མཁོ་འདོན་པ། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡིག་ཚང་།
ཕྱི་ལོ་༢༠༡༣ ལོའི་ཟླ་༥ ཚེས་བཅུ་བཞི་ནས་བཅུ་བདུན་བར་ཉིན་བཞིའི་རིང་། པོ་ལན་གྱི་པེན་རྩོམ་པ་པོའི་མཐུན་ཚོགས་དང་། ཁིར་ཁོ་གྲོང་ཁྱེར་གྱི་དུས་སྟོན་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་འོག རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པ་དེ་བཞིན་པོ་ལན་ཌིའི་གྲོང་ཁྱེར་ཁིར་ཁོ་(Krakow)རུ་འཚོགས་ཡོད་ཅིང། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད་བྱས་ཡོད།
ཐེངས་འདིའི་ཚོགས་འདུར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་དང་། དེ་བཞིན་ཨ་རི་དང་། དབྱིན་ཇི། ཧྥ་རན་སི། སུད་སི། ཁ་ན་ཌ། བྷེལ་རྗམ། ཕྱི་སྡོད་རྒྱ་རིགས་སོགས་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཁག་ཉེར་བརྒྱད་ཀྱི་སྐུ་ཚབ་བརྒྱ་ཙམ་མཉམ་ཞུགས་བྱས་ཡོད་ཅིང། ཚོགས་འདུ་ཉིན་བཞིའི་རིང་རྩོམ་འབྲིའི་རང་དབང་དང་། བཙོན་འོག་ཚུད་པའི་རྩོམ་པ་པོའི་གནས་ཚུལ་དང་ཉམས་མྱོང་། དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཁག་བེད་སྤྱོད་གཏོང་ཚུལ། མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་ཚུལ། རྩོམ་རིག་གི་ཕན་ཡོན་དང་ནུས་ཤུགས་བཅས་ཀྱི་སྐོར་ལ་ཚོགས་ཆུང་ཆེད་བགོས་ཀྱིས་གོ་བསྡུར་བགྲོ་གླེང་བྱས་ཡོད་པ་དང། རྒྱལ་སྤྱིའི་པེན་གྱི་དེ་སྔའི་ལས་འགུལ་ཁག་ལ་བསྐྱར་ཞིབ་དང་། སླད་མར་ནུས་ཤུགས་ལྡན་པའི་ལས་འགུལ་སྤེལ་ཐབས་སྐོར་ལ་གླེང་སློང་བྱས་ཡོད་པ་རེད། ཚོགས་འདུའི་སྐབས་ཁིར་ཁོ་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཇེཀི་མ་ཆི་རོསིཀེ(Jacek Majchrowski) དང་། པོ་ལན་ཌིའི་ཕྱི་སྲིད་བློན་ཆེན་ཟུར་པ་སྙན་གྲགས་ཆེ་བའི་མཁས་དབང་ཝེ་ལ་ཌེསི་ལོ་བྷར་ཁྲོསི་ཟུསིཀེ (Waldayslaw Bartoszevski)སོགས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།
ཚོགས་འདུ་འདིའི་ཐོག་རྒྱ་ནག་ནང་གི་རྩོམ་པ་པོའི་སྐོར་གྱི་སྙན་ཐོ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་དང། སྙན་ཐོ་དེའི་ནང་ཉིས་སྟོང་བརྒྱད་ནས་ད་བར་གྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་ཚུལ་དང། རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་རིགས་རྩོོམ་པ་པོ་བརྒྱད་ཀྱི་གནས་ཚུལ་བཀོད་ཡོད་པ་རེད།
ཚོགས་འདུའི་ཐོག་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་དང། བཙོན་འོག་ཏུ་ཚུད་པའི་བོད་མི་རྩོམ་པ་པོ་དང་། གཞས་པ། སྒྱུ་རྩལ་པ་སོགས་མི་སྣ་བཞི་བཅུ་ལྷག་གི་གནས་ཚུལ་ངོ་སྤྲོད་གཏམ་བཤད་དང་དྲི་བ་དྲིས་ལན་བྱས་ཤིང་། བོད་མིའི་སྨྲ་བརྗོད་རང་དབང་ལ་བརྩི་འཇོག་ཡོང་བ་དང། བཙོན་འོག་དུ་ཚུད་པའི་བོད་རིགས་རྩོམ་པ་པོ་དང་སྒྱུ་རྩལ་པ་རྣམས་བཙོན་གྲོལ་དང་དེ་དག་གི་བདེ་འཇགས་སྐོར་ལ་གྲོས་གཞི་ཁག་གསུམ་བཏོན་ཡོད་ཅིང། གྲོས་གཞི་དེ་དག་འདི་ལོའི་ཕྱི་ཟླ་དགུ་བའི་ཨེསི་ལན་ཌིའི་རྒྱལ་ཁབ་ནང་འཚོགས་འཆར་གྱི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་སྐབས་སུ་གླེང་སློང་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད།
རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་༡༩༢༡་ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་ཐོག་མར་བཙུགས་ཤིང་། འདས་པའི་ལོ་ངོ་བརྒྱད་ཅུའི་རིང་སྐད་ཡིག་དང་རིག་གཞུང་མི་འདྲ་བའི་རྒྱལ་ཁབ་ཁག་བརྒྱ་དང་བཅུ་བཞིའི་ནང་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཚོགས་སྡེ་ཁག་བརྒྱ་དང་བཅུ་བཞི་བཙུགས་ཡོད་ཅིང། རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་སྡེ་འདི་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཐོག་མ་དང། སྨྲ་བརྗོད་རང་དབང་དང་རྩོམ་རིག་གཉིས་ཁ་འབྲལ་ཐབས་མེད་པར་ངོས་འཛིན་བྱེད་མཁན་གྱི་ཚོགས་སྡེ་ཐོག་མ། རྒྱལ་སྤྱིའི་རང་བཞིན་གྱི་རྩོམ་པ་པོའི་ཚོགས་སྡེ་ཐོག་མ་ཆགས་ཡོད་ཅིང། ད་ལྟའི་ཆར་རྒྱལ་སྤྱིའི་པེན་གྱི་ཚོགས་སྡེ་ལ་བཙོན་དུ་ཚུད་པའི་རྩོམ་པ་པོའི་སྡེ་ཚན། བུད་མེད་རྩོམ་པ་པོའི་སྡེ་ཚན། ཞི་བདེར་ཕྱོགས་པའི་རྩོམ་པ་པོའི་སྡེ་ཚན། ལོ་ཙཱ་དང་སྐད་ཡིག་རང་དབང་གི་སྡེ་ཚན་བཅས་སྡེ་ཚན་ཆེན་པོ་ཁག་བཞི་ཡོད་པ་རེད། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་༡༩༩༩ལོའི་ཟླ་༣་ཚེས་༡༩་ཉིན་བཞུགས་སྒར་རྡ་རམ་ས་ལར་དབུ་བརྙེས་ཤིང་། ཕྱི་ལོ་༢༠༠༢ལོའི་ཟླ་དགུ་བ་ནས་རྒྱལ་སྤྱིའི་པེན་གྱི་ཡན་ལག་ཆགས་པ་ཡིན།
པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བོད་ནང་གི་རྣམ་དཔྱོད་འགྲན་ཟླ་བྲལ་བའི་རྩོམ་པ་པོ་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱི་སྐོར་གླེང་གི་མེད་པའི་ཟོལ་འདུག དྲང་བདེན་དང་རྒྱུ་འབྲས། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་དགོས་པ་གཞིར་བྱས་ན་མདའ་སྨྱུག་ལགས་ཀྱི་སྐོར་དུ་གླེང་དགོས་ངེས་སུ་མཐོང་།
དེ་མིན་རང་བློ་དང་མཐུན་པའི་རྩོམ་བྲིས་བ་མ་གཏོགས་བདག་པོ་མི་བརྒྱབ་པ་ཡིན་ན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཅེས་མིང་ཆེན་པོ་འདིའི་ཐོབ་ཐང་མི་འདུག་སྙམ་མོ།།
ད་འདི་ཚོས་མི་ཚོང་ཡག་པོ་རྒྱག་གི་རེད།དེ་མིན་ཁོང་ཚོས་ཕྱག་རྗེས་བཞག་པ་ཞིག་ཐོས་མ་མྱོང་།
ཕྱི་སྡོད་ཀྲུང་གོའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཅེས་བཏགས་ན་གང་འདྲ་འདུག ང་ཚོས་བཙན་བྱོལ་བོད་མིའི་རྩོམ་པ་པོའི་མཐུན་ཚོགས་ཅེས་འདོགས་རྒྱུའི་ཚབ་ཏུ་ཕྱི་སྡོད་བོད་མི་ཞེས་རྒྱ་དམར་གྱི་སྤྱད་པའི་ཐ་སྙད་དེ་རིགས་སྤྱད་དགོས་དོན་གང་ཡིན།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ལགས་སུ་ཐུགས་རྗེ་ཆེ་ཞུ། ང་ཚོ་བོད་མི་ཚང་མས་འདི་ལྟར་རྩ་དོན་ཐོག་འགན་ཁུར་བླངས་ན་ད་གཟོད་རྒྱལ་སྤྱིའི་ཁོར་ཡུག་ཏུ་བོད་དོན་དྲིལ་བསྒྲགས་སོགས་ཡག་པོ་བྱེད་ཐུབ་ངེས་རེད། དེ་མིན། ནང་ཁུལ་ལ་འཁྲུག་རྩོད་རྐྱང་བརྒྱབ་བསྡད་ན་སྤྱི་དོན་ལ་ཕན་ལས་གནོད་ཆེ་བ་མཐོང་གསལ་རེད།་ཐུགས་རྗེ་ཆེ།
རྒྱལ་སྤྱིའི་སྡིངས་ཆ་གལ་ཆེན་དེ་འདྲ་དམ་འཛིན་བྱེད་ཐུབ་པ་དངོས་གནས་གཟི་བརྗིད་རེད། འདི་ལྟར་ཤུགས་བརྒྱབ་ན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ནུས་ཤུགས་ཆེན་པོ་ཐོན་ཐུབ་གི་རེད། རྒྱལ་སྤྱིའི་པེན་གྱི་ཚོགས་པ་དེ་འཛམ་གླིང་ནང་སྐད་གྲགས་ཆེ་ཤོས་ཀྱི་ཚོགས་སྡེ་ཞིག་རེད། མུ་མཐུད་དུ་ཤུགས་རྒྱག་རོགས།
བོད་མི་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་བཞག་ཡོད་ཀྱང། ང་ཚོས་འདི་ལྟར་ནང་ཁུལ་གྱི་བརྒྱུད་ལམ་ཁག་ལ་ཏོག་ཙམ་ཁྱབ་བསྒྲགས་བྱས་པ་མ་གཏོགས། ད་ཕན་རྒྱལ་སྤྱིའི་རང་བཞིན་གྱི་བརྒྱུད་ལམ་ཆེ་ཁག་དང་། ཚོགས་འདུ་དེ་ལྟར་ནུས་ཤུགས་ལྡན་པའི་དྲིལ་བསྒྲགས་དང་ངོ་སྤྲོད་ཞིག་བྱེད་ཐུབ་ཡོད་པ་མ་རེད། རང་ལུས་མེར་སྲེག་སྐོར་ལ་གཏམ་བཤད་གནང་ཐུབ་པ་དེ་དངོས་ནས་མིག་སྨན་མིག་ཐོག་རང་རེད། ང་ཚོས་མེར་སྲེག་གི་ལས་འགུལ་འདིའི་ཁ་ཕྱོགས་ཡག་པོ་ཞིག་ལ་སྐོར་ཐུབ་དགོས་པ་དང། བོད་མི་བརྒྱ་ལྷག་གི་ཚེ་སྲོག་དོན་མེད་དུ་མི་འགྲོ་ཆེད། གཞུང་སྒེར་ཚང་མས་གོ་སྐབས་དམ་འཛིན་བྱས་ཏེ་འབད་བརྩོན་བྱེད་རྒྱུའི་དུས་ལ་བབ་ཡོད་པ་རེད།
བཀྲིས་ལགས། སྤྱིར་བཏང་ཐེངས་འདིར་རྒྱལ་སྤྱིའི་སྟེང་རང་ལུས་མེར་སྲེག་སྐོར་ལ་སླར་ཡང་བསྐྱར་ཟློས་ཡང་ཟློས་ཀྱིས་དྲིལ་བསྒྲགས་མཛད་པ་དེས། ཚོགས་མི་རྣམས་དང་། དེ་མིན་པ་འགའ་ཞིག་གིས་དོན་དེ་མ་རྗེད་པའི་ཕནརླབས་ལྡན་མོད། འོན་ཀྱང་རྒྱལ་སྤྱིའི་སྟེང་དུ་གནས་ཚུལ་དེ་མ་བ་བསྒྲགས་པ་དང་མ་ོབ་ཞིག་གཏན་ནས་མིན་པས། ད་བར་ང་ཚོས་ནང་ཁུལ་དུ་བསྒྲགས་པ་ཙམ་དུ་ཇི་ལྟར་འགྱུར་རམ། ལན་གསལ་པོ་ཐོབས། རྒྱལ་སྤྱིའི་ཚོགས་པ་དེའི་ཚོགས་མི་རྣམས་ཀྱང་ནམ་རྒྱུན་རང་རང་སོ་སོའི་སྐད་དང་ཡེ་གེའི་ཐོག་ནས་ཕྱི་ལོགས་ཀྱི་གསར་འགྱུར་དེ་དང་དེ་ལྟ་བུ་ཉིན་ལྟར་གཟིགས་ཀྱི་ཡོད་ངེས་མ་རེད་དམ། གསུངས་དང་།
རྒྱལ་སྤྱིའི་སྨྱུག་གུའི་ཚོགས་པའི་ཚོགས་འདུ་འཚོགས་སོ་ཟེར།
ཚ་བ་མདའ་སྨྱུག་ལགས་ཀྱི་གནས་ཚུལ་སྐོར་གསལ་བར་ཤེས་མཁན་ཡོད་ན་འདིར་འགོད་རོགས་གནང། ང་ཚོས་རྒྱལ་སྤྱིའི་ཚོགས་ཆེན་རིགས་ཀྱི་ཐོག་ལ་བདེན་དཔང་ཁུངས་སྐྱེལ་ཡོད་པའི་ཆབ་སྲིད་བཙོན་པའི་རྩོམ་པ་པོའི་སྐོར་མ་གཏོགས་གླེང་སློང་མི་ཐུབ། མ་གཞི་ནས་ཚ་བ་མདའ་སྨྱུག་ནི་མདོ་སྨད་ཤེས་ཡོན་པ་དག་གིས་གདེང་འཇོག་ཆེན་པོས་རྒྱབ་ནས་སྐྱོར་ཡོད་ལ་ད་ཆའི་གནས་སྟངས་གསལ་བོ་ཞིག་ཤེས་ཐུབ་མེད།
ང་ཚོས་ང་ཚོ་ལ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞེས་འབོད་ཀྱིན་ཡོད། འོན་ཀྱང་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞེས་འདོགས་དགོས་པའི་འབོད་སྐུལ་པེན་ཨ མ་ནས་ཞུས་པ་རེད། རྒྱུ་མཚན་ང་ཚོའི་ཚོགས་སྡེ་འདིའི་ནང་དུ་བོད་ནང་ན་ཡོད་པའི་རྩོམ་པ་པོ་རྣམས་ཞུགས་མི་ཐུབ་པས་རེད། དེ་བས་འདི་ནི་དངོས་དོན་གྱི་གནས་སྟངས་ཤིག་ཀྱང་ཡིན། བོད་ཕྱི་ནང་གཉིས་ཞེས་བཤད་ན་དེ་ལ་རྣམ་རྟོག་ཆེན་པོ་ལངས་དགོས་དོན་མེད། དེའི་དོན་ནི་གཞིས་བྱེས་གཉིས་དང་གཅིག་པ་ཡིན། བློ་གཟུ་བོར་གནས་ནས་སྐད་ཆ་བཤད་པའི་རེ་བ་ཡོད།
དུས་བབ་ཚང་ཕྱོགས་ཞེན་ཆེན་པོ་རེད་ར། ད་ཐེངས་བཀྲ་ཤིས་བདེ་ལེགས་ཡོད།
ང་ཚོས་བྱས་རྗེས་བཞག་ཡོད་ཅང་བཤད་མེད་ལ། གང་ལྟར་ཚོགས་པ་འདི་བཟང་ན་ངན་ན་བོད་ཀྱི་རྩོམ་པ་པོའི་མིང་ཁུར་ཡོད་པས་བོད་ཀྱི་རྩོམ་པ་པོ་རྣམ་པས་གཙོས་ཤེས་ཡོན་ཅན་ཚང་མས་ཤ་ཚ་བའི་བསམ་ཚུལ་ལྷུག་བརྗོད་ཀྱིས་ཚོགས་པ་ཡར་རྒྱས་འགྲོ་བར་རོགས་ཕན་རེ་སྒྲུབ་ན་བོད་སྤྱི་ལ་ལོས་ཕན། དེ་བཞིན་ཚོགས་པ་ཆེ་ཆུང་གང་ཞིག་ཡིན་ན་ཡང་མི་རེ་གཉིས་ཀྱ་བྱས་པ་ཙམ་གྱི་ཉེས་པ་དེ་ཚོགས་པ་དེ་རང་ལ་བཀལ་ནས་ཚོགས་པ་ནག་པོ་བཟོ་བའི་ལས་འདི་ཧ་ཅང་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་ཤེས་ན་བཟང།
ཕྱིན་ཆད་ནས་བོད་ལ་དོན་ངོ་མའི་ཤ་ཚ་མཁན་ཞིག་ཡིན་ན་ཚོགས་པ་དང་ཚོགས་པའི་མི་དབྱེ་བ་འབྱེད་དགོས་ལ། བཟང་ཆ་དང་ངན་ཆ་ཡང་སོ་སོར་ཕྱེ་ནས་བཤད་དགོས། ལྷག་པར་དུ་ཡང་འདས་ཟིན་པའི་གད་སྙིགས་དྲུད་ཡོང་ནས་དེ་རིང་གི་ཁྱིམ་ཚང་གཙང་མར་བཙོག་པ་བཟོ་དགོས་དོན་གང་ཡང་མེད། བསམ་བཞིན་དུ་སྨྲ་བ་ཡིན་ན་དེ་ན་རང་གི་རང་མཚང་བསྟན་པ་ཙམ་ལས་ཅི་ཡང་མིན་ནོ།
མདའ་སྙུག་གིས་བོད་མི་ཡོངས་རྫོགས་མགོ་བོ་བཅད་བཞག་ན་ཡར་རྒྱས་ཡོང་བའི་གཞི་རྩ་རེད་ཅེས་བཤད་འདུག་མོད། དེ་འདྲ་ཞིག་གིས་ཕན་ཐོགས་ཡོད་ན་མཁས་པ་རེད། དེ་མིན་ན་ཁོ་བླུན་པོ་ནང་ནས་བླུན་ནག་ཅིག་རེད། བོད་ཀྱི་མགོ་བོ་ནི་བོད་ཀྱི་རིག་གཞུང་རྙིང་པ་ཡོད་ཚད་རེད། བོད་ཀྱི་རིག་གཞུང་རྙིང་པ་ཇི་ལྟར་སྲུང་ནུས་ན་དེ་ཙམ་གྱིས་བོད་ཀྱི་སྲོག་རྩ་སྲ་བ་དེ་ཁྱེད་ཅག་དཔྱོད་ལྡན་ཚོས་མཁྱེན་ཡོད་རྒྱུ་རེད།
དུས་བབ་ཀྱི་ཚགས་པར་དང་། དྲ་རྒྱ་དེ་བཙན་བྱོལ་ནང་ནས་ཡག་ཤོས་ཤིག་གི་གྲས་རེད། གནས་ཚུལ་ཁ་གསལ་ལ། བརྗོད་དོན་ཟབ་པ། རང་གཞུང་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་རེད། དེ་ཕྱིར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། རེད་དེ། ང་ན་ནིང་ལོ་བར་རྡ་ས་ལ་ཐེངས་འགའ་ཕྱིན་པ་ཡིན། མི་མང་པོ་ཞིག་གིས་དུས་བབ་ནང་ཟིན་བྲིས་བཟོ་དགོས་ན། ཨ་མདོ་བའི་མིང་མེད་ན་བཟོ་མི་ཐུབ་ཁི་ཟེར། དེ་ཕྱིར་ཚང་མས་དུས་བབ་ནས་དང་ཐོག་ཟིན་བྲིས་བཟོ་དུས་ཨ་མདོའི་མིང་ཐོག་ནས་བསྐུར། གཞུག་ནས་བཟོ་བཅོས་རྒྱག་གི་ཡོད་ཟེར། གནས་ཚུལ་དེ་བདེན་མིན་མི་ཤེས་མོད། བདེན་ན་ཞབས་འདྲེན་རེད། ང་ལ་སྔོན་མ་དུས་བབ་ཟིན་བྲིས་ཡོད་མོད། ཉིན་ཞིག་ཟིན་བྲིས་ཡོད་ཚད་བརླགས་སོང་། དེའི་རྗེས་ནས་འགྲོ་སྙིང་འདོད་མ་སོང་། གང་ལྟར་ཡང་མིག་སྔར་ཁྱེད་ཅག་གི་ཕྱག་ལས་ལ་རྗེས་སུ་ཡི་རང་ཡོད།
དེ་འདྲ་ཡིན་སྲིད་ཀྱ་མ་རེད། ཆེད་དུ་དཀྲུག་ཤིང་ཡིན་སྲིད། གལ་ཏེ་དེ་འདྲ་ཡིན་ན་ངས་ད་ནས་བཟུང་བོད་ཀྱི་དུས་བབ་ནང་ལ་མཆན་དང་རྩོམ་གཅིག་ཀྱང་མི་སྐུར་ཁོ་ཐག་ཡིན་ད།
ལགས་སོ།
བྲག་ཆབ་ལྷ་མོ་ལགས། ཁམས་བཟང་།
ཚ་བ་མདའ་སྨྱུག་ལགས་ཀྱི་གནད་དོན་འདི་མདོ་སྟོད་སྨད་ཀྱི་གནད་དོན་ཞིག་མ་རེད། དགེ་ཆོས་དང་དོན་གྲུབ་རྒྱལ། ཞོགས་དུང་སོགས་མདོ་སྨད་པའི་རྩོམ་པ་པོ་རྣམས་དང་འཇིག་རྟེན་འཚོ་གནས་ཀྱི་ལྟ་གྲུབ་ཀྱི་ཐོག་ཏུ་བློ་མཐུན་རེད་འདོད།
༡་་་པེན་བོད་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་པའི་སྤྱི་ཚོགས་ནང་དུ་རྩོམ་བྲིས་པས་རྐྱེན་གྱིས་བརྙས་བཅོས་དང་དམའ་འབོད། མི་གྲལ་ནས་ཁྱི་གྲལ་གཡུགས་ཀྱི་ཡོད་པ་དང་། ཚེ་སྲོག་ལ་དཀའ་ངལ་འཕྲད་ཀྱི་ཡོད་རིགས་ལ་དོ་སྣང་དང་གླེང་སློང་གནང་དགོས་པ་རེད་བསམས་ཀྱི་འདུག
༢་་་ང་ལྟ་བུ་ལ་ཆ་མཚོན་ན་རྩོམ་པ་པོ་ཟེར་བའི་མིང་ཁུར་ཐུབ་པའི་ཤེས་ཡོན་དང་ཉམས་མྱོང་། རྣམ་དཔྱོད་སོགས་ཅི་ཡང་མེད་པས་ཆ་ནས་པེན་བོད་རྩོམ་པ་པོའི་མཐུན་ཚོགས་ཀྱི་ནང་དུ་འཛུལ་ཞུགས་བྱེད་ཀྱི་སྤོབས་པ་རྩ་བ་ནས་མེད། ཡིན་ཀྱང་དྲ་ཐོག་གི་ཡིག་བྲིས་བ་ཞིག་ཡིན་པས་ཆ་ནས་ལབ་ཀྱི་ཡོད།
༣་་་བཙན་བྱོལ་ནང་དུ་རྩོམ་ཡིག་སྤེལ་སའི་དྲ་རྒྱ་དུས་བབ་ལྟ་བུ་ལ་མཚོན་ན་ངའི་མི་ལོ་གསུམ་གྱི་རིང་དུ་བྲིས་པའི་ཟིན་བྲིས་ཚང་མ་ནག་བསུབས་བྱས་པ་རེད། རྩོམ་སྒྲིག་པ་དོན་བཀྲ་ཡིས་བྱས་པ་རེད། ཕྱོགས་ཞེན་རེད་བསམས་ཀྱི་ཡོད་དོ།།།
མདའ་སྙུག་ནི་ཞོགས་དུང་གི་ཨབ་ཕྲུག་རེད། ཞོགས་དུང་གི་གང་བྱས་ཀྱི་རྗེས་སུ་རྒྱུགས་ཏེ། མཐར་རང་ཉིད་ཀྱི་མདུན་ལམ་གཏན་བརླག་ཏུ་བཏང་བ་རེད། ཞོགས་དུང་དང་། ཚ་སྙུག སེང་རྡོར་རྗེས་འབྲང་དང་བཅས་པའི་སྐད་ཆ་ནི། བོད་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གཞུང་ལ་མི་ཕན་པའི་ཐོག ཆོས་ཀྱི་གཏིང་མ་དཔོག་པའི་གཡམ་རྒྱུགས་མཁན་དག་བསླུ་ངེས་སོ།།
༩༽ ཆབ་བྲག་ལྷ་མོསྐྱབས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༢ གི་ཆུ་ཚོད་ ༩ སྐར་མ་ ༥༣
ཚ་བ་མདའ་སྨྱུག་ལགས་ཀྱི་གནས་ཚུལ་སྐོར་གསལ་བར་ཤེས་མཁན་ཡོད་ན་འདིར་འགོད་རོགས་གནང། ་་་་་་་ཟེར།
༡༧༽ ཅོ་རི་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༢ གི་ཆུ་ཚོད་ ༡༡ སྐར་མ་ ༤༦
བྲག་ཆབ་ལྷ་མོ་ལགས། ཁམས་བཟང་།
ཚ་བ་མདའ་སྨྱུག་ལགས་ཀྱི་གནད་དོན་འདི་མདོ་སྟོད་སྨད་ཀྱི་གནད་དོན་ཞིག་མ་རེད། དགེ་ཆོས་དང་དོན་གྲུབ་རྒྱལ། ཞོགས་དུང་སོགས་མདོ་སྨད་པའི་རྩོམ་པ་པོ་རྣམས་དང་འཇིག་རྟེན་འཚོ་གནས་ཀྱི་ལྟ་གྲུབ་ཀྱི་ཐོག་ཏུ་བློ་མཐུན་རེད་འདོད། ་་་་་་་་ཟེར།
དགེ་ཆོས་མཁས་དབང་རེད། འཆལ་པོ་ཡང་རེད། ཚ་བ་མདའ་སྨྱུག་དང་། དོན་གྲུབ་རྒྱལ། ཞོགས་དུང་སོགས་མཁས་དབང་རེད་དམ་མ་རེད། ངས་ནི་མི་ཤེས། ཆོས་མེད་དད་མེད་ཀླ་ཀློ་ཁྱུ་ཅིག་གཅིག་མིན་ནམ་སྙམ་པའི་དྭོགས་ཡང་ཡོད།
ཆོས་མེད་དད་མེད་གཅིག་ཡིན་ན་མཁས་དབང་མ་ཡིན་པའི་ཨེ་ཁྱབ།
ངས་ཀྱང་དུས་བབ་ནང་ཟིན་བྲིས་གཉར་ནས་རྩོམ་ཡིག་མང་ཙམ་སྤེལ་བ་ཡིན།
ཕྱིས་སུ་ང་ཡི་ཟིན་བྲིས་གཏན་ནས་སྒོ་ཕྱེ་མི་ཐུབ་པའི་གནས་སུ་གྱུར།
དྲ་བདག་ལ་འབྲེལ་བ་བྱས་ཀྱང་ལན་མ་འབྱོར།
ད་ཆ་དུས་བབ་ཟིན་བྲིས་ལ་མིག་ཙམ་ཡང་བལྟ་གི་མེད།
མདའ་སྨྱུག་གི་ནང་ཆོས་ཀྱི་ཤེས་ཚད་དད་པ་ཅན་རྐརྡོས་རྗེས་ཟིན་ནམ། བརྩོད་ནུས་སམ།
༢༤༽ གསེར་འབྲུག་སྡེར་ལྔ་ལགས།
ང་ཕྱི་རོལ་མུ་སྟེགས་པ་དབང་ཕྱུག་ཆན་པོ་ཞལ་གཟིགས་མཁན་གྱི་ཆོས་པའི་མཉམ་དུ་རྩོད་འདོད་ཡོད་པས། བོད་ཕྲུག་ཐེབས་ཅག་ཆོས་མེད་དད་མེད་ཀླ་ཀློ་འཇམ་ནོར་དང་ལྷག་བསམ་འདྲ་བོད་དང་ཙ་བ་གདའ་སྨྱུག་རིགས་ཀྱི་མི་བརྒྱ་ལ་ཡང་ང་མི་སྐྲག་གོ །
དགེ་ཆོས་ཀྱིས་སྟོན་པའི་སྐུ་འདྲ་ལ་ཐ་མག་གིས་མཆོད་པ་ཕུལ་བ་དང་ཙན་དན་ལས་གྲུབ་པའི་སྒྲོལ་སྐུ་ཆང་ནང་འཁྲུས་བྱས་པ་དེ་ཆོས་མེད་དང་དད་མེད་རིང་ལུགས་ཀྱི་བྱ་སྤྱོད་གཅིག་ཏུ་བསྒྲུབ་ནུས་སམ།
འོ་ཙི་དེ་འདྲའི་འུར་མ་བརྒྱགས།
འོ་ན་ཚ་བ་མདའ་སྨྱུག་གི་བརྩམས་ཆོས་༼ལོག་རྟོགས་སྙིང་སྟོབས་༽ཀྱི་ལེའུ་༡༨ རེ་རེ་བཞིན་ཚུལ་གསུམ་རིག་པས་དགག་ལན་ཚ་ཐག་གཅོད་ཅིག་བརྒྱོབས་དང་། དེ་ནས་ཁྱོད་མི་སྐྲག་པའི་རྒྱུ་མཚན་ཞིག་འདུག་མི་འདུག་བལྟ་ཡི་ཡིན་ད།
ཚ་བ་མདའ་སྙུག་ལ་ལ་དགག་པ་གཞན་གྱིས་རྒྱག་མི་དགོས་པར། རང་གིས་རང་ཉིད་ཚར་བཅད་ཟིན་པ་རེད། ད་དེ་ལ་རོ་ཐོག་རྟ་རྒྱུགས་བྱེད་ན་ཕན་ཐོགས་གང་ཡང་ཡོད་རྒྱུ་མ་རེད།
ཨ་ལས། ཧ་ཧ་ཧ། སྙིང་གཅེས།
སྐལ་མེད་སར་སྐེ་བསྲིངས་ཡོང་བ་དག་ལ་ལན་བརྒྱག་འདོད་མེད།
ཨོ་ཉི་དང་ཀརྡོ་གཉིས་ཀྱིས་ནང་ཆོས་སྲུང་སྐྱོབ་བྱེད་སྟངས་འདི་ནི་་་་བཀོར་གཉེར་ལག་རྒྱུད་བཟང་ན་གསེར་སྐུ་ཟངས་ལ་སྒྱུར་ཞེས་པའི་དཔེར་ལྟར་རེད། སྐད་ཆ་དེ་ཁྱོད་གཉིས་ཀྱིས་སེམས་ལ་ཞོག་་་་ཧཧཧཧཧ
བུ་ གདའ་སྨྱུག་གི་ བརྙས་བཅོས་ དང་། ཅོ་ ཅོ་རིའི་ བསླབ་བྱ་ལ་ ཅིག་ ལྟོས་དང་། ངས་ སྤྱོད་འཇུག་ ཡང་ཡང་ བཀླགས་ མེད་ན། སྙིང་རླུང་ ལྡང་ཡང་རང་ རེད་འདུག ཧ་ཧ།
མཁྱེན་དཔྱོད་ཡངས་པའི་ཆབ་བྲག་ལྷ་མོ་སྐྱབས་ལགས་སུ།
ཞུ་དོན། སྤྱིར་མི་གཤིས་དང་རྒྱལ་ཞེན་ལར་རྒྱ། རིག་གཞུང་བཅས་ཀྱི་སྐོར་ལ་ཁྱེད་ཀྱིས་ད་བར་བོད་རིགས་གཞོན་སྐྱེས་གང་མང་སྣེ་འཁྲིད་བྱས་པ་དང་ལྷག་པར་བོད་མི་དམངས་སྤྱི་འཐུས་ཀྱི་འགན་འཁུར་བ་ཞིག་བྱེད་མྱོང་བའི་ཁྱེད་ལ་མཚོན་ན་སྤྱི་ཚོགས་ནང་ཁྱེད་ཀྱི་གཟུགས་བརྙན་དེར་རིན་ཐང་ཅུང་ཟད་ཞིག་ཐོབ་ཡོད། འོན་ཀྱང་། ཁྱེད་ཀྱི་ལས་སྟངས་དང་ཤོད་སྟངས་རིམ་བཞིན་རྒྱུས་མངའ་ཟབ་ཏུ་འགྲོ་དུས་ཁྱེད་ཀྱིས་བསྐྱངས་པའི་གཞོན་སྐྱེས་ཤེས་ཡོན་ཅན་དག་གི་རྒྱལ་ཞེན་དང་ཀུན་སྤྱོད་གང་འདྲ་ཞིག་བཟོས་ཡོད་དམ་སྙམ།
ཁྱེད་ཀྱིས་གསུངས་པ་ལྟར་བྱས་ན་ཚ་བ་མདའ་སྨྱུག་ལགས་མདོ་སྨད་ཤེས་ཡོན་པ་རྣམས་ཀྱིས་གདེང་འཇོག་གི་རྒྱབ་ནས་སྐྱོར་ཡོད་པ་ལས་མདོ་སྟོད་དང་དབུས་གཙང་གཉིས་ཀྱིས་ཡ་མེད་དུ་བསྡད་པའི་གསུངས་སྟངས་དེས་ཁྱེད་ཀྱི་ཀུན་སྤྱོད་ཀྱི་བྱང་ཚད་ལ་འགྲེལ་བཤད་ཅིག་བྱས་པ་མིན་ནམ།
ལར་ནས་ད་ལྟ་ཁྱེད་ཀྱིས་རྒྱ་མི་ལ་མཁོ་སྤྲོད་བྱས་པའི་༼མེར་སྲེག་ལམ་སྟོན་གྱི་ཡིག་ཆའི་སྐོར་༽ལས་མི་དམངས་ཀྱི་སེམས་ཁམས་དཀྲུགས་པའི་གནད་དོན་དེ་ད་ལྟ་འགྲེལ་བཤད་བྱེད་མ་ཐུབ་པར་ལུས་ཡོད་པས་ཕྱི་ལ་དོན་ནས་ནང་འཁྲུག་པའི་ལས་དོན་རིགས་མ་སྤེལ་ན་སྐུ་ཉིད་ཀྱི་གཟུགས་བརྙན་དེ་མི་ནས་འདྲེ་ལ་མ་འགྱུར་བར་གནས་ངེས་པས་ཁྱེད་ལས་བླུན་པའི་ཁོ་བོས་བསམ་ཚུལ་ཙམ་དུ་སྤེལ།
ཆབ་བྲག་ལགས། ཕྱི་སྡོད་བོད་མི་ཞེས་པ་དེ་རྒྱ་དམར་གྱིས་ཆབ་སྲིད་དགོས་དབང་གིས་སྤྱད་པའི་ཐ་སྙད་གཅིག་རེད། ཐ་སྙད་དེའི་འོག་ནས་གོ་རྒྱུ་མང་པོ་ཡོད་པ་ཁྱེད་རང་གིས་མཁྱེན་གལས་རེད། དེང་སང་རྒྱ་དམར་གྱིས་ཕྱི་ཕྱོགས་སུ་ཕྱི་སྡོད་ཀྲུང་གོའི་བོད་མི་སོགས་ཀྱི་ཐ་སྙད་བཏགས་ཏེ་བཙན་བྱོལ་བོད་མི་དང་རྒྱ་དམར་གྱི་རྗེས་སུ་རྒྱུག་པའི་བོད་མི་གཉིས་འཁྲུལ་གཞི་བཟོ་བཞིན་ཡོད། ངས་ནི་ཐ་སྙད་དེས་རྣམ་རྟོགས་མི་ཉུང་བ་ཞིག་དགོས་མེད་དུ་སློང་གི་འདུག་་བསམས་སོང་། མ་གཞི་ནས་ཁྱེད་རྣམ་པས་ཕྱི་སྡོད་བོད་མི་ཞེས་པའི་ཚབ་ཏུ་བཙན་བྱོལ་བོད་མི་ཞེས་བཏགས་ན་ཁྱེད་རྣམ་ལ་མི་མངོན་པའི་དཀའ་ངལ་གསར་པ་གང་འདྲ་ཞིག་ཡོད་དམ། གཞིས་བྱེས་དང་བོད་ཕྱི་ནང་ཞེས་བཙན་བྱོལ་ནང་སྤྱོད་བཞིན་པའི་ཐ་སྙད་གཅིག་རེད། འོན་ཀྱང་། རྒྱ་སྤྱིའི་སྤྱི་ཚོགས་སུ་བཙན་བྱོལ་བོད་མི་Tibetans in exile ཞེས་པ་དེ་ཡོངས་གྲགས་སུ་སྤྱོད་བཞིན་ཡོད། དེ་ལ་ཆབ་སྲིད་ཀྱི་ཐད་ནས་གནད་འགག་ངེས་ཅན་ཡོད་པ་གསལ་པོ་རེད། གནས་སྐབས་དེ་ཙམ་ཡིན།
ཞབས་མཆན་གྱི་གཡུལ་ས་འདི་ནི་མཁས་བ་ཏག་ཏག་གིས་དམར་འཛིང་བྱེད་སའི་སྨྱུག་ཁ་་རེད་འདུག་པས། འདར་ནི་འདྲ་ཟིག་རེད། ང་ཕྱིར་ལ་བུད་སོང་ནི། ཧ་ཧ།
དགག་བཞག་སྤོང་གསུམ་ལས།
རང་ལུགས་འཇོག་མཁན་ཉུང་ན་ཡང་གཞན་ལུགས་དཀའ་པ་ལ་དགའ་བ་ཧ་ཅང་མང་བས་ཡིད་སྤྲོ་བས་བལྟས།
སྐབས་རེར་རྩོད་སྤོང་བྱེད་མཁན་ཡང་རེ་གཉིས་འདུག
འགའ་ཤས་ཀྱིས་རང་ཉིད་སློབ་སྟོན་པ་ཞིག་ཡིན་པའི་འདུ་ཤེས་ཀྱིས་བསླབ་བྱ་དང་ལམ་སྟོན་ཡང་གང་མང་གནང་སོང་། ངོ་མ་མཁས་པའི་ཉམས་འདུག
ཕྲག་དོག་གི་ཚེར་མ་ཉུང་དུ་བཏང་ནས་རིག་རྣོན་གྱི་མདུང་རྩེ་བརྡར་ན་ག་འདྲ་འདུག
མུ་མཐུད་ནས་རྩོད་རོགས་གནང་།
ལྟད་མོར་ལྟ་མཁན་ཡང་མི་ཉུང་བ་ཞིག་ཡོད་ངེས་རེད།
དགོངས་དག་
དགག་པ
བརྟས
བཅོས