང་།། བདེན་པའི་ལ་རྒྱ་སྲོག་ལས་གཅེས་པ་དགོས།། ངག་ནས་བདེན་གཏམ་གཏན་དུ་སྒྲོག་ན་ཡང་།། བདེན་པ་ལག་ན་མེད་ན་སྟོང་པ་རེད།། ཤེས་འབྱོར་སྲིད་གསུམ་མངའ་ཐང་དགུང་དུ་བཏེགས།། མགོ་ནག་བོད་མིའི་སྲོག་ལ་དྲན་པ་བཏགས།། འཇིག་རྟེན་སྐྱེ་བོའི་གྲལ་དུ་སྤོབས་པས་ཕྱུག། འདི་དག་ཤཀ་ཐུབ་རྗེས་འཇུག་ཡིན་པའི་རྟགས།། འགྲན་ཟླ་ཀུན་བྲལ་མཉམ་མེད་ཤཀ་ཐུབ་མགོན།། སྲིད་འདིའི་མགོན་དུ་ལྷམ་མེར་ལྷགས་དང་ལྷན།། དཔྱོད་ལྡན་སྐྱེ་བོ་ཕལ་ཆེར་འཇུག་ན་ཡང་།། དམུས་ལོང་འགའ་ཞིག་ད་དུང་རྨོངས་ཤིང་འཁྱམས།། མེད་ཀྱང་སྒྲོ་འདོགས་རྫུན་གྱིས་ལོ་རྒྱུས་བརྩམས།། ཇག་རྐུན་འཁོར་ལོ་བསྐོར་ཏེ་ཡིག་ཚོགས་བསྡུས།། རྒྱ་བོད་ཧོར་གསུམ་ལོ་རྒྱུས་ཀུན་ལ་ཡང་།། མ་གྲགས་ཁྲོན་པའི་སྦལ་བའི་ཁྱུ་གསར་ཞིག། མངའ་མདོས་གླ་གླུད་མོ་བཏབ་རྩིས་རྒྱག་དང་།། སྒྲུང་དང་ལྡེའུ་བྱ་གཡང་འབོད་ཙམ་གྱིས།། རྒྱལ་རབས་སུམ་ཅུ་ལྷག་ལ་བོད་མགོ་སྐོར།། རྨོངས་པའི་ལམ་དུ་བྱིངས་པའི་གཟུ་ལུམ་དག། མཚན་ཉིད་ཐེག་པ་ཤཀ་ཐུབ་གམ་ནས་བརྐུས།། གསང་སྔགས་མ་ལུས་པད་འབྱུང་ཟུར་ནས་འཕྲོག། ད་དུང་ཇག རྐུན་ཁྲེལ་མེད་གཟུ་ལུམ་དག། བདེན་དོན་རྩོད་ཅེས་བདེན་པའི་གྲལ་དུ་ལང་།། ཐོན་མི་ཨ་ནིས་དཀའ་བ་བརྒྱ་ཕྲག་གིས།། འཕགས་པའི་ཡུལ་ནས་བསྒྱུར་བཟོས་ཡི་གེ་དག། ཁ་སྤུ་སྣ་སྤུ་བཏགས་ནས་བོན་གྱིས་ཟེར།། ཁུངས་མེད་འཆལ་གཏམ་སྨྲ་འདིས་ཞེ་ནས་སུན།། གངས་རིའི་མགུལ་དུ་ཡ་མེད་གླང་ཆེན་བཞིན།། ལུགས་གཉིས་ཤེས་བྱའི་ནོར་གྱིས་དབུལ་བ་ན།། ཚ་བའི་རོང་གི་འདུལ་སྦྱོང་མཁས་པ་ཚོས།། སྨྲ་ཤེས་དོན་གོའི་སྤོབས་པ་ཐབས་ཀྱིས་གནང་།། ། བླང་དོར་གནས་ལ་རྨོངས་པའི་གདོད་མའི་བོད།། དམུས་ལོང་དམིགས་བུ་མཁས་པ་སྐྱབས་པ་བཞིན།། ལང་ཕྱོགས་ལེགས་ཉེས་མ་ལུས་བསྟན་ན་ཡང་།། ད་དུང་འགའ་ཞིག་ལུས་འདི་ཉོན་རེ་མོངས།། ལུས་ལ་གྱོན་པའི་ཆོས་གོས་རྣམ་གསུམ་དང་།། ངག་ན་མཛེས་པའི་སྡེ་སྣོད་རྣམ་པ་གསུམ།། ཡིད་ལ་འཛིན་པའི་བསླབ་གསུམ་རིན་ཆེན་དག། ཤཀ྄་ཐུབ་རྗེས་སུ་སློབ་བཞིན་བོན་ཡིན་ཟེར།། བོན་པོ་ཡིན་ན་རི་བསང་ཕྱ་གཡང་གྱེར།། ཤ་ཁྲག་མཆོད་པའི་ཡེ་དང་མདོས་ལ་སློབས།། སྒྲུང་དང་ལྡེའུ་བརྒྱུད་པ་མ་ཆད་བྱོས།། དེ་བས་ཕན་ལ་བོན་ཞིག་ཡོད་རེ་ཀན།། གསང་སྔགས་ཕལ་ཆེར་རྙིང་མའི་འགྲམ་ནས་བརྐུས།། མཚན་ཉིད་ཐེག་པ་ནང་བསྟན་སྤྱི་ནས་བཅོམ།། དེ་ལས་འགའ་ཞིག་དགེ་ལྡན་ཟུར་ནས་འཕྲོག། དགུ་ཐུག་ནང་བཞིན་ལྟ་གྲུབ་ཆག་རོ་བསྐྲུན།། དེང་སང་བོན་པོར་འཁེ་ཆེ་གང་ཟག་རྣམས།། བོན་དགོན་བསླེབ་ཚེ་སྟོད་འགག་སྔོན་པོ་གོན།། དཀོར་གྱི་ཆེད་དུ་ཕྱི་རྒྱལ་བསླེབ་པ་ན།། སྟོད་གོས་ཐམས་ཅད་སེར་པོ་འབའ་ཞིག་བསྒྱུར།། ཀླུ་ཐོགས་གཉིས་ཀྱི་ཞབས་སོར་བརྩེགས་པའི་དྲུང་།། མི་འདོད་བཞིན་དུ་རྡུགས་རྒུར་ལོ་མང་བྱས།། རང་མགོ་ཐོན་དུས་ཕྱི་ས་འདོར་ལ་བྲེལ།། འདི་དག་བོན་མིང་དེ་ཚོས་ཁྱད་ཆོས་རེད།། ལོ་རྒྱུས་ཕལ་ཆེར་དབང་གཞུའི་རྗེས་སུ་ཞུགས།། དོན་དང་དོན་མིན་འབྱེད་པའི་བློ་གྲོས་དབེན།། ཡོད་ཚད་ཞེན་ཁོག་གཅིག་པུས་གཟུང་འདོད་པའི། །དེང་སང་བོན་པོ་འགའ་ཞིག་ཤ་རེ་ཚ།། ད་ལྟའི་ཆོས་བོན་གཉིས་ཀྱི་བླང་བྱ་དང་།། སྐད་ཡིག་རིག་གཞུང་ལྟ་གྲུབ་གཅིག་ཡིན་པས།། གསར་བཟོ་ལོ་རྒྱུས་གྱོན་གོས་བརྒྱུད་པ་སོགས།། ཕྱོགས་སུ་གཅོད་པ་དབྱེན་དུ་འགྱུར་ངེས་པས།། ཆོས་བོན་འཁེ་ཆེ་མཁས་བླུན་མཐའ་དག་གིས།། རིས་སུ་གཅོད་པའི་འདུན་པ་ཡོངས་དོར་ཏེ།། ལམ་བུ་གཅིག་ཏུ་གཤེགས་པའི་རེ་འདུན་དེ།། ཁ་ཞེ་མཐུན་པའི་གཏན་ཚིག་འདི་ནས་སྒྲོག།
འདི་ནས་
http://blog.amdotibet.cn/ogyenling/archives/89475.aspx
ཀློང་ཆེན་པ་ལ་འཁོར་གསུམ་རྒྱག་ཐུབ་མཁན་འཛམ་གླིང་ན་མེད་ན། ལུང་ཁུག་ཅིག་ནས་ཇི་ལྟར་བསླེབ་སོང་བ་རེད། བཀའ་བོན་མཐུན་སྒྲིལ་ཡོད་ན། ཆོས་བོན་གཉིས་འཆམ་མཐུན་ཡོད་མེད་རང་རང་སོ་སོ་རེད། སྐད་ཆ་བཤད་རྒྱུ་ཡོད་ན་ང་ལ་ཤོད། གཞན་པ་ཚོས་མཚན་འདིའི་ནང་ཁྲིད་མ་ཡོང་། དུས་རབས་བདུན་པའི་སྔོན་ལ་རྫོགས་ཆེན་བོད་ལ་མེད་ན། བདེན་རྫུན་བཤད་རྒྱུ་མེད་པ་རེད། གཉན་པོ་གསང་བ་གང་ཡིན་ངོ་མ་ཤེས་མཁན་ཞིག་ལ། རིག་གཞུང་ཕུན་སུམ་ཚོགས་པ་ཡོད་ཟེར་ན། དགོད་ཤོར་བའི་སྐད་ཆ་རེད། གཉའ་ཁྲི་བཙན་པོའི་མཁར་ལ་གཅིག་ལྟོས་དང་། སྟོབས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ནང་བཞིན་ཡོད་ས་རེད་པས། ཡོད་ཚད་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་དབུ་བརྙེས། སྲོང་བཙན་སྒམ་པོས་སྲོལ་བཏོད། ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་བྱས་ནས་ཡོང་བ་རྐྱང་རྐྱང་རེད། རྫོགས་ཆེན་སློབ་དཔོན་པདྨ་དང་། བི་མ་ལ་མི་དྲ། བེ་རོ་ཙ་ན། སློབ་དཔོན་སངས་རྒྱས་གསང་བ་ལས་བརྒྱུད་པ་རེད། སློབ་དཔོན་སངས་རྒྱས་གསང་བ་མངའ་རིས་ལས་དབུས་གཙང་ཁུལ་དུ་ཕེབས་མ་ཐུབ་པ་འདྲ། དེ་ཡིན་དུས་བོན་པོ་ཚོར་བརྐུ་རྒྱུ་མང་པོ་རག་ཡོད་རྒྱུ་རེད།
དུན་ཧོང་ཡིག་རྫུན་ཆབ་སྲིད་པ་དང་། བོན་པོ་ཚོས་བཟོས་པའི་ཡིག་རྫུན་རེད། དེང་སང་ཧྥི་རན་སི་དང་། རྒྱ་ནག་སོགས་གང་སར་འཁྱམས་པའི་ཡིག་འཐོར་དེ་ཚོར་ཁུངས་གཏུག་ཅིང་། རང་ཉིད་ཆེན་པོ་རློམས་པའི་དམུན་པོ་དེ་ཚོ་ལ་གཅིག་ལྟོས་དང་། ཧཧཧཧཧཧཧཧ
གསང་སྔགས་རྙིང་མ་དང་གཡུང་དྲུང་བོན་གྱི་ལུགས་གཉིས་ལས་བྱུང་བའི་ཐེག་པ་རིམ་དགུའི་རྣམ་བཞག་ཅེས་པའི་དེབ་ཀྱི་དབུའི་གླེང་བརྗོད་ནང་ཝཱ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་གྱིས་འདི་ལྟར་བྲིས་འདུག
རྒྱ་གར་འཕགས་པའི་ཡུལ་དུ་ཐེག་པ་རིམ་དགུ་ཞེས་པ་ཡོངས་སུ་གྲགས་པ་ཡིན་པར་མི་མངོན་ཞིང་། འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱིས་ཀྱང་དེའི་རྣམ་བཞག་མཛད་པ་དངོས་སུ་མི་གསལ་བ་མ་ཟད། བོད་ཀྱི་སངས་རྒྱས་པའི་ཆོས་རྒྱུད་གཙོ་ཆེ་བཞིའི་ནང་ནས། ས་དགེ་བཀའ་གསུམ་གྱི་ལུགས་ལའང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་རྣམ་བཞག་ལས་ཐེག་པ་རིམ་དགུའི་ཐ་སྙད་དང་སྦྱར་ནས་རྣམ་བཞག་གསུངས་པ་མེད་ཀྱང་། བོད་གངས་ཅན་གྱི་ལྗོངས་སུ་གསང་སྔགས་རྙིང་མའི་ལུགས་ལ་ཐེག་པ་རིམ་དགུའི་རྣམ་བཞག་དར་ཁྱབ་ཆེན་པོ་བྱུང་ཡོད། ཅེས་གསལ།
ཡང་དཔྱད་ཞིབ་པ་བསམ་གཏན་ཆོས་འཕེལ་གྱིས། སྤྱིར་རྒྱན་དྲུག་མཆོག་གཉིས་སོགས་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱི་གསུང་བོད་སྐད་བོད་དུ་འགྱུར་ཅིང་ད་ལྟ་བཞུགས་པའི་ནང་དུ། ཐེག་པ་རིམ་དགུའི་རྣམ་བཞག་དངོས་སུ་གསུངས་པ་གང་དུའང་མ་མཇལ། འོན་ཀྱང་ཡུལ་གངས་ཅན་དུ་ཐེག་པ་རིམ་དགུ་ཞེས་རླུང་ལྟར་གྲགས་ཆེ་ཡང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ལས་ས་དགེབཀའ་གསུམ་གྱི་ལུགས་ལ་ཐེག་པ་རིམ་དགུའི་རྣམ་བཞག་གཏན་ལ་ཕབ་པ་མེད་ཀྱང་། གསང་སྔགས་རྙིང་མའི་ལུགས་ལ་འདིའི་རྣམ་བཞག་རྒྱས་ཤིང་རྒྱས་པ་གཏན་ལ་ཕབ་ནས་ཡོད་པ་དེ་དག་གི་ཁུངས་སོགས་རིམ་བཞིན་དུ་བརྗོད་པར་བྱ་བ་ལ། དེ་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་དང་། རྒྱུད་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སོགས་ལ་ཁུངས་བཅོལ་བ་ཡིན་ཏེ། དེ་ཡང་མདོ་སྡེ་ལང་གཤེགས་ལས།༡༠༥ ཇི་སྲིད་སེམས་ནི་འཇུག་པའི་བར། ཐེག་པའི་མཐའ་ལ་ཐུག་པ་མེད། ཅེས་པའི་ཚིག་རྐང་གཉིས་པོ་འདི་ཐེག་པ་རིམ་དགུ་ཡོད་པའི་ཁུངས་བཙན་ཤོས་སུ་བརྩིས་པར་སྣང་། འོན་ཀྱང་ཚིག་རྐང་གཉིས་པོ་འདིའི་སངོན་དུ་ཐེག་པ་མདོར་བསྟན་པ་ནི། མདོ་སྡེ་དེ་ཉིད་ལས།༡༠༦ ལྷ་ཡི་ཐེག་པ་ཚངས་ཆེན་དང་། ཉན་ཐོས་ཀྱི་ཡང་དེ་བཞིན་དུ། རང་རྒྱལ་དེ་བཞིན་གཤེགས་པ་སྟེ། ཐེག་པ་དེ་རྣམས་ངས་བཤད་དོ། །ཞེས་མངོན་མཐོ་ལྷ་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། དེ་བཞིན་གཤེགས་པའི་ཐེག་པ་སྟེ་ཐེག་པ་བཞི་ལས་མི་འདུག
ཡང་ཐེག་པ་རིམ་དགུ་ཡོད་པའི་ཁུངས་སུ། རྒྱུད་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལུང་༡༠༧། མ་རྟོགས་པ་དང་ལོག་པར་རྟོགས། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། འདུལ་བ་དགོངས་པ་གསང་བ་དང་། རང་བཞིན་གསང་བའི་དོན་རྣམས་ནི། ཞེས་སོགས་དྲངས་པར་མཛད་ཀྱང་། ཞེས སོགས་མང་དུ་གསུངས་འདུག་པ་ཚང་མ་བཤུ་ཐུབ་མ་སོང་བས་རྣམ་པ་ཚོས་དེར་གཟིགས་པར་ཞུ།།
སྤྲུལ་གོག་སྤྲུལ་བརྫུས་ཀྱི་སྐད་ཆར་གོ་རྒྱུ་མི་འདུག་ཕྱོགས་རིས་ཀྱི་སྐད་ཆ་ལས་གང་ཡང་མི་འདུག་་་ལུང་རིགས་མི་འདུག གཅིག་བྱས་དམ་ཉམས་འདི་ཡི་དམིགས་ཡུལ་ངོ་མ་དེ་་ཁོས་བརྩམས་པའི་རྩོམ་དེ་ལ་མཆན་རྣམ་གྲངས་མང་པོ་ཞིག་བྱུང་བ་ཡིན་ན་མི་ཚོས་ཁོར་བསྟོད་བསྔགས་འདྲ་བྱེད་མི་ཡོང་ངམ་བསམ་པ་ཡིན་པ་འདྲ། དེ་མིན་གོ་རྒྱུ་ཅི་ཡང་མི་འདུག ཚ་བ་མདའ་སྨྱུག་གིས་བཀག་ཟིན་པ་རེད། བསྐྱར་བརྗོད་མི་དགོས། ལྡན་མ་སྟོང་དཔོན་གྱིས་བཀག་ཟིན་པ་རེད། སྤྱན་མངའ་བ་བློ་གྲོས་ཀྱིས་ཁྱོད་ཀྱི་ཕ་ཆོས་བཀག་ཟིན་པ་རེད།
ངས་ཁྱེད་རྙིང་མའི་བླ་མ་མཁས་པས་མཛད་པ་ནས་ལུང་དྲངས་ཡོད། དེ་ལ་མི་འདོད་རྣམ་འགྱུར་སྟོན་ན་བཏོན།
༼མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། གཤེན་ཡུལ་འོལ་མོ་གླིང་ཆེན་དུ། སྟོན་པ་གཤེན་རབ་མི་བོར་བསྟན། བོན་གྱི་ཐེག་པ་རིམ་དགུ་གསུངས། སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད། བསྡུ་ན་སྒོ་བཞི་མཛོད་ལྔར་འདུས། བན་གྱི་ཐེག་པ་རིམ་དགུ་བསྟན་པའི་ཕྱིར། སྟོན་པ་ཤཀྱ་ཐུབ་པར་བྱོན། སྟོན་པ་ཐུགས་རྗེ་ཕྱོགས་རིས་མེད། གདུལ་བྱ་རང་རང་སྣང་ངོ་རུ། ཕན་བདེ་མཛད་པའི་སྤྲུལ་སྐུ་ལ། སོ་སོའི་སྟོན་པ་ཉིད་དུ་བསྟན། བན་དང་བོན་ཞེས་སོ་སོར་འབྱེད། མི་འགལ་ཕྱིར་ན་དགོངས་པ་གཅིག རྒྱལ་བའི་རྣམ་སྤྲུལ་བསམ་མི་ཁྱབ། ༽
༼ ཡང་རྡོ་རྗེ་གླིང་པའི་གཏེར་མ་བཀའ་ཐང་ལས། ཆོས་པས་བོན་གཤེ་དམ་ཚིག་ཉམས། རྐྱེན་དེས་རང་བསྟན་རང་གིས་བཤིག༽
ལུང་འདི་ནི་ཁྱོད་ལ་མ་འོངས་ལུང་དུ་བསྟན་འདུག་པས་་་་་་བསྟན་པ་བཤིག་པ་ལ་སྟ་རེ་མི་དགོས་ཟེར་བས། ་་རང་བསྟན་རང་གིས་བཤིག་པ་ཡིན་པར་ཤེས་པར་མཛོད། ཁ་ཆེ་ཕ་ལུས་རྣམ་ཐར་བཤད་ཡོད་དོ་་་་་་ཉན་དང་མི་ཉན་ཁྱོད་རང་ཤེས།
ས་པཎ་དང་། འགོས་ཁུག་པ་ལྷེ་བཙས་སོགས་གསར་མའི་མཁས་བླུན་མང་པོ་ཞིག་གིས་རྫོགས་ཆེན་ལ་དགག་པ་རྒྱག་ཡོད་པ་ཡོངས་གྲགས་རེད། ཡིན་ན་དགག་པ་རྒྱག་པ་ཙམ་གྱིས་ཆོས་བརྒྱུད་དང་། མི་རིགས རིག་གཞུང་ལ་གནོད་པའི་ངེས་པ་མི་འདུག་པས། སྐྱོན་ཆེན་པོ་གང་ཡང་མཐོང་གི་མེད། སྐྱོན་ཆེ་ཤོས་དེ་ཁྱོད་ཚོའི་དམིགས་ཡུལ་དེ་མ་འོངས་བོད་མི་ཁ་བྲལ་དུ་གཏོང་བ་དང་། རིག་གཞུང་ལ་བསྲེ་ལྷད་གཏོང་བའི་ཆེད་དུ་གྲ་བསྒྲིགས་དང་། གྲབ་ཤོམ་བྱེད་བཞིན་པ་རེད།
