སྤོབས་པ་མཐའ་ཡས།
ཉི་མ་ཤར་རྒྱུ་མེད་དང་གཅིག །
ཟླ་བ་ཚེས་རྒྱུ་མེད་དང་གཉིས།།
བསྐལ་ངན་མུན་ནག་ཤར་དང་གསུམ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
རྐུན་མས་ཕུགས་ནོར་ཁྱེར་དང་གཅིག།
ཇག་པས་སྒོ་ཕྱུགས་དེད་དང་གཉིས།།
མགོ་བོ་དགྲ་ཡིས་བཅད་དང་གསུམ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ཁྱིམ་མཚེས་རྐུན་མར་གྱུར་དང་གཅིག།
ནང་མི་དགྲ་ལ་གྱུར་དང་གཉིས།།
སྲུང་མ་གཤེད་དུ་ལངས་དང་གསུམ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ཕ་ཆུས་གནམ་ལྕགས་རལ་གྲི་དེ།།
ལྟོག་ཉིན་ཤ་དང་བརྗེས་ནས་ནས་ཐལ།།
སྐོམ་དུས་ཆང་ལ་བརྗེས་ནས་ཐལ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
བུ་མགོ་ཕ་ཡིས་བསྐོར་དང་གཅིག།
ཕ་མགོ་དགྲ་ཡིས་བསྐོར་དང་གཉིས།
དགྲ་མགོ་འདྲེ་ཡིས་བསྐོར་དང་གསུམ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
རང་དབང་དགྲ་ཡིས་འཕྲོག་དང་གཅིག།
འདྲ་མཉམ་འདྲེ་ཡིས་བརྐུས་དང་གཉིས།།
བདེ་སྐྱིད་བདུད་ཀྱིས་བཅོམ་དང་གསུམ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ཁ་བ་ཆར་དུ་ལོག་ནས་ཐལ།།
ཆར་སྣ་རླུང་གིས་ཁྲིད་ནས་ཐལ།།
བྲག་ཕུག་རྐམ་པོར་མ་ལུས་ཐལ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ཟོག་པོ་མགོ་ལ་ཤོར་དང་གཅིག།
ལོང་བས་ལོང་བ་ཁྲིད་དང་གཉིས།།
རྡོག་སྣེ་གཡང་ལ་འཁྱོར་དང་གསུམ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ཤི་བོའི་ཁ་ཆེམས་བརྗེད་དང་གཅིག།
གསོན་པོའི་རེ་བ་བརླགས་དང་གཉིས།།
ལོ་རྒྱུས་ནག་ཉེས་བསག་དང་གསུམ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ང་ཚོར་བརྩེ་བའི་ཕ་ཞིག་མེད།།
ང་ཚོར་བྱམས་པའི་མ་ཞིག་མེད།།
ང་ཚོ་མགོན་མེད་ཁེར་རྐྱང་ཡིན།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ང་ཚོ་བརྩེ་བའི་གཉེན་གྱིས་བསླུས།།
ང་ཚོ་མཛའ་བའི་གྲོགས་ཀྱིས་བསྐྱུར།།
ང་ཚོ་ཕ་མེད་དྭ་ཕྲུག་ཡིན།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ང་ཚོ་ནགས་ཀྱི་སྤྲེའུ་ཁྱུ་གཅིག །
