གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
འཁྲུངས་སྐར་བདེ་ལེགས།
ས་ག་ཟླ་བའི་ཚེས་བདུན་ཏེ། ཕྱི་ལོ་2013/5/17 དགུང་མོ་རྒྱལ་ས་ཐའེ་པེའི་ཐའེ་ཝན་སློབ་ཆེན་གྱི་ཚོགས་ཁང་དུ་འཁྲུངས་སྐར་བདེ་ལེགས་ཀྱི་ཤིས་ཚིག་དང་། རྒྱལ་བསྟན་འཛམ་གླིང་ཡོངས་ལ་ཁྱབ་གྱུར་ཅིག་ཅེས་པའི་སྨོན་ཚིག་གི་ཁྲོད་ནས་ཐའེ་ཝན་བོད་བརྒྱུད་དྲ་བརྙན་དངོས་སུ་ཤར་གཏོང་མགོ་འཛུགས་བྱས།
ཚོགས་འདུའི་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་མཁན་སྤྲུལ་དགེ་བཤེས་ཁག་གིས་གསུང་བཤད་དང་དྲ་བརྙན་སྤྱི་ཁྱབ་པས་ཐའེ་ཝན་བོད་བརྒྱུད་དྲ་བརྙན་གྱི་ལས་རིམ་སྤྱི་དང་བྱེ་བྲག་གི་གི་སྐོར། ཁྱད་པར་དུ་འབྱུང་འགྱུར་གྱི་ལས་རིམ་སོགས་དང་འབྲེལ་བའི་གལ་ཆེའི་སྙན་ཞུའི་གཏམ་བཤད། དེ་བཞིན་འཇར་པན་གྱི་གླུ་མ་གྲགས་ཅན་ཐའེ་ལན་ཏིང་དབྱང་ལགས་ཀྱིས་མཆོད་སྤྲིན་གྱི་གླུ་དབྱངས་སོགས་གྲུབ་མཚམས། ནང་ཆོས་ཀྱི་བྱུང་བ་དང་འབྲེལ་བའི་མགུལ་རིས་གྱི་གློག་བརྙན་གཟིགས་འབུལ་དང་། མཁན་པོ་ཆོས་ཉིད་དོན་རྟོགས་ནས་དྲ་བརྙན་ཚོགས་པའི་ཚབ་བྱས་ཏེ། དྲ་བརྙན་དབུ་འབྱེད་ཀྱི་དྲན་རྟེན་གྱི་ཕྱག་རྟགས་གནང་ཤིང་། ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་བཅས་གྲུབ་མཚམས་ཚོགས་ཞུགས་པ་ཡོངས་ནས་བཟང་སྤྱོད་སྨོན་ལམ་གྱིས་མཚམས་སྦྱར་ཏེ་རྒྱལ་ཁའི་ངང་ནས་མཇུག་ཡོངས་སུ་གྲུབ་ཡོད།
དྲ་བརྙན་གྱི་དྲ་བྱང་ http://www.ttbtv.org/ འདི་ཡིན་ཞིང་།
ཐའེ་ཝན་བོད་བརྒྱུད་དྲ་བརྙན་གྱི་སྤྱི་ཁྱབ་ལས་འཛིན་པ་མཁན་པོ་ཆོས་ཉིད་དོན་རྟོགས་དང་། ཧོང་ཀོང་རྒྱལ་སྤྱིའི་ཆེད་ལས་སྨྱན་སྦྱོར་ཚོགས་པའི་སྤྱི་ཁྱབ་གཞོན་པ་དང་ཐའེ་ཝན་ཡག་ལག་སྡེ་ཚན་གྱི་ཚོགས་གཙོ་ལྕམ་ཀྲང་ཙུང་དབྱི། དགེ་རྒན་ཆེན་མོ་མཁས་དབང་ཙིན་ལགས་བཅས་ཀྱིས་ཆོས་ལུགས་དང་སྨྱན་སྦྱོར་སློབ་གསོ་བཅས་ཀྱི་རིགས་སོ་སོའི་ཚབ་བྱས་ནས་དབུ་འབྱེད་ཀྱི་རྟེན་འབྲེལ་བྱེད་བཞིན་པ།
དྲ་བརྙན་ཚོགས་པའི་ཚོགས་མི་མཁན་སྤྲུལ་དགེ་བཤེས་རྣམ་པས་ལྡིངས་ཆའི་སྟེང་ནས་སངས་ཀྱི་བསྟོད་པ་གསུང་བཞིན་པ།
འཁྲུངས་སྐར་བདེ་ལེགས། རྒྱལ་བསྟན་འཛམ་གླིང་ཡོངས་ལ་ཁྱབ་པའི་སྨོན་འདུན་དང་། ཐེ་ཝེན་དུ་ཕུང་གསུམ་པ་ཉུང་དུ་འགྲོ་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།
༄༅། །ཟླ་མེད་སྟོན་པ་གོོའུ་ཏམ་ལྷ་ཡི་ལྷ། །ཉམ་ཐག་སྙིགས་ལྔའི་འགྲོ་ལ་རབ་གཟིགས་ཏེ། །ཕུག་ལུགས་ལྕགས་སྤྲེལ་ས་ཟླའི་ཚེས་བདུན་གྱི། །ཟླ་སྐར་རྒྱལ་གྱི་ལོངས་སྤྱོད་དགེ་བའི་ཚེ། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་ནས་ལོ། །ཉི་སྟོང་དགུ་བརྒྱ་དོན་གསུམ་འདའ་དུས་འདིར། །ཐའེ་དབེན་བོད་བརྒྱུད་ནང་བསྟན་དྲ་བརྙན་དབུ། །འབྱེད་པའི་སྐལ་བཟང་དགའ་སྟོན་མཛད་སྒོ་ཆེ། །ཐའེ་དབེན་སློབ་ཆེན་ཚོགས་ཁང་ཆེན་མོའི་ནང་། །ཟབ་རྒྱས་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ། །
གཏམ་བཟང་། རྟེན་འབྲེལ་ཞུ།
བཀྲ་ཤིས་བདེ་ལེགས།།
ཉིན་མོ་བདེ་ལེགས་མཚན་བདེ་ལེགས།།
ཉིན་མའི་གུང་ཡང་བདེ་ལེགས་ཤིང་།།
ཉིན་མཚན་རྟག་ཏུ་བདེ་ལེགས་པ།།
དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །
ཡག་པོ་རེད། ཡིན་ན་ཡང་ཐེ་ཝན་དངུལ་གྱི་ཆེད་དུ་གྲ་རྫུན་མང་བས་མཁན་པོ་འི་མིང་དེ་ག་འདྲ་ཞིག་འདུག་བསམ་་གནོ་གཏང་དང།