མི་ཕམ་རིན་པོ་ཆེས་གསུང་པ་དེ་བོན་པོས་འདོད་པ་བཀོད་ཡིན་རྒྱུ་རེད། དེ་འདྲ་བ་བཀའ་ཐང་སྡེ་ལྔའི་ནང་དུ་ཡང་འདུག་ག ཆོས་བོན་གཉིས་ཀྱི་མཁས་གྲུབ་མང་པོ་ཞིག་གིས་ཆོས་བོན་འགལ་མེད་དུ་སྒྲུབ་བཞིན་པ་རེད། དེ་ནི་དེང་གི་བོན་པོའི་ལྟ་གྲུབ་ལ་གཞིགས་ནས་གསུང་པ་རེད། ངས་བཤད་པ་དེ་གདོད་མའི་བོན་དང་། དེང་སང་བོན་གཉིས་རྩ་བ་ནས་ཁ་ཁ་རེད། དེང་སང་བོན་པོའི་ལྟ་གྲུབ་ཆ་ཚང་བན་དེ་ལས་བཤུས་པ་དང་། བསྒྱུར་བ་ཡིན་དུ་རྩ་ནས་ད་ལྟའི་བོན་པོ་འཁེ་འཆེ་བའི་ལྟ་གྲུབ་ནི་རྣམ་དག་རེད། ཡིན་ན་ཡང་མཛད་པ་པོ་དང་། ལོ་རྒྱུས་རྫུན་མ་རེད།
ཐེག་པ་རིམ་དགུའི་གྲངས་འདྲེན་ལུགས་དེ་རྙིང་མ་ལས་བྱུང་བ་ཡིན་པ་དེ་ཡོངས་གྲགས་རེད། དེ་ལ་རྩོད་པ་གང་ཡང་དགོས་དོན་མི་འདུག་མོད། དེ་ཉིད་སློབ་པདྨས་བོད་ལ་ཕེབས་དུས་གསར་དུ་ཕྱོགས་བསྒྲིགས་གནང་བ་ཡིན་རྒྱུ་རེད། ཐེག་པ་རིམ་པ་དགུ་ཞེས་གྲངས་ངེས་དེ་རྒྱ་གར་ལ་མེད་པ་ཡིན་དུ་ཆུག་ཀྱང་། ཐེག་པ་རིམ་པ་དེ་དག་ཡོད་ཁ་རེད། གང་ཡིན་ཞེ་ན་བསྟན་པའི་འབྱུང་ཁུངས་རྒྱ་གར་ཡིན་པ་དང་། དེ་གསུང་པ་པོ་བདག་ཅག་གི་སྟོན་པ་དང་། དགའ་རབ་རྡོ་རྗེ། རྒྱལ་པོ་ཛ། རིགས་ཅན་དྲ་མ་ལྔ་སོགས་ཀྱིས་མི་ཡུལ་དུ་བསྟན་པ་ཆོས་འབྱུང་དག་ལས་བྱུང་བ་ལྟར་རེད།
བོན་གྱི་ཐེག་པ་རིམ་དགུ་ནི་སློབ་དཔོན་པ་པདྨ་བོད་དུ་ཕེབས་པའི་རྗེས་སུ་བོན་པོ་ཚོས་བརྐུས་བཤུས་བྱས་པ་ལ་བརྟེན་ནས་ཁྲི་སྲོང་ལྡེའུ་བཙན་དང་། ཁྲི་རལ་པ་ཅན། ལྷ་བླ་མ་ཡེ་ཤེས་འོད། རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱིས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་ཟིལ་གནོན་བྱས་ཡོད་པ་ལོ་རྒྱུས་སོགས་ལས་ཤེས། དེ་ཕྱིར་ད་ལྟའི་བོན་པོ་ལྟ་གྲུབ་དག་གི་རྒྱུད་པ་བན་དེ་ལ་གཏུག་པ་ལས། ཞང་ཞུང་ལ་གཏུག་མི་བཏུབ་པ་དེ་ལོ་རྒྱུས་རྙིང་པ་ཚད་ལྡན་ཚོས་ཁ་གྲགས་ཚར་བ་རེད། ཡིན་ན་གདོང་ལ་ཁྲག་མེད་ན་དེང་སང་གང་བྱས་དང་། གང་སྨྲས་ན་ཡང་མགུ་མཇུག་མེད་པའི་དུས་ཚོད་འདིར་བསྒྱུར་བོན་འདི་ཚོས་སླར་ཡང་མངོན་གྱུར་དུ། མངོན་སུམ་བསྙིན་འདིང་བཞིན་ལོ་རྒྱུས་དང་། སྡོམ་རྒྱུན་རྫུན་མ་བཟོ་བཞིན་པ་རེད། འདི་ལ་ཞིབ་འཇུག་གཏིང་ཕྱིན་པ་ཞིག་མ་བྱས་ན། བོད་མི་རིགས་དང་། རིག་གཞུང་གཉིས་ཀ་གཏད་སོ་གང་ཡང་མེད་པ་ཞིག་ཏུ་བསྒྱུར་ཏེ། མཐར་ན་གཞོན་ཕལ་ཆེ་བས་རིག་གཞུང་རྙིང་པ་བསྐྱུར་ཏེ། རིག་གསར་གྱི་རྗེས་སུ་རྒྱུགས་པ་ཞིག་བྱ་ངེས་སོ། །
ང་ལ་མཆན་མང་སོང་ན་ཕན་པ་དང་། གནོད་འགྲོ་བ་གང་ཡང་མི་འདུག གལ་སྲིད་མཆན་བཏབ་མ་དྲན་ན་མ་ཕེབས་རོགས། ངས་ཁྱེད་ཅག་སུ་གཅིག་ལ་རེ་བསྐུལ་ཞུས་མེད།
ཝེ། ཨོ་ཉི། ཁྱོས་ཏུན་ཧོང་ཡིག་རྙིང་བོན་པོས་གསར་བཟོ་བྱས་པ་རེད་ཟེར་དགོས་དོན་གང་ཡིན་ནམ། ཁ་གསལ་པོའི་ཐོག་ནས་ཤོད་དང་།
ཏུན་ཧོང་གི་ཡིག་ཆ་དེ་རྒྱ་ནག་དང་། བོན་པོ་སོགས་ཀྱི་ཆབ་སྲིད་དང་། རྫུན་བཟོ་ཆེ་བའི་ཡིག་ཆ་ཞིག་རེད། དུས་རབས་བདུན་པ་དང་། བརྒྱད་པའི་ནང་གི་ཡིག་ཆེ་ཡིན་མིན་དོགས་པ་རེད།
དུས་རབས་བདུན་པ་དང་བརྒྱད་པའི་སྐབས་སུ་བོད་ཡུལ་དུ་བན་དཔེ་ཆ་ཚང་ལ་མ་ཚང་ཞིག་ཡོད་ལ་མེད་ལ་རེད། བོན་པོས་བརྐུ་འདོད་ནའང་དངོས་པོ་མེད་པ་ལ་གང་བརྐུ་རྒྱུ་ཡོད། བརྐུས་ཡོད་ཐག་ཆོད་དེ་དུས་བོན་པོའི་དཔེ་ཆ་་་བན་དེས་བརྐུས་ཡོད་པ་རེད། དཔེ་ཆ་ཙམ་གྱིས་མ་ཚད་རྒྱལ་པོའི་དཀོར་མཛོད་ནས་རིན་ཆེན་རྒྱུ་ནོར་ཡང་མང་པོ་བརྐུས་ཡོད་ཐག་ཅོད་རེད། ཁྱེད་ཚོ་ནི་རོང་རྒན་དང་ཁ་མཐུན་གྱིས་རྐུ་མ་ཡང་ཡིན་ཇག་པ་ཡང་ཡིན་པའི་གཞི་མཐུན་རེད། སློབ་དཔོན་པད་མ་ཟེར་བའི་རོང་པ་དེ་བྱུང་ཡོད་པའི་དབང་དུ་བཏང་ན་དང་པོ་ཁོས་བོད་སྐད་དང་བོད་ཡིག་སྦྱང་པའི་ལོ་རྒྱུས་གང་དུ་ཡོད་ཁྱེར་ཤོགས། དཔེ་ཆ་བསྒྱུར་བཀོད་འབྲི་གསུམ་བྱ་རྒྱུའི་སྐད་ཆ་དེ་ཚོ་དང་པོ་ཕར་ཞོགས། ཁོ་དེ་འདྲ་བོད་ཡུལ་དུ་སླེབས་མ་ཐག་བོད་ཀྱི་སྐད་ཡིག་མཐའ་དག་ལམ་སེང་ཤེས་འགྲོ་བ་ཚན་རིག་དང་མཐུན་གྱི་མི་འདུག་པས་གཡོ་གཏམ་དགུ་འགྱུར་དུ་ཟད། ལོ་རྒྱུས་གང་ཞིག་ནང་ཟླ་བ་དྲུག་མ་གཏོགས་བོད་ཡུལ་དུ་སྡོད་དབང་བྱུང་མི་འདུག། ཕལ་ཆེར་བུ་མེད་དང་འབྲེལ་བའི་གནས་ཚུལ་ཞིག་བྱུང་ཡོད་ཐག་ཆོད་རེད། །
བོན་པོའི་ལྷ་མི་གཉིས་ཀ་མི་ལོ་གཅིག་སྟོང་ལྷག་ལ་མགོ་འབུར་མི་ཐུབ་པ་བཟོ་མཁན་རིག་སྔགས་འཆང་བའི་སློབ་དཔོན་པདྨ་འབྱུང་གནས་ཡོད་ཚད་སློབ་དགོས་མཁན་ཞིག་དྲན་གྱིན་འདུག་པས། ཨོ་རྒྱན་སངས་རྒྱས་གཉིས་པ་ཆོས་ཅན། ཁོས་བོད་ཡིག་གསར་དུ་བསླབ་མི་དགོས་ཏེ། ཁོང་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར།
ཆོས་ཀྱིས་བོད་ཀྱི་དབུ་འཕངས་དགུང་དུ་བཏེགས་ཏེ། སྲོང་བཙན་སྒམ་པོ་ཟེར་བའི་གཟི་བརྗིད་ཅན་དེ། ཁྲི་སྲོང་ལྡེའུ་བཙན་ཟེར་བའི་མཛངས་པ་དེ། ཁྲི་རལ་བ་ཟེར་བའི་བསོད་ནམས་ཅན་ཚང་མ་ཆོས་དང་། བན་དེའི་བཀའ་དྲིན་རེད། གདོད་མའི་བོན་ལ་བརྟེན་ནས་འདུག་ཡོད་ན། ད་ལྟ་ང་ཚོ་ཀློ་པ་ཅུང་ཟད་དྲགས་ཙམ་ཡིན་རྒྱུ་རེད།
བོན་པོའི་ལྷ་མི་གཉིས་ཀྱི་དཀའ་དྲིན་ལ་བརྟེན་ནས་རོང་རྒན་པད་མ་ལ་དང་པོ་གནང་ཚང་རགས་པའི་བཟོ་ཞིག་ཡོད་རེད། དེ་རྗེས་ཁོས་གང་བྱུང་མང་བྱུང་བྱས་ནས་མཐའ་མ་ལྷོ་ནུམ་སྲིན་པོའི་ཡུལ་དུ་མི་འགྲོ་རང་འགྲོ་བྱུང་འདུག་བ། ཁྱོད་ཀྱི་སངས་རྒྱས་གཉིས་པ་དེ་ལྷོ་ནུམ་སྲིན་པོའི་ཡུལ་དུ་རང་དབང་མེད་པར་འགྲོ་དགོས་པའི་པའི་རྒྱུ་མཚན་ཅི་ཡི་ནམ། ཡང་ཁོས་སྲིན་སྐད་ཤེས་ཚར་ཡོད་ཀྱི་རེད། ཨོ་རྒྱན་སངས་རྒྱས་དང་པོ་མ་ཡིན་པའི་གཉིས་པ་དེས། དབྱིན་སྐད་ཆུ་རྒྱུག་རྒྱུག་ཡིན་གྱི་རེད། ཨུ་རུ་སུའུ་སྐད་ལ་ནི་ཐོགས་པ་ཡོད་ཀྱི་མ་རེད། སྔགས་རྒན་འདི་ཚོས་ད་དངོས་གནས་ཅི་བཤད་འདི་བཤད་ཅང་མི་འདུག། །
བན་བོན་གྱི་རྩོད་པ་འཇིགས་པོ་འདི། །
འབྲུག་པ་ཚོའི་ཨེ་མ་རྡ་སེ་འདྲ། །
དང་པོ་རུ་ཁ་ཁོག་འཚིག་ན་ཡང་། །
ག་ལེར་ནི་ཞིམ་དུ་ཞིམ་དུ་འགྲོ །
ཀླུ་སྨྱོན་ཕེབས་པ་ལེགས། ཁྱི་འཛིངས་བགོ་ཡང་ཁྱི་སྤག་རལ་རྒྱུ་མེད་ཟེར་བ་བཞིན། བན་བོན་གཉིས་ཀྱི་རྩོད་པ་དེ་ཁ་ཙམ་ལས། སེམས་ལ་གནག་པོ་དེ་ཙམ་མེད་པ་འདྲ། རེད་དེ་ཁོ་ཚོས་དོན་མེད་ལོ་རྒྱུས་རྫུན་བཟོ་བྱ་བ་དེར་གཏན་དུ་མི་དགའ་འོ།
རོང་རྒན་གཅིག་གིས་དུས་རབས་བཅུ་ལྷག་ལ་མིང་མེད་དུ་བཏང་བདེ་ལ་ནུས་མཐུ་ཨེན་ཙམ་ཡོད་པ་འདྲ། དེ་མིན་ཁོང་ལ་རྡུལ་མཚོན་ནི་མེད། དུག་རླངས་ནི་མེད། དེ་ནི་རིག་སྔགས་གྲུབ་པའི་རྟགས་སོ།། བསམ་ཡས་བཞེངས་དུས་མཚན་མོ་བཤིགས་མཁན་དེ་ཚོ་བོན་པོ་ཡིན་པ་ཁོ་ཐག་རེད། དེ་རྗེས་སྒྲ་བསྒྱུར་གླིང་དུ་ཞུགས་ཏེ་གསུང་རབ་རྐུན་མ་རྒྱག ཧཧཧ ད་ངོ་མ་ཁྲིམས་འགལ་རེད་ཡ།
Bonpo ལགས།
བོན་གྱི་དམར་མཆོད་འབུལ་བ་དེ་ད་ལྟ་སྐྱོང་བཞིན་ཡོད་དམ། ང་ཚོ་དབུས་ངོས་ལ། བོན་ཟེར་ན། སེམས་ཅན་གསོན་པོར་བསོད་ནས་དམར་མཆོད་འབུལ་མཁན་རེད་ཅེས་ཚང་མས་འཇིགས་སྣང་བྱེད་བཞིན་ཡོད་པའི་སྒྲུང་གོ་མྱོང་།
འདི་ལ་གསལ་བཤད་ཅིག་གནོངས་རོགས།
གལ་ཏེ་བོན་པོ་ཚོས་ད་དུང་མུ་མཐུད་དམར་མཆོད་འབུལ་གྱི་ཡོད་ན། འདི་ལ་ཐེག་པ་དགུ་འཇུག་ས་མིན་འདུག
གལ་ཏེ་དམར་མཆོད་སྤངས་ཡོད་ན། བོན་པོ་གསར་མའམ། བོན་ནས་ནང་ཆོས་ལ་བསྒྱུར་བའི་བོན་བན་མ་རེད་དམ།
མཁས་དབང་བོན་པོ་ལགས་མི་དེ་ཚོར་ཡ་མ་བྱས་ན་ལེགས། སྐྱག་པ་སྐམ་པོ་ལ་ཐོགས་བཏང་ན་དྲི་ངན་ཆེ་རུ་ལས་ཕན་ཐོགས་གང་ཡང་མེད། ཁོ་ལ་ལུང་རིགས་ནི་ཙི་ཙིའི་རྔ་མ་ལས་ཕྲ་བ་ཞིག་ཀྱང་ཁུར་་ཡོང་རྒྱུ་ནི་མེད། ཕ་རྒན་གྱི་ཕ་རྟགས་རྐྱང་བསྟན
ནས་དུས་ཚོད་ཁྲོག་བརླག་རེད། གྲོང་རྒན་གྱིས་གྲོང་རྟགས་དང་་་་་་ཕ་རྒན་གྱིས་ཕ་རྟགས་དེ་ཚོ་རྣ་རྒྱབ་ཀྱི་དྲི་བཞོན་བཞིན་དུ་ཡ་མེད་དུ་གཏོང། གཟིགས་དང་ཁོས་བཤད་པའི་རྩོམ་མཆན་དེ་ཚོར་བོན་པོའི་ལོ་རྒྱུས་བསྟན་འབྱུང་སོགས་ནས་ལུང་ཚིག་ཤིག་ཙམ་ཅིག་ཀྱང་འདྲེན་རྒྱུ་མེད། དེ་ནི་ཁོས་གཡག་ཞར་གྱིས་རྩ་ཟ་བ་བཞིན་ཕྱོགས་རྐྱང་པར་རྨོངས་དད་མགོ་འཐོམས་རང་ལྟར་ཆགས་འཛིན་གྱིས་ཤི་འཐམ་རོ་འཐམ་བྱེད་པ་ལས་བྱུང་བའི་རྟགས་རེད། ཁོས་མཚོ་སྔོན་པོའི་དྲ་རྒྱ་ལས་སོགས་སུ་བོན་པོར་ངན་སྨྲས་བྱས་འབྲས་སུ་་་སྔར་བྲག་མགོའི་ཕྱོགས་ཀྱི་བོན་པོའི་བུ་མོ་ན་ཆུང་མང་པོ་ཞིག་མགོ་འཁོར་བསླུ་བྲིད་ཀྱིས་རིས་མེད་ཡིན་ལུགས་སོགས་ཀྱིས་སེར་རྟ་དགོན་པར་ཨ་ནེ་བྱེད་པར་འཁྲིད་ཡོད། ད་ཆ་དེ་དག་གིས་གནས་ལུགས་ངོ་འཕྲོད་དེ་ཚུར་རང་ཁྱིམ་དུ་ལོག་ཡོང་བ་དང་བོན་པོའི་ཨ་ནེའི་དགོན་པར་འགྲོ་བ་སོགས་བྱེད་བཞིན་འདུག ཨོ་སྨྱོ་འདི་དང་མགོ་ལོག་ན་ཡོད་པའི་རྙིང་རྒན་ཨོ་བརྩོན་ལས་སོགས་ཨོ་མིང་འདི་དག་ཕ་དགྲ་བོན་གཤེད་དུ་ལངས་ནས་མི་སྨྲ་དགུ་སྨྲ་མི་དཀྲུགས་དགུ་དཀྲུགས་བྱེད་བཞིན་འདུག ངོ་ཐོག་བྱེད་ན་བོན་རྙིང་གཉིས་ཆོས་ལུགས་གཞན་དང་མི་འདྲ་བ་ལོ་རྒྱུས་ཀྱི་སྟེང་ནས་ཆོས་རྒྱུད་གཞན་རྣམས་ལས་རྙིང་མའི་ཆོས་རྒྱུད་བོད་ལ་དར་སྔ་ཞིང་གཏོ་ཆོག་སོགས་བོན་དང་ཤིན་ཏུ་ཉེ་བ་དང། མཐར་ཐུག་གི་ལྟ་བ་་རྫོགས་ཆེན་གྱི་ལྟ་བར་མཐུན་པ་དང། པད་འབྱུང་དྲན་པ་ནམ་མཁའི་སྲས་ཡིན་པར་འདོད་མཁན་བོན་པོ་ཡོད་པ་དང། རྙིང་མའི་གཏེར་སྟོན་བརྒྱ་རྩར་བོན་པོ་མང་དུ་ཡོད་པ་དང། རིན་ཆེན་གཏེར་མཛོད་ནང་དུ་བོན་སྐོར་མང་དུ་ཡོད་པ་དང། བེ་རོ་ཙ་ན་གཉིས་ཀས་ཁས་ལེན་པ་དང། དེ་མིན་བཀའ་རྙིང་ཟུང་འབྲེལ་ཀོང་སྤྲུལ་ཐོག་མར་བོན་པོ་ཡིན་ཅིང་རྗེས་སུ་རིས་མེད་མཛད་ཚུལ་དང། མ་ཟད་བོན་གསར་མ་དེ་ཚོའི་ཆོ་ག་དང་གྷུ་རུ་སྐྱབས་ཡུལ་དུ་འདོད་པ་དང། རྙིང་མའི་གྲུབ་ཆེན་མང་པོ་ཞིག་བོན་པོ་ཡིན་པ་དང། རྗེ་འབང་ཉེར་ལྔར་བོན་གྱི་དྲན་པ་ནམ་མཁའ་ཡོད་པ་དང། རྙིང་མའི་གྲུབ་ཆེན་སོ་ཟུར་སྣུབ་གསུམ་ཞེས་སུ་གྲགས་པའི། སོ་ཡིས་ཤངས་ཀྱི་བོན་པོ་གཤེན་རྒྱལ་ལྷ་རྩེ་ལས་བོན་གྱི་རྫོགས་ཆེན་གྱི་ཁྲིད་ཞུས་པ་དང། བོན་བླ་ཁྱུང་སྤྲུལ་རིན་པོ་ཆེས་རྙིང་བླ་བདེ་རྒྱལ་རིན་པོ་ཆེ་བླ་མར་བསྟེན་པ་དང། ཀུན་མཁྱེན་ཤར་རྫ་བ་མཇའ་ལུས་པས་རྙིང་མའི་བླ་མ་ལའང་འབྲེལ་ཐོགས་རྒྱ་ཆེར་བྱུང་བ་དང། དེ་བཞིན་ཆོས་རྒྱུད་གཞན་ལས་རྙིང་མ་དང་བོན་གཉིས་དམིགས་བསལ་གྱི་འབྲེལ་བ་བྱུང་ནའང། ཨོ་མིང་ཐོགས་པ་འདི་རིགས་རང་གཞན་གྱི་ལོ་རྒྱུས་ཀྱི་བལྟ་རྒྱ་མཐོང་རྒྱ་རྒྱ་ཁབ་ལྟ་བུའི་ཕྲ་བ་དང། འཇིག་རྟེན་སྲིད་ཀྱི་ཆ་ནས་མིག་རྒྱང་ཐུང་བ་ལས་སོགས། མདོར་ན། ཁོག་སྟོད་ལ་ཡོན་ཏན་མེད་པ། ཁོག་སྨད་ལ་སྡོམ་པ་མེད་མཁན་འདི་ཚོས་ཡག་པོ་གཅིག་དཀྲུགས་སོང། དེས་བོན་དང་བོན་བསྟན་ལ་ཕན་པ་ལས་ནམ་ཡང་གནོད་མི་སྲིད་ཅིང། དེས་བོན་གསར་མང་པོ་ཞིག་རང་བཞིན་གྱིས་རྙིང་མར་རྣམ་རྟོག་ཟ་དགོས་པ་ཞིག་བཟོས་པར་མ་ཟད། བོན་གསར་མས་གྷུ་རུ་བདག་མེད་དུ་འདོར་བའི་གནས་སྟངས་ཀྱང་མི་ཉུང་བ་ཞིག་བྱུང་ཡོད་པར་ཁོས་གང་ནས་ཤེས། དེ་ནི་འཇིག་རྟེན་གྱི་ཆབ་སྲིད་ཀྱིས་དབུལ་བས་རེད། ཨོ་བརྩོན་ལ་འབའ་དོན་གྲུབ་གྱིས་ལུང་རིགས་ཀྱིས་འགྲམ་ལྕག་ཞུས་པའང་ཁོས་ཤེས་མེད་ཚོད། འབའ་དོན་གྲུབ་ནི་དགེ་ལུགས་ཤིག་ཡིན། རྙིང་མས་བོན་ལ་ངན་སྨྲས་བཤད་བཤད་ཀྱིས་རྐྱེན་པས་རྙིང་མ་མང་དུ་ཡོད་པའི་བོད་ཡུལ་མགོ་ལོག་སོགས་སུ་རང་རིགས་ཤ་ཁྲག་གཅིག་པའི་སྤུན་ཟླ་བོན་པོར་གནས་ཚང་ཀྱང་མི་གཡར་ཚུལ་ཡང་ཡང་གོ་ཐོས་བྱུང། བོན་པོར་རྙིང་མས་སྡང་བ་དེས། རྐྱེན་ངན་གྲོགས་སུ་ཤར་ཡོད། དེ་མིན་བོན་པོ་ཀླད་ཆུང་འགས་གྷུ་རུ་རིན་པོ་ཆེ་དྲན་པ་ནམ་མཁའི་སྲས་ཡིན་ཚུལ་གྱིས་དད་གུས་ཀྱིས་ཚོགས་མཆོད་སོགས་འབུལ་བ་དང། རྙིང་མར་ཉེ་རུ་ཉེ་རུ་ཕྱིན་ཏེ་མཐར་བོན་པོ་མང་པོ་ཞིག་རྙིང་མར་གྱུར་དང་འགྱུར་བཞིན་ཡོད། ད་ནི་ཨོ་མིང་ཕ་རྒན་འདི་ཡིས་་་་་རྙིང་བླ་ཆབ་སྲིད་མཁས་པ་དག་གི་ལག་པས་བཟོས་པ་དེ། ཁོས་རྐང་པས་བསུབ་ཡོད། ཁྱོད་ཐུགས་རྗེ་ཆེ། ངས་འདི་ན་ཁྱོད་ལ་ངོ་འཕྲོད་སྙིང་གི་ཐིག་ལེ་རང་བྱུང་ཡེ་ཤེས་དམར་རྗེན་གཞོན་ནུ་བུམ་སྐུ་དེ་ངོ་སྤྲད་ཡོད་དོ། ད་ནས་བོན་རྙིང་གཉིས་ལ་ཁ་ལག་གི་འབྲེལ་བ་མེད་དོ། ནམ་མཁའ་གཡའ་དག ས་གཞི་རྡུལ་དག་ཡིན། ཝ་སྐད་འུག་སྐད་སྲིན་སྐད་བོང་སྐད་སྤྱང་སྐད་ཅི་ཞིག་རྒྱབ་འདོད་ཀྱང་རྒྱོབ། དེས་ཁྱོད་ལ་གོང་དུ་ལུང་དུ་བསྟན་པ་དེ་ཏག་ཏག་གནས་ཀྱི་འདུག
རྒད་པོ་ལགས་བོན་པོས་ཅི་མི་ཤེས། དགེ་ལུགས་ཀྱིས་དམར་མཆོད་འབུལ་གཏན་རེད། ཨ་མདོ་བླ་བྲང་དགོན་དུ་བསང་ཁང་ཆེན་པོ་ཞིག་ཡོད། དེར་སེམས་ཅན་གྱི་དོན་སྣོད་ཆ་ཚང་འཇུག་པ་ངས་མཐོང་མྱོང། དེ་བཞིན་ཀིར་ཏི་དགོན་པར་སྨོན་ལམ་ཟླ་བ་གཅིག་ཚོགས་པའི་རིང་ཉིན་རེར་གཡག་གཉིས་རེ་གསོད་ཀྱི་འདུག པགས་པ་བཤུ་མཁན་གྲ་བ་རེད། དེ་བཞིན་ཨ་མཆོད་དགོན་དུ་སྨོན་ལམ་ཚོགས་སྐབས་སུ་གཡག་དེ་བཞིན་གསོད་ཀྱི་འདུག ཀིར་ཏི་དགོན་དུ་སྔོན་ལོ་ནས་གསོད་རྒྱུར་མཚམས་འཇོག་དགོས་ལུགས་ཀིར་ཏི་རི་་པོ་ཆེའི་བཀའ་ཕེབས་ནས་མཚམས་བཅད་ཡོད་འདུག ད་དུང་དགོས་ན་ཟླ་ཚེས་གང་ལ་འབུལ་མིན་དང་དཔང་རྟགས་དང་བཅས་པ་ཡོད། ཁྱེད་ལ་དགོས་ན་ང་ལ་པར་དང་བཅས་པ་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ། །བོན་པོའི་གཤིས་ཀ་ངན་པ་དེ་བན་དེའི་ནང་དུ་འགོས་ཡོད་ས་རེད། ཀིརྟི་སྐྱབས་མགོན་བཀའ་དྲིན་ཅན་པོས་འཇོན་དང་ཟིག དེ་མིན་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གསང་སྔགས་བོན་དུ་གྱེར་ཞིང་། རང་རྒྱུད་དུ་སྤྱོད་ན་བོན་པོའི་ལུགས་དང་ཉེ་བར་ཆགས་འགྲོ་བ་རེད། ཇི་སྐད་དུ། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས། །ཆོས་སྐུ་དྲི་མེད་རིན་ཆེན་བསྟན། །སྐལ་ལྡན་སངས་རྒྱས་ས་ལ་འགོད། །གསུང་པ་བཞིན་འཚེ་བ་ཆོས་སུ་སྨྲ་བའི་ལམ་ལུགས་ཅུང་ཟད་བན་དེའི་ཁྲོད་དུ་ཁྱབ་ཡོད་པ་དེ་བདེན་པ་རེད། དེ་ཉིད་མི་རིགས་འདི་སྔོན་པ་བོན་གྱེར་མཁན་རེད། དེའི་བགས་ཆགས་ད་དུང་ལུས་ཡོད་པ་དང་། ས་ཆའི་གནས་བབ་ལ་བསམ་བློ་བཏང་ན་སྔོན་མ་འདྲ་ཡིན་ན་སྔོ་ཚོད་མི་རག་པ་སོགས་ཀྱིས་དཀའ་ངལ་མང་པོ་ཞིག་ལ་བརྟེན་ནས་རྒྱུན་འཁྱོང་བྱ་དགོས་ཐུག་ཡོད་ཚོད་རེད། སྤྱིར་བཏང་འཁོར་བའི་སེམས་ཅན་ཟེར་བ་དེ་གཞན་དོན་གཙང་མ་བྱེད་ཐུབ་མཁན་དཀོན་པོ་རེད། དེ་ཕྱིར་ཆོས་ཀྱི་དགོན་སྡེ་ཁག་ཏུ་དམར་ཟས་སྤྱོད་སྲོལ་ཞིག་སྔོན་མ་ཡོད་ན་ཡང་། དེང་སང་ཆོས་བརྒྱུད་ཆེན་པོ་ཁག་གི་དགོན་གཞུང་དུ་དམར་ཟས་ལོངས་སུ་སྤྱོད་མི་ཆོག་པ་བཟོས་ཚར་བ་རེད། ཡིན་ན་ཡང་གང་ཟག་སྒེར་གྱི་ཁ་ཟས་ཆེད་དུ་ཟ་ཟོས་པ་དང་། ཤ་མཆོད་ན་ཕན་ཐོགས་ཡོད་པར་བཤད་པ་གཉིས་ནི་གཞན་ཞིག་ཡིན་པར་སེམས། གདོད་མའི་བོན་གྱིས་དམར་མཆོད་ལ་ཕན་ཡོན་ཡོད་པར་བཤད་ཀྱང་། དེང་སང་གི་བོན་པོའི་མིང་ཁུར་མཁན་ཚོ་ནི། མིང་ཙམ་དུ་ཟད་དོ། །དོན་ལ་ཤཀྱའི་རྗེས་འཇུག་ལས་གཞན་ཞིག་ཡིན་པར་མི་སེམས་སོ། །ཧཧཧཧཧཧཧཧཧཧཧཧཧ
ཧོ་ཧོ་ཧོ་ཧོཧཧཧཧཧད་གཅིག་པ་རེད་འདུག་ག་
བསམ་བློ་གཏོང་ཤེས་ན་གཅིག་པ་རེད། མ་ཤེས་ན་ལམ་ལོག་ཏུ་འགྲོ་བཞིན་པ་རེད། དཔེར་ན་ལོ་རྒྱུས་གསར་བ་བཟོ་བཞིན་པ་འདི་དག་གིས་མཚོན་ནུས། ཧཧཧཧཧཧཧཧཧཧཧཧཧ
དགེ་སློང་ཐར་པ་ནག་པོ་དང་། ཐུབ་དཀའ་གཞོན་ནུ་གཉིས་དང་པོ་སྟོན་པ་གཅིག་དང་། བསྟན་པ་གཅིག་པའི་མཆེད་གྲོགས་རེད། གཅིག་གིས་བླ་མས་ཇི་ལྟར་བསྟན་པ་ལྟར་དོན་ཁོང་དུ་ཆུད་དེ་སངས་རྒྱས་སོང་བ་རེད། ཐར་ནག་གིས་གསང་སྔགས་རང་རྒྱུད་དུ་སྤྱད་པས་རུ་དྲ་སྐྱེས་སོང་བ་རེད། རུ་དྲ་སྐྱེས་མཁན་དེའི་དཔེ་ཅན་སུ་ཡིན་ཤེས་པར་གྱིས་ཤིག ཧཧཧཧཧཧཧཧཧཧཧཧཧ
ནད་ཀྱིས་གདུང་བ་སྨན་གྱིས་གསོ་བ་དང་།
གདོན་གྱིས་བཙས་པ་གཏོ་ཡིས་བཅོས་པ་སོགས།
ཅེས་པར་་་གདོན་གྱིས་གཙེས་པ་་་བཅོ་རོགས་གནོངས།
ཚིག་འདི་ཚོ་གལ་ཆེ་བས་གསལ་བཤད་དུ་བྲིས། །
སངས་རྒྱས་པའི་ལུང་དོན་དང་མཐུན། བོན་པའི་འགྲེལ་ལོག་དང་འགལ་ན་འགྲིགས་སོང་བ་རེད། ཨོ་བརྩོན་དང་། ཨོ་ཉི་ང་གཉིས་རྙིང་མ་གཙང་མ་རེད། ཁྱེད་ཅག་བོན་མིང་དེ་ཚོར་ཕན་བཏགས་པ་ལ་དྲིན་ལན་ལོག་འཇལ་བྱེད་མཁན་རྐྱང་རྐྱང་རེད། གུ་རུ་དྲན་པའི་སྲས་ཡིན་པ་རྟོག་བཏགས་རེད། ཀོང་སྤྲུལ་བོན་ལ་འཁྲུངས་ཀྱང་འཚར་ས་རྙིང་མ་དང་བཀའ་བརྒྱུད་ནང་རེད། སྔོན་མའི་བོན་རྙིང་འབྲེལ་བ་ཆེ་བ་དེ་ཁྱེད་ཅག་གི་དགོས་དོན་ཆ་ཚང་མ་འགྲུབ་པས་རེད། ད་ལྟ་ཡོད་ཚད་བརྐུས་ཚར་དུས་རྐུབ་བརྡབས་ཏེ་འགྲོ་བ་དེ་ཁྲེལ་མེད་དེ་ཚོའི་ལས་རེད། འདིའི་ནང་རང་གཞན་གཉིས་ཀ་མཁས་པ་ཞིག་སུ་ཡང་མི་འདུག དེ་ཕྱིར་མཁས་བླུན་གྱི་སྐད་ཆ་བཤད་ན་ངོ་ཚ་བའི་རྒྱུ་ལས་ཕན་ཐོགས་ཡོད་པར་མི་སེམས།
མཁྱེན་ལྡན་རྒད་པོ་ལགས། །
སྐུ་ཉིད་ཀྱིས་དྲི་བར་ལན་ཞིག་འབུལ་བར་སྤྲོ། ཁྱེད་རང་དབུས་ནས་ཡིན་ན་ངས་གསལ་བཤད་དེ་བས་ཀྱང་བྱེད་འདོད་པ་ཡིན། དེ་རིང་དབུས་པ་ཞིག་དང་ཁ་བརྡ་བྱེད་རྒྱུ་བྱུང་བ་ལ་དགའ་ཚོར་ཆེན་པོ་བྱུང་། ཐུགས་སེམས་གུ་ཡངས་བྱས་ནས་བཞུགས་རོགས། བོད་ཀྱི་བོན་ལུགས་ནི་འཛམ་གླིང་འདིའི་ནང་གི་ཆོས་ལུགས་རྙིང་ཤོས་ཀྱི་གྲས་རེད། དེ་ནི་ཁྱེད་ཀྱི་མི་རབས་གོང་མ་རྣམས་ཀྱི་དད་མོས་དང་སྐྱབས་ཡུལ་ཡིན་པ་ཡང་མཁྱེན་པར་མཇོད། བོན་གྱི་ཆོས་ལུགས་ཟེར་བཤད་ཡོང་དུས་རྒྱ་ཆེ་ལ་གཏིང་གཟབ་པ་རེད། བོན་གྱི་ཆོས་ལུགས་ལའང་འདྲ་མིན་སྣ་ཚོགས་པ་འདུག་ཕལ་ཆེར་ལུང་པ་རེ་རེ་ལ་བོན་གྱི་ལུགས་སྲོལ་རེ་རེ་ཡོད་པའི་བཟོ་ལྟ་རེད། དེ་ནི་གཟི་བརྗིད་དང་དཔལ་ཡོན་གཉིས་ཆ་ཡིན་པ་ཡང་ཤེས་དགོས། བོན་ལུགས་ནི་མཐོ་སྒང་མི་རིགས་ཀྱི་དད་མོས་ཀྱི་ལམ་ལུགས་ཐོག་མར་གཞི་ཚུགས་ས་དེ་ཡང་ཡིན། བོན་ལུགས་ནི་ཞང་ཞུང་དང་བོད་ཡུལ་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོའི་གཞུང་འབྲེལ་དད་མོས་བྱེད་ས་ཡང་གྱུར་མྱོང་། བོད་མི་རིགས་ཀྱི་སྐད་ཆ་བཤད་ཡོང་དུས་བོན་ལུགས་འདི་ནི་ཆོས་ལུགས་ཟེར་ནའང་འདྲ་རིག་གཞུང་ཟེར་ནའང་འདྲ་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཟེར་ནའང་འདྲ་ཚང་མ་རེད་འདུག། དེ་ཡིན་པའི་རྒྱུ་མཚན་ནི་བོན་ལུགས་ནི་རིག་གཞུང་ཕུན་སུམ་ཚོགས་ལ་ལོ་ངོ་སྟོང་ཕྲག་མང་པོར་སྤྱི་དམངས་དང་ཤིན་དུ་འབྲེལ་འདྲིས་ཆེ་བས་སོ། འདི་ལྟ་བུའི་རང་ལུགས་འཁྲུལ་བ་མེད་པ་ངོམ་ན་ངོམ་རིན་ཆོག་པ་སྟོན་ན་སྟོན་རིན་ཆོག་པ་ཞིག་ཡོད་བཞིན་དུ། དུས་ཕྱིས་གཞན་ཡུལ་གྱིས་ཧམ་ཆེན་ཚོས་བཙན་འཛུལ་མགོ་ཚུགས་ཡོང་དུས་བོད་མི་རིགས་ཀྱི་སེམས་ཀྱིས་གཏད་སོ་དེ་བོན་ལུགས་ཡིན་པ་ཤེས་ནས་དེ་མེད་པ་བཟོ་གང་ཐུབ་བྱེད་རྒྱུའི་ཐབས་ཤེས་ལ་ཁོ་ཚོས་འབད་ཡོད་པ་རེད། སྐྱོན་ཆ་ཆུང་ཆུང་ཚང་མ་ཡར་དྲངས་ནས་ཕྲ་མའི་དབྱེན་བཅུག་མགོ་རྒྱལ་པོ་ནས་བཟུང་སྟེ་འཇུག་མི་སེར་གྱི་བར་དཀྲུགས་དཀྲུགས་ཡག་ཐག་ཆོད་བྱས་པ་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་རྒྱལ་ཁབ་ཡམ་ཡོམ་དང་ཁྱར་ཁྱོར་དུ་བཏང་ནས་གཞི་རྩ་བརྟན་པོ་མེད་པ་བཟོས་འདུག། དེ་ནས་རིམ་པས་གཟི་བརྗིད་ཅན་གྱི་རང་ཡུལ་བོད་བཙན་པོའི་རྒྱལ་ཁབ་འདི་ཁྱི་འཁྱམས་ཚོའི་དགའ་སྟོན་དུ་གྱུར་སོང་བ་རེད། གནས་ཚུལ་འདི་ཚོ་དང་པོ་ཁྱེད་རང་གིས་ངེས་པར་དུ་ཤེས་དགོས། དེ་ནས་རྗེས་སུ་རིམ་པས་དམར་མཆོད་སྐོར་ལ་ངས་ཞུ་ཆོག། །
མཁས་མཆོག་་བན་དེ་བ་་ལགས་ཀྱིས་ཇི་ལྟར་གསུངས་པ་དེ་དེ་བཞིན་དུ་འདི་ནས་ཤེས་ཡོད། སྐུ་ཉིད་ཀྱིས་གནད་དུ་འཁེལ་བ་ཞིག་གསུངས་གནང་འདུག་པས་། བཀའ་དྲིན་ཆེ་ཞུ། རྙིང་རྒན་འདི་ཚོའི་ནང་དུའང་རིགས་ཁ་ཤས་ཤིག་ཡོད་པ་འདྲ། དེར་མ་ཚད་བདུད་འཇོམས་ཀྱི་སློབ་མ་ཡིན་ཟེར་བ་དང་རྙིང་མ་བ་ཡིན་ཟེར་བའི་ཕྱི་རྒྱལ་བ་བོན་གྱི་རྫོགས་ཆེན་དཔེ་ཁྲིད་ཞུ་བར་ཡོང་མཁན་མང་པོ་འདུག། བོད་པ་བདུད་འཇོམས་ཀྱི་སློབ་མ་ཡིན་མཁན་བོན་གྱི་དཔེ་ཁྲིད་ཞུ་བར་ཡོང་མཁན་ཕལ་ཆེར་མེད་འགྲོ། ཕྱི་རྒྱལ་བ་དེ་ཚོས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག་པས་ཧ་ལས་དགོས་པ་བཟོས་བྱུང་། །
ཨོ་ཉི། རང་ཉིད་བླ་སྤྲུལ་གྱི་མིང་ཡོད་མཁན་ཞིག་གིས་ནག་མོས་ཅོ་འཛིང་བྱེད་པ་ནང་བཞིན་མ་བྱེད། དོན་ལ་ཕན་པའི་བགྲོ་གླེང་རེ་བྱོས་དང་། ཁྱོས་ཏུན་ཧོང་ཡིག་རྙིང་བོན་པོས་བཟོས་པ་རེད་ཟེར་དགོས་དོན་དེའི་ནང་འགུ་རུ་རིན་པོ་ཆེ་དང་། ཐོན་མི་བཅས་ཀྱི་མིང་མ་གསལ་བའི་རྒྱུ་མཚན་ཨེ་རེད། མདོ་སྡེ་ལང་གཤེགས་ལས།༡༠༥ ཇི་སྲིད་སེམས་ནི་འཇུག་པའི་བར། ཐེག་པའི་མཐའ་ལ་ཐུག་པ་མེད། ཅེས་པའི་ཚིག་རྐང་གཉིས་པོ་འདི་ཐེག་པ་རིམ་དགུ་ཡོད་པའི་ཁུངས་བཙན་ཤོས་སུ་བརྩིས་པར་སྣང་། ཞེས་པ་འདི་བདེན་པ་རེད་དམ་མ་རེད། འདི་ལས་ཁུངས་བཙན་པའི་ལུང་གཞན་ཡོད་མ་རེད་དམ། ད་དུང་དབུ་མ་ཆོས་དབྱིངས་དང་། ཕ་བོང་ཁ་པའི་ཕྱོགས་གཏོགས་ཀྱིས་བྲིས་པ་ཁ་ཤས་ནང་ཐེ་ཚོམ་ཅན་གྱི་ཚིག་མང་པོ་ཐོན་ཡོང་གི་འདུག་པ་དེ་ཚོ་ངས་རིམ་བཞིན་བཀོད་ན་ཁྱོད་ལ་གསལ་བཤད་བྱེད་རྒྱུ་ཨེ་ཡོད།
འོ་བོན་པོ་ལགས་བཀའ་དྲིན་ཆེ་ལན་གནང་བར། བདུད་འཇོམས་ཀྱི་སློབ་མ་ཡིན་མཁན་བོན་པོའི་ཆོས་ཉན་མཁན་ད་ག་ན་ག་ན། ད་ལྟ་ཨོ་ཉི་ལས་སོགས་རྙིང་མ་བ་མང་པོ་ཞིག་བོན་ལ་མི་དགའ་བ་ཁག་མེད། བོན་ལ་སྡང་ཟུག་བྱེད་པ་ལོས་བདེན། ཁོང་ཚོའི་སྦྱང་བྱ་བདུད་འཇོམས་ཀྱི་རྒྱལ་རབས་ལྷ་ཡི་རྔ་བོ་ཆེ་དེ་རེད། དེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡིན་ཁུལ་རེད། དེའི་ནང་དུ་བོན་སྐོར་ལ་རྦད་དེ་ལོག་འགྲེལ་རྐྱང་བྱས་ཡོད། དཔེར་ན། བོན་གྱི་བླ་མ་མཐུ་ཆེན་མི་དགུ་ལ་སྡིག་ཆེན་མི་དགུ་ཞེས་བྲིས་ཡོད། དེ་དེ་བཞིན་དུ་བོན་པོས་དམར་མཆོད་བྱེད་ཚུལ་མིང་འདྲ་མིན་བཏགས་ནས་བོན་ལ་ངན་དགུས་སྨད་ཡོད། ཅིས་ཁག་ཡོད་ཤེས་ཚད་དེནལས་མེད་པ་རེད། དེང་དུས་རབས་ཉེར་གཅིག་གི་སྐབས་སུ་མི་རྣམས་ཆོས་ལུགས་ལ་དག་སྣང་དང་ཕན་ཚུན་མཐུན་ལམ
བློ་སྒོ་ཡང་དུ་གཏོང་བཞིན་པའི་སྐབས། ཁོང་ཚོ་དེ་ལས་ཀྱང་ལོག་སྟེ་སློབ་སྦྱོང་བྱེད་བཞིན་འདུག དཔེར་ན། ཉི་ཧོང་གི་སློབ་དེ་ནང་སྔར་ཡིན་ན་ཨ་རི་ཡིས་ཨེ་ཌོམ་བྷམ་གཡུགས་ཏེ་ཉི་ཧོང་པ་འབུམ་ཕྲག་བསད་རབས་དང། དེ་བཞིན་སྐབས་དེ་དུས་བསད་པའི་ཉི་ཧོང་གི་དམག་མིའི་དུར་ཁྲོད་ལ་ཕྱིན་ནས་དྲན་བསྐུལ་བྱེད་པ་སོགས་ཀྱིས་ཉི་ཧོང་མིས་ཨ་རིར་རྟག་ཏུ་ཁོང་ཁྲོ་ལང་གི་ཡོད། དེ་རྗེས་ཨ་རི་ཡིས་སྐྱོན་བརྗོད་བྱས་ཏེ་རིམ་གྱིས་དེའི་རིགས་ཀྱི་སློབ་ཚན་རྣམས་བཏོན་ཏེ་མེད་པར་བྱས་པ་རེད། དེས་ག་ལ་ཚད་ཕྲུག་གུའི་རྩེད་ཆས་ཡན་ཆོད་ལ་ཨེ་ཌམ་བྷམ་ཞེས་བྲིས་ཡོད། འོན་ཀྱང་ཕྱིས་སུ་དེ་དག་མི་འབྲི་རྒྱུ་བྱས་ནས་ད་ཆ་ཁོང་གཉིས་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཧ་ལས་པ་བྱུང་ཡོད། དེ་ལྟ་བུ་རེད། རྙིང་མའི་དགོན་ཆེན་བཤད་སྒྲུབ་ཀྱི་སྡེ་ཡོད་ས་མང་ཆེ་བར་ཁོང་ཚོས་བདུད་འཇོམ་གྱི་རྒྱལ་རབས་ལ་སློབ་སྦྱོང་དང་ཡིག་རྒྱུགས་གཏོང་རབས་གོ་བྱུང། བྱས་ཙང་ཤེས་ཚད་ཀྱི་ཀླད་པ་དེ་ཡང་དེ་ལས་མེད་པ་རེད། དེ་ལྟར་བཤད་དགོས་ན་བོན་པོའི་ལོ་རྒྱུས་ནང་དུའང་རྙིང་མར་དམའ་འབེབས་པའི་ཚིག་མང་དུ་ཡོད་པས་དེ་ཚོའི་སྐོར་དེའང་བོན་གྱི་སློབ་གཉེར་བའི་སྦྱང་བྱར་བཟོ་དགོས་པ་འདྲ། དེ་ནས་ཨོ་སྨྱོན་ཕ་རྟགས་ཕ་རྒན་འདི་ཡིས་གང་བཤད་ཀྱི་ཡོད་དམ་བོན་པོས་ལོ་རྒྱུས་བརྫུན་མ་བཟོས་སོང་ཟེར་ནས་ཡང་ཡང་བཤད་སོང། མ་ཎི་བཀའ་འབུམ་འབྲི་མཁ་་སུ་རེད་བོན་ཨེ་རེད། དེའི་ནང་དུ་ཤཀྱ་ཐུབ་པའི་སྐུ་གཤེགས་པའི་རྗེས་ནས་བོད་འདི་མཚོ་སྐམས་ནས་བོད་མི་སྤྲེལ་སྲིན་ལས་འབྱུང་བར་བཤད་མེད་དམ། ད་དེ་ཚོའི་སྐོར་ཚན་རིག་གི་དཔང་རྟགས་དངོས་ར་འཕྲོད་པ་ཞིག་བཤད་ཟིན་དེ་དྲན་པར་གྱིས། དེས་མཚོན་པའི་བོད་ལ་ཡི་གེ་མེད་རབས་བཤད་ཡོད། ཉེ་འཆར་བོད་ཀྱི་ས་འོག་ནས་རྡོ་རྐོས་ཀྱི་ཞང་ཞུང་གི་སྨར་ཡིག་དང་མདོ་སྨད་ནས་དུས་རབས་བཞི་པ་ལྔ་པའི་ནང་དུ་བྲིས་པའི་ཡི་གེ་དེབ་སུམ་ཅུ་ཐམ་པ་བོད་ནས་ཚན་རིག་གིས་དཔྱད་པས་དེ་ལྟར་ངོས་འཛིན་གྱིས་ཁུངས་སྐྱེལ་དང་བཅས་པ་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་དགེ་ལུགས་ཡིན་མཁན་གྱིས་འགྲེལ་བཤད་གསལ་པོར་བྱས་ཏེ་མིག་སྔར་པར་སྐྲུན་བྱས་ནས་བླུ་རྒྱུར་འདུག ལོ་རྒྱུས་རྫུན་མ་བཟོ་མཁན་སུ་ཡིན་མིན་ལོས་ཤེས། ས་སྟེང་འདི་ཡི་བྲག་ཕུག་ཡིན་ཚད་ཨོ་རྒྱན་སྒྲུབ་ཕུག། གངས་རི་ཡིན་ཚད་ཨོ་རྒྱན་གྱི་པད་ཞ། མཚོ་ཐམས་ཅད་རྡོ་རྗེ་ཕག་མོ་དང་ཡེ་ཤེས་མཚོ་རྒྱལ་གྱི་བླ་མཚོ། གཏེར་སྟོན་པ་ཡིན་ཚད་བོན་རྒྱུད་ཡིན་ཀྱང་བོན་པོ་མིན་རབས། དགོངས་པ་རབ་གསལ་བོན་ཕྲུག་ཡིན་ཀྱང་བོན་པོ་མིན་རབས། མི་རབས་འདི་ཡི་ནང་དུ་བོན་གྱི་བཀའ་ལ་འགྲེལ་བ་བཏབ་སྟེ་པོད་ཏི་བཅུ་ཕྲག་འབྲི་མཁན། ཁོང་གིས་བོན་གྱི་སྒྲུབ་གྲྭ་ལས་སོགས་བོན་གྱི་དགོན་པ་དང་སློབ་གཉེར་ཁང་བཅུ་ཕྲག་མང་པོར་ཕྱག་ལས་གནང་མྱོང་མཁན། དེ་རྗེས་མཐར་མཇའ་ལུས་སུ་ཕེབས་མཁན། ཀུན་གྱིས་རིག་སར་མཐོང་སར་བོན་གྱི་བླ་མ་འཁྲུལ་མེད་ཡིན་མཁན་ཀུན་མཁྱེན་ཤར་རྫ་བ་དང་ཁོང་གི་སློབ་མ་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་སོགས་མིག་སྔོན་མོས་རིག་སར་རྙིང་མའི་མཇའ་ལུས་པ་ཡིན་རབས་བཤད་པ་འདི་གཅིག་པོར་ལྟོས་དང། མི་རྐུན་རྫབ་ཆེན་འདི་འདྲ་རང་རེད། སྔར་ཡིན་ནའང་གཏེར་སྟོན་པ་དེ་ཚོའང་དེ་བཞིན་དུ་རྐུས་འདུག ལོ་རྒྱུས་རྫུན་མ་དེ་ལས་ལྷག་པ་དགོས་པ་འདུག་གམ།
གུ་རུ་དྲན་པའི་སྲས་ཡིན་པ་རྟོག་བཏགས་ཡིན་ན། གུ་རུ་ལགས་པད་མ་ནས་སྐྱེས་པར་འདོད་པ་དེ་ནི་དེ་བས་ཀྱང་སྲིད་ན་མི་གཤོང་བའི་རྟོག་རྟགས་རེད། རྟོག་བཏགས་གཉིས་ཀྱི་སོ་མཚམས་ནས་གུ་རུ་ལགས་གར་སོང་ཆ་མེད་དུ་འགྲོ་སྲིད། ཀོང་སྤྲུལ་སྔོན་མ་ནས་སྙན་ངག་དང་རྩོམ་ལ་མཁས་པ་ཡོད་རེད་ཟེར་བ་གོ་མྱོང་། ཁོང་ཀོང་པོ་བོན་རིར་་གནས་སྐོར་ལ་ཕེབས་ལམ་དུ་བན་དེའི་སྤྲུལ་སྐུ་ཡིན་པར་ངོས་འཛིན་བྱས་ནས་རྐུ་མ་བརྒྱབ་སོང་བ་རེད། ཁྱེད་ཚོ་ནི་མི་རྐུ་མ་རྒྱག་རྒྱུ་ལ་ཕུལ་དུ་ཕྱིན་པ་དེ་འདྲ་རེད་འདུག། རྙིང་མས་བོན་པོར་དྲིན་ཞེ་བོ་བྱས་ཡོད་རབས་ནི་སྐྱག་རྫུན་ཁོ་ནའོ། འདྲེ་རང་མགོ་མ་ཐོན་ནས་གཞན་མགོ་ཅི་འདོན་རྒྱུ་ཡོད། ཁྱེད་ཚོས་བསྟན་པ་དེ་འཛིན་སྐྱོང་བྱེད་སྟངས་ནི་འུར་མང་པོ་ཞིག་བརྒྱབ་ནས་མིག་དཀར་ལོག་དམར་ལོག་འདྲ་ལྟས། མགོ་ན་གི་འདུག་ལབ་ན་མགོ་ལ་མཐུད་ཤར་བརྒྱབ། རྐུབ་ན་གི་འདུག་ལབ་ན་རྐུབ་ལ་མཐུད་ཤར་བརྒྱབ། སོ་ན་གི་འདུག་ལབ་ན་སོ་ལ་མཐུད་ཤར་བརྒྱབ། དེ་ནས་མི་གསོད་བྱེད་ཀྱི་ཕུར་བ་དང་རལ་གྲི་དེ་ཚོ་ངོམ་ངོམ་འདྲ་བྱས། གྲི་ཁུག་ཟེར་བ་མི་རོ་བཤའ་བྱེད་དེ་དང་ཀ་པ་ལི་ཟེར་བ་མི་ཁྲག་འཐུང་ས་དེ་ཚོ་མར་སྟོན། ད་དུང་མིག་ཟུམ་ཟུམ་འདྲ་བྱས་ནས་ལྷ་འདྲེ་མ་མཐོང་ནའང་མཐོང་མདོག་མདོག་འདྲ་བྱས། རྒྱུ་ཡོད་མཁན་དང་དཔུང་ཡོད་མཁན་ཚང་མ་བཀུག་གང་ཐུབ་བྱས། ཐ་ན་ཕྱི་རྒྱལ་བ་གློག་བརྙན་འཁྲབ་མཁན་དང་དབྱིན་མོ་རྒྱུ་ཆེན་དེ་ཚོའང་ཁྱེད་ཚོས་སྤྲུལ་སྐུ་ཡིན་པར་ངོས་འཛིན་བྱས་འདུག། ཁྱེད་ཚོས་བཅོམ་ལྡན་འདས་ཀྱི་བསྟན་པ་སྐྱོང་སྟངས་འདི་འདྲ་རེད། གཡོ་སྒྱུ་ཡོད་ཚད་དེ་འཁྲབ་ནས་དངུལ་དངོས་ཏོག་ཙམ་རགས་པ་དང་ཁོ་ཚོས་ཞེ་བོ་ཞིག་འཇོན་མདོག་སྟོན་ཡོང་གི་འདུག། ངོ་ཚ་རྒྱུ་མེད་མཁན་ཚོ། བཅོམ་ལྡན་འདས་ཀྱི་ཞབས་འདྲེན་ཚོ། ཉེ་ཆར་རོང་མཚམས་ཀྱི་གྲྭ་བ་དེ་ཚོས་ག་རེ་བྱས་སོང་དེ་ཚོ་ཚང་མ་ཁྱེད་རང་ཚོའི་ཁོངས་གཏོགས་དེ་རེད་འདུག་བ། །
་་་་་་ བོན་ལ་སྡང་ཟུག་བྱེད་པ་ལོས་བདེན། ཁོང་ཚོའི་སྦྱང་བྱ་བདུད་འཇོམས་ཀྱི་རྒྱལ་རབས་ལྷ་ཡི་རྔ་བོ་ཆེ་དེ་རེད། དེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡིན་ཁུལ་རེད། དེའི་ནང་དུ་བོན་སྐོར་ལ་རྦད་དེ་ལོག་འགྲེལ་རྐྱང་བྱས་ཡོད། དཔེར་ན། བོན་གྱི་བླ་མ་མཐུ་ཆེན་མི་དགུ་ལ་སྡིག་ཆེན་མི་དགུ་ཞེས་བྲིས་ཡོད། ་་་་་ཟེར།
་་་་་་ འདི་ལས་ཁུངས་བཙན་པའི་ལུང་གཞན་ཡོད་མ་རེད་དམ། ད་དུང་དབུ་མ་ཆོས་དབྱིངས་དང་། ཕ་བོང་ཁ་པའི་ཕྱོགས་གཏོགས་ཀྱིས་བྲིས་པ་ཁ་ཤས་ནང་ཐེ་ཚོམ་ཅན་གྱི་ཚིག་མང་པོ་ཐོན་ཡོང་གི་འདུག་པ་དེ་ཚོ་ངས་རིམ་བཞིན་བཀོད་ན་ཁྱོད་ལ་གསལ་བཤད་བྱེད་རྒྱུ་ཨེ་ཡོད། ་་་་ཟེར།
་་་་་ མདོ་སྡེ་ལང་གཤེགས་ལས།༡༠༥ ཇི་སྲིད་སེམས་ནི་འཇུག་པའི་བར། ཐེག་པའི་མཐའ་ལ་ཐུག་པ་མེད། ཅེས་པའི་ཚིག་རྐང་གཉིས་པོ་འདི་ཐེག་པ་རིམ་དགུ་ཡོད་པའི་ཁུངས་བཙན་ཤོས་སུ་བརྩིས་པར་སྣང་། ཞེས་པ་འདི་བདེན་པ་རེད་དམ་མ་རེད། ་་་་་་ཟེར།
་་་་་་ དེར་མ་ཚད་བདུད་འཇོམས་ཀྱི་སློབ་མ་ཡིན་ཟེར་བ་དང་རྙིང་མ་བ་ཡིན་ཟེར་བའི་ཕྱི་རྒྱལ་བ་བོན་གྱི་རྫོགས་ཆེན་དཔེ་ཁྲིད་ཞུ་བར་ཡོང་མཁན་མང་པོ་འདུག། ་་་་་་ཟེར།
རྙིང་བོདན་དམ་ཚིག་མཐུན་འགྱུར་ཅིག །
ལེགས་བཤད་བྱིས་པའི་ཁ་ནས་ལེན།། ཟེར་བ་ལྟར་Bon Po ༼ཆོས་བོན་ལྟ་གྲུབ་གཅིག་ཏུ་འདོད་པ་ནི།
བན་རྒན་ཡ་མ་སླ་ཡི་ལམ་ལུགས་ཡིན།༽ ཟེར་བ་འདི་ཤིན་ཏུ་བདེན། ཕྱི་པ་ནང་པ་ལྟ་གྲུབ་གཅིག་ཡོངས་ཐབས་ག་ལ་ཡོད། ཚིག་འདི་ལ་ལེགས་སོ་སྟེར་བ་ཡིན།
བན་དེ་བ་དང་བོན་པོ་ཟེར་བ་འདི་གཉིས་ཀྱིས་རྐུབ་ཀྱིས་སྐྱག་པ་བཀྱག སྐྱག་པས་རྐུབ་བཀྱག་ཟེར་བའི་དཔེ་ལྟར་ཁོ་རང་གཉིས་ནང་ཕན་ཚུན་ཆེ་བརྗོད་བྱ་བའི་ཁུར་བླངས་པ་ནི་རང་སྐྱོན་གཞན་ངོམས་པར་ཟད་དོ།།
བདུད་འཇོམས་རིན་པོ་ཆེའི་སློབ་མ་བོན་གྱི་རྫོགས་ཆེན་ཞུས་མཁན་དེ་དག་རྙིང་བོན་གཉིས་ཀྱི་རྫོགས་ཆེན་གྱི་དབྱེ་བ་འབྱེད་པའི་ཆེད་དང་། ཇི་ལྟར་བརྐུས་པ་པ་དང་། གང་ལས་བརྐུས་པ་རྩད་གཅོད་པའི་ཆེད་དུ་ཡིན་རྒྱུ་རེད།
རྐུབ་ཀྱིས་སྐྱག་པ་བཀྱག་ཟེར་བའི་བཀྱག་སྟངས་དེ་གཅིག་ཤོད་དང་། ད་སྔགས་པ་ལགས་རིག་སྔགས་འདོན་འདོན་ནས་འཆོལ་འགྲོ་གི་ཡོད་པ་འདྲ། ཡང་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ་རན་པ་ཡིན་པ་འགྲོ། ། ཧཧཧཧ
སྲིན་པོ་ཡུལ་ནས་བོན་པོ་འདུལ་ཕྱིར་བསླེབས།།
བོན་མིང་འདི་ཚོ་ཆོས་ལ་བཀོད་ཕྱིར་བསླེབས།།
དམ་ཆོས་བདུད་རྩི་འགྲོ་ལ་འགྱེད་ཕྱིར་བསླེབས།།
སེམས་ཅན་ཀུན་གྱི་ཕན་བདེའི་ཆེད་དུ་བསླེབས།།
ཧཧཧཧཧཧཧ་་་་་་་་་་ང་ལ་ངོ་ཚ་རྒྱུ་ད་མི་འདུག་ཡ།
སྲིན་པོའི་ཡུལ་ནས་བོད་ལ་རྐུ་རུ་སླེབས། བོད་ཀྱི་ཆོས་རིག་བུད་མེད་བཅས་པ་རྐུས།
མགུར་ལྷས་འདུག་ཏུ་མ་སྟེར་སྲིན་ཡུལ་དུ། སླར་ཡང་སྲིན་མོ་ཞིག་དང་ཕྲད་དེ་ལུས།
ཁྲི་སྲོང་འཁྲུལ་ནས་གུ་རུར་གུས།
ལྷ་ལྕམ་བརྐུས་ནས་ཁོང་ཁྲོ་ལངས།
ཅི་བྱེད་ཐབས་ཤེས་མེད་བྲལ་བ་ན།
ཁྲི་ཁྲོས་ནས་གུ་རུ་སྲིན་ཡུལ་བརྫངས། །
ཁྲི་སྲོང་འཁྲུལ་ནས་གུ་རུར་གུས།
ལྷ་ལྕམ་བརྐུས་ནས་ཁོང་ཁྲོ་ལངས།
ཅི་བྱེད་ཐབས་ཤེས་བྲལ་བ་ན།
ཁྲི་ཁྲོས་གུ་རུ་སྲིན་ཡུལ་བརྫངས། །
པདྨ་འབྱུང་གནས་གཅིག་གི་ནུས་མཐུ་དང་།།
ཞི་བ་འཚོ་ཡི་ཕུལ་བྱུང་རྣམ་དཔྱོད་ལ།།
བོན་རྒན་ཡོད་ཚད་སྤུངས་ཀྱང་མ་ཐུབ་པས།།
མི་ལོ་སྟོང་ཕྲག་ལྷག་ལ་ལྡང་མ་ནུས།།
ཧཧཧཧཧ
པད་འབྱུང་ནུས་མཐུ་ཅན་གྱིས་བོད་ལ་འདུག་མ་བཟོད།
ཞི་འཚོ་མཁྱེན་པས་བོན་རྣམས་ཡོངས་སུ་བསྒྱུར་མ་ནུས།
ཁྲི་སྲོང་བཙན་པོས་བོན་རྣམས་གཞི་ནས་བསྣུབ་མ་ནུས།
མཐའ་མ་མཁྱེན་པ་དེ་ཚོས་བོད་ཡུལ་དམེ་ཡིས་ཁྱབ།
ཁྲི་སྲོང་འཁྲོས་ནས་པད་མ་སྲིན་ཡུལ་བརྫངས།
དཔལ་རྡོར་འཆོལ་ནས་ཞི་བའི་འདུལ་བརྒྱུད་བཅད།
བན་དེ་སྨྱོ་ནས་བོད་ཡུལ་སིལ་བུར་གཏོར།
མི་ལོ་སྟོང་ཕྲག་སྐྱག་པའི་འདམ་རྫབ་ཡིན། །
ཁྲི་སྲོང་ཁྲོས་པ་བོན་པོའི་སྟེང་དུ་ཁྲོས། །
ལྷ་རྡོར་ཆས་པ་བོན་གྱི་སྟེང་དུ་ཆས། །
བོད་མུན་རྨོངས་པའི་མགོ་བོ་གཅོད་པ་ལ། །
མཁན་སློབ་ཆོས་རྒྱལ་དཔའ་མཛངས་གཉིས་ལྡན་ཡིན། །
པད་འབྱུང་ནུས་མཐུ་ཅན་དེ་བཀའ་དྲིན་ཆེ། །
ཞི་འཚོ་མཁྱེན་པ་ཅན་དེ་བྱིན་རླབས་ཆེ། །
ཁྲི་སྲོང་འཇམ་དབྱངས་དངོས་དེ་གཟི་བརྗིད་ཆེ། །
མཁས་དབང་ཀ་མ་ལ་ཤི་མཁྱེན་རྒྱ་ཆེ། །
ཆེ་བའི་ཆ་མཆོག་བཞི་ལ་གུས་ཕྱག་འཚལ། །
བོན་པོ་ཚོས་ཁོ་བོར་་་་་་
ཆགས་སྡང་དུག་རླུང་འཚུབ་པའི་ཚང་ཚིང་ཁྲོད།།
མ་བརྟགས་བབ་ཅོལ་སྨྲ་བའི་ཝ་སྐྱེས་བརྒྱལ།།
བདེན་དོན་གཡུ་རལ་ཅན་གྱི་གད་རྒྱངས་འདིར།།
ལོག་སྨྲ་ཨོ་རྒྱན་ཉི་མའི་སྙིང་ལ་གཟན།།
སྔགས་ཀྱི་རྣལ་འབྱོར་བོན་རྒྱལ་གཉའ་ཁྲིའི་དུས།།
གྲུབ་པའི་དབང་ཕྱུག་ནམ་མཁའ་སྣང་མདོག་བྱོན།།
གསང་སྔགས་སྤྱི་སྤུངས་བོན་གྱི་བསྟན་པ་སྤེལ།།
གསང་སྔགས་གཞན་ལས་གཤུ་པའི་དགོས་པ་མེད།།
དམ་ཆོས་བོད་ལ་མ་དར་ཡར་སྔོན་དུ།།
རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱིས།།
འཕོ་ཆེན་ཉེར་བཞི་གཤེགས་པའི་བདེན་དཔང་ཡོད།།
རྫོགས་ཆེན་གཞན་ལས་གཤུ་པའི་དགོས་པ་མེད།།
བོན་གྱི་རྒྱལ་པོ་གནམ་གྱི་ཁྲི་བདུན་རིང་།།
འཛམ་གླིང་ཕར་ཕྱིན་ཐེག་པའི་ཡུམ་ཆེན་མོ།།
ཁམས་ཆེན་སྟོང་ཕྲག་བརྒྱ་པ་ལྷམ་མེར་འཛུམ།།
མདོ་ལམ་གཞན་ལས་གཤུ་པའི་དགོས་པ་མེད།།
རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཡིས།།
གཅིག་བསད་གཅིག་གསོ་བྱ་བའི་བོན་ཞིག་ནི།།
ཁོ་བོས་མི་ཤེས་བྱ་རུ་མི་རུང་ངོ།།
ཞེས་པ་དམར་མཆོད་འགོག་པའི་གཏན་ཚིགས་ཡིན།།
སྟོད་འགག་སྔོ་དམར་སེར་གསུམ་གང་གྱོན་ཡང།།
བོན་གྱི་མདོ་ལས་གྲུབ་ཕྱིར་བོན་པོའི་ལུགས།།
དགྲ་བཅོམ་རྒྱལ་པོ་ཤཱ་ཀྱ་ཐུབ་པ་ཡིས།།
སྟོད་འགག་གནང་པའི་ལོ་རྒྱུས་ངས་མ་མཐོང་།།
བསྟན་པའི་མངའ་བདག་ཁྲི་གཙུག་རྒྱལ་བ་ནས།།
ཕྲན་གྱི་བླ་མ་སྨྲ་བའི་དབང་པོའི་བར།།
སྡོམ་རྒྱུད་གསེར་གྱི་ཉག་ཐག་ཆད་མ་མྱོང་།།
གྲུབ་མཐའ་གཞན་ལས་ཞུས་པའི་ལོ་རྒྱུས་མེད།།
བོན་བཙུན་མངའ་ཐང་ཅི་འདྲའི་དར་དྲགས་ཀྱང་།།
སོལ་བ་བྱུགས་ནས་མགོ་སྐོར་གཏོང་མ་མྱོང་།།
མདའ་གཞུ་ཁྱེར་ཏེ་བཙན་པོ་བཀྲོངས་མ་མྱོང་།།
རྩ་བ་ཉམས་ནས་སྡོམ་རྒྱུད་ཆད་མ་མྱོང་།།
དེ་ལྟར་གཟུར་བོར་བཤད་པའི་ཆབ་རྒྱུན་གྱིས།།
ལོགས་རྟོག་བག་ཆགས་མ་ལུས་ཀུན་དག་ཤོག །
འདི་ལ་མ་དག་དྲི་མ་ཆ་མཆིས་ཚེ།།
བཀའ་ལུང་དཔང་དུ་བཞག་ནས་རྩོད་ན་ཆོག །
ཕན་བདེ་ཀུན་གྱི་རྩ་བ་རྒྱལ་བའི་བསྟན།།
ནམ་ཡང་ཁྱད་བསད་དུག་མདའ་འཕེན་མི་རུང་།།
མོས་གུས་འཛུམ་ཟེར་སྤྲོ་བའི་ཐབས་ལམ་ངང་།།
ཉམས་མྱོང་སྤེལ་རེས་བྱེད་པ་དམ་པའི་ལུགས།།
འཕགས་པའི་ཡུལ་དུ་གྲུབ་མཐའ་སྣ་ཚོགས་པར།
གཅིག་གིས་གཅིག་གི་གྲུབ་ཡོངས་མི་འདོད།
ཕན་ཚུན་རྒྱལ་བར་མངའ་ཐང་བཙུགས་ནས་བརྩད།
ཕམ་པས་རྒྱལ་ཁ་བླངས་པའི་ལུགས་བྱེད་དགོས།།
་
དེ་ལྟར་བོད་ཡུལ་ལྗོངས་སུ་མ་བྱུང་ཡང་།
དེ་ལྟའི་རྩོད་ཚུལ་འདི་ལ་དམིགས་གཏད་ན།
མ་འོངས་དུས་ན་རྩོད་ཚུལ་ཆུ་བོ་འཕེལ།
གངས་ཅན་རིག་གཞུང་མཚོ་མོ་མ་ཕམ་གང་།།
བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་དེབ་ཐེར་རིང་མོ་དེ་ནི་གཟི་བརྗིད་ལྡན་ལ། མཚམས་རེར་སེམས་ཀྱང་ཕམ་དགོས་པའི་ལེའུས་བཀང་བ་ཞིག་ཡིན་པས། ང་ཚོའི་ཕ་མེས་རྣམས་ཀྱི་མཛད་རྗེས་མང་བོ་བསྟོད་འོས་ལ། འགས་ཤས་དྲི་བ་འདྲི་ཡུལ་དུ་གྱུར། སངས་རྒྱས་ཆོས་ལུགས་བོད་ལ་སླེབས་ནས་བཟུང་། བོད་ཀྱི་ནང་ཁུལ་ལ་རིམ་གྱིས་བན་དེ་དང་བོན་པོའི་ཆོས་ལུགས་གཉིས་བྱུང་། འོན་ཀྱང་ཆོས་ལུགས་གཉིས་པོ་ཁ་མི་འཆམ་པའི་ཁྱིམ་མཚེས་ལྟར་དུ་ཐོག་མཐའ་བར་གསུམ་ཀུན་ཏུ་གཅིག་གིས་གཅིག་ལ་དོགས་ཟོན་གནང་ནས། དབང་ཆ་འཕྲོག་རྩོད་དང་སྐབས་སྐབས་སུ་གསོད་རེས་བྱས་པ་རེད། དེའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ཞེ་ན། ཁ་ཅིག་གིས་ཆོས་ལུགས་ཐ་དད་པ་གཉིས་དུས་གཅིག་ཏུ་ཡུལ་གཅིག་ལ་མཛའ་མཐུན་ངང་དུ་གནས་མི་ཐུབ་པས་སོ་སྙམ་ན། དེ་ནི་ལྟ་ཚུལ་ནོར་འཁྲུལ་ཅན་ཡིན། འཛམ་གླིང་གི་ལོ་རྒྱུའི་སྟེང་དུ་རྒྱལ་ཁབ་གཅིག་གི་འོག་ཏུ་དུས་མཉམ་དུ་ཆོས་ལུགས་སྣ་ཚོགས་མཛའ་མཐུན་ངང་དུ་ཐེངས་མང་བོར་གནས་ཐུབ་པ་བྱུང་། དཔེར་ན། སོག་པོའི་གོང་མའི་དུས་རབས་ལྟ་བུ་རེད། ཇིང་གིར་རྒྱལ་པོས་རྒྱལ་ཁབ་གཞན་ཚོར་བཙན་འཛུལ་བྱེད་སྐབས་སུ། ཡུལ་སོ་སོའི་ཆོས་ལུགས་ལ་གནོད་འཚེ་མ་བཏང་བར་རང་སར་བདེ་འཇགས་སུ་བཞག་པ་དང་། གོང་མ་སེ་ཆེན་རང་ཉིད་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པར་བསྒྲགས་ཀྱང་། ཁོའི་མངའ་འོག་ཏུ་ཆོས་ལུགས་མང་བོ་འགལ་འཁྲུག་མེད་པར་མཉམ་དུ་གནས་ཡོད། དེ་ལས་ལྡོག་ཏེ། བོད་ཡུལ་དུ་ཐོག་དང་བོ་ནས་བན་བོན་ནང་ཁུལ་ལ་འགལ་བ་ཆེན་པོ་བྱུང་ནས། བོན་པོས་བན་དེ་རྩ་མེད་དང་། བན་དེས་བོན་པོ་རྩ་མེད་གཏོང་ཨེ་ཐུབ་སྙམ་ནས་ཉི་མ་གཏོང་ཡོད། མཚམས་རེར་བན་དེ་རྒྱལ་ནས་བོན་པོ་རྒྱང་འབུད་དང་། བོན་པོ་རྒྱལ་ནས་བན་དེ་རྒྱང་འབུད་བཏང་། འདི་ནི་བན་བོན་གཉིས་ཆོས་ལུགས་ཐ་དད་པའི་རྒྱུ་མཚན་ཙམ་གྱིས་མ་ཡིན་པར། བོད་ཀྱི་དབང་བསྒྱུར་གྲལ་རིམ་གྱིས་ཆོས་ལུགས་བེད་སྤྱོད་བྱས་ནས་གོ་ས་དང་དབང་ཆ་རྩོད་པ་ལ་ཐུག །
ངས་དཔྱད་ན། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་སྙིང་བོ་ནི་འཚེ་བ་མེད་ཡིན་པས། ས་མཐོན་པོར་གཤེགས་ཡོད་པའི་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་བོད་མི་ཚོར་བོན་པོ་དང་བོན་པོའི་ལུགས་སྲོལ་དྲག་སྤྱོད་ཀྱི་སྒོ་ནས་རྩ་མེད་གཏོང་བའི་ངན་བསླབས་ག་ལ་ཡོད། དེ་ཙམ་དུ་མ་ཟད། རྒྱ་གར་གྱི་ནང་བའི་སློབ་དཔོན་རྣམས་ཀྱིས་བོན་གྱི་ཆོས་ལུགས་ལ་བརྩི་བཀུར་བྱས་པའི་རྟགས་སུ། གཉུག་མར་གནས་པའི་ཡུལ་ལྷ་བརྟན་མ་བཅུ་གཉིས་དང་། མགུར་ལྷ་བཅུ་གསུམ་སོགས་བོན་གྱི་ལྷ་སྲུང་ཐམས་ཅད་ལ་མཆོད་བསྟོད་བྱེད་པར་བཀག་འགོག་མ་གནང་བ་མ་ཟད། དེ་ཚོར་བན་དེ་རྣམས་ཀྱིས་སྔར་བཞིན་དུ་མཆོད་གསོལ་བྱེད་པར་རྒྱབ་སྐྱོར་མཛད། སྤྱིར་ཁ་ཆེ་བ་དང་མི་འདྲ་བར། དུས་ཕལ་མོ་ཆེར་སངས་རྒྱས་པ་ཚོས་གནའ་ནས་ད་བར་དུ་གང་ས་གང་དུ་ཞི་བའི་སྒོ་ནས་བསྟན་པ་སྤེལ་འདུག །ནང་བསྟན་ཀྱི་འཁྲུངས་ཡུལ་ནི་རྒྱ་གར་ཡིན་ཀྱང་། རིམ་ཀྱིས་ལྷག་བསམ་ལྡན་པའི་ནང་བའི་སློབ་དཔོན་མང་བོ་ཕྱོགས་བཞི་མཚམས་བརྒྱད་དུ་བྱོན་ནས་ཞི་བའི་སྒོ་ནས་བསྟན་པ་དར་རྒྱས་མཛད།
རྒྱལ་བོ་གླང་དར་མ་འདས་རྗེས་སུ་བན་བོན་གཉིས་ཀྱི་བར་ལ་འབྲེལ་བ་གསར་བ་ཞིག་གི་དབུ་ཚུགས། སྔར་འཐབ་འཛིང་ཁོ་ནས་དུས་འདས་པའི་ཁྱིམ་མཚེས་གཉིས་པོས་རེ་ཞིག་གཡུལ་འགྱེད་ཀྱི་མཚམས་འཇོག་གནང་བ་མ་ཟད། སྐབས་སྐབས་སུ་ནང་ཕན་ཚུན་ལ་གསོལ་ཇ་འཐུང་བར་གདན་འདྲེན་གནང་བ་དང་། བཅའ་ལག་གཡར་རེས་བྱེད་པའི་འགོ་ཚུགས་ནས་ད་ལྟའི་བན་བོན་གཉིས་པོ་ངོ་བོ་དང་རྣམ་པ་ཀུན་ནས་དབྱེ་དཀའ་བར་གྱུར།
དེས་ན་བོན་ལ་སྡང་མཁན་ཚོ་ནི་རྒྱ་གར་ནས་ཕེབས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོ་མ་ཡིན་པར། སྐབས་དེའི་མགོ་རྙོག་ཆེ་བའི་ཆབ་སྲིད་ཀྱི་དྲྭ་རྒྱར་ཚུད་པའི་བོད་ཀྱི་ཆབ་སྲིད་པ་རྣམས་ཀྱིས་ཆོས་ལུགས་ལ་ཁ་གཡར་ནས་དབང་ཆ་འཕྲོག་རྩོད་བྱས་ནས་བན་བོན་གཉིས་ཀྱི་སྙིང་སྟེང་དུ་དུས་ཡུན་རིང་བོར་གསོ་མི་ཐུབ་པའི་རྨད་སྐྱོན་བཟོས། བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནི་བོད་སྤྱི་ལ་ལྷག་བསམ་མངའ་མཁན་ཡིན་པས་བན་བོན་ཚང་མ་འདྲ་མཉམ་གྱིས་གཅེས་སྐྱོང་གནང་གི་ཡོད་ཀྱང་། ཕལ་ཆེར་ཆགས་སྡང་གི་ཁྲག་གིས་མྱོས་ཤིང་བོན་པོ་དང་བན་དེར་ཁས་འཆེ་བའི་བློན་པ་དེ་ཚོས་མི་རིགས་དང་ཆོས་ལུགས་བར་ལ་འཁོན་འཛིང་གི་འཁོར་ལོ་བསྐོར་བ་རེད། །
ད་ནི་དུས་རབས་གསར་བ་ཞིག་ཤར་ནས་ལམ་ཆེན་གསར་བ་ཞིག་ང་ཚོའི་མདུན་ལ་བསྟན་སོང་། དུས་སྐབས་འདིར། ང་ཚོ་ཚང་མ་མ་ཡུམ་གངས་ཅན་བུ་ཕྲུག་ཡིན་པས། སྙིང་ཉེ་བའི་བན་བོན་གྱི་སྤུན་ཟླ་རྣམས་ཀྱིས་སྔར་གྱི་འཁོན་འཛིང་རྙིང་བ་ཚོ་རྒྱབ་ལ་གཡུགས་ནས། མཛའ་བརྩེའི་བགྲོ་གླེང་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་དམ་བཅའ་ཐུགས་ལ་འཛིན་རོགས།
་་་་་་་ དེ་ཙམ་དུ་མ་ཟད། རྒྱ་གར་གྱི་ནང་བའི་སློབ་དཔོན་རྣམས་ཀྱིས་བོན་གྱི་ཆོས་ལུགས་ལ་བརྩི་བཀུར་བྱས་པའི་རྟགས་སུ། གཉུག་མར་གནས་པའི་ཡུལ་ལྷ་བརྟན་མ་བཅུ་གཉིས་དང་། མགུར་ལྷ་བཅུ་གསུམ་སོགས་བོན་གྱི་ལྷ་སྲུང་ཐམས་ཅད་ལ་མཆོད་བསྟོད་བྱེད་པར་བཀག་འགོག་མ་གནང་བ་མ་ཟད། དེ་ཚོར་བན་དེ་རྣམས་ཀྱིས་སྔར་བཞིན་དུ་མཆོད་གསོལ་བྱེད་པར་རྒྱབ་སྐྱོར་མཛད། ་་་་་ཟེར།
་་་་་་་ དུས་སྐབས་འདིར། ང་ཚོ་ཚང་མ་མ་ཡུམ་གངས་ཅན་བུ་ཕྲུག་ཡིན་པས། སྙིང་ཉེ་བའི་བན་བོན་གྱི་སྤུན་ཟླ་རྣམས་ཀྱིས་སྔར་གྱི་འཁོན་འཛིང་རྙིང་བ་ཚོ་རྒྱབ་ལ་གཡུགས་ནས། མཛའ་བརྩེའི་བགྲོ་གླེང་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་དམ་བཅའ་ཐུགས་ལ་འཛིན་རོགས། ་་་་་ཟེར།
ཁ་རྒྱུན་ལ། རྒྱ་གར་ལ་ནང་ཆོས་དང་ཕྱི་རོལ་མུ་སྟེགས་པ་མཉམ་འབྲེལ་ལྟར། བོད་ནང་ལ་སློབ་དཔོན་བཀའ་དྲིན་ཅན་གྱི་བསྟན་མ་བཅུ་གཉིས་སོགས་ལ་བཀའ་བཀོད་དམ་བཞག་གིས་མུ་སྟེགས་པ་དར་མི་ཐུབ་གནང་ནས། བོད་ནང་ལ་ནང་ཆོས་དང་མཉམ་དུ་བན་མཉམ་འབྲེལ་འོངས་བ་ཆོས་ཉིད་རེད་ཟེར། དེ་ན་བོན་པོ་རྣམས་མུ་སྟེགས་པ་མིན་པཡང་དེས་གྲུབ་པར་བཞེད་པའང་ཡོད། བོད་སོག་མི་རིགས་གཉིས་ཕྲུ་གུ་མཚེ་མ་ལྟར་ཡུན་པ་ལྟར། བན་བོན་གཉིས་ཆོས་རིག་གཞུང་མཚེ་མ་ལྟར་ཡིན་པས། ནང་དམེ་མི་འོང་བར་ལ་གཤབ་དགོས་སོ། །དེས་ན་བན་བོན་གཉིས་གཅིག་ཕན་གཅིག་གྲོགས་སུ་མཉམ་དུ་ཡུན་གནས་ཤོག །
བན་མཉམ་འབྲེལ། འདི། བན་བོན་ལ་བཅོས།
ཡང་།
དེས་ན་་་་་
ཀ་རྡོ་པས་གསུངས་པ་ལྟར་རེད། རྒྱབ་སྐྱོར་ཡོད། བན་བོན་རྩོད་དེ་བསྟན་དང་འཛིན་རྣམས་ལ་སྐུར་འདེབས་དང་སྒྲོ་བཏགས་བྱས་ན་རང་ཉིད་ལས་ངན་བསགས་པའི་རྒྱུ་ལས་གཞན་གང་ཡང་མེད། ཡིན་ནའང་ཨོ་ཉི་ཟེར་བ་འདི་ལ་ཁ་ཡར་གྲགས་ན་ཆགས་སྡང་རྨོངས་གསུམ་གྱི་སྐད་ཆ་མ་གཏོགས་ཤོད་རྒྱུ་མེད་སྟབས་འཁྲུག་པ་ཚང་མ་འདིས་བསླངས་པ་རེད།
ནང་པོ་ཚོས་བརྩོད་པ་འདི་ལྟར་ཡོང་སྐབས། ཐེག་པ་ཆེན་པོའི་ཆོས་ལ་བརྟེན་ནས་རང་ས་བཟུང་དགོས། འདི་ཡང་། བཟོད་པ་སྒོམ། བློ་སྦྱོང་ལག་ལེན་བྱེད། ལམ་རིམ་ལྟར་དམིགས་པ་སྐྱང་། དབུ་མའི་རིགས་པ་དེ་ཚོ་བཏང་། རྫོགས་ཆེན་གྱི་འོད་གསལ་སྒོམ། ཕྱག་ཆེན་གྱི་གསལ་སྟོང་ཟུང་འཇུག་སྒོམ་ནས། རང་གི་ཉོན་མོངས་ཨ་མ་བདག་འཛིན་དང་དེ་ལས་འཕྲོས་པའི་བདག་གཅེས་འཛིན་བཏུལ་དགོས།
དེ་མིན་བོན་པོ་ཚོ་དང་ནང་པོ་ཚོ་ཁྱད་པར་མིན་འདུག འདིར་ཡོང་མཁན་གྱི་བོན་པོ་རེ་གཉིས་ཡོད་པ་དེ་ཚོར་སྙིང་རྗེ་ཟེར་བ་དང་། བྱང་ཆུབ་སེམས་ཟེར་བ། སྟོང་པ་ཉིད་ཟེར་བ། བདག་པས་གཞན་གཅེས་ཟེར་བ་མ་ཤེས་སྟབས། ཁོང་ཚོའི་རྒྱུད་ལ་འདོད་ཆགས་ཞེ་སྡང་གཏི་མུག་དྲག་པོ་ཡོད་སྟབས། ཁོང་ཚོ་དང་ཉོན་མོངས་འགྲན་ན་ངོ་མི་ཚ་འམ། བོན་པོ་རེ་གཉིས་ལ་ཁག་མེད། བོན་ཆོས་ནང་ལ་སྙིང་རྗེ་དང་བཟོད་པ་དང་སྟོང་ཉིད་མེད་སྟབས། ཁོང་གཉིས་ལ་སྙིང་རྗེ་སྒོམ་དགོས་པ་འདི་ང་ཚོའི་ཆོས་ཀྱི་ཁྱད་ཆོས་དང་ཕ་ནོར་རེད། བོན་ཆོས་ཀྱི་ཡོན་ཏན་བསླབ་དགོས་མིན་འདུག བོན་པོ་དེ་ཚོའི་སྤྱོད་པར་ལྟོས་དང་ཤེས་ཤེས་པ་རེད། འདོད་ཆགས་ཞེ་སྡང་གཏི་མུག་ལ་སྐྱབས་བཅོལ་མཁན་ཡིན་པ་བན་དེ་དང་བོན་པོ་ཟེར་བ་འདི་ཚོའི་མཆན་ལ་ལྟོས་དང་། བོན་གྱི་ཡོན་ཏན་ཁོང་ཚོས་ཁྱེར་ཡོང་གི་འདུག
བོན་པོས་སེམས་ཅན་དམར་མཆོད་འབུལ་ནས་རང་ལ་བདེ་བ་འཚོལ་གྱི་ཡོད་པ་འདི་ལ། ནང་པས་སེམས་ཅན་སྙིང་རྗེའི་ཡུལ་དུ་སྒོམ་ནས་སེམས་ཅན་གྱི་དོན་དུ་རང་བློས་གཏོང་གི་ཡོད་པས། ད་ཁྱད་པར་འདི་ལ་གཟིགས་ནས་ང་ཚོས་བཟོད་པ་མི་སྒོམ་ན་ཅི་བྱེད།
ད་ག་རེའི་བརྩོད་པ་རྒྱག་གི་ཡོད།
སྙིང་རྗེས་དབང་གིས་བཙན་པོའི་ལྟག་པར་མདའ་མོ་འཕེན།
བྱམས་པའི་དབང་གིས་རིག་ལམ་སློབ་དགེ་གྲི་ཡིས་བསད།
བཟོད་པའི་དབང་གིས་གྲྭ་དམག་བླ་དམག་ལན་མང་རྒྱབ།
སེམས་བསྐྱེད་བསྒོམ་པས་རྒྱ་དམག་སྟོང་ཕྲག་མང་པོར་བསད།
དེ་དག་ཐམས་ཅད་སྙིང་རྗེ་བྱམས་སེམས་སྒོམ་ལས་བྱུང།
ཁ་ནས་བྱང་སེམས་སྒྲོག་ཅིང་ཁོག་ནས་ཆགས་སྡང་འབར།
འཇིག་རྟེན་ཁྱབ་འཇུག་ཆེན་པོའི་དགེ་ཕྲུག་དེ་ལས་ཡོང་རྒྱུ་ཅི།
ད་དུང་ནང་པ་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད།
དོན་དུ་མུ་སྟེགས་འཇུག་པ་བཅུ་ཡི་ནང་ཚན་ཡིན་པར་ཤེས་པར་མཛོད།
བོན་པོས་ལོ་རྒྱུས་རྫུན་མ་བཟོ་བ་དང་། ངས་རྙོག་དྲ་བསླང་བ་གཉིས་ཉེས་པ་གང་ཆེ།
http://blog.amdotibet.cn/ogyenling/archives/89475.aspx
ངས་འདི་ནས་བཤད་པ་ཚང་མ་ཆོས་འབྱུང་ཁག་གི་དགོངས་པ་གཞིར་བཞག་སྟེ་བྲིས་པ་ཡིན། ངས་མཐོང་ཚོད་ལྟར་ན་བན་དེའི་ལོ་རྒྱུས་ཁག་བརྒྱ་ཆ་བརྒྱད་ཅུ་བདེན་པ་རེད་འདུག་ལ། བོན་པོའི་ལོ་རྒྱུས་བརྒྱ་ཆ་བརྒྱད་ཅུ་རྫུན་མ་རེད། རེད་དེ།
http://blog.amdotibet.cn/ogyenling/archives/89543.aspx
འདི་ཡང་བོན་པོའི་ལོག་བཤད་ལ་བརྟགས་ཏེ་བྲིས་པ་ཡིན
ཨོ་ཉི་འདི་ལ་གཟིགས་དང་།
http://sangdhor.com/list_c.asp?id=11575
སྔོན་ནས་མཐོང་སོང་། བོང་རྫིས་མི་ཟེར་བ་ཅི་ཡོད།
བོང་རྫིས་ཁྱོད་ལ་་དངོས་གནས་སྙད་འཚོལ་གི་འདུག སྐྱེས་པ་ཕོ་་་་་་་ལན་ཞིག་བྲིས་དང་་་་་་་་
བན་བོན་ཚང་མ་རང་ལྡོག་ནས་བསྟན་པ་རྣམ་དག་ཏུ་གནས་ལ། ང་ཚོ་བན་དེ་ཚོར་ག་རེ་མཆིས་ན་ཁོང་རྣམས་ལ་མངའ། ང་ཚོ་བན་དེ་ཚོ་ནང་བཞིན་དུ་ཁོང་རྣམས་ལ་མདོ་སྔགས་གི་གཞུང་ཡོངས་སུ་རྫོགས་པ་དང་། ལོ་རྒྱུས་རིག་གཞུང་ཕུན་སུམ་ཚོགས་པ་ཡོད། ཁྱེད་རྣམས་ཀྱིས་གུས་ཞབས་སྒོ་ནས་བགྲོ་གླེང་གནང་ན་ཡ་མཚན་པའི་ལྟད་མོ་འབྱུང་གི །གྲུབ་མཐའི་ཆགས་སྡང་གི་སྒོ་ནས་ཕན་ཚུན་ཚིག་ངན་གཏོང་བ་འདི་ལ་དགེ་མཚན་ཡོད་པ་ཧ་གོ་མ་སོང་།
ཡར་རྒྱས་ཀྱི་རིག་གཞུང་མི་ལྡན་ཞིང་དམར་མཆོད་བྱེད་མཁན་བོད་ལ་བྱུང་བ་དེ་དག་སྟོན་པ་གཤེན་རབས་ཀྱི་རྗེས་འཇུག་མ་ཡིན་པར། གཡུང་དྲུང་བོན་གྱི་བསྟན་པ་བོད་ལ་མ་ཕེབས་པའི་སྔོན་གྱི་བོན་པོ་ཚོ་རེད། ལུགས་སྲོལ་དེ་ལ་གནའ་བོན་ནམ་གདོད་བོན་ཞེས་པའི་ཐ་སྙད་འདོག་ན་མི་འགྲིག་པ་མེད་སྙམ། གནའ་དུས་སུ་ཧིན་དུ་དང་ཁ་ཆེ་གཉིས་ཀྱི་ལུགས་ལ་དམར་མཆོད་བྱེད་སྲོལ་རྒྱ་ཆེན་པོ་བྱུང་ཞིང་། ལོ་རྒྱུས་ཀྱི་སྒང་དུ་ཧིན་དུ་རྣམས་ཀྱིས་ལོ་ཕྱུགས་ལེགས་ཤིང་ཆར་ཆུ་དུས་སུ་འབབ་པའི་ཆེད་དུ་ལྷ་མོ་ཀ་ལི་མར་ཕྱུགས་ཟོག་དང་། སྐབས་རེར་མི་གསོན་པོའི་དམར་མཆོད་གཏོང་བ་ལ། དབྱིན་ཇིའི་མངའ་འོག་ཏུ་རྗེས་ལུས་ཀྱི་ལུགས་སྲོལ་མང་བོ་ནུབ་ཟིན། དེས་ན་གདོད་བོན་དང་གཡུང་དྲུང་བོན་གྱི་བར་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་གསལ་བཤད་ལེགས་པོ་གནང་ཐུབ་ཚེ། བོད་མི་རྣམས་ཀྱི་སེམས་ནང་དུ་བོན་པོ་ཚོར་དོགས་པ་དང་འཇིགས་སྐྲག་ཞི་ནས། དོན་མེད་ཀྱི་སྐུར་འདེབས་བྱེད་པའི་རྒྱུན་དེའང་ཆད་ཡོང་ངེས།
ཕྲན་གྱི་སྣང་ངོར། རྒྱལ་པོ་སྲོང་བཙན་གྱི་སྐུ་རིང་ལ་བོད་དང་ཞང་ཞུང་བར་ལ་སྔར་མེད་ཀྱི་འབྲེལ་བ་བྱུང་ཞིང་། རྗེས་སུ་ཞང་ཞུང་བོད་ཀྱི་མངའ་ཁོངས་སུ་བསྡུས་སྟབས། ཞང་ཞུང་གི་རིག་གཞུང་དང་གཡུང་དྲུང་བོན་གྱི་གཞུང་ལུགས་རྣམས་བོད་ཡིག་ཐོག་ཏུ་བསྒྱུར་བའི་མགོ་ཚུགས་ཤིང་། རྗེས་སུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། ཁོང་གི་རྒྱབ་སྐྱོར་གནང་བའི་བཀའ་དྲིན་ལ་བརྟེན་ནས། ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱིས་བན་བོན་གྱི་གཞུང་ལུགས་མང་བོ་བོད་སྐད་དུ་བསྒྱུར་བས། ཁོང་གཉིས་ལ་བན་དེ་རྣམས་ཀྱིས་ཆོས་རྒྱལ་དང་། བོན་པོ་རྣམས་ཀྱིས་བོན་རྒྱལ་ཅེས་འབོད་ན་མི་ལེགས་སམ་སྙམ། འདི་དང་འདི་འདྲ་བའི་བོད་ཀྱི་ལོ་རྒྱུས་ཐད་ལ་ཞིབ་འཇུག་ཡག་པོ་གནང་ན་གོ་རྟོགས་གསར་བ་མང་བོ་ཐོན་གྱི་ཡོད་པ་འདྲ། འོན་ཀྱང་གཏམ་དྲང་བོ་བཤད་ན་ཀུན་གྱིས་མིང་ངན་འདོག་ཅིང་མི་གྲལ་ནས་བཏོན་པ་འུ་ཅག་གངས་ཅན་པ་རྣམས་ཀྱི་ལུགས་སྲོལ་ཡིན་པས། རེ་ཞིག་རང་གི་བསམ་ཚུལ་དག་ཁོག་ལ་སྦེད་ནས་ངལ་གསོ་བྱའོ། །
བདེ་མོར་བཞུགས།
༼1
འཇམ་དབྱངས་སྐྱིད་དང་ཨོ་རྒྱན་ཉི་མའི་གཉེན་སྟོན།
བོང་རྫི།
མདང་དགུང་གྲོགས་པོ་ཞིག་དང་ལྷན་དང་དྲ་ལམ་ཐོག་ནས་གླེང་མོལ་བྱུང་དུས། དྲ་ལམ་གྱི་འཕྲོས་མོལ། རྩོད་རྙོག་སོགས་ཀྱི་སྐད་ཆ་བྱུང་ཞིང། ཁྱད་པར་ཏུ་རྙིང་མ་བ་གསེར་རྟའི་ཨོ་རྒྱན་ཉི་མས་ཚན་རིག་མེད་པའི་གཏོང་བ་དང། བོད་འདི་ཕུང་ལ་སྤྱོར་མཁན་དགེ་ལུགས་པ་ཡིན་ཚུལ་གྱི་སྐོར་དང་། མཚོ་སྔོན་བརྙན་འཕྲིན་ཁང་གི་གླུ་མ་ར་རྫ་འཇམ་དབྱངས་སྐྱིད་ཀྱི་དགེ་བཅུའི་སྐོར་གྱི་རྩོམ་ཡིག་སོགས་ཀྱི་ཐད་ལ་སྐད་ཆ་འགའ་བྱུང།དེ་ནས་ཁོང་གིས་རྗེས་མར་ཇི་ཞིག་འབྲི་རྩིས་ཡོད་དམ་ཞེས་བྲིས་བྱུང། རྩེད་འཚར་གྱི་ཚུལ་དུ་དུས་ཚོད་ཡོད་ན་༼འཇམ་དབྱངས་སྐྱིད་དང་ཨོ་རྒྱན་ཉི་མའི་གཉེན་སྟོན༽ཟེར་པ་ཞིག་འབྲི་རྩིས་ཡོད་ཅེས་ལབ་པ་ལ། ཁོ་གད་མོ་ཤོར་ནས་རྐུབ་སྟེགས་སྟེང་ནས་རིལ་བ་ལྟ་བུ་ཞིག་བྱུང་སོང། སྤྱིར་བཏང་གི་བཤད་ན། གཉེན་སྒྲིག་ཟེར་པ་འདི་ཡང། མི་རིགས་རེ་རེ་ལ་གོམས་སྲོལ་མི་འདྲ་རེ་རེ་ཡོད་པ་མ་ཟད།བོད་རང་ལའང་མཚོན་ནའང། ཕོ་གཅིག་མོ་གཅིག་གི་གཉེན་སྒྲིག་དང། ཕོ་གཅིག་མོ་གཉིས་དང། ཁྱད་པར་གཅེན་གཅུང་རྣམས་བུ་མོ་གཅིག་ལ་གཉེན་སྒྲིག་པའི་གོམས་སྲོལ་ཡང་མང་པོ་འདུག་པས།མཐའ་གཅིག་ཏུ་འདི་ཞེས་བཤད་དཀའ་། དེ་བས་ནུབ་ཀྱི་མི་རིགས་རིག་པ་སྨྲ་བ་དག་གིས་གཉེན་སྒྲིག་ཟེར་པ་དམིགས་གསལ་གྱི་མིའི་ཕན་ཚུན་སྤྲེལ་བའི་འབྲེལ་ལམ་གལ་ཆེན་ཞིག་ལ་བརྩིས་ནས་སློབ་གཉེར་དང་ཞིབ་འཇུག་བྱ་སྲོལ་ཀྱང་ཡོད་པ་རེད།
སྤྱིར་བཏང་གི་བཤད་ན་འཇམ་དབྱངས་སྐྱིད་དང་ཨོ་རྒྱན་ཉི་མ་གཉིས་ཀ། ཕོ་གཅིག་མོ་གཅིག་གི་གཉེན་སྒྲིག་ནི་བྱས་ཟིན་པ་དང། ཁྱོ་ཤུག་རྣམས་ཀྱང་འཆམ་མཐུན་ཡོད་སྐད་ཐོས་བས། ཁོ་གཉིས་གཉེན་སྒྲིག་པ་བྱས་པ་ནི་ཡོང་གིན་མ་རེད། དེ་བས་ངས་བཏགས་པའི་ཁ་བྱང་འདི་ཡང་རྩེད་མོ་ཞིག་ལ་གཞན་ཅི་ཡང་མིན་པ་ཤེས་བ་ནི་གལ་ཆེ། ཡིནའང་རྩེད་མོ་འདི་ལ་བརྟེན་ནས། ངས་རྩེད་མོ་མ་ཡིན་པའི་སྐད་ཆ་ཞིག་བཤད་ན་འདོད་སོང། དེ་ནི་མི་ཕན་ཚུན་བར་གྱི་སེམས་ཀྱི་འཁྱེར་སྟངས་དང། རིགས་པའི་རྣམ་དཔྱོད་བཏོན་ཚུལ་དང།༼ཤུགས་རྐྱེན༽སོགས་ཕན་ཚུལ་སྤྲེལ་ཚུལ་སྐོར་ཅིག་ཡིན།དེ་ལྟར་ངས་བཤད་པའི་གཉེན་སྒྲིག་ནི། ལྟ་བ་དང་སེམས་ཀྱི་འཁྱེར་སྲོལ་དང། རྣམ་དཔྱོད་འདོན་སྟངས། འུར་སྒྲ་སྒྲོག་སྟངས་ཀྱི་ཐད་ནས་ཡིན་པ་ལས། འཇིག་རྟེན་དངོས་ཀྱི་ཁྱོ་ཤུག་གི་མཐུན་སྤྱོར་གྱི་ལས་ལ་བཀོད་་མི་རུང་བ་ཡིན།
༼2
ཧར་གྱིས་བལྟས་ན། ཨོ་རྒྱན་ཉི་མ་དང་འཇམ་དབྱངས་སྐྱིད་གཉིས་ལ་གཞི་མཐུན་ཞིག་རྩ་བ་ཉིད་ནས་ཡོང་ཆོག་གིན་མི་འདུག། མང་པོ་ཤེས་བ་བཞིན་འཇམ་དབྱངས་སྐྱིད་ནི། ཆུང་དུས་བོད་ཁྱིམ་ལས་ཁ་བྲལ་ནས། སློབ་གྲྭའི་ཉལ་ཁང་དང། སྐར་ལྔའི་དར་དམར་འོག་ཏུ་འཚར་ལོངས་བྱུང་ཞིང། ཁོ་མོར་རྣ་ལམ་དུ་བླུགས་ཡོད་པའི་དཔའ་བོ་ནི་ལེའུ་ཧྥུན་དང། ཏོའུ་ཚོ་རིས། ཧོང་ཅི་ཀོང་སོགས་རེད།རིམ་གྱིས་མི་རིགས་སློབ་གྲྭ་ཆེན་མོ་སོགས་འགྲིམས་ཞིང། དེ་ནས་མཚོ་སྔོན་གྱིས་གསར་ཏུ་བཙུགས་པའི་བརྙན་འཕྲིན་ཁང་དུ་ལས་ཀ་བྱས་དང་བྱེད་བཞིན་པ་ཞིག་རེད། ཁོ་མོའི་བཞས་འགའ་ཞིག་བཏང་བ་ལ་བརྟེན་ནས།དེ་ནས་༢༠༠༥་ལ་ཨ་རིའིཀོ་ལན་པེའི་དགེ་རྒན་ཆེན་མོ་ར་རྦེ་ཡིས་ཨ་རི་ལ་གཏན་ཞུས་ཀྱི་ཟླ་གཅིག་ཙམ་ལ་ཉིག་ཡོ་ནས་ཟླ་གཅིག་ཙམ་ཀྱང་སྡོད་མྱོང་ཡོད་འདུག། དེ་ནས་ཕྱིར་བོད་དུ་སོང་ནས་ཀྱིས་སྲིད་དོན་གྱིས་རྙོག་དྲ་འོག་ལྷུང་ཞིང། དཔེ་དེབ་གཉིས་ཙམ་བྲིས་ཡོད་པ་དང། དུས་རྒྱུན་དྲ་བའི་ཐོག་ཏུ་ཟིན་ཐོ་སྤེལ་མཁན་ཡིན་ཕྱིར། ཀུན་གྱིས་དོ་སྣང་བྱེད་དགོས་བའི་མི་ཞིག་ཆགས་པ་རེད། ཁོ་མོ་ནི་གཞུང་བཙུགས་སློབ་གྲྭ་དག་ནས་སློབ་གཉེར་བྱས་ནས་བྱུང་བ་ཡིན་པས། ཁོ་མོའི་སེམས་ཀྱི་འཁྱེར་སྟངས་དང། རྣམ་དཔྱོད་འདོན་སྟངས་ཚང་མའང་དོན་གྱི་་ཨུ་རུ་སུ་དམར་པོ་དང་ཤིན་ཏུ་འདྲ་བོ་འདུག་པ་འདུག།རྒྱུ་མཚན་ནི་དེང་དུས་ཡོད་པའི་སློབ་གྲྭའི་སྒྲིག་འཛུགས་ཐམས་ཅད་ཀྱི་ཁུངས་ནི་དོན་གྱིས་ཨུ་རུ་སུ་དམར་པོ་རང་རེད། སློབ་གྲྭ་འདི་དག་གིས་དམིགས་བྱ་གཙོ་བོ་ནི། སྤྱི་ཚིགས་རིང་ལུགས་ཀྱི་མི་གསར་པ་ཞིག་བཟོ་རྒྱུ་ཡིན་པ་དང། གཞུང་གིས་གཏན་ལ་ཕབ་པའི་སློབ་དེབ་དང། རྒྱུགས་འབྲས་སོགས་ལ་དོགས་སློང་ཅི་ཡང་བྱེད་མི་ཆོག་ཀྱང། ཐ་ན་དགེ་རྒན་དང་མི་འཐད་པའི་སྐད་ཆའང་བཤད་མི་ཆོག་ཅིང།། སྤྱང་བྱ་ཐམས་ཅད་སློབ་གསོ་སྡེ་ཁག་ནས་ཐག་བཅད་པ་ཤ་སྟག་རེད།སློབ་ཕྲུག་རྣམས་ནི། དམག་ལྟར། ཉིན་མཚན་མེད་པར་ལུས་ངགཡིད་སུམ་གྱིས་སྤྱོད་ལམ་ཐམས་ཅད་དོ་དམ་ནན་མོ་བྱེད་བཞིན་ཡོད་ཅིང།དཔེར་ན།ཆུ་ཚོད་དྲུག་པ་ཙམ་ལ་ཡར་ལངས། ལུས་སྤྱོང་བྱས།༼དོན་གྱིས་ཕྱག་འཚལ་བ་དང་གཅིག་རེད༽དེ་ནས་སྐར་ལྔའི་དམར་མདུན་དུ་རྒྱལ་གླུ་བླངས་༼དོན་གྱིས་ཁ་ཏོན་བྱེད་པ་དང་གཅིག་རེད༽དེ་ནས་ཞོགས་ཟས་རོལ་དགོས་བ་ལྟ་བུ་རེད།དགེ་རྒན་དང་དཔོན་པོ་རྣམས་ལ་ཅི་ཡང་བཤད་མི་ཆོག་པར་༼དོན་གྱིས་བླ་མ་དང་གཅིག་རེད༽མཆོད་བསྟོད་ལེགས་གསོལ་འབུལ་བྱེད་དགོས་བ་ལྟ་བུ་རེད། དེ་བས་འཇམ་དབྱངས་སྐྱིད་ཀྱི་སློབ་གསོའང་དོན་གྱི་ཁ་ཆེ་ཚོའི་ཆོས་ཀྱི་སློབ་གསོ་ཞིག་ལས།བོད་ཀྱི་རྒྱུན་སྲོལ་གྱི་སློབ་གསོ་ལྟར།བརྒལ་བརྟག་དང་རྩོད་གླེང་སོགས་ཡོད་པ་དངནུབ་ཀྱི་སློབ་གསོ་ལྟར། རིགས་པ་གཙོ་བོ་འཛིན་པའི་སློབ་གསོ་དེ་མིན་པའང་གསལ་བོ་རེད།
༼3
ཨོ་རྒྱན་ཉི་མ་ཡང་སློབ་གཉེར་གྱི་དོ་རྭ་མི་འདྲ་བ་ཞིག་ནས་བྱུང་བ་རེད་མོད། དེ་ཡང་དོན་གྱིས་རིགས་པ་མི་དགོས་བར། དད་པ་དང་རྫུ་འཕྲུལ་སོགས་གཙོ་བའི་འཛིན་པའི་ཆོས་ཀྱི་བཟོ་གྲྭ་ཞིག་ནས་བྱུང་བ་ཞིག་རེད། ཁོ་ནི་ཁམས་ཀྱི་ས་ཁུལ་ཆུང་ཆུང་ཞིག་ནས་སྐྱེས་ཞིང། ཆུང་དུས་རང་གི་ས་དེའི་བླ་མ་གཉིས་ཀྱིས་སྤྲུལ་སྐུ་ཞིག་ཏུ་་ངོས་འཛིན་བྱས་རྗེས། ཕ་མ་གཉིས་ཀྱིས་མཁན་པོ་གསེར་རྟའི་ལྔ་རུང་སྒར་ཏུ་འཇིགས་མེད་ཕུན་ཚོགས་སར་ཁྲིད་པ་དང། འཇིགས་མེད་ཕུན་ཚོགས་ཀྱིསསྤྲུལ་སྐུ་ཡིན་མིན་གྱི་གསལ་མ་བྱུང་བར་བཤད་མོད། དམིགས་གསལ་དང་མི་ཟད་པའི་ཐུགས་དགྱེས་བའི་རྣམ་པ་ཡང་ཡང་བསྟན་པར་བཤད། ༼བླ་མའི་རྣམ་ཐར་འབྲི་སྲོལ་ལྟར་ན།དོན་གྱིས་མཁན་པོ་འཇིགས་ཕུན་གྱིས་སྤྲུལ་སྐུ་ལ་ངོས་འཛིན་ཐོབ་ཅེས་བའི་དོན་རེད༽དེ་ནས་རང་དགོན་དུ་ཡོང་ནས་ཀློག་འདོན་སོགས་བྱས་པར་མངོན་ཞིང། གཞུང་ཆེན་པོ་སོགས་ལ་སྤྱངས་ཡོད་པར་མི་མངོན་མོད། འདོན་ཆོག་དང་གཏོར་བཅོས་སོགས་རིམ་གྱིས་སྤྱངས་ནས་དེའི་ཕྱོགས་ལ་ཤིན་ཏུ་མཁས་བས་བཤད། ༡༩༩༢ལོ་ལ་ཡང་བསྐྱར་གསེར་རྟ་ལྔ་རིག་ནང་བསྟན་སློབ་གྲྭ་ཟེར་པ།གསར་ཏུ་བཙུགས་པའི་ཆོས་མིན་སློབ་མིན་དགོན་གསར་དེ་རུ་སླེབས་ནས་ལོ་གསུམ་གྱི་རིང་མཁན་པོ་འཇིགས་མེད་ཕུན་ཚོགས་བསྟེན་ནས་དབང་ལུང་མང་པོ་ཐོབ། དེ་ནས་༡༩༩༦་ལོ་ལ་རྒྱ་གར་ཏུ་ཕེབས་ནས་རྣམ་གྲོལ་གླིང་གི་སློབ་གཉེར་བྱས་ནས། མཐར་༢༠༠༨་ལོ་་ལ་རྙིང་མའི་བླ་མ་པད་ནོར་རིན་པོ་ཆེ་ཟེར་པ། ཨ་རིའི་གློག་བརྙན་འཁྲབ་མཁན་སི་ཐན་བུ།Steven seagal ཟེར་པ་དེ་བླ་མ་ཞིག་ཏུ་ངོས་འཛིན་མཁན་དེས། ཨོ་རྒྱན་ཉི་མ་ལའང་དམིགས་གསལ་གྱི་་special Master ༼མཁན་པོ་༽ Doctorate ༼འབུམ་རམས་པ༽ དང་ Professor degree༼སློབ་དཔོན་ཆེན་མོ༽གོ་ས་མང་པོ་གནང་སྟེ། མཐར་ཐེའུ་ཝན་ནམ་ཕོར་མོ་ས་ཟེར་པ་དེ་རུ། ཆོས་བཤད་པར་མངགས་པར་བཤད། ད་ལྟ་ཨ་ཀོང་རིན་པོ་ཆེ་ཟེར་པ་ཞིག་གིས་ཁྲིད་ཡོངས་ནས། དབྱིན་ཇིའི་ལུང་བར་ཡོད་པར་བཤད། ཨོ་རྒྱན་ཉི་མས་ཀྱང་དཔེ་དེབ་གཅིག་ཙམ་བྲིས་ཡོད་པར་བཤད་པ་དང། དུས་རྒྱུན་བོད་ཕྱི་ནང་གི་དྲ་རྒྱ་ཐོག་ལ་ཟིན་ཐོ་སྤེལ་མཁན་ཞིག་རེད། ཨོ་ཉིའི་སློབ་གསོ་བཤད་ནའང་གཙོ་བོ་དད་པ་དང་ཁ་ཏོན་དགེ་སྤྱོར། གཏོར་སྒྲུབ་སོགས་དང། དེ་བཞིན་གྲུབ་རྟགས་དང།གནམ་ལ་འཕུར་པ་དང། ས་ལ་འཛུལ་བ་སོགས་གཙོ་བོ་་བཟུང་ནས་མཚར་གཏམ་བཤད་པ་ལས།བསྡུས་གྲྭ་དང་ཚད་མ་གཙོ་བོ་འཛིན་པའི་སློབ་གཉེར་ཅིག་བྱུང་མེད་པར་མངོན། རྒྱ་གར་ཏུ་སླེབས་ནས་ཀྱང་གྲུབ་མཐའི་ཕྱོགས་རིས་དང། འགྲན་སེམས་ཁོ་ནས་བཅིངས་བའི་ཆོས་ཀྱི་བསླབ་གྲྭ་དང།ཆོས་ཚོགས་ལས་བསྡད་པ་ཙམ་ལས། གཞན་ཕྱི་ནང་གཉིས་ཀྱི་རིགས་པ་གནད་དུ་བཟུང་བའི་རིག་པ་ཞིག་སྤྱངས་མེད་པར་སྣང།
༼4
སྤྱིར་བཏང་གོང་བཤད་ལྟར། མི་འདི་གཉིས་ལ་སྐྱེས་ཡུལ་དང། སློབ་གཉེར་བྱེད་སྟངས། སྡོད་ཡུལ། མི་ཚེའི་སྐྱེལ་སྟངས་སོགས་རྩ་བ་ཉིད་ནས་ཐ་དད་རེད། ཕྱི་ཚུལ་ཙམ་གྱིས་དེ་གཉིས་ལ་ཐུན་མོང་བའི་གཞི་གཅིག་ཀྱང་ཡོད་པ་མ་རེད། འཇམ་དབྱངས་སྐྱིད་ཀྱི་ལྟ་བ་ནི། རིག་གནས་གསར་བརྗེའི་རྙིང་གཏོར་གྱི་ལྟ་བ་དང། ཨོ་རྒྱན་ཉི་མའི་ལྟ་བ་ནི་། རང་རློམ་ཅན་གྱིས་གྲུབ་མཐའ་རྩོད་མཁན་ཞིག་དང། གསེར་རྟ་དང་རྙིང་མ་མ་གཏོགས་མེད་ཟེར་མཁན་ཞིག་འདུག། དེ་བས་ཁོ་གཉིས་རྩ་བ་ཉིད་ནས་ཐ་དད་རེད། གཅིག་གིས་གཅིག་གིས་ཕམ་པར་རྒྱག་ཐུབ་ན་སྙམ་པ་དང།སྐབས་རེ་ལ་དགྲ་བོ་ལྟ་བུ་ཞིག་ལ་བརྩི་བཞིན་ཡོད་པ་ནི། ཁོ་གཉིས་ཀྱིས་བྲིས་བ་དག་ལ་བསྡུར་ནས་བལྟས་ན་གསལ་བོ་ཧ་གོ་ཡོང་གིན་རེད། དེ་བས་ངས་དེའི་སྔོན་རྩེད་འཚར་གྱི་ཚུལ་དུ་དེའི་གཉིས་ཀྱི་གཉེན་སྟོན་གྱི་སྐོར་འབྲི་ཀིན་ཡིན་ཟེར་དུས། ངའི་གྲོགས་པོ་དག་གིས་ཁོང་དགོད་ཤོར་པའང་གཙོ་བོ་མི་འདི་གཉིས་རྩ་བ་ཉིད་ནས་ཐ་དད་ཡིན་པའི་སེམས་ཀྱི་འཁྱེར་སྲོལ་དེའི་སྟེང་ནས་བྱུང་བ་ཞིག་རེད། ཡིནའང། མི་འདི་གཉིས་ཀྱིས་བྲིས་བ་དག་ལ།སེམས་རྣལ་དུ་ཕལ་ནས་ཞིབ་འཇུག་བྱས་པ་དང། ནུབ་ཀྱི་མིའི་རིགས་རིག་པའི་འགྲོ་ཚུལ་གྱི་ལམ་ནས། མི་འདི་གཉིས་ཀྱི་སེམས་ཀྱི་འཆར་ཚུལ་དང། ཁོག་གི་ཞེ་འདོད་ངོ་མ་གཉིས་ལ་ཞིབ་འཇུག་བྱེད་ཡོང་ན། ཁོ་གཉིས་ཀྱི་མི་མཐུན་ས་ནི། གཙོ་བོ་ལུས་དང། ཕྱིའི་རྣམ་འགྱུར་ཡིན་པ་ལས།སེམས་ཀྱི་ཕུགས་སུ་དེད་སོང་ན་འདི་གཉིས་ལ་འདྲ་བའི་ཆ་ཤིན་ཏུ་མང་པོ་འདུག་ཅིང། སྐབས་རེ་ཆུ་ལ་ཆུ་བཞག་པ་ལྟ་བུ་ཞིག་ཀྱང་ཡོང་གིན་འདུག།གཤམ་དུ་འདི་གཉིས་ཀྱི་འདྲ་ས་དང་མཐུན་ཤས་འགའ་ཤས་ངོ་སྤྲོད་བྱ་བསམ་ཞིང། དེ་དག་ལས་ཁོ་གཉིས་ཀྱི་ཐུན་མོང་བའི་གཞི་དེ་གསལ་བོ་ཤེས་ཐུབ་ཀིན་འདུག།
༼༡༽མི་འདི་གཉིས་ཀ་ཟློས་གར་འཁྲབ་འཁན་དང། གླུ་ལེན་མཁན་གཉིས་རེད། ངས་སྐབས་འདི་ཟློས་གར་ཟེར་པ་ནི། རྩེད་མོའི་གར་འཁྲབ་པ་ཙམ་ལ་བཤད་ཀིན་མེད། དམིགས་དོན་གཙོ་བོ་ནི། དེ་ནི་གཉིས་ཀས་ངག་ལ་བརྟེན་ནས་མི་མང་པོ་ཞིག་གིས་མདུན་ནས་བྱ་བ་ཞིག་བྱེད་བཞིན་པ་དེ་ལ་བརྟེན་ནས་བཤད་ཀིན་ཡོད། ཀུན་གྱིས་ཤེས་བ་བཞིན། འཇམ་དབྱངས་སྐྱིད་ནི། གླུ་ལེན་མཁན་རེད། ང་རང་གིས་གྲོགས་པོ་མང་པོ་ཞིག་ཀྱང་ཁོ་མོའི་གླུ་ལ་དགའ་བོ་འདུག། ཨོ་ཉི་ནི་ཆོས་བཤད་མཁན་རེད། དོན་གྱིས་གཉིས་ཀས་མི་མང་པོ་ཞིག་གིས་ངག་གི་ཟློས་གར་ཅིག་འཁྲབ་དགོས་བ་རེད། ཟློས་གར་ལའང་མང་པོ་ཡོད་པ་རེད། ཡིནའང་ཟློས་གར་འཁྲབ་སྟངས་གཅིག་མ་གཏོགས་ཡོད་པ་མ་རེད། དེ་ནི་ཆ་ཤས་གསུམ་གྱིས་གྲུབ་པ་ཞིག་རེད།ལྟད་མོ་བལྟ་མཁན་དང། འཁྲབ་གཞུང། འཁྲབ་མཁན་་གསུམ་རེད། ལྟད་མོ་བལྟ་མཁན་དང་སྟོན་མཁན་གཉིས་ཀྱིས་འབྲེལ་ཐག་ནི། འཁྲབ་མཁན་དེའི་ངག་དང་ལུས་ཀྱིས་འགྱུར་པ་དེ་ལ་བརྟེན་ནས་འབྲེལ་དགོས་བ་ཞིག་རེད། འཇམ་དབྱངས་སྐྱིད་ཀྱིས་གླུ་ལེན་དུས་སུ། ལྟད་མོ་བལྟ་མཁན་གྱིས་ཁོ་མོ་ལ་ཇི་ལྟར་བལྟ་ཚུལ་འདི་གལ་ཆེན་པོ་ཡིན་པ་བཞིན། ཨོ་ཉིས་ཆོས་བཤད་སྐབས། སློབ་མ་དག་གིས་ཁོ་ལ་ཇི་ལྟར་དྲན་ཀིན་ཡོད་དམ་སྙམ་པའི་སེམས་ཚོར་འདི་ཡང་གལ་ཆེན་རེད། ཁོ་གཉིས་ཀྱི་ཟློས་གར་ཡག་མིན་ལ་མ་ལྟོས་བར། ཁོ་གཉིས་ལ་ཀུན་གྱིས་དོ་སྣང་བྱེད་དགོས་བ་ཞིག་བྱེད་དགོས་བ་ནི་ཁོ་གཉིས་ཀྱི་སེམས་ཀྱི་ཐུན་མོང་བའི་གཞི་ཆེན་པོ་དེ་རེད།
༼5
༼༢༽དེ་ལྟར་ནམ་ཡང་ཀུན་གྱི་དཀྱིལ་དུ་ཡོད་དགོས་བའི་སེམས་ཚོར་འདྲ་བ་དེ་ལས་འཕྲོས་ནས། ད་དུང་འདི་གཉིས་ལ་ཐུན་མོང་བའི་གཞི་ཆེན་པོ་ཞིག་ཡོད་པ་ནི། མི་འདི་གཉིས་ཀྱི་བོད་ཀྱི་ལོ་རྒྱུས་དང་གནས་བབས་ཀྱི་ལྟ་ཚུལ་དེ་རེད། གཉིས་ཀས་སྔོན་གྱི་བོད་ཀྱི་ལོ་རྒྱུས་ནི། བཙིར་གནོན་དང། ཀླ་ཀློ་དང། མུན་ནག། བདུག་རྩུབ་ཅན་ཞིག་ཡིན་པར་འདོད་བཞིན་ཡོད་པ་དེ་རེད། འཇམ་དབྱངས་སྐྱིད་ལ་མཚོན་ན། ཁོ་བོད་ཀྱི་ལོ་རྒྱུས་ནི་ཆོས་ལུགས་པ་དག་གིས་བོད་མི་མང་གིས་ལུས་ངག་ཡིད་གསུམ་ཐམས་ཅད་བསྡམས་ནས། ༼ དབང་བཙན་པའི་ཆོས་ཁྲིམས་ཀྱི་བཙིར་གནོན་འོག༽དང་༼སྨྲ་སྒོ་གཅོད༽དང༼་མི་རྣམས་འཇིགས་སྐྲག་དངངས་གསུམ་གྱི་གནས་སུ་བསྐྱལ༽ལྟ་བུ་ཞིག་ཏུ་འདོད་བཞིན་ཡོད་པ་དང།ཨོ་རྒྱན་ཉི་མས་ཀྱང།ཞིབ་དུ་དེད་སོང་ན།བོད་ཀྱི་ལོ་རྒྱུས་ནི་བཙིར་གནོན་དང་མུན་ནག་གིས་ཁྱབ་པ་ཞིག་ལ་ངོས་འཛིན་བྱས་བཞིན་ཡོད་པ་རེད། ཁོས་དུས་རྒྱུན་ཚིག་ཤུགས་དང་དངོས་སུ་སྔོན་ཆད་བོད་ས་རང་གིས་སྐྱོང་དུས། བོད་འདི་དགེ་ལུགས་པས་བཟུང་ནས། གྲུབ་མཐའ་གཞན་ལ་བཙིན་གནོན་བྱས་ཡོད་པ་འདྲ་བ་ཞིག་དང། ལྷག་པར་ཏུ་དེང་དུས་ཀྱི་གནས་བབས་ལ་མངོན་གསལ་དོད་པོས། དགེ་ལུགས་པ་ནི་བོད་ཀྱི་སྲོག་རྩ་གཅོད་པ་དང།བོ༹ད་ཁམས་བདེ་བར་འཇུག་གིན་མེད་པའི་གཙོ་བོ་རེད་ཅེས་མངོན་གསལ་འཛེམ་མེད་ཀྱི་བཤད་ཡོད། བོད་ཀྱི་ལོ་རྒྱུས་འདི་ལྟ་བུ་ཞིག་དང་གནད་གནས་ལ་འགྲེལ་བརྗོད་བྱ་བཞིན་པ་ནི།གཞན་དོན་མཐུན་གྱི་ལོ་རྒྱུས་ཀྱི་ཁུངས་ལུང་མེད་པར།གཉིས་ཀའི་ཁུངས་ལུང་ནི་མདོར་བསྡུས་ན།དུང་དཀར་རིན་པོ་ཆེའི་༼ཆོས་སྲིད་ཟུང་འབྲེལ་༽དང། མོའི་ཙེ་ཏུང་དང།རིག་གསར།རྒྱལ་སྲིད་སྤྱི་ཁྱབ་ཁང་སོགས་ཀྱིས་རྒྱབ་ཤ་དཀར་པོ་དེབ་དག་ལས་བྱུང་བ་དག། ཞོགས་དུང་དང་གྲོགས་པོ་དག་གིས་བསྐྱར་ཟློས་ཀྱིས་བཤད་པ་དེ་དག།གཉིས་ཀས་བདེན་པར་མཐོང་ནས་བསྐྱར་བཤད་བྱས་པ་དེ་རེད།
བོང་རྫི་ཟེར་བ་ཁྱེད་རང་གིས་འཇམ་དབྱངས་སྐྱིད་ལ་ཆང་ས་བརྒྱབ་ཨེ་ཐུབ་ལྟོས། འོ། ངས་བརྗེད་སོང་། འཇམ་དབྱངས་སྐྱིད་ལ་ཁྱོ་ག་ཕོ་སར་རྫིག་པོ་ཞིག་ཡོད་པ་ཐོས། སྐྱོན་མི་འདུག ། འཇམ་དབྱངས་སྐྱིད་ཀྱི་ཕུང་སྦྱར་ཞིག་ཏུ་འགྱུར་ཐུབ་ཤས་ཆེ། ཕུང་སྦྱར་ནི་གསང་གྲོགས་ཀྱི་མིང་གཞན་རེད། ཡང་གོ་ཐོས་ཤིག་ལ། འཇམ་དབྱངས་སྐྱིད་བསྡུས་གྲྭ་ལ་དགའ་བོ་ཧ་ཅང་ཡོད་པས། མོས་ལྐོག་ཏུ་བསྡུས་གྲྭ་ལ་མཁས་པ་ཞིག་དགའ་རོགས་དུ་འཚོལ་བཞིན་ཡོད་པ་ཐོས། ཕལ་ཆེར་འཇམ་དབྱངས་སྐྱིད་དེ་སྔོན་ཆད་ཕྱྭ་བའི་ལུགས་ཀྱི་རྫས་ལྡོག་བརྒྱད་ཟེར་བ་སྔར་འཕགས་ཡུལ་གྱི་པཎ་ཆེན་དག་གིས་མ་མཁྱེན་པའི་ཚིག་འཕྲུལ་ཞིག་གིས་ཇོ་མོ་མང་པོ་ཕམ་པར་བཏང་བའི་ནང་གི་ཇོ་རྒན་མ་ཞིག་གི་སྐྱེ་བ་ཡིན་པ་འདྲ། བོང་རྫི་ཁྱེད་རང་བསྡུས་གྲྭ་ལ་མཁས་པ་ཡོད་པ་འདྲ། ཀུ་རེ་ཞུས། ཧ་ཧ་ཧ།
༼6
༼༣༽ དེ་ལས་ཀྱང་མཐུན་སྤྱིར་གྱི་གཞི་ཆེན་པོ་གཅིག་ནི། གཉིས་ཀ་ལ་རིགས་པ་དང་གཏན་ཚིགས་མི་དགོས་བར། གང་ཡིན་ལ་སྡོམ་ཚིག་ཆེན་པོ་འཇོག་པར་དགའ་བའི་བཤིས་ལུགས་དེ་རེད། འཇམ་དབྱངས་སྐྱིད་ལ་མཚོན་ན། སྔོན་གྱི་བོད་ཀྱི་ཤེས་རིག་ལ་སྤྱངས་བ་ཕར་ཞོག།དེང་དུས་ཀྱི་ཤེས་བྱ་གཙོ་བྱས་བའི་སློབ་གསོ་ཡག་པོ་ཞིག་རྩ་བ་ཉིད་ནས་མེད་པར་བཤད་མོད། གོ་ཐོས་ལ་རྒྱ་ཡིག་གི་དཔེ་ཆ་ཡག་པོ་ཞིག་ཀྱང་ཀློག་ཐུབ་མེད་དང། བོད་ཡིག་ཀྱང་ཡི་གེ་ཙམ་འབྲི་ཤེས་མིན་ཙམ་རེད་ཟེར། ༼ཁོ་མོ་ཤེས་བའི་མི་འགའ་ཤས་ཀྱིས་དེ་ལྟར་བཤད་མྱོང༽དེ་བས་སྔོན་གྱི་ཤེས་རིག་ཕར་ཞོག། དེང་དུས་ཀྱི་སྤྱི་ཚོགས་རིག་པ། མིའི་རིག་པ། ཆབ་སྲིད་སོགས་མིའི་འདུས་སྡེ་ལ་དཔྱད་པ་གཏོང་བའི་ཤེས་རིག་གི་མགོ་འབུམ་ཙམ་ཞིག་ཀྱང་ཤེས་བཞིན་མེད་པར་བཤད། ཡིནའང་མང་པོས་ཤེས་བ་བཞིན་ཁོ་མོས་བོད་ཀྱི་ལོ་རྒྱུས་དང། རིག་གཞུང། དེ་བཞིན་བཤིས་ལུགས། སེམས་ཀྱི་འཁྱེར་སྟངས་སོགས་ལ་སྡོམ་ཚིག་མང་པོ་བཞག་ཡོད་པ་ནི། ཁོ་མོས་བྲིས་བ་དག་ལ་ལྟོས་དང་གསལ་བོ་རེད། དེ་བས་སྡོམ་ཚིག་དེ་དག་ལ་རྒྱུ་མཚན་དང་གནས་ལུགས་གཅིག་ཀྱང་མེད་པར། དོན་མེད་སྡོམ་ཚིག་དང་རིག་གསར་གྱི་སྐད་འབོད་ཙམ་ཞིག་ལ་གཞན་ཅི་ཡང་མེད་པའང་་གསལ་བོ་རེད། ཨོ་རྒྱན་ཉི་མ་མཚོན་ན། ཁ་ཏོན་དགེ་སྤྱོར་ཙམ་དང། གཏོར་མཆོད་ཙམ། དེ་མིན་རྙིང་མའི་ལྟ་གྲུབ་ཙམ་ལ་སློབ་ཉེར་ཙམ་བྱས་ཡོད་པར་མངོན་མོད། གཞན་རིགས་པའི་རྣམ་བཞག་དང། གཏིང་ཟབ་པའི་ཤེས་བྱ་ནི་གཅིག་ཀྱང་བྱས་མེད་པའང་ཁོང་གིས་ཟིན་ཐོ་དང། སྐད་ཆ་བཤད་སྟངས། རིགས་པ་སྒྲུབ་སྟངས་སོགས་ལ་བལྟས་ན་གསལ་བོ་རེད། མི་འདིས་སྐད་ཆ་བཤད་དུས། སྐད་ཆ་མགོ་སྔ་ཡོད་པ་དང། གཏན་ཚིགས་ཡོད་པ་ཞིག་རྩ་བ་ཉིད་བཤད་ཤེས་ཀིན་མི་འདུག། དཔེར་ན། ཁོས་ཚན་རིག་ལ་སློབ་གཉེར་ཏིལ་འབྲུ་ཙམ་ཡང་བྱས་མི་འདུག་ཅིང། ཐ་ན་འགྲོ་སྟངས་ཙམ་ཡང་ཤེས་ཀིན་མི་འདུག། ཡིནའང། ངས་གཞན་དུ་གླེང་ཡོད་པ་ལྟར། ཚན་རིག་དགོས་མིན་དང། ཚན་རིག་པ་བཙོན་དུ་བསྡུ་དགོས་བ་སོགས་བཤད་ཡོད་པ་དེ་བཞིན་རེད། མི་འདིས་ཚན་རིག་གིས་མི་རིགས་ཀྱི་སྣོད་བཅུད་གཉིས་ལ་ཕོག་ཚུལ་སོགས་མང་པོ་བཤད་ཡོད་པ་རེད།ཕྱིའི་སྣོད་ལ་བཙོག་པ་བཟོས་ཚུལ་དང། དེས་མི་རིགས་ལ་གནོད་ཚུལ་སོགས་བཤད་བཞིན་ཡོད་པ་རེད། ཡིནའང་མི་འདིས། གནོད་འཚེ་འདི་ཐམས་ཅད་ཚན་རིག་གི་སྡོམ་ཚིག་ལས་བྱུང་བ་ཡིན་པའང་ཤེས་ཀིན་མེད་པའི་ཚོད་དུ་འདུག། དེ་ནི་རྟ་ལ་ཞོན་ནས་ཆུའི་ཕ་རོལ་བརྒལ་བཞིན་དུ། ད་དུང་རྟ་དགོས་མིན་བཤད་བཞིན་ཡོད་པ་དང་གཅིག་མཚུངས་རེད། འདོར་ན། འཇམ་དབྱངས་སྐྱིད་ཀྱིས་བོད་ཀྱི་ཤེས་རིག་ལ་སྔོན་འགྲོའི་སྤྱངས་བ་ཙམ་ཡང་མེད་པར་བོད་ཀྱི་ཡོད་ཚད་ལ་སྡོམ་ཚིག་འཇོག་པ་དང། ཨོ་ཉིའི་ཚན་རིག་ཟེར་པའི་སྤྱི་དོན་ཙམ་ཡང་མ་ཤེས་བར། གཉིས་ཀའི་རང་ཐད་ནས་སྡོམ་ཚིག་རེ་རེ་འཇོག་པ་ནི། དོན་གྱིས་མི་འདི་གཉིས་ལ།གཏན་ཚིགས་དང་རྒྱུ་མཚན་མི་དགོས་བར། འུར་རྒྱག་པར་དགའ་བའི་རང་བཤིས་དེ་མཚོན་ཐུབ་པས། དེ་ནི་ཁོ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་གཞི་མཐུན་པའི་ལས་དེ་རེད།
༼༤༽ གཞན་ད་དུང་འཇམ་དབྱངས་སྐྱིད་དང། ཨོ་ཉི་གཉིས་ལ་ཡང་འདྲ་ས་ཆེས་མཐུན་པ་ཞིག་ཡོད་པ་ནི། གཉིས་ཀས་ནམ་ཡིན་ཡང་གཞན་དང་མི་མཐུན་པ་རེ་བྱས་ནས། ཀུན་གྱིས་དོ་སྣང་བྱེད་དགོས་བ་ཞིག་བཟོ་རྒྱུ་དེ་རེད། རིག་གཞུང་གི་ཐོག་ནས་འདི་གལ་ཆེན་པོ་ཅི་ཡང་མ་རེད་མོད། སེམས་ཁམས་རིག་པའི་ཐོག་ནས་བཤད་ན། འདི་ལ་གོ་བ་སྙིང་རྗེ་མོ་ལེན་རྒྱུ་ཡོད་པ་རེད། མི་ཁ་ཅིག་དང་ལྷག་པར་ཏུ་བུད་མེད་ཀྱི་རིགས་ལ། ཁ་ཡག་དང་ངོ་དགའ་བྱེད་དགོས་བ་ཞིག་ཡིན་པ་མ་ཟད། དུས་རྒྱུན་དོ་སྣང་ཆེན་པོ་སྤྲད་དགོས་བ་ཞིག་རེད། བདེན་མིན་ལ་མ་ལྟོས་བར། ཁྱེད་ཡག་གིན་ཡ། མཛེས་མ་འདུག། ཁ་ལག་ཧ་ལས་བ་བཟོ་ཀིན་འདུག། ཁྱེད་འདྲ་ས་སྟེང་ན་མི་འདུག་ཅེས་བཤད་པ་ཡིན་ན། ཁོ་མོ་ཚོ་སེམས་སུ་དགའ་བ་ཆེན་པོ་ཡོང་གིན་རེད། ཁོ་མོ་ཚོས་ཀྱང་དེ་བདེན་པ་མིན་པ་ཤེས་ཀྱང། ཁ་ཡག་བཤད་པ་ཙམ་གྱིས་སེམས་སྐྱིད་པོ་བཟོ་ཀིན་རེད། ཕོ་མོ་གཉིས་མི་འདྲ་བའི་ཁྱད་པར་ནི། བྱིས་བའི་དུས་ཀྱི་རྩེད་ཚུལ་གྱི་སྟེང་ནས་ཧ་གོ་ཡོང་གིན་རེད། དཔེར་ན་བྱིས་བ་ཕོ་རྣམས་ཀྱིས་རལ་གྲི་དང། མདའ་མདུང་། རྟ་གླང་སོགས་རྩེད་པ་ལ་གོམས་ཞིང། བྱིས་མོ་རྣམས་ཀྱིས་འགྱིག་གི་བྱིས་བ། ཨ་མ་སོགས་འཕྲད་པར་དགའ་བ་ལྟ་བུ་རེད། བྱིས་པ་ཕོ་རྣམས་ལ་དཔའ་བོ་ཡིན་པ་དང། གྲུབ་འབྲས་ཆེན་པོ་ཡོད་ཁུལ་བཤད་ན་དགའ་ཀིན་རེད། རྩ་དོན་གཉིས་ཀ་ལ་དོ་སྣང་བྱེད་དགོས་བ་ཞིག་རེད། འདི་ནི་མིའི་རིགས་ཀྱི་སེམས་ཁམས་ཞིག་རེད། ཡིནའང་འདི་རིག་གཞུང་ལ་འབྲེལ་བ་ཅི་ཡང་ཡོད་པ་མ་རེད།
འདི་དག་ལས་ག་རེ་མཚོན་ཀིན་འདུག་གམ། སྐྱེ་ཁུངས་མི་གཅིག་པ་དང། སློབ་གཉེར་བྱེད་སྟངས་ཐ་དད་པ། ལྟ་བ་རྩ་བ་ཉིད་ནས་ཐ་དད་པ་གཉིས་ཀྱི་མདུན་དུའང་ཆབ་སྲིད་དང། སྐབས་འཕྲལ་གྱིས་དགོས་མཁོའི་ཆེད་དུ་ཐུན་མོང་བའི་གཞི་མང་པོ་འདུག་པ་དང། སྐབས་འགར་ཕོ་མོ་་གཉིས་གཉེན་སྒྲིག་པ་ལྟ་བུ་ཞིག་ཀྱང་ཡོང་གིན་ཡོད་པ་དེ་རེད། འཇམ་དབྱངས་སྐྱིད་ལ་མཚོན་ན། སྔོན་གྱི་བོད་པ་དག་ནི་ཀླ་ཀློ་དང། མུན་ནག། བདུག་རྩུབ་ཅན་ཞིག་ཡིན་པ་དང། བོད་ཀྱི་ནང་བསྟན་གྱི་ཤེས་རིག་ནི་དེ་ཐམས་ཅད་ཀྱི་རྩ་བ་རེད་ཅེས་འདོད་བཞིན་ཡོད་པ་དང། ཨོ་ཉིས་ཀྱིས་རྒུད་པ་ཐམས་ཅད་ཀྱི་སྒོ་ནི་དགེ་ལུགས་པ་རེད་ཅེས་མངོན་སུམ་འཛེམ་མེད་ཀྱི་བཤད་བཞིན་པ་དེ་རེད། དེ་བས་ཁྱབ་ཆེ་ཆུང་མ་གཏོགས། མཐར་ཐུག་ན་བོད་ལ་རིག་གནས་ཀྱི་གསར་བརྗེ་ཞིག་དགོས་ཀིན་འདུག་ཅེས་བཤད་བཞིན་པ་དེ་རེད།
གཟིགས་དང་ཨོ་ཉི་འདིས་བོན་པོ་གཅིག་པོ་ལ་མ་རེད། འདིས་ཁོ་རང་གི་ཆོས་རྒྱུད་གཅིག་པོ་གཙང་མ་དག་པ་ཡིན་ཟེར་ནས། གཞན་གྱི་ཆོས་རྒྱུད་ཐམས་ཅད་ལ་དུག་ཏུ་བལྟ་མཁན་ཞིག་རེད། འདིར་ཁོང་བན་བོན་གཉིས་ལས་ཁོས་བན་ཕྱོགས་བཟུང་ནས་བོན་པོར་བཤད་ཁུལ་བྱས་ཀྱང་དོན་དུ་ཁོས་བོན་ཆོས་གཉིས་དབར་དཀྲུག་འདོད་རང་རེད། ཡང་རྙིང་མ་བཤད་དུས་ཁོས་རྙིང་མའི་བླ་སྤྲུལ་མང་པོ་ཞིག་ལ་ཕུང་གསུམ་ཡིན་ཚུལ་དང་་་་ཁོ་རང་གི་བླ་མ་དང་ད་ལྟ་ལྟོ་རག་སའི་ཆོས་ཚོགས་ཀྱི་བླ་མ་ལས་གཞན་རྣམས་ཕུང་གསུམ་པ་རེད་ཟེར་ན་སྨད་ཀྱང་བྱེད་ཀྱི་འདུག
འདིར་བོན་བཙུན་ཞིག་གིས་དཔྱད་པ་ཡག་མོ་ཞིག་གནང་འདུག་པས་ཁྱེད་ཁ་སེར་གཏིང་ནག་ཚོའི་རྨོངས་པ་སེལ་ཕྱིར་ཕུལ་བ་ཡིན། http://www.himalayabon.com/review/negative/2013-05-18/211.html
་་་་་་ ཨོ་ཉིས་ཀྱིས་རྒུད་པ་ཐམས་ཅད་ཀྱི་སྒོ་ནི་དགེ་ལུགས་པ་རེད་ཅེས་མངོན་སུམ་འཛེམ་མེད་ཀྱི་བཤད་བཞིན་པ་དེ་རེད། དེ་བས་ཁྱབ་ཆེ་ཆུང་མ་གཏོགས། མཐར་ཐུག་ན་བོད་ལ་རིག་གནས་ཀྱི་གསར་བརྗེ་ཞིག་དགོས་ཀིན་འདུག་ཅེས་བཤད་བཞིན་པ་དེ་རེད། ་་་་་ཟེར།
ཤཱཀ་ཐུབ་བཀའ་དངདེ་ཡི་དགོངས་འགྲེལ་ལ།།
ལྟོས་བཞིན་བོན་པོའི་མིང་གི་ཅོད་པན་འཛིན།།
རྒྱལ་རབས་ལོ་རྒྱུས་ཕལ་ཆེར་རྫུན་བཟོ་མཁན།།
དེང་གི་བསྒྱུར་བོན་དག་ལ་ཕྱག་འཚལ་ལོ།།
ལོ་དྲུག་ནགས་ནས་འོང་བའི་སངས་རྒྱས་དང་།
དུད་འགྲོ་ཀླུ་ནས་བརྐུས་བའི་ཡུམ་མདོ་དང་།
ཕམ་ལྟུང་ལྷ་ནས་འཕྲོག་པའི་མངོན་རྟོགས་རྒྱན།
རང་ཚུགས་བརྟན་པོ་མེད་པ་བན་དེའི་ལུགས། །
ལོ་དྲུག་ནགས་ནས་འོང་བའི་སངས་རྒྱས་དང་།
དུད་འགྲོ་ཀླུ་ནས་བརྐུས་བའི་ཡུམ་མདོ་དང་།
ཕམ་ལྟུང་ལྷ་ནས་འཕྲོག་པའི་མངོན་རྟོགས་རྒྱན།
རང་ཚུགས་བརྟན་པོ་མེད་པ་བན་དེའི་ལུགས། །
ལན་དུ།
ལོ་དྲུག་དཀའ་སྤྱད་མཛད་ནས་བདེན་བཞི་མདོ་སྔགས་གསུངས། །
ཀླུ་སྒྲུབ་ཀླུ་ཡུལ་ཕེབས་ནས་ཡུམ་མདོ་བླངས་ནས་དངོས་བསྟན་བསྟན། །
ཐོགས་མེད་དགའ་ལྡན་མི་ཕམ་ཞལ་ནས་མངོན་རྒྱན་གསན། །
ཐུབ་དབང་ཀླུ་སྒྲུབ་ཐོགས་མེད་གསུམ་ལ་གུས་ཕྱག་འཚལ། །
མོ་གཤམ་བུ་ཡི་ཟླ་བོ་བོན་སྟོན་དང་།།
རི་བོང་ར་དང་མཚུངས་པའི་བཀའ་བོན་དག།
མེད་ཀྱང་རེ་སྟོང་རྒྱག་ལ་མི་ཞུམ་ན།།
ཤཱཀ་ཀླུ་ཐོགས་གསུམ་བསྙེན་ལ་ངོ་ཚ་ཅི།།
ཧཧཧཧཧ
ཤཱཀྱའི་རྒྱལ་པོ་ནམ་མཁའི་ཁྱོན་ལས་འགོངས།།
ཀླུ་སྒྲུབ་ཆེན་པོ་སྟོང་གསུམ་གཏོས་དང་མཉམ།།
འཕགས་པ་ཐོགས་མེད་ས་གསུམ་འགྲན་ཟླ་བྲལ།།
འཇིག་རྟེན་མིག་མཆོག་གསུམ་ལ་སྙིང་ནས་བསྟོད།།
སྤྱིར་ཨོ་ཉི་འདི་ལ་ཞེན་པ་སྟངས་ནས་ལོག་ཡོད་ཀྱང་། ད་ཐེངས་དྲང་བདེན་འདྲ་ཞིག་ལབ་སོང་། བོན་པོ་དང་བོན་བཙུན་ཚོས་ལོག་བཤད་ཁོ་ནས་རྒྱལ་བསྟན་སྡང་ཞུགས། པད་འབྱུང་ཤཀ་ཐུབ་དང་རྒྱལ་བའི་བསྟན་པ་སྤྱི་ལ་གཤེ་བ་དང་། འཕགས་ཡུལ་བརྒྱུད་པའི་དམ་ཆོས་ལ་ཟུར་ཟ་དང་ངན་སྨད་བྱེད་པ་འདི་ནི་གཟུར་གནས་བློ་ལྡན་གྱི་ལྟ་སྤྱོད་ལྟ་ཅི། འཇིག་རྟེན་མི་ཆོས་ཙམ་ཡང་མི་ཤེས་པར་གདོལ་སྤྱོད་ཁོ་ན་ཟད་དོ། ། འདི་འདྲའི་ཤེས་འཆལ་ཚོ་ལ་ཁ་ཡ་བྱས་ན་དུས་ཚོད་དང་རྣམ་དཔྱོད་ཆུད་ཟོས་སུ་མཐོང་བས་ཨོ་ཉི་ཁྱོད་ཀྱི་རང་ཚོད་ཟུངས་ཤིག །
རྒྱུ་ཡི་ཀུན་སློང་དུག་སྐྱོན་དྲི་མས་སྦགས། །
ལན་གྱི་སྦྱོར་བ་དངོས་ངན་སྨོད་གདོང་སྤྲད་ཚེ། །
རྒྱ་འབྲས་མེད་པར་སྨྲ་བའི་བོན་ལུགས་ལ། །
ཐུགས་དགོངས་རབ་ཡངས་ནམ་མཁའི་ཀློང་དུ་མཛོད། །
སྙན་དང་གྲགས་པ་བྲག་ཆའི་སྒྲ་དབྱངས་བསྒྲོགས། །
ཐོབ་དང་གོ་ས་སྨྲིགས་རྒྱུའི་གོ་འཕང་རྩོད། །
ཡི་ཆད་ཞེན་པ་ལོག་པའི་གདོན་གཟུགས་ཚོས། །
གང་བྱས་བྱིས་པའི་རྩེད་མོ་ཉིད་དུ་མཐོང་། །
སངས་རྒྱས་བསྟན་པའི་འོད་སྟོང་རྣམ་བཀྲ་ཡང་། །
སྲིན་བྱ་བོན་པོའི་འགྲན་སྙམ་རྫུན་དྲུག་སྒྲོགས། །
གདོན་གཟུགས་གཤིན་རབས་དད་པའི་དམུས་ལོང་འགས། །
གངས་ཅན་མུན་པའི་གླིང་དུ་སླར་ཡང་འདོགས། །
སྒྲོ་བཏགས་བྱིས་པའི་སྒྲུང་གིས་གཞན་མགོ་བསྐོར། །
མཁན་སློབ་ཆོས་རྒྱལ་མདུན་གཏད་དགྲ་རུ་བཟུང་། །
འཕགས་ཡུལ་རྒྱལ་བའི་བསྟན་འཛིན་གདོན་དུ་འཁྲུལ། །
རྒྱལ་པན་གཡོ་སྒྱུས་འདམ་ཁྲོད་དཀྱིལ་དུ་གཡུགས། །
སྨོན་ལམ་ལོག་པའི་བོན་ལུགས་སྙིང་རྗེའི་ཡུལ། །
འཚེ་མེད་རྒྱལ་བསྟན་འོད་སྣང་གསལ་གྱུར་ཅིག །
གདོན་གཟུགས་བོན་གྱི་མུན་ནག་སངས་གྱུར་ཅིག །
གངས་ལྗོངས་ཆོས་དཔལ་ཕྱོགས་ཀུན་ཁྱབ་གྱུར་ཅིག །
འགྲོ་ཀུན་རྨོངས་བོན་གཉིད་ལས་སད་གྱུར་ཅིག །
ཨོ་ཉི་ང་ལ་ཞེན་པ་དཀར་པོ་དང་།།
འཁོན་འཛིན་ཆེ་བའི་གང་ཟག་སྲང་མདའ་བཞིན།།
བཟང་ངན་གང་བཤད་བྲག་ཆའི་སྒྲ་བཞིན་བལྟས།།
དགའ་སྐྱོ་ཆགས་སྡང་བྱ་བའི་འདུན་པ་རྫོགས།།
ལ་ལས་ང་ལ་ཐན་ལྟས་ངན་དང་།།
སྡོམ་ཤོར་དམ་ཉམ་གྲྭ་ལོག་མདོ་མེད་ཟེར།།
ཁ་ཅིག་བསྟན་པ་རིན་ཆེན་སྲུང་བ་ལ།།
དོ་ཁུར་ཆེ་འོ་ཞེས་པའི་སྔགས་པའང་ཐོབ།།
ཨ་ཨ་བོན་པོ་ཚོས་དམར་མཆོད་འབུལ་གྱི་ཡོད་ཟེར། དཔེ་རེད།
ཧཧཧཧཧ མ་གཞི་ནས་ཁྱེད་ཅག་བོན་པོ་ཚོས་ཆོས་བཞིན་དུ་མི་སྒྲུབ་པར་ལོ་རྒྱུས་རྫུན་མ་དང་། ཁྱད་པར་དུ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལ་བརྟེན་བཞིན། ཁོང་གསུམ་ལ་ངན་དམོད་རྐྱང་རྐྱང་བྱེད་བསྡད་མཁན་རིགས་ལ་ང་གཏན་ནས་མི་དགའ། དེང་སང་གི་བོན་པོའི་ལྟ་གྲུབ་ལ་སྐྱོན་མེད་པ་རྟོགས་ཡོད། རེད་དེ་ལོ་རྒྱུས་གསར་བཟོ་དང་། ནང་པའི་ཤཀ་ཐུབ། པད་འབྱུང་སོགས་ལ་ངན་དམོད་བྱེད་བསྡད་ན། ངས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཡོངས་རྫོགས་བོན་པོར་འཇུག་པར་འགོག་ཐུབ་པར་མ་ཟད། ཕྱི་རྒྱལ་ཁག་ཏུ་ག་རུ་བྱེད་ན་ཡང་ལས་སླ་མོ་ཡིན། དེ་ཕྱིར་ཁྱེད་ཅག་གི་ཐུགས་ལ་ཞོགས།
ད་ལྟ་ང་ཚོས་མི་རིགས་ཆིག་སྒྲིལ་བཤད་བསྡད་པ་ཙམ་མི་ཕན་པར། འབྱུང་འགྱུར་གྱི་གནས་སྟངས་ལ་བསམ་བློ་མ་བཏང་ན་ལོ་རྒྱུས་ཀྱིས་མི་རིགས་ཁ་བྲལ་དུ་གཏོང་བ་དང་། སྐྱོན་མཚང་གིས་མི་རིགས་ཁ་བྲལ་དུ་གཏོང་བ་གཉིས་ལས། སྔ་མ་ཉེས་པ་ཆེ་བར་སེམས། སྐྱོན་མཚང་ནི་ཐད་ཀའི་སྐྱོན་རེད། ལོ་རྒྱུས་རྫུན་མ་བཟོ་བ་དུས་རབས་མང་པོ་རྫོགས་མི་ནུས་པའི་སྐྱོན་རེད། དེ་ཙམ་དུ་མ་ཟད་ལོ་རྒྱུས་དང་། ལྟ་གྲུབ་རྫུན་མ་རྐྱང་རྐྱང་བཟོ་བསྡད་ན་རིག་གཞུང་གི་རྙིང་པོ་སྟོར་ངེས་པ་དང་། རིག་གཞུང་ལ་གཏད་སོ་མེད་ན་བོད་ཀྱི་གཞོན་སྐྱེས་ཚོ་ཆོས་བོན་གཉིས་ཀྱི་རིག་གཞུང་དང་། དེར་འཛིན་གཉིས་ཀ་ལ་རྒྱབ་གཏད་ངེས་རེད། དེ་དུས་ཇི་ལྟར་བྱ་རྒྱུ་ཡིན།
http://blog.amdotibet.cn/ogyenling/archives/90590.aspx
དྲྭ་གྲོགས་རྣམ།
ད་ཡིན་ན་རྩོད་པ་འདི་ཇེ་སྡུག་ཏུ་འགྲོ་རུ་འདུག །ལོ་རྒྱུས་ནང་དུ་བན་བོན་གཉིས་ཀྱིས་ཆགས་སྡང་གིས་ཀུན་བས་བསླངས་ནས། དག་བོ་རྩོད་པ་འདི་འདྲའི་མགོ་བཙུགས། བར་དུ་ཕར་གསོད་ཚུར་གསོད་བྱས། ཐ་མ་མི་རབས་མང་བོར་མི་སེལ་བའི་གྱོད་ངན་བཞག །ནོར་འཁྲུལ་བཟོ་བ་ནི་མིའི་ཆོས་ཉིད་ཡིན་ཀྱང་། ནོར་འཁྲུལ་དེ་ཡང་སྐྱར་བཟོ་བ་ནི་ནོར་འཁྲུལ་ཆེ་ཤོས་རེད། ཁྱེད་རྣམ་པས་བན་བོན་གྱི་ལོ་རྒྱུས་དང་གྲབ་མཐའི་སྐོར་ཀ་རྩོད་གླེང་གནང་ན་མི་འོས་པ་མེད་མོད། ཕན་ཚུན་བར་ལ་དམ་ལོག་སོགས་མིང་ངན་འདོག་པའམ། སྡིགས་མོ་དང་བཙན་གཏམ་མི་གསུངས་རོགས།