ནགས་མཐའ་མེ་ཡིས་བསྐོར་ནས་བྱུང་།།
ང་ནི་ང་ཚོ་གང་དུ་འབྲོ།།
བོད་ཀྱི་སྡུག་བསྔལ་སུ་ཡིས་ཤེས།།
ང་ཚོ་བྱང་མཐའི་དོམ་དཀར་ཁྱུ།།
འཁྱགས་པ་ཉི་མས་བཞུས་ནས་བྱུང་།།
ད་ནི་ང་ཚོ་གང་དུ་འཚོ།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ང་ཚོ་བྱང་ཁའི་འབྲོང་ཁྱུ་གཅིག །
བྱང་ཐང་རྔོན་པས་ཁེབས་ནས་བྱུང་།།
ང་ཚོའི་གསོན་ལམ་སྟོར་བར་གྱུར།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
འཇོན་ཐང་མེད་པའི་དཔོན་པོ་ཡོད།།
སྙིང་རྗེ་མེད་པའི་བླ་མ་ཡོད།།
ལ་རྒྱ་མེད་པའི་ལས་སྣེ་ཡོད།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
ཉི་མ་ནུབ་ནས་རིང་ཞིག་སོང་།།
ནམ་ཞིག་ལངས་པའི་རེ་བ་བརྒྱབས།།
མུན་ནག་ཇེ་བས་ཇེ་འཐུག་རེད།།
བོད་ཀྱི་སྡུག་འདི་སུ་ཡིས་ཤེས།།
རང་ཁ་གསོ་ལ་མགོ་འཁོར་གཅིག །
སྤྱི་དོན་སྣང་ཆུང་ཤོར་དང་གཉིས།།
དུས་ཀྱི་འགྱུར་བགྲོས་འགྱོགས་དང་གསུམ།།
ང་ཡིས་བོད་དོན་དཀའ་མོ་སྣང་།།
སངས་རྒྱས་བསྟན་པ་དར་དང་གཅིག །
བླ་མ་དབུ་རུ་བཞུགས་དང་གཉིས། །
དགེ་འདུན་དབུ་འཕང་མཐོ་དང་གསུམ། །
བོད་སྡུག་སྐྲག་དོན་ཅི་ཞིག་ཡོད། །
༸གོང་ས་འཚོ་བཞུགས་ཡོད་དང་གཅིག །
རྒྱ་དཔོན་མི་རབས་བརྗེས་དང་གཉིས། །
འཛམ་གླིང་ཤེ་ཡོན་ཁྱབ་དང་གསུམ། །
བོད་དོན་སྐྲག་དོན་ཅི་ཞིག་ཡོད། །
བླ་སྤྲུལ་གཞོན་དར་མང་དང་གཅིག །
མི་རིགས་མཐུན་སྒྲིལ་ཉེ་དང་གཉིས། །
ཀུན་ཁྱབ་བསམ་བློ་འཕེལ་དང་གསུམ། །
བོད་སྡུག་མི་ཤེས་སུ་ཞིག་ཡོད། །
རང་ལ་ལ་རྒྱ་ཡོད་དང་གཅིག །
གཞན་ལ་མིག་དཔེ་བཟང་སྟོན་གཉིས། །
སེམས་ཤུགས་མ་ཆག་གནས་དང་གསུམ། །
བོད་དོན་མི་འགྲུབ་སུས་བཀགཐུབ། །
དཀོན་གསུམ་གྱིས་སྐྱོབས་དང་གཅིག །
ལས་འབྲས་རང་གིས་སྲུང་དང་གཉིས། །
ཆོས་སྐྱོང་སྲུང་མའི་འཕྲུལ་དང་གསུམ། །
དེ་གསུམ་འཛོམས་ན་མི་འགྲུབ་ཅི། །
གྲ་སྒྲིག་སྡུག་སར་བྱེད་དང་གཅིག།
རེ་བ་བཟང་སར་རྒྱག་དང་གཉིས།།
ནང་ཁུལ་མཐུན་སྒྲིལ་ཆེ་དང་གསུམ།།
ཡོད་ན་མི་འགྲུབ་བྱ་བ་མེད།།
སྐྱབས་མགོན་བཀའ་དང་འགལ་བ་གཅིག།
ཆོས་ལུགས་འཐེན་ཁྱེར་ཆེ་དང་གཉིས།།
ཆོལ་ཁའི་རྩོད་རྙོག་མང་དང་གསུམ།།
ཡོད་ན་འགྲུབ་པའི་བྱ་བ་མེད།།
ལང་ཕྱོགས་བརྟན་པོ་མེད་དང་གཅིག །དབུ་མ་གྱ་གྱུ་ལྡན་དང་གཉིས། །རང་བཙན་ལམ་ཕྲང་དོག་དང་གསུམ། །བོད་དོན་བརླག་ཉེའི་སྟ་གོན་ཉིད། །དབུ་མ་ཡིད་རྟོན་སྔ་དང་གཅིག །རང་བཙན་མཇུག་མ་ཐུང་གཉིས། །མང་ཚོགས་ཨ་གསར་ཚ་གསུམ། །བདག་དབང་བརླགས་པའི་ཉེར་བསྡོགས་དངོས། །རྒྱ་ནག་ཉམས་མྱོང་ཟབ་དང་གཅིག །རང་རེ་ཁ་གཡར་མཁས་དང་གཉིས། །རགས་གན་གསེར་སྐུ་འདྲ་དང་གསུམ། །གཉིས་མེད་སེངྒེའི་་རང་རྣམ་ཡིན། །
ཨ་ཁུ་བྱ་བྱེད་མང་དང་གཅིག
བུ་ཚ་ཧོལ་རྒྱུག་ཚ་དང་གཉིས།
དགྲ་བོ་དཔུང་ཚོགས་འཐུག་དང་གསུམ།
དེ་གསུམ་འཛོམས་པའི་དུས་ཚོད་འདེར།
བོད་མི་རྩ་ཀླག་འགྲོ་ཉན་འདུག
ལང་ཕྱོགས་བརྟན་པོ་མེད་དང་གཅིག །དབུ་མ་གྱ་གྱུ་ལྡན་དང་གཉིས། །རང་བཙན་ཁྱབ་ཁོངས་བཅོས་དང་གསུམ། །དབུ་རང་བརླག་ཉེའི་སྟ་གོན་ཉིད། །དབུ་མ་ཡིད་རྟོན་སྔ་དང་གཅིག །རང་བཙན་མཇུག་མ་ཐུང་གཉིས། །མང་ཚོགས་ཨ་གསར་ཚ་གསུམ། །བདག་དབང་བརླགས་པའི་ཉེར་བསྡོགས་དངོས། །རྒྱ་ནག་ཉམས་མྱོང་ཟབ་དང་གཅིག །རང་རེ་ཁ་གཡར་མཁས་དང་གཉིས། །རགས་གན་གསེར་སྐུ་འདྲ་དང་གསུམ། །གཉིས་མེད་སེངྒེའི་་རང་རྣམ་ཡིན། །དཔལ་འབྱོར་ཡོ་ལངས་ཆེ་དང་གཅིག །འདོད་ཡོན་སྨྱོ་ཆུ་མང་དང་གཉིས། །དཔོན་རིགས་རྩ་དད་ཆེ་དང་གསུམ། །བོད་དོན་ཞོར་ལས་གྱུར་བའི་རྟགས། །ཨ་རི་སྐབས་འཚོལ་མཁས་དང་གཅིག །དབྱིན་ཇི་གཡོ་སྦྱོར་བྱང་དང་གཉིས། །རྒྱ་གར་བསྟུན་ས་མང་དང་གསུམ། །རང་རེ་སྟོབས་འབྱོར་ཞན་དང་བཞི། །རྒྱ་གཞུང་སྐྱག་ལང་ཤོར་དང་ལྔ། །རྒྱལ་ཚོགས་རྫིག་པོ་ཐབས་སྡུག་དངོས། །བོད་དོན་འཇའ་ལུས་འགྲུབ་བྱེད་རྒྱུ། །དབུ་མ་སྣང་བ་སྐྱིད་དང་གཅིག །རང་བཙན་ས་མཚམས་ཡལ་དང་གཉིས། །རྒྱ་རྣམས་ཞེན་ཆགས་ཆེ་གསུམ། །བོད་དོན་རླུང་ལ་བསྐུར་བའི་རྟས། །ི
དབུ་མའི་མཛད་འཕྲིན་རྒྱས་དང་གཅིག
རང་བཙན་ནུས་པ་ཇེ་ཆུང་གཉིས།
རང་འགོ་རང་གིས་སྣོན་དང་གསུམ།
བོད་ཀྱི་རྩ་དོན་བོར་བའི་རྟགས།
དབུ་ལ་སྐྱབས་མགོན་བཞུགས་པས་བོད་འདི་སྡུག་དགོས་མེད།
ཆབ་སྲིད་བློན་པོ་ཡོད་པས་བོད་འདི་སྡུག་དགོས་མེད།
རིག་གཞུང་ཟབ་མོ་ཡོད་པས་བོད་འདི་སྡུག་དགོས་མེད།
ཆོས་དཔལ་སྲིད་འབྱོར་ཚོགས་པས་བོད་འདི་སྡུག་དགོས་མེད།
ཡབ་མྱེས་གོང་མར་དམོད་པས་བོད་འདི་སྡུག་པ་ཡིན།
ཕ་མྱེས་ཆོས་ལ་དམོད་པས་བོད་འདི་སྡུག་པ་ཡིན།
ཡབ་མྱེས་བླུན་པོར་གྲུབ་པས་བོད་འདི་སྡུག་པ་ཡིན།
རང་ཚུགས་བརྟན་པོར་མ་བསྡད་བོད་འདི་སྡུག་པ་ཡིན།
ཆོས་ལུགས་དབྱེན་ཅིང་གཡོས་པས་བོད་འདི་སྡུག་པ་ཡིན
ནང་མིར་ཐན་དུ་ལྟས་པས་བོད་འདི་སྡུག་པ་ཡིན།
ཨང་གསར་རྟ་བཞིན་བྱས་པས་བོད་འདི་སྡུག་པ་ཡིན།
རང་ནོར་རང་གིས་མ་ཤེས་བོད་འདི་སྡུག་པ་ཡིན།
གཞན་ནོར་གཅེས་སུ་བཟུང་བས་བོད་འདི་ཕོངས་པ་ཡིན།
རང་ནོར་ཡལ་བར་དོར་བས་བོད་འདི་ཕོངས་པ་ཡིན།
མི་བུ་ཨང་གསར་ཆེ་བས་བོད་འདི་ཕོངས་པ་ཡིན།
ནང་ལ་སྟག་ལྟར་ངར་བས་བོད་འདི་ཕོངས་པ་ཡིན།
སྤོབས་མཐའ་དྲན་རྒྱུ་དགོད་དང་གཅིག །ཀརྡོ་སྣང་བ་དག་དང་གཉིས། །མེ་དཀར་ཡིད་ཐང་ཆད་དང་གསུམ། །སིདྡྷི་ཅལ་་འདྲོགས་མྱུར་དང་བཞི། །ཚེ་བསམ་ཚོར་བ་རྣོ་དང་ལྔ། །བཙན་ནག་རྫས་སྦྱོར་མཁས་དང་དྲུག །སྣྲོན་མྱིའི་སྐབས་འཕྲལ་དཔྱད་བརྗོད་གྲོགས། །
བོད་ཀྱི་སྡུག་འདི་ང་ཡིས་ཤེས།།
ཤེས་ནས་མ་ཚད་ཁུར་ནས་ཡོད།
ཁུར་བའི་ཁུར་རྩ་ལྗིད་མོ་འདི།
འཁུར་རོགས་ཞིག་ལ་རེ་ནས་ཡོད།
རེ་བ་རྒྱག་ས་མེད་པ་མིན།
རྒྱག་དོན་དཀར་ནག་དབྱེ་ཡིན་ན།
སྟག་འདྲ་གཟིག་འདྲའི་མཆོང་རོགས་ཡོད།
རྒྱ་མགོ་གཅོག་པའི་ལག་ཆ་ཡོད།
རྒྱ་ལ་སྡང་བའི་རྒྱལ་ཁབ་ཡོད།
སྟོབས་ལ་རེ་བའི་དཔུང་བ་ཡོད།
གྱོད་འདྲེ་ཞིག་གི་རྩ་དོན་ལ།།
རྒྱ་ནག་ཐང་ལ་རྒྱག་ནི་ཡོད།
ཡོད་ཡོད་བཤད་ན་སྐྱིད་པོ་རེད།
མེད་མེད་བཤད་ན་སྡུག་པོ་རེད།
ཡོད་མེད་དབྱེ་བ་མི་ཤེས་ན།
རྩ་དོན་བསྒྱུར་དང་རྩོད་དུ་འགྲོ།
སྤོབས་མཐས་གང་དྲན་དྲན་བསྐུལ་བྱས། །
ཀརྡོས་འོང་ལུགས་ལམ་ཁ་བསྟན། །
མེ་དཀར་ཐང་ཆད་འགྱིད་ལུག་གྱུར། །
སྣྲོན་ཁྲིས་གང་ཟེར་འདི་ཟེར་མེད། །
ཧ་ཧ་སྐུ་རྩེད་ཞུས་པ་ཡིན། །
བླ་མར་ཟུར་ཟ་བྱེད་མཁན་དང་གཅིག
དོལ་རྒྱལ་ཆོས་རེད་ཟེར་མཁན་དང་གཉིས་
སྤྱི་སེམས་ཡོད་ཁུལ་བྱེད་མཁན་དང་གསུམ
ཙམ་ཟས་བོད་མི་ཡིན་པ་ག་ལ་སྲིད
བོད་མིར་ཤེས་ཡོན་མེད་དང་གཅིག །
མགོ་སེར་དྲན་རྒྱུ་མང་དང་གཉིས། །
རྒྱ་མི་ལྟ་གྲུབ་ཟབ་དང་གསུམ། །
འཛོམས་པའི་དུས་འདིར་བྱ་ཐབས་མེད